༼ཉ༽
༄༅། །མེ་ཏྲཱི་མཁའ་སྤྱོད་ཀྱི་རྒྱུད་ཆུང་བཞུགས།།
༄༅། །དེ་ནས་ཡང་དག་བཤད་བྱ་སྟེ། འབུམ་ཕྲག་གསུམ་པ་ལས་འབྱུང་བའི་སྒྱུ་འཕུལ་དྲྭ་བ་ཆེན་མོ་རལ་པ་གྱེན་དུ་བརྫེས་པའི་རྒྱུད་ལས། སྒྱུ་མ་ཆེན་མོ་ཞེས་བྱ་སྟེ། སྙིང་ག་ནས་སྤྲོས་པ་རྨི་ལམ་ལྟ་བུའི་ལུས་དང་ལོངས་སྤྱོད་ལ་དམ་པའི་བདེ་བ་དང་གཉིས་སུ་མེད་པར་གྱུར་པ་དང༌། འདིར་དེའི་སྟེང་དུ་མ་ནིང་གི་ས་བོན་བལྟས་ཏེ། ས་བོན་དེ་ཡོངས་སུ་གྱུར་པ་ལས། དམར་མོ་ཞལ་སྟེང་དུ་ཕྱོགས་ཅིང་གྱེན་དུ་གཟིགས་པ། ཞབས་གཡོན་པ་ལ་འཁྱུད་པའི་ཐོད་པ་དང༌། མེ་ཏོག་གི་ཕྲེང་བ་བཅིངས་པའི་ཕྱག་ཅན་མ། མེ་ཏོག་གི་ཞགས་པ་གཡོན་པའི་ཕྱག་ནའོ། །ཞབས་གཡས་པའི་རྟིང་པ་ལ་རེག་པའི་གཡས་པ་ནི་རྡོ་རྗེའི་ཕྱག་ཅན་མ། རྒྱན་ཐམས་ཅད་སྤངས་པ་མོ། རིག་པ་འཛིན་མའི་རིམ་པའི་སྦྱོར་བ་ཅན་མ། སྤྲོ་ཞིང་ཀུན་ཏུ་སྡུད་པའི་ལུས་ཅན་མ། མནྡ་ར་བ་དང༌། མྱ་ངན་མེད་པ་དང༌། ཡོངས་འདུ་རྣམས་སྐྱེ་བར་གྱུར་པའི་རིན་པོ་ཆེ་བརྩེགས་པའི་ཁང་པར་རབ་ཏུ་འཇུག་པའི་བདག་ཉིད་བསྒོམ་པར་བྱའོ། །ཨོཾ་བྃ་རྡོ་རྗེ་ཕག་མོའོ། །ཧྃ་ཡོཾ་གཤིན་རྗེ་མའོ། །ཧྲིཾ་མྃ་རྨོངས་བྱེད་མའོ། །ཧྲེཾ་ཧྲིཾ་ཀུན་ཏུ་སྤྱོད་མའོ། །ཧཱུྃ་ཧཱུྃ་ཀུན་ཏུ་སྐྲག་བྱེད་མའོ། །ཕཊ་ཕཊ་གཏུམ་མོ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། ལྟེ་བ་དང༌། སྙིང་ག་དང༌། དེ་བཞིན་དུ་ཁ་དང༌། མགོ་བོ་དང༌། སྤྱི་བོ་སྟེ་འདི་མཚོན་ཆའོ། །རྣལ་འབྱོར་མ་ལྔ་པོ་འདི་རྣམས་རྡོ་རྗེ་སེམས་དཔར་བཤད་དོ། །རྡོ་རྗེ་མཁའ་འགྲོ་མའི་གོ་ཆ་བགོས་ལ། རང་བཞིན་གྱིས་བསྐྱེད་པའི་གཏོར་མ་སྦྱིན་པར་བྱའོ། །ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་ཌཱ་ཀི་ནཱི་ནཱཾ་ཧྲྀ་ད་ཡཾ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཨོཾ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཧཱུྃ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཏྲཱཾ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཧྲཱིཿ ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཨཿ ཨོཾ་སརྦ་ཡོ་གི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཧཱུྃ། ཧ་ཧ། ཧི་ཧི། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཡོ་གི་ནྱཿས་མ་ཡ་སྟཱཾ། དྲྀ་ཤྱ་རཀྵ། རཀྵ་ཧོཿ རིག་པ་འཛིན་མའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སོ། །རྒྱ་གར་གྱི་མཁན་པོ་ཛ་ཡ་སེ་ནའི་ཞབས་དང༌། བཙུན་པ་དར་མ་ཡོན་ཏན་གྱིས་བསྒྱུར་བའོ། །ལས་དང་པོ་པ་ཡིན་ཞིང་སྤྲོས་པ་ལ་དགའ་ན། ཨོཾ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་ནས། ཧྲཱི་དང་ཡོཾ་ཞེས་པ་ཡན་ཆད་ཀྱི་སྔགས་ཀྱང་བཟླས། ཆང་དང་ཤ་དང་ཟན་ལ་སོགས་པའི་གཏོར་མ་ཡང་བཤམས་ལ། ལག་པ་གཡོན་པས་རེག་ལ། ཡི་གེ་གསུམ་ཇི་ལྟར་འདོད་པར་བཟླས་པས་བདུད་རྩིར་བསམས་ལ། མཁའ་འགྲོ་མ་རྣམས་མངོན་སུམ་དུ་དམིགས་ལ། སྔགས་རྣམས་ཀྱིས་དབུལ། གཞན་དུ་ན་མི་དགོས་སོ། །གོ་ཆ་ཡང་དེ་དང་དེའི་གནས་སུ་རེག་ཅིང་བརྗོད་པའམ། ཡང་ན་བརྗོད་པ་ཙམ་མོ། མེ་ཏྲཱི་བ་མ་ལ་བ་ཡི་པཎྜི་ཏ་དང༌། བླ་མ་ཨ། ཤཱཀྱ་རཀྵི་ཏ། ཀ་ན་ཀ་ཤྲཱི། ཛ་ཡ་སེ་ན། ཕྱིས་རྒྱ་གར་དུ་བྱོན་ནས་བླ་མ་ཨ་ཉིད་ལ་གསན་ནོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply