ཀྱེའི་རྡོ་རྗེའི་རྒྱུད་འབུམ་གྱི་དཀར་ཆག་བཞུགས།།

༼ཇ༽

༄༅། །ཀྱེའི་རྡོ་རྗེའི་རྒྱུད་འབུམ་གྱི་དཀར་ཆག་བཞུགས།།

༄༅། །ན་མོ་བུདྡྷཱ་ཡ། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ལ། གསང་བ་འདུས་པ་རྩ་བའི་རྒྱུ། རྒྱུ་ཕྱི་མ་ལེའུ་བཅོ་བརྒྱད་པ། བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ། དགོངས་པ་ལུང་སྟོན། ལྷ་མོ་བཞིས་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའོ། །གཤིན་རྗེ་གཤེད་དགྲ་ནག་པོ། གཞོན་ནུ་གདོང་དྲུག རྡོ་རྗེ་འཇིགས་བྱེད། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའོ། །ཤེས་རབ་ཀྱི་རྒྱུད་ལ། སངས་རྒྱས་མཉམ་སྦྱོར་རྩ་བའི་རྒྱུད་རྟོག་པ་བཅུ་པ། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། ཟླ་གསང་ཐིག་ལེ། རྡོ་རྗེ་གདན་བཞི། དེའི་བཤད་རྒྱུད་མནྟྲ་ཨཾ་ས། མ་ཧཱ་མཱ་ཡཱ། སངས་རྒྱས་ཐོད་པ། རྡོ་རྗེ་བདུད་རྩི། འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད། བཤད་པའི་རྒྱུད་ལ་ཨ་བྷི་དྷ་ན། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། ཀུན་ཏུ་སྤྱོད་པ། ཁྲག་འཐུང་མངོན་འབྱུང༌། ཕག་མོ་མངོན་འབྱུང༌། རྣལ་འབྱོར་མ་བཞི་ཁ་སྦྱོར་གྱི་རྒྱུད། འབུམ་ཕྲག་གསུམ་ལས་རལ་པ་གྱེན་དུ་བརྫེས་པའི་ནང་ནས་ལེའུ་གཅིག བདེ་མཆོག་སྡོམ་པ་འབྱུང་བའོ།།  །།གཉིས་སུ་མེད་པའི་རྒྱུད་ལ། རྩ་བའི་རྒྱུད་ཀྱེའི་རྡོ་རྗེ། རྒྱུད་ཕྱི་མ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་བཤད་པའི་རྒྱུད་རྡོ་རྗེ་གུར། ཡེ་ཤེས་ཐིག་ལེ། དེ་ཁོ་ན་སྒྲོན་མ། གསང་བའི་སྒྲོན་མ། དེ་ཁོ་ན་ཉིད་མན་ངག རྙོག་པ་མེད་པ། རྡོ་རྗེ་ཨ་རལླི། རྀ་གི་ཨ་རལླི། དཔལ་མགོན་པོ་མངོན་པར་འབྱུང་བ། གསང་སྔགས་ཀྱི་སྤྱོད་པ་རྒྱ་མཚོ་མཆོག་ཏུ་གསལ་བ་ལས་ཐོད་པ་བརྟག་པའི་ལེའུ་གསུམ་པ། མཚན་ཡང་དག་པར་བརྗོད་པ། དམ་པ་དང་པོ་རྩ་བའི་རྒྱུད། དུས་ཀྱི་འཁོར་ལོའི་རྒྱུད་བསྡུས་པ། དབང་གི་དོན་རྒྱུད་ཀྱི་དུམ་བུ། མི་གཡོ་བའི་རྒྱུད་ལེའུ་བཞི་པ། གོང་མ་ཐམས་ཅད་ཀྱི་བཤད་པའི་རྒྱུད་སཾ་པུ་ཊ་བརྟག་པ་བཅུ་པ་རྒྱུད་ཕྱི་མ་དང་བཅས་པའོ། །དགེས་པ་རྡོ་རྗེའི་རྒྱུད་ཕྲ་མོ་འགའ་དང༌། ར་ལི་ཉེར་བཞི་སྣང་སྟེ་དྲི་མ་མེད་པ་དེ་ཁོ་ན་ཡིན་ནམ་གཞན་ཡིན་ནམ་མ་ཡིན་ཐེ་ཚོམ་ཟའོ།།  །།གསང་སྔགས་རྣལ་འབྱོར་གྱི་རྒྱུད་ལ། དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། ཁམས་གསུམ་རྣམ་རྒྱལ། མགོན་པོ་ཀུན་སྣང༌། ངན་སོང་སྦྱོང་རྒྱུད། ཐམས་ཅད་གསང་བའོ།།  །།གསང་སྔགས་སྤྱོད་པའི་རྒྱུད་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། འཕགས་པ་འཇམ་དཔལ་རྩ་བའི་རྒྱུད། འཇམ་དཔལ་གཤིན་རྗེ་གཤེད། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད། པྲ་ཁོག་སྣང་ཞེས་བྱ་བ་རྩ་བའི་རྒྱུད་དང༌། རྒྱུད་ཕྱི་མ་དང༌། རྒྱུད་ཕྱི་མའི་ཕྱི་མ་གསུམ་བཞུགས་སོ།།  །།བྱ་བའི་རྒྱུད་དང་དེའི་ནང་ཚན་ལ་རྟོག་པའི་རྒྱུད་ཅེས་ཀྱང་བརྗོད་མོད་ཀྱི། དབྱེ་བ་དཀའ་བས་ཕྱོགས་གཅིག་ཏུ་བརྗོད་ན་དེ་ཡང་མཐའ་ཡས་མོད་ཀྱི། མི་གཡོ་བའི་རྒྱུད་ལེའུ་བརྒྱད་མ། མི་གཡོ་བའི་རྒྱུད་ལེའུ་དགུ་མ། ཡང་དག་པ་ཡིན་མིན་དཔྱད། མི་གཡོ་བའི་རྟོག་པ་ཆེན་པོ། རིགས་གསུམ་སོ་སོའི་རྒྱུད། རིག་པ་ལྷ་མོའི་རྒྱུད་དོ།།  །།དང་པོ་ལ། འཕགས་པ་འཇམ་དཔལ་རྩ་བའི་རྒྱུད་ཀྱི་དབང་དུ་བྱས་ན་དཔའ་བོ་དྲུག་པ་ཚང་བར་བཞུགས། རྒྱུད་རྒྱས་པ་ཀུན་ནས་ཕྱུང་ནས་དུམ་བུ་ཀུན་ལ། འཇམ་དཔལ་གྱི་ཞལ་ནས་གསུངས་པ། འཇམ་དཔལ་གྱིས་དམོད་བཙུགས་པ། ཤེས་རབ་བློ་འཕེལ། ཤེས་རབ་བསྐྱེད་པ། འཇམ་དཔལ་གྷོ་ཥ་ངག་གི་དབང་ཕྱུག འཇམ་དཔལ་གྱི་བསྟོད་པ། འཇམ་དཔལ་གྱི་ཡིག་འབྲུ་གཅིག་པའོ།།  །།སྤྱན་རས་གཟིགས་ཀྱི་དབང་དུ་བྱས་ན་དོན་ཡོན་ཞགས་པ་རྩ་བའི་རྒྱུད། ཨ་མོ་གྷ་བཱ་ཤའི་རྟོག་པ་ཆེན་པོ། ཕྱག་སྟོང་སྤྱན་སྟོང་གི་རྟོག་པ་རྒྱས་པ། ཞལ་བཅུ་གཅིག་པའི་གཟུངས། འཕགས་པ་ཟ་མ་ཏོག་བཀོད་པའི་རྟོག་པ་རྒྱས་པ། སྤྱན་རས་གཟིགས་ཧ་ལ་ཧ་ལའི་རྟོག་པ་རྒྱས་པ། འཕགས་པ་མེ་ཁ་ལའི་སྙིང་རྗེ་མི་བཤོལ་བའི་གཟུངས། སྤྱན་རས་གཟིགས་ཀྱི་ཡུམ། སྤྱན་རས་གཟིགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ། ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བའི་རྟོག་པ་རྒྱས་པ། ཧ་ཡ་གྲྀ་བའི་གཟུངས་དུམ་བུ། སེང་གེ་སྒྲས་དམ་བཅས་པའི་གཟུངས་དུམ་བུ། པདྨ་ཅོད་པན་ཡང་དག་པ་ཡིན་མིན་དཔྱད།།  །།ཕྱག་ན་རྡོ་རྗེའི་རྒྱུད་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། འཕགས་པ་རིག་པ་མཆོག དཔུང་པ་བཟང་པོ། རྡོ་རྗེ་ས་འོག་གཅིག འཕགས་པ་རྡོ་རྗེ་ས་འོག་དང༌། འཇིག་རྟེན་གསུམ་འདུལ་བ་ལ་སོགས་པ་མང་དུ་སྣང་སྟེ་བོད་མ་ཡིན་ནོ། །རྡོ་རྗེ་རྣམ་འཇོམས། དེའི་བཤད་རྒྱུད་རི་རབ་ཆེན་པོའི་ཁང་བུ་བརྩེགས་པ་དང༌། རྡོ་རྗེ་མི་ཕམ་པ་མེ་ལྟར་འབར་བ་རྨོངས་བྱེད། རྡོ་རྗེ་སྙིང་པོའི་གཟུངས། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། འཕགས་པ་སྟོབས་པོ་ཆེའི་གཟུངས། ལག་ན་རྡོ་རྗེ་བཅུའི་སྙིང་པོའི་གཟུངས། རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་དུམ་བུ། འཕགས་པ་རྡོ་རྗེའི་མཆུ། གནམ་ལྕགས་མཆུའི་དུམ་བུ། འཕགས་པ་ལྕགས་ཀྱི་མཆུ། འཕགས་པ་ལྕགས་ཀྱི་མཆུ་ནག་པོ། ཀླུའི་རྒྱལ་པོ་བྱ་ཁྱུང་བྱ་བ་དེ་བོད་མ་ཡིན། དྲང་སྲོང་ཀླུ་ལ་དམོད་པ་བོར་བའི་གཟུངས། སོག་མ་མེད་པའི་རྟོག་པ་རྒྱས་པའོ།།  །།རིག་པའི་ལྷ་མོ་རྣམས་ཀྱི་གཟུངས་ལ། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད། གཙུག་ཏོར་གདུགས་དཀར་རྒྱས་འབྲིང་ལྔ་ཡོད་པ་ལས་གསུམ་བོད་དུ་འགྱུར། ཀུ་རུ་ཀུལླེའི་རྟོག་པ། འོད་ཟེར་ཅན་གྱི་རྩ་བའི་རྒྱུད། དེའི་རྟོག་པ་ཆེན་པོ། འཕགས་པ་རྡོ་རྗེ་ལྕགས་སྒྲོག འཕགས་པ་སྐུལ་བྱེད་མའི་གཟུངས། གཟའ་རྣམས་ཀྱི་ཡུམ། གཟུངས་གྲ་ལྔ། འཕགས་པ་བེ་ཅོན་ཆེན་མོ། འཕགས་པ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པ། འཕགས་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན། འཕགས་པ་རྣམ་པར་རྒྱལ་བ། འཕགས་པ་ཕྱིར་ཟློག་མ་རྣམ་པར་རྒྱལ་བ་ཅན་མ། གཙུག་ཏོར་ནག་མོ་བོད་མ་ཡིན། ཐམས་ཅད་ལ་མི་འཇིགས་པ་སྦྱིན་མ། གཞན་གྱིས་མི་ཐུབ་པ། མི་འཇིགས་མ་སྦྱིན་མ་ཕྱིར་ཟློག་མ་སྟོབས་ཅན། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་མ། འཕགས་པ་དུག་སེལ། མདངས་ཕྱིར་འཕྲོག་མ། རིན་པོ་ཆེ་ཕྲེང་བའི་དུམ་བུ། འཕགས་པ་རྒྱལ་བ་ཅན། འཕགས་པ་རི་ཁྲོད་ལོ་མ་ཅན། མེ་ལྟར་འབར་བའི་གཟུངས། རིག་སྔགས་རྒྱལ་མོ་སྒྲོན་མ་མཆོག དབྱིག་དང་ལྡན་མ། ཡི་གེ་དྲུག་པའི་གཟུངས། འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་མོ། དཔལ་ཆེན་མོའི་མདོ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། རིམས་ནད་རབ་ཏུ་ཞི་བར་བྱེད་པ། མིག་ནད་རབ་ཏུ་ཞི་བར་བྱེད་པ། མིག་ནད་རྣམ་པར་སྦྱོང་བ། གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པ། རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་མོ། མི་རྒོད་རྣམ་པར་འཇོམས་པ། ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ། སངས་རྒྱས་ཐམས་ཅད་ཀྱི་ཡུམ། གཙུག་གི་ནོར་བུ། ཙནྡན་གྱི་ཡན་ལག དྲི་མ་མེད་པ། སྟོང་འཁྱིལ་པ། ལྷ་མོ་བརྒྱད་ཀྱི་གཟུངས། དེ་བཞིན་གཤེགས་པའི་ཡུམ། ཐུན་མོང་གི་མདོ་ལ། གསང་བ་སྤྱི་རྒྱུད། བསམ་གཏན་ཕྱི་མ། གསེར་འོད་དམ་པའི་མདོ། འོག་མིན་གྱི་ཚེ་དཔག་མེད། བདེ་བ་ཅན་གྱི་ཚེ་དཔག་མེད། ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་བརྒྱད་པ། ནོར་བུ་རྒྱས་པའི་གཞལ་མེད་ཁང༌། འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བའི་གཟུངས་ཆེན་མོ། གསང་བ་རིང་བསྲེལ་གྱི་ཟ་མ་ཏོག སྒོ་མཐའ་ཡས་པ་སྒྲུབ་པ། མཚན་མོ་བཟང་པོ། འཕགས་པ་དཀོན་མཆོག་ཏ་ལ་ལ། ཡེ་ཤེས་ཏ་ལ་ལ། ཡེ་ཤེས་སྐར་མདའ་དང་དེ་གཉིས་དུམ་བུར་བཞུགས། མེ་ཏོག་བརྩེགས་པའི་གཟུངས། རིག་སྔགས་ལྷ་མོ་ཀུན་ནས་འོད། དེའི་མིང་གཞན་པའི་དབང་པོ་ཡང་ཟེར། ཀུན་ཏུ་བཟང་པོ། གསེར་ཅན། འདུས་པ་ཆེན་པོ། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ། མིང་མཐུན་པ་སངས་རྒྱས་བདུན་པ། སངས་རྒྱས་བཅུ་གཉིས་པ། བུ་མང་པོ་རྟོན་པ། སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའོ།།  །།སོར་མོ་ཅན། ལུས་ཀྱི་དབྱིབས་མཛེས། བདེ་བ་བསྒྲགས་པ། མཆོད་པའི་སྤྲིན། སྟོང་འགྱུར། ཀ་ཀ་ནི། དྲུག་པོ་དེ་གཟུངས་སྔགས་ཀྱི་དུམ་བུར་བཞུགས། ཆོས་ཐམས་ཅད་ཡོན་ཏན་བཀོད་པའི་རྒྱལ་པོ། སྒོ་དྲུག་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ། བདུད་རྩི་སྨན་གྱི་གཟུངས། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ། སྤྲིན་ཆེན་པོ་ལས་ཆར་དབབ་པ་རླུང་གི་དཀྱིལ་འཁོར་ཞེས་བྱ་བའི་ལེའུ་དྲུག་པ་གཅིག་པུ། ཡང་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཐམས་ཅད་ཀྱི་སྙིང་པོ། དེ་གཉིས་ཀ་དབུ་ཡོད་གཞུག་མེད། འདུས་པ་ཆེན་པོ་རིན་པོ་ཆེའི་ཏོག འདུས་པ་ཆེན་པོ་ཉི་མའི་སྙིང་པོ། སངས་རྒྱས་ཀྱི་ཞིང་བཀོད་པ་ཀུན་ཏུ་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དང་ཉེ་བའི་སྲས་བརྒྱད་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྒྱུད་རྒྱས་པ་ནས་ཕྱུང་བའོ།།  །།འཇིག་རྟེན་པའི་རྒྱུད་ལ། ནོར་བུ་བཟང་པོའི་གཟུངས། ནོར་རྒྱུན་མའི་གཟུངས། གར་མཁན་མཆོག་གི་རྟོག་པ་ཆེན་པོ། མགོན་པོ་དང་ལྷ་མོའི་གཟུངས་གཉིས་སྣང་སྟེ་ཡང་དག་པ་མི་འདྲ། གསང་སྔགས་སྔ་འགྱུར་ལ། གསང་བའི་སྙིང་པོ་སྒྱུ་འཕྲུལ་བརྒྱད་ཅུ་པ། སྒྱུ་འཕྲུལ་བླ་མ། ལྷ་མོ་སྒྱུ་འཕྲུལ། ཐབས་ཀྱི་ཞགས་པ། དེ་རྣམས་ཡང་དག་པ་འདྲ། ལྷག་མ་ལེགས་པར་རྟོགས་པར་གྱིས། རྒྱུད་སྡེ་བཞིའི་དཀར་ཆག་ཆེ་རགས་ལགས་སོ།།  །། ༄༅། །བླ་མ་གོང་མའི་ཆོས་སྐོར་གྱི་དཀར་ཆག་བཞུགས།། ༄༅། །མལ་གྱོ་ལས་འོངས་པའི། གཤིན་རྗེ་རྣམས་ནི་འདི་ཡིན་གསུང༌། །ཞལ་གསུམ་པ་དང་ཕྱག་དྲུག་པ། །ཞལ་དགུ་ཡན་ལག་བཅས་པའོ། །བདེ་མཆོག་རྩ་བའི་རྒྱུད་དང༌། དེའི་བཤད་རྒྱུད་ནི་ངེས་བརྗོད་བླ་མ། རྡོ་རྗེ་མཁའ་འགྲོ། ཁྲག་འཐུང་མངོན་བྱུང༌། ཀུན་ཏུ་སྤྱོད་པ། དེ་རྣམས་སྐོར་ལྔར་གསུངས་པ་ལས་རྩ་རྒྱུད་ཀྱི་སྐོར་ནག་པོ་ཆོས་དྲུག་ནི། དཀྱིལ་འཁོར་ཆོ་ག སྒྲུབ་ཐབས། སྦྱིན་སྲེག གསང་བའི་དེ་ཉིད། ཨོ་ལ་པ་ཏི། དཔྱིད་ཀྱི་ཐིག་ལེའོ། །ཀུན་ཏུ་སྤྱོད་པ་ཡན་ལག་དང་བཅས་པ་ནི། ལཱུ་ཧི་པ། རིན་ཆེན་རྡོ་རྗེ་མ། ཕྱི་མཆོད། ལག་མཆོད། གཏོར་མ། ཚོགས་ཀྱི་གཞུང་གཉིས། རྡོ་རྗེ་ཆུ་སྦྱིན་པ་བསྟོད་པ་དང་བཅས་པ། རྒྱུན་བཤགས། ཕྲིན་ལས་བཅོལ་བའི་གཞུང༌། བཀྲ་ཤིས། རིག་མ་བཅུ་དྲུག རིན་ཆེན་བདུན། འདོད་ཡོན་ལྔའི་མཆོད་ཡོན། བསྟོད་པ་བཞི་སོ་སོར་བྱས་ན་ཉི་ཤུའོ།།  །།བཤད་རྒྱུད་གསུམ་སྐོར་ཅིག རྡོ་རྗེ་དྲིལ་བུའི་སྐོར་ལ། དཀྱིལ་འཁོར་ཆོ་ག རིམ་ལྔ། བསྐྱེད་རིམ་མོ། །ཀེ་ཀ་ནའི་སྐོར་དང་ལྔའོ།།  །།འགྲེལ་པ་གསུངས་པ་ནི། རྩ་རྒྱུད་ལ། སྒྲུབ་ཐབས་ཀྱི་གླེང་གཞི། མཁའ་འགྲོ་མ་བྷ་བ་མ། ཁྲག་འཐུང་འབྱུང་བའི་འགྲེལ་པའོ། །ཨི་ཐི།།  །།ཀུན་སྤྱོད་དང་ལཱུ་ཧི་པའི་འགྲེལ་པ་རེ་ཡོད་དེ་ཚོགས་པ་ལ་བཤད་པ་ཡིན་པས་མ་དག དེ་རྣམས་མལ་གྱོ་ལོ་ཙཱ་བའི་བདེ་མཆོག་སྐོར་ལྔའོ། །བདེ་མཆོག་སྡོམ་འབྱུང༌། ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་དང༌། ཕྲན་ཚེགས་གཞན་གསུངས་པ་རྣམས་མལ་གྱོའི་མ་ཡིན་ནོ། །ནཱ་རོའི་རྗེས་འབྲང་བདེ་མཆོག་གཞུང༌། །སྐོར་ལྔ་བླ་མ་ལས་བཤད་པའི། །མལ་གྱོ་དག་ལས་རིམ་འོངས་པ། །དབུ་མ་མཁའ་སྤྱོད་དག་དང་ནི། །ཕག་མོ་ལ་སོགས་སྒྲུབ་པའི་ཐབས། །ཕྲན་ཚེགས་འདིར་ནི་མ་བྲིས་སོ། །གཞན་གྱི་ཕྱི་རོལ་འཁོར་ཡིན་པས། །རྣམ་པ་ཀུན་ཏུ་སྤང་བའི་རིགས། །རྗེ་བ་རི་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཆོས་བསམ་གྱིས་མི་ཁྱབ་ཀྱང་གཙོ་ཆེ་བར་གསུངས་པ་ནི། དོན་ཡོད་ཞགས་པ་ཡན་ལག་བཅས། །རྣམ་རྒྱལ་ཡན་ལག་བཅས་པ་དང༌། །སྒྲུབ་ཐབས་བསྡུས་པ་དག་དང་ནི། །རྡོ་རྗེ་གདན་པའི་ཆོས་དྲུག་དང༌། །དང་པོའི་ལས་པའི་བྱ་བར་བཅས། །ལྷ་དགུ་ལ་སོགས་བསམ་མི་ཁྱབ། །བ་རི་རིན་ཆེན་གྲགས་པ་ཡིས། །བོད་ལ་ཕན་པའི་དོན་དུ་བསྒྱུར། །ཀྱེ་རྡོར་བདེ་མཆོག་ནག་འཇིགས་དང༌། །བ་རིའི་མན་ངག་སྣ་ཚོགས་དང༌། །གདམས་ངག་ཕྲན་ཚེགས་སྣ་ཚོགས་ཀྱི། །དཀར་ཆག་རྣམས་ནི་མ་བྲིས་ཏེ། །གཞུང་གི་དཀར་ཆག་ཆེ་ལོང་ཙམ། །གྲགས་པ་རྒྱལ་མཚན་བདག་གིས་བསྡེབས། །དེས་ནི་འགྲོ་བ་མ་ལུས་པ། །རྡོ་རྗེ་འཛིན་པའི་སར་འགྲོ་ཤོག།  །། ༄༅། །ཀྱེ་རྡོ་རྗེའི་ཆོས་སྐོར་ཀྱི་དཀར་ཆག་བཞུགས།། ༄༅། །ཨོཾ་སྭཱ་སྟི་སིདྡྷཾ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བརྟག་པ་གཉིས་པ། གུར། སཾ་པུ་ཊ། བརྟག་པ་གཉིས་ལ་འགྲེལ་པ་ཀུ་མུ་ཏི། དཀྱིལ་འཁོར་ཆོ་ག་བཟང་པོ་ཡོངས་བཟུང༌། སྒྲུབ་ཐབས་ཡན་ལག་དྲུག་པ། བདག་མེད་མའི་སྒྲུབ་ཐབས། གཏུམ་མོའི་འགྲེལ་ཆུང༌། སྦྱིན་སྲེག ཕྱག་མཚན་གྱི་དག་པ། གཏོར་མ། སྔགས་དོན། ཡང་སྔགས་དོན་གཅིག བདུད་རྩི་འོད། ལྷན་ཅིག་སྐྱེས་གྲུབ། ལམ་གྱི་ཡན་ལག་ལ། དེ་ཉིད་བཅུ་པ། ཚོགས་ཀྱི་འཁོར་ལོ་དྲན་པ་གཅིག་པ། དཔའ་མོ་གཅིག ཡང་དཔའ་མོ་གཅིག་མ། རིན་ཆེན་འབར་བའི་སྒྲུབ་ཐབས། མན་ངག་གི་རོ་སྲེག་ཀྱང་ཡིན། དེ་རྣམས་ཌོཾ་བི་བའི་སྐོར་རོ། །བརྟག་པ་གཉིས་པ་འགྲེལ་པ་པདྨོ་ཅན། དཀྱིལ་ཆོག་ནས་གླིང་མ། སྒྲུབ་ཐབས་མཚོ་སྐྱེས་རྡོ་རྗེ། ཚོགས་འཁོར། དམ་ཚིག་ལྔ་པ། བསྟོད་པ། གུར་གྱི་བཤད་སྦྱར། ཕྱག་བཅུ་དྲུག་པ་དཀར་པོ། སྐབས་ཀྱི་འགྲེལ་པ་བརྒྱད་དེ་དེ་ནི་གླེང་གཞིའི་འགྲེལ་པ་རྩའི་མངོན་རྟོགས་ཆེན་པོ། ཆུང་བ། དུར་ཁྲོད་ཀྱི་འགྲེལ་པ་ཆེན་པོ། ཆུང་བ། བརྡའི་འགྲེལ་པ། རྡོ་རྗེའི་གླུའི་འགྲེལ་པ་ཆེ་ཆུང་གཉིས་དེ་རྣམས་པདྨའི་སྐོར་རོ། །རོ་སྲེག་ཆོ་ག གཏོར་མའི་ཆོ་ག ཚོགས་ཀྱི་འཁོར་ལོ། དེ་རྣམས་ལོ་ཙཱ་བ་ཉིད་ཀྱིས་མཛད་དེ་དེའི་སློབ་མས་ཕྱག་མཚན་གྱི་དག་པ་བྱས། དེ་རྣམས་རྗེ་བཙུན་རིན་པོ་ཆེ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིའོ།།  །།བརྟག་པ་གཉིས་ལ་འགྲེལ་པ་རྣལ་འབྱོར་རིན་པོ་ཆེ་སྦྱོར་བའི་ཕྲེང་བ། དཀྱིལ་འཁོར་ཆོ་ག་གཞུང་འགྲེལ། སྒྲུབ་ཐབས་དེ་ཉིད་གསལ་བ། ཕྱག་བཅུ་དྲུག་པ་དཔའ་བོ་གཅིག ཕྱག་གཉིས་པ་དཔའ་བོ་གཅིག ལམ་གྱི་ཡན་ལག་ལ། རབ་གནས་ཚུལ་ཟབ་མོ། སྦྱིན་སྲེག རོ་སྲེག ཚོགས་འཁོར། བསྟོད་པ། བདག་མེད་མའི་སྒྲུབ་ཐབས་ཆེ་ཆུང་གཉིས། རྫོགས་རིམ་གྱི་གཞུང༌། དེ་རྣམས་ནག་ཆུང་གིས་འགོས་ཁུག་པ་ལས་བརྒྱུད་པའོ། །ཀྱེའི་རྡོ་རྗེའི་ཆོས་སྐོར་གཙོ་ཆེ་བར་གསུངས་པ་རྣམས་སོ།།  །།ཀྱེའི་རྡོ་རྗེའི་ཆོས་སྐོར་སྐབས་སུ་གསུངས་པའི་འགྲེལ་པ་ནི། རྡོ་རྗེ་སྙིང་པོ་མ། བྷ་བ་མ། དྲན་པའི་འབྱུང་གནས་མ། མུ་ཏིག་ཕྲེང་བ། པདྨོ་ཅན། ཀུ་མུ་ཏི། དམ་ཚིག་རྡོ་རྗེ་མའོ། །གུར་གྱི་འགྲེལ་པ། ལྷའི་རིགས་ཀྱི་བློ་གྲོས་ཀྱིས་མཛད་པའི་ཆེ་ཆུང་གཉིས། ཨིནྡྲ་བྷཱུ་ཏིས་མཛད་པའི་སཾ་པུ་ཊའི་འགྲེལ་པ་ཆེན་པོ། ཤཱནྟི་པའི་ཆོས་སྐོར་རྣམས་ལས་མུ་ཏིག་ཕྲེང་བ་འཁྲུལ་སྤོང༌། ལྷན་ཅིག་སྐྱེས་པ། ཧེ་རུ་ཀ་འབྱུང་བའོ། །ཡན་ལག་མེད་པའི་རྡོ་རྗེས་མཛད་པའི་སྒྲུབ་ཐབས། ཌོཾ་བི་བའི་སྒྲུབ་ཐབས། དཔལ་གྱི་ཞབས་ཀྱིས་མཛད་པ་སྦྱིན་སྲེག མེ་ཏྲཱི་པས་མཛད་པའི་རྣམ་པར་དག་པའི་གཏེར་དང༌། བདག་མེད་མ་གསལ་བ་རྣམས་སོ། །དབང་རབ་བྱེད། ལྟ་བ་ངན་སེལ་རྩ་འགྲེལ་གཉིས། རྣམ་དག་གཏེར། བདག་མེད་གསལ་བ། རིན་ཆེན་ཕྲེང་བ། དབང་གི་དགོངས་པ། དབང་རྣམ་པར་ངེས་པ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ། ཨ་མ་ན་སི། ཐེག་པ་ཆེན་པོ་ཉི་ཤུ་པ། དེ་ཁོ་ན་ཉིད་བཅུ་པ། རབ་ཏུ་མི་གནས་པ་གསལ་བར་བསྟན་པ། རྨི་ལམ་བསྟན་པ། སྒྱུ་མ་ངེས་བསྟན། ཕྱག་རྒྱ་བཞིའི་རྗེས་སུ་བསྟན་པ། མི་ཕྱེད་ལྔ་པ། བརྩེ་བ་ལྔ་པ། དགའ་གཅུགས་ལྔ་པ། བདེ་ཆེན་གསལ་མེད། ལྷན་ཅིག་སྐྱེས་པའི་དྲུག་པ། གནས་ཐབས་བསྡུས་པ། དབང་ངེས་བསྟན་གྱི་འགྲེལ་པ། ཤེས་རབ་ཡེ་ཤེས་གསལ་བ། རྡོ་རྗེའི་ཚིག བླ་མ་བརྒྱུད་པའི་རིམ་པ། སྒྲུབ་པ་བརྒྱུད་པའི་རིམ་པའོ། །ཀྱེའི་རྡོ་རྗེའི་ཆོས་སྐོར་རྣམས་རྫོགས་སོ།།  །།སྙིང་པོའི་དོན་གྱི་ཀྱེ་ཡི་རྡོ་རྗེ་ནི། བིརྺའི་རྗེས་འབྲང་ཌོཾ་བིའི་སྐོར། །ཡན་ལག་མེད་རྗེས་པདྨའི་སྐོར། །དམ་ཚིག་རྡོ་རྗེ་ནག་པོའི་སྐོར། །གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ། །ལམ་སྐོར་དགུ་ནི་ཁྱད་པར་རོ། །དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཀྱེའི་རྡོ་རྗེའི་དཀར་ཆག་བྲིས་པ་ཡིན་ནོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*