ཕུར་པའི་ལས་བྱང༌།

༼ཉ༽

༄༅། །ཕུར་པའི་ལས་བྱང་བཞུགས།།

༄༅། །ཧཱུྃ་ཨ་ལ་ལ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེ་ཅན་གྱི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་ཆེན་མཐུ་སྟོབས་བཅོམ་ལྡན་འདས། །བྱིན་ཆེན་བྱིན་རློབས་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཛཿཧཱུྃ་བྃ་ཧོཿ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བའི་ངང༌། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྲོག་གི་སྒོ་རུ་ཤར་བ་དང༌། །སྙིང་གི་སྒོ་རུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། ཨོཾ་དཱིབྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིངས་སུ་བདག་གྱུར་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷེ་ཤྭ་རི་སྟྭཾ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷེ་ཤྭ་རི་སྟྭཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷེ་ཤྭ་རི་སྟྭཾ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷེ་ཤྭ་རི་སྟྭཾ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀྲོ་དྷེ་ཤྭ་རི་སྟྭཾ། ཨོཾ་བཛྲ་ཀྲོ་དྷེ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ། ཨོཾ་བཛྲ་ཀྲོ་དྷེ་ཏི་ཤ་བྱ་ཧཱུྃ་ཕཊ། བཛྲ་ཨུ་ཡ་ཀ་མུ་ཁ་ཧེ། བཛྲ་ཨུ་ཤི་ཀ་མུ་ཁ་ཧེ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ལསྱ་ཀེ་ཧཱུྃ་ཕཊ། བཛྲ་བྱཱ་གྷྲྀ་མུ་ཁ་ཧེ། བཛྲ་ཏྲ་ཏ་མུ་ཁ་ཧེ། ཨོཾ་བཛྲ་ཀྲོ་དྷ་ནི་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲ་ཏེ་ཧཱུྃ་ཕཊ། བཛྲ་ཙ་མ་ར་མུ་ཁ་ཧེ། བཛྲ་ཏྲ་ན་མུ་ཁ་ཧེ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཤྨ་ན་པ་ཏི་ཧཱུྃ་ཕཊ། བཛྲ་ཧ་རི་ཀ་མུ་ཁ་ཧེ་བཛྲ་ཨུ་ལཱུ་ཀ་མུ་ཁ་ཧེ། ཨོཾ་བཛྲ་ཨཱརྻ་ཨ་ཙ་ལ་ཧཱུྃ་བནྡྷ་བནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷེ་མུ་ལ་ཧ་ཧཱུྃ་ཕཊ། བཛྲ་བྱཱ་གྷྲྀ་མུ་ཁ་ཧེ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བཛྲ་ཀྲོ་དྷ་ཛཱ་ཏི་ཧཱུྃ་ཕཊ། བཛྲ་ཛྭ་ལ་མུ་ཁ་ཧེ། བཛྲ་པཀྵི་ཏ་མུ་ཁ་ཧེ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏི་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཤ་ཡ་ཏི་ཧཱུྃ་ཕཊ་བཛྲ་བཛྲེ་ཙ་ཏ་མུ་ཁ་ཧེ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ། ཚིནྦྷྱ་ཚིནྦྷྱ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བཱ་ཡ་བེ་ཧཱུྃ་ཕཊ། བཛྲ་སིཾ་ཧ་མུ་ཁ་ཧེ། བཛྲ་ཏི་ཏི་ལ་མུ་ཁ་ཧེ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལ་ཀྱ་བི་ཛ་ཡ་ཧཱུྃ། བྷིནྦྷྱ་བྷིནྦྷྱ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་ཧཱུྃ་ཕཊ། བཛྲ་ཏ་ཤ་མུ་ཁ་ཧེ། བཛྲ་ན་ཀུ་ལ་མུ་ཁ་ཧེ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཙུནྡ་མུ་ནེ་ཧཱུྃ་ཕཊ། བཛྲ་རིག་ཤི་ཀ་མུ་ཁ་ཧེ། བཛྲ་སི་ཀ་མུ་ཁ་ཧེ། དེ་ནས་ཧ་བརྒྱད་ཧེ་བརྒྱད་ཕཊ་བྷྱོ་ཉི་ཤུ་རྩ་བརྒྱད་བརྗོད་དོ།།  །།སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་འཇིགས་པའི་སྐུར་སྟོན་པ། །ཕྱོགས་བཅུའི་རྒྱལ་བ་ཡམ་ཡུམ་མ་ལུས་ཀུན། །སངས་རྒྱས་འདུས་པའི་སྲས་པོ་བཛྲ་ཀཱི་ལ་ཡ། །ཞེ་སྡང་བདུད་འདུལ་ཁྲོ་བོའི་རྒྱལ་པོ་དབྱིངས་ནས་བཞེངས། །རྡོ་རྗེ་སྲིན་པོ་ཕུར་བུ་བསྒྲུབ་པའི་ཕྱིར། །མཐིང་ནག་གྲུ་གསུམ་འབར་བའི་གནས་འདིར་གཤེགས། །བཛྲ་ཀཱི་ལ་ཡ་ཛཿ ཤར་ཕྱོགས་སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བུདྡྷ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །གཏི་མུག་བདུད་འདུལ་ཁྲོ་བོའི་རྒྱལ་པོ་དབྱིངས་ནས་བཞེངས། །རྡོ་རྗེ་སྲིན་པོ་ཕུར་བུ་བསྒྲུབ་པའི་ཕྱིར། །མཐིང་ནག་གྲུ་གསུམ་འབར་བའི་གནས་འདིར་གཤེགས། །བུདྡྷ་ཀཱི་ལ་ཡ་ཛཿ ལྷོ་ཕྱོགས་སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །རིན་ཆེན་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ང་རྒྱལ་བདུད་འདུལ་ཁྲོ་བོའི་རྒྱལ་པོ་དབྱིངས་ནས་བཞེངས། །རྡོ་རྗེ་སྲིན་པོ་ཕུར་བུ་བསྒྲུབ་པའི་ཕྱིར། །མཐིང་ནག་གྲུ་གསུམ་འབར་བའི་གནས་འདིར་གཤེགས། །རཏྣ་ཀཱི་ལ་ཡ་ཛཿ ནུབ་ཕྱོགས་དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །འདོད་ཆགས་བདུད་འདུལ་ཁྲོ་བོའི་རྒྱལ་པོ་དབྱིངས་ནས་བཞེངས། །རྡོ་རྗེ་སྲིན་པོ་ཕུར་བུ་བསྒྲུབ་པའི་ཕྱིར། །མཐིང་ནག་གྲུ་གསུམ་འབར་བའི་གནས་འདིར་གཤེགས། །པདྨ་ཀཱི་ལ་ཡ་ཛཿ བྱང་ཕྱོགས་ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཀརྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ཕྲག་དོག་བདུད་འདུལ་ཁྲོ་བོའི་རྒྱལ་པོ་དབྱིངས་ནས་བཞེངས། །རྡོ་རྗེ་སྲིན་པོ་ཕུར་བུ་བསྒྲུབ་པའི་ཕྱིར། །མཐིང་ནག་གྲུ་གསུམ་འབར་བའི་གནས་འདིར་གཤེགས། །ཀརྨ་ཀཱི་ལ་ཡ་ཛཿ དཱིབ་ཏ་ཙཀྲ་ཕུར་བུའི་ལྷ། །དམར་པོ་གཅེར་བུ་རལ་པ་ཅན། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །རལ་གྲིའི་སྐྲ་ལ་ཕུར་བུའི་སོ། །ལྟེ་བ་མན་ཆད་སྐུ་ཡི་ཆ་རྣམས་ནི། །ཨུཏྤལ་སྔོན་པོའི་འདབ་མ་འདྲ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། །དྲག་པོ་གྱུར་པའི་ཕུར་བུ་སྟེ། །བཏབ་ན་ལྷ་ཡང་བརླག་འགྱུར་ཏེ། །གནོད་བྱེད་བགེགས་ལ་སྨོས་ཅི་དགོས། །ཨོཾ་བཛྲ་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ། ཧཱུྃ་མཛད་ལ་སོགས་ཡེ་ཤེས་ཁྲོ་བོ་བཅུ། །གདུག་པའི་འཁོར་ཚོགས་མ་ལུས་ཀུན་འདུལ་བ། །རྡོ་རྗེ་སྲིན་པོ་ཕུར་པ་བསྒྲུབ་པའི་ཕྱིར། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཏ་ཀྲྀ་ཏ་ཁྲོ་རྒྱལ་གདུག་པ་འདུལ་ལ་སོགས། །ཧཱུྃ་དང་ཕཊ་ཀྱིས་ཕྱོགས་སྐྱོང་ཞབས་ཀྱིས་མནན། །འཇིགས་བྱེད་ཆེན་པོ་ཁྲོ་རྒྱལ་ཡབ་ཡུམ་བཅས། །སྲིད་པའི་ཕུར་བུ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །སྲིད་པའི་ཕུར་བུ་བསྒྲུབ་པ་དང༌། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །དམིགས་མེད་མཁའ་དབྱིངས་དག་པ་ནས། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཨོཾ་ཨ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨ་ཝེ་ཤ་ཡ་ཨ། ཡེ་ཤེས་ཁྲོ་རྒྱལ་གཤེགས་ནས་ཀྱང༌། །རྟགས་དང་མཚན་མ་བསྟན་པ་དང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ཐུགས་རྗེ་ངང་ཉིད་ཞི་བའི་སྐུ་ལ་ཕྱག་འཚལ་ལོ། །སྐྱེ་མེད་དབྱིངས་ནས་སྤྲུལ་པའི་སྐུ་བྱུང་བ། །འཇིགས་བྱེད་རྔམ་སྟོབས་ཁྲོ་བོའི་ཚུལ་དུ་སྟོན། །ཁྲོ་རྒྱལ་སྐུ་ལ་གཉིས་མེད་ལྷུན་སྦྱོར་བ། །འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་ལོ། །མ་གཡོས་ཆོས་མཆོག་སྐུ་གསུང་ཐུགས་ཀྱི་བདག །སྡུག་བསྔལ་ལོག་པར་འཁྱམ་པའི་སེམས་ཅན་རྣམས། །ཐུགས་རྗེ་དབྱེར་མེད་དབྱིངས་སུ་སྡུད་མཛད་པ། །སྤྲུལ་པའི་ཁྲོ་བོའི་རྣམས་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་པ། །ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ནས། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བ། །གདུག་པ་འདུལ་མཛད་དེ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༌། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ་པྲ་ཏི་པུ་ཧོ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་ཀྱང༌། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏང་ན། །རྡོ་རྗེ་རྒྱལ་པོས་བྱིན་གྱིས་རློབས། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བགྱི། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཛ་ཧཱུྃ་བཾ་ཧོཿ དཔལ་བོ་སྒེག་པ་འཇིགས་སུ་རུང་བ་དང༌། །དགོད་དང་གཤེ་དང་འཇིགས་སུ་རུང་བ་དང༌། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བཟང་པོ་ཡིས། །བདུད་བཞི་རྟག་ཏུ་འཇོམས་པས་དཔའ་དཔའ་འདྲ། །རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྒེག་འདྲ། །སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ། །ཞལ་གཡས་དཀར་ལ་བཞད་པས་དགོད་དགོད་འདྲ། །ཞལ་གཡོན་དམར་ལ་གདངས་པས་གཤེ་གཤེ་འདྲ། །ཞལ་དབུས་མཐིང་ལ་རྔམ་པས་ཁྲོ་ཁྲོ་འདྲ། །རྒྱུད་དྲུག་ཐུགས་རྗེས་འཛིན་པས་སྙི་རྗེ་ཆེ་ཆེ་འདྲ། །གདུག་པ་ཞལ་དུ་འདྲེན་པས་རྔམ་རྔམ་འདྲ། །དེ་འདྲ་ཁྲོ་བོ་འཇིགས་པའི་སྐུར་བསྟན་ཡང༌། །ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ། །རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས། །རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་རབ་ཏུ་སྒྲོལ། །ཡེ་ཤེས་མེ་དཔུང་འབར་བས་ཉོན་མོངས་སྲེག་པར་བྱེད། །ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད། །རི་རབ་ཕུར་བུས་ཁམས་གསུམ་དབང་དུ་སྡུད། །དེ་འདྲའི་ཁྲོ་བོ་འཇིགས་སྐུར་གཤེགས་ནས་ཀྱང༌། །བཛྲ་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་བསྟོད་དོ། །ཨོཾ་ཤྲཱི་བཛྲ་མུདྒ་ར་ཤ་ཡ་ན་མཿ ཨོཾ་ཤྲཱི་བཛྲ་རཱ་ག་ས་མ་ཡ་ན་མཿ ཨོཾ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛྭ་ལ་ཡ་ན་མཿ ཨོཾ་ཤྲཱི་བཛྲ་གྷཎྜེ་ཙ་ལ་ཡ་ན་མཿ ཧཱུྃ་མཛད་སྒྲ་འབྱིན་ཕག་དང་རྨིགས་བུའི་མགོ །རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ །དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ །མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ །རྟ་མགྲིན་གཏུམ་མོའི་བྱི་ལ་པུ་ཤུད་མགོ །གཞན་གྱིས་མི་ཐུབ་མདའ་སྙེམ་སྤྱང་ཀི་ཁྲ་ཡི་མགོ །བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝང་མགོ །ཁམས་གསུམ་གསོད་མ་དྲེད་དང་སྲེ་མོའི་མགོ །སྟོབས་ཆེན་བསྐྱོད་མ་དོམ་དང་བྱི་བའི་མགོ །དེ་འདྲའི་ཁྲོ་བོ་འཇིགས་སྐུར་གཤེགས་ནས་ཀྱང༌། །རྟགས་དང་མཚན་མ་བསྟན་པ་དང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཛཿཧཱུྃ་བྃ་ཧོཿཞེས་བརྗོད་དེ། །གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །ཀཽ་རཱི་བན་བྱིས་དབྱུགས་པ་སྔོ། །ཙཽ་རཱི་མདའ་གཞུ་འགེངས་པ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏཱ་བྱིས་ཟ་རྡོར་འཕྱང་གནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །ཀསྨ་དུང་དམར་ཁྲག་འཐུང་ལྗང༌། །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙནྡྷ་མཆོག་སྐྱེ་སེར་ལུས་འབྲེལ། །འབར་བའི་གདན་ལ་གཤེགས་ནས་ཀྱང༌། །མཆོད་བཞེས་དམ་སྐོངས་དབང་དང་དངོས་གྲུབ་སྩོལ། །སིཾ་ཧ་དཀར་པོ་སྣོལ་སེང་སེང༌། །བྱཱ་གྷྲྀ་གནས་ལྟ་སྣོལ་མ་སྟག །སྲི་ལ་ནག་མོ་ཞིང་ལྡག་ཝ། །ཤོ་ན་འདྲ་ལྟས་མཐིང་ག་ཁྱི། །ཀྲྀ་ཏ་མགྲིན་དམར་རྒྱུ་མགོ་རྒོད། །ཀང་ཀ་ཀང་ཕྲག་སྣར་མགོ་རིང༌། །ཁ་ཁྭ་ཁན་རོག་བན་གྲི་ནག །ཧུ་ལུ་དྷོ་རྒྱུ་མཐིང་ཚོགས་འུག །པུ་ཤུད་གདོང་ཅན་སྔོན་མོ་ལྕགས་ཀྱུ་འཛིན། །བྱ་རོག་གདོང་ཅན་སེར་མོ་མཆེ་ཞགས་ཅན། །ཉི་ཟླ་ལྕགས་སྒྲོག་མེ་འབར་མ། །ཐལ་བྱེད་དྲིལ་བུ་སྣ་ཚོགས་མདོག །འབར་བའི་གདན་ལ་བཞུགས་ནས་ཀྱང༌། །མཆོད་བཞེས་དམ་སྐོངས་དབང་དང་དངོས་གྲུབ་སྩོལ། །བདེ་བར་གཤེགས་པ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱས་མེ་ཏོག་གཏོར། ཡང་དང་ཡང་དུ་དག་མོད་ཀྱི། །འགྲོ་བ་ཀུན་གྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང༌། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པ་ནི་པན་པེ་ནུ་སུ་ར་ཏོ་ཏི་སུ་པ་ར་མུ་ཏ་ཐཱ་ག་ཏ་སིདྡྷི་ཧཱུྃ། ས་མ་ཡོ་ཏ་མུ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་སུ་ཁ་ཏ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཤྲཱི་བཛྲ་དྷཱུཔྤེ་དུ། ཤྲཱི་བཛྲ་པུཥྤེ་པུ། ཤྲཱི་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཤྲཱི་བཛྲ་གནྡྷེ་ཨཿ རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་ཕྱིར། །འདི་ནི་སྔོན་གྱི་དམ་ཚིག་གོ །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་ངང་ཉིད་དུ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ན་མཿས་རྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཤྲཱི་བནྡྷ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །ན་མཿསརྦ་འགྲེ། ཡེ་ཤེས་བསྐལ་བ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཆེན་པོ་ཁྲོ་བོ་བཅུ་རྣམས་ལ། །རྣམ་དག་བདུད་རྩི་ཞེས་སོགས་ཀུན་ལ་འགྲེའོ། །ཁྲོ་རྒྱལ་སྐུ་ལ་གཉིས་མེད་ལྷུན་སྦྱོར་བ། །སྒྲ་འབྱིན་ལ་སོགས་ཁྲོ་མོ་བཅུ་རྣམས་ལ། །རིག་པའི་རྒྱལ་པོའི་ཁྲོ་བོའི་ཐུགས་ལས་སྤྲུལ། །དེ་འཁོར་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །མཐིང་ག་མཆོད་སྙེམས་རྡོ་རྗེ་གསང་བའི་ཡུམ། །གཽ་རཱི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །སྣ་ཚོགས་མགོ་བརྙན་ཟ་བྱེད་མཆེ་གཤོག་ལ། །སིདྷ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །སྟི་ར་འཆིང་སྡོམ་འཆིང་བྱེད་དབང་མོ་ཆེ། །པུ་ཤུད་ལ་སོགས་སྒོ་མ་བཞི་རྣམས་ལ། །དཔལ་གྱི་འཁོར་ཚོགས་ཟ་བྱེད་དབང་མོ་ཆེ། །མཁའ་འགྲོ་ཤུགས་འགྲོ་མ་སྲིང་རྒྱ་མཚོ་ལ། །ན་མཿསརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཁམས་གསུམ་གདུག་པ་མ་ལུས་ཀུན་སྒྲོལ་བའི། །སྐྱེས་བུ་གིང་ཆེན་བཅོ་བརྒྱད་ལ། །འབྱུང་པོ་ཐམས་ཅད་འདུལ་བར་དམ་བཅས་པའི། །དཔག་བསམ་ཤིང་གི་ལྷ་མོའི་ཚོགས་རྣམས་ལ། །འདོད་པའི་ཁམས་ཀྱི་བུད་མེད་ཉག་གཅིག་མ། །དཔལ་ལྡན་གཉན་གྱི་རྡོ་རྗེ་རེ་མ་ཏཱི། །གདུག་པ་འདུལ་བའི་ཕོ་ཉར་ཁས་བླངས་པའི། །དཔལ་ཆེན་ཐུགས་ལས་སྐྱེས་པའི་ཤྭ་ན་མུ་ཁ་ལ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༌། །འདོད་དགུར་བསྒྱུར་བའི་བདག་ཉིད་ཆེན་མོ་ལ། །ཡང་བྱིན་དང་ནི་དེ་བྱིན་དང༌། །བསེ་བྱིན་དང་ནི་ཕག་བྱིན་དང༌། །དམ་ཅན་བསེ་ཡི་ལྷ་མོའི་ཚོགས་རྣམས་ལ། །སྡོམ་ལ་གནས་ཤིང་རིགས་འཛིན་གྲུབ་པའི་ལྷ། །ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་ལ། །ཉ་བཞི་དུས་དྲུག་དབེན་གནས་སྲུང་མ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་བརྩེ་དགོངས་དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཉེས་ལེགས་སྟང་འཛིན་དམ་ཚིག་རྗེས་གཅོད་ལ། །དམ་ཚིག་དབང་དང་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་ལ། །སྔར་གཤེགས་ཁྱད་པར་རིམ་པར་དབང་བསྐུར་བ། །རྒྱལ་ཐེབ་སྤྱན་དང་དཀར་མོ་གང་རྣམས་ལ། །འདི་དང་ཕྱི་མ་གཉིས་ཀར་མི་འབྲལ་བའི། །དམ་ཚིག་གཟུངས་ཀྱིས་འབྲེལ་བའི་མཆེད་ལྕམ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཨརྒྷཾ་པྲ་ཏཱིཙྪ་ཧོ། ཤྲཱི་བནྡྷ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ ཨི་དཾ། དྷཱུ་པཾ། པུཥྤཾ། དཱི་ག་གནྡྷཾ། བ་ལིཾ་པྲ་ཏཱིཙྪ་ཧོ། ཧྲཱི་བནྡྷ་ཁཱ་ཧི། ཞེས་ལན་གསུམ་བརྗོད། ཐོག་མར་བདག་ཉིད་རྟོག་སྒོམ་བསྒྲལ། །དེས་ན་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བ། །ཐབས་དང་ཤེས་རབ་གཉིས་མེད་པ། །པདྨ་ལ་ནི་རྡོ་རྗེ་བཞུགས། །བདག་ཉིད་མཆོད་པས་མཉེས་བྱའོ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་ག་ཡ། ཨ་ནུ་རཱ་ག་ཡཱ་མི། བོ་དྷི་ཙིཏྟ། མཉམ་པའི་སྒྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་དབུལ། །བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཨ་ལ་ལ་སྟེ་དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་པྲ་ཝེ་ཤ་ཡ་པྲ་ཏཱིཙྪ་ཧོ་ཤྲཱི་བནྡྷ་ཁཱ་ཧི། ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་རཀྟ་མུ་དྲ་ས་མ་ཡ་ཁ་ཁ་ཁཱ་ཧི་ཧྲྀ་ད་པི་པ་ཐ་ཧཱུྃ་ཕཊ། ཧཱུྃ་ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང༌། །གདུལ་དཀའ་མཐའ་དག་གདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །དམར་ཆེན་པོས་ནི་རྒྱ་མཚོར་བསྐྱིལ། །འཁོར་བའི་དྲྭ་བ་གཅད་པའི་ཕྱིར། །འཁོར་གྱི་ཕྲ་མེན་ཚོགས་རྣམས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་མྃ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མཧཱ་ཨ་མྲྀ་ཏ་ཁཱ་ཧི། དམ་ཚིག་ཆེན་པོའི་དུས་ལ་བབས། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཤིན་ཏུ་མི་བཟད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་ཐུགས་མཆོག་ཡཀྵ་ཧེ་རུ་ཀ །ཡེ་ཤེས་སྐུ་མཆོག་རིགས་ཀྱི་འཁོར་གྱིས་བསྐོར། །མི་དམིགས་ཐུགས་ཀྱི་དོན་དམ་ཐུགས་ལ་གསལ། །གསུང་གི་ང་རོས་ཁམས་གསུམ་དབང་དུ་སྡུད། །སྤྲུལ་པའི་བྱིན་རླབས་ཁྲོ་བཅུ་དབྱིངས་ན་དགྱེས། །སྐུ་སྟོད་མཐིང་ནག་འཇིགས་པའི་རྒྱན་གྱིས་བརྒྱན། །གཡས་ཀྱི་ཞལ་མདོག་ལྗང་ནག་བསྟན་པ་ནི། །ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པའི་རྟགས། །གཡོན་གྱི་ཞལ་མདོག་དམར་ནག་བསྟན་པ་ནི། །དབང་དྲག་རྣམ་གཉིས་དུས་གཅིག་རྫོགས་པའི་རྟགས། །སྐྱེ་འགྲོ་རྩད་ནས་གཅོད་པའི་མཆེ་གཙིགས་ཤིང༌། །ཉོན་མོངས་ལོག་པར་ལྟ་བ་འཇོམས་པའི་རྟགས། །རྡོ་རྗེ་རྩེ་དགུ་ཕྱག་ན་བསྣམས་པ་ནི། །ས་དགུའི་རྟོག་འཇོམས་ཡེ་ཤེས་དགུ་དང་སྦྱོར། །རྡོ་རྗེ་རྩེ་ལྔ་ཕྱག་ན་བསྣམས་པ་ནི། །རྒྱུད་ལྔ་སྦྱོང་ཞིང་སྐུ་ལྔ་འདྲེན་པར་མཛད། །ཡེ་ཤེས་མེ་དཔུང་འབར་བ་བསྣམས་པ་ནི། །ཁམས་གསུམ་འཁོར་བའི་བག་ཆགས་སྲེག་པར་མཛད། །རྡོ་རྗེ་ཁ་ཊྭཱཾ་བརྡུང་ཞིང་འཁྲོལ་བ་ནི། །བདུད་བཞི་ཐལ་བར་རློག་ཅིང་དབང་དུ་སྡུད། །རི་རབ་ཕུར་བུ་འདྲིལ་ཞིང་འདེབས་པ་ནི། །འགལ་བྱེད་མ་ལུས་ཐམས་ཅད་སྒྲོལ་བར་མཛད། །གླང་ཆེན་སྟག་ལྤགས་ཞིང་ཆེན་རྒྱན་གྱིས་བརྒྱན། །ཆེ་བཙན་དཔེ་མེད་ཁམས་གསུམ་རྒྱལ་བར་སྟོན། །ཐོད་སྦྲུལ་སྣ་ཚོགས་འཇིགས་པས་སྐུ་ལ་བརྒྱན། །བསྐལ་པའི་མེ་ལྟར་འབར་བའི་ཀློང་ན་བཞུགས། །རྔམ་པའི་ཞལ་ནས་ཧཱུྃ་སྒྲ་འབྲུག་སྟོང་སྒྲོགས། །ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱིས་དབྱིངས་སུ་སྦྱོར། །ཞབས་གཉིས་གྱད་ཀྱི་འདོར་སྟབས་གདུག་པ་འདུལ། །སྤྲུལ་པའི་བྱིན་རླབས་ཕྱོགས་བཅུ་སྤྲིན་ལྟར་གཏིབས། །ཐུགས་རྗེ་རྩེ་གཅིག་བྲེང་བྲེང་རྒྱུན་དུ་དགོངས། །ཨོཾ་བཛྲ་ཀིའ་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བྃ་ཧཱུྃ་ཧཱུྃ་ཕཊ། ད་ཡུམ་ཨེ་ཀ་ཛ་ཊཱི་བསྐུལ་ཏེ། །དེ་དང་གཉིས་མེད་སྦྱོར་བའི་ཡུམ་མཆོག་ནི། །ཨེ་ཀ་ཛ་ཊཱི་གུ་ཧྱ་གསང་བའི་ཡུམ། །པདྨ་གར་གྱི་དབང་ཕྱུག་མཁའ་ཀློང་ནས། །བཻ་ཌཱུར་སྔོན་པོའི་སྐུ་མདོག་གསལ་འཚེར་ཞིང༌། །ཨིནྡྲ་ནཱི་ལ་རལ་པ་གཅིག་ཏུ་འཁྱིལ། །ཁམ་ཁམ་ཚིག་ཚིག་རལ་པ་མེ་ལྟར་འབར། །པུཥྤ་རཱ་གའི་འོད་ཟེར་ཕྱོགས་བཅུར་འཕྲོས། །ཁྲོ་གཉེར་སྤྱན་ཟླུམ་འཇིགས་པའི་སྡང་མིག་མ། །ཀས་མ་ཀས་མ་རྣོ་དཔལ་མཆེ་བ་གཙིགས། །ཐམས་ཅད་ཆེམ་ཆེམ་གསོལ་བའི་རྐན་ཐོག་ཐོག །ཐོད་ཁྲག་རློན་ཆེན་ཕྲེང་བའི་སྦྲུལ་ཞགས་ཀྱིས། །མཐིང་གའི་སྐུ་ལ་རབ་ཏུ་མཛེས་པར་བརྒྱན། །ཞིང་ཆེན་གཡང་གཞིས་གསང་བ་སྐུ་སྨད་གཡོགས། །ཁྲག་མཚོ་ཐ་མར་སྐེམས་ཤིང་ལྗགས་འདྲིལ་མ། །ཐོད་རློན་ཀླད་ཁྲག་བསྲེས་པ་གཡས་ན་ཐོགས། །བྷནྡྷ་རྩེ་གསུམ་འབར་བ་གཡོན་ན་ཐོགས། །འཁོར་ལོའི་རྒྱས་འདེབས་ཟ་བྱེད་དཔལ་གྱི་ཡུམ། །རྡོ་རྗེ་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །ཞིང་ཆེན་བམ་རོ་བསྣོལ་བའི་གདན་སྟེངས་ན། །གཟིར་ཅིང་གནོན་པ་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཐམས་ཅད་དབང་དུ་སྡུད་པའི་སྲིང་གཅིག་མ། །བར་སྣང་འཕྱོ་བའི་མེ་ཟ་བྲག་གྱོན་མ། །གླིང་བཞི་ཀུན་ལ་དབང་བའི་དྲག་མོ་རྒྱལ། །སྲོག་གི་སྙིང་པོའི་དོན་ལས་མ་འདའ་ཅིག །དམ་རྫས་དམར་གྱི་ཨརྒྷཾ་འདི་སྦྲེངས་པས། །ཐུགས་དམ་རྩེ་གཅིག་བྲིང་བྲིང་རྒྱུན་དུ་དགོངས། །རང་རྒྱུད་དག་པའི་རྣལ་འབྱོར་སྒྲུབ་པ་པོ། །བརྡ་དང་སྦྱུགས་པ་རྔམ་པའི་ཐལ་མོའི་སྒྲས། །རཀྟ་ཆགས་པའི་སྒྲ་ཡིས་གཡབ་འདོར་ན། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ཤིག །ཐལ་མོ་རྡེབས་ཤིང་འཇིགས་པའི་བཤུད་གླུ་ལེན། །བསྡིགས་པའི་གད་མོ་དགོད་ཅིང་ཁྲག་ཆེན་འཐུང༌། །དུས་གསུམ་ཀུན་ལ་མ་བསྒྲིབས་མཁྱེན་མངའ་བ། །དམར་གྱི་དྲི་སྣོམ་ཁྲག་གི་རོ་མྱང་བ། །དཔག་ཚད་བརྒྱད་ཁྲིའི་གནས་ནས་འདིར་གཤེགས་ལ། །ཤ་ཟ་ཁྲག་འཐུང་གླང་པོ་ལས་ཀྱི་རྣམས། །ཡེ་ཤེས་རྨད་བྱུང་དོན་དམ་དགོངས་པ་ཅན། །གཞན་གྱིས་མ་བསྐུལ་ཉིད་ཀྱིས་ཞལ་འཆེས་མ། །དམ་ཚིག་བསྐུལ་ཕྱིར་རྟག་ཏུ་རོལ་མཛོད་ཅིག །ཕྲིན་ལས་གཞུང་བཞིན་ཕོ་ཉ་མང་པོ་འགྱེད། །དམ་ཚིག་གཞུང་བཞིན་ཐམས་ཅད་དབང་དུ་སྡུད། །ཕྲིན་ལས་དུས་ལ་བབ་བོ་སྲིང་གཅིག་མ། །མངོན་སུམ་བསྒྲུབ་པའི་ལས་མཛོད་ད་ཚུར་བྱོན། །ཨོཾ་དཱིབ་ཏ་ཙཀྲ་ཧཱུྃ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཏྲག་རཀྵ་ཁ་མུནྟ་རུ་ལུ་རུ་སྙིང་ཁ་རག་བཛྲ་དུན་དུན་བྷྱོ། ཧཱུྃ་ཀ་རི་ཀ་པ་ཏ་རི། ན་བལ་ཚུལ་མོ་ཏེ། ཁ་དམ། དི་ཏ་ཏ་ཏ་མ་ཤཾ། རཾ་རཾ་ཁ་ཁ་ལ་བག་བྷྱོ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་པ། །ཁྲོ་བོ་ཆེན་པོ་བཛྲ་ཧཱུྃ་ཀ་ར། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །རྡོ་རྗེ་ཕུར་བུའི་འདྲིལ་ཞིང་འདེབས། །ཞབས་དྲུག་བྲག་སྟེངས་ཉི་ཟླ་ཕོ་མོ་གནོན། །རྡོ་རྗེ་སྒྲ་འབྱིན་ཁྲོ་མོ་ཡང༌། །འཇིགས་བྱེད་ཆེན་མོར་སྣང་བ་སྟེ། །དགྱེས་པའི་ལོངས་སྤྱོད་དོན་དམ་དབྱིངས་ཆེན་ལས། །སྤྲུལ་བའི་ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །དགྲ་བགེགས་སྙིང་ནས་དྲོངས་ཤིག་ཁུག །འདི་ཕྱོགས་བཞིར་འགྲེའོ། །ཤར་གྱི་ཕྱོགས་ནས་ཁྲོ་ཆེན་རྣམ་པར་རྒྱལ། །དྲི་ཟར་གནོན༴ །རྡོ་རྗེ་སྙེམས་མ་ཁྲོ་མོ་ཡང༌། །ཤར་ལྷོའི་མཚམས་ནས་ཁྲོ་ཆེན་དབྱུག་སྔོན་ཅན། །མེ་ལྷ་གནོན༴ །རྡོ་རྗེ་སྡེར་མོ་ཁྲོ་མོ་ཡང༌། །ལྷོ་ཕྱོགས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །གཤིན་རྗེ༴ །རྡོ་རྗེ་དུར་ཁྲོད་ཁྲོ་མོ་ཡང༌། །ལྷོ་ནུབ་ཁྲོ་བོ་ཆེན་པོ་མི་གཡོ་མགོན། །སྲིན་པོ༴ །རྡོ་རྗེ་གཏུན་ཁུང་ཁྲོ་མོ་ཡང༌། །ནུབ་ཕྱོགས༴ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་རྒྱལ། །ཆུ་ལྷ༴ །རྡོ་རྗེ་གཏུམ་མོ་ཁྲོ་མོ་ཡང༌། །ནུབ་བྱང་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ། །རླུང་ལྷ༴ །རྡོ་རྗེ་མདའ་སྙེམས་ཁྲོ་མོ་ཡང༌། །བྱང་གི་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །གནོད་སྦྱིན༴ །རྡོ་རྗེ་རླུང་འབྱིན་ཁྲོ་མོ་ཡང༌། །བྱང་ཤར་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ། །དབང་ལྡན༴ །རྡོ་རྗེ་ཁྲོ་མོ་གསོད་མ་ཡང༌། །འོག་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་པ། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས། །ཞབས་དྲུག་བྲག་སྟེང་ས་བདག་གནོན། །རྡོ་རྗེ་བསྐྱོད་མ་ཁྲོ་མོ་ཡང༌། །འཇིགས་བྱེད་ཆེན་མོར་སྣང་བ་སྟེ། །དགྱེས་པའི་ལོངས་སྤྱོད་དོན་དམ་དབྱིངས་ཆེན་ལས། །སྤྲུལ་པའི་ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །དགྲ་བགེགས་སྙིང་ནས་ཁུག་ཅིག་དྲངས། བྷྱོ་ཕྱག་བརྙན་ཆེན་མོའི་དུས་ལ་བབ། །དཔལ་གྱི་ཕོ་ཉ་འགུགས་བྱེད་པ། །སྟེང་གི་ཕྱོགས་ནས་བྱུང་བ་ཡི། །རྣམ་རྟོག་མི་མངའ་ཕག་ཕོ་ལ། །མི་ཕོ་ཕག་གི་མགོ་ཅན་ཞོན། །ལག་པ་གཡས་པ་ཐོ་བ་ཐོགས། །གཡོན་པ་ཕུར་བུ་འདྲིལ་ཞིང་འདེབས། །དགྲ་བགེགས་སྙིང་ནས་དྲོངས་ཤིག་ཁུག །ཡན་ལག་ཆིངས་ལ་སྐྱུགས་སུ་ཆུག །དེས་འགྲེའོ། །ཤར་གྱི་ཕྱོགས༴ །དཔའ་གཏུམ་ཟ་བྱེད་ཆེན་མོ་ལ། །གཡས་པ་རྡོ་རྗེ་ཐོགས༴ །གཡོན་ཕུར་བུས་འགྲེའོ། །ཤར་ལྷོ༴ །མི་འགྱུར་གཡག་པོ་ཆེན་པོ་ལ། །གཡས་པ་དབྱུག་ཐོ་ཐོགས། །ལྷོ༴ །འཇུག་བྱེད་ཆེན་པོ་ཤ་བ་ལ། །གཡས་པ་དགྲ་སྟ༴ །ལྷོ་ནུབ༴ །སྤྱོད་རྫོགས་གཟིག་པོ་ཆེན་པོ་ལ། །གཡས་པ་རལ་གྲི༴ །ནུབ༴ །མཁས་བརྩོན་བྱི་ལ་ཆེན་པོ་ལ། །གཡས་ན་སྦྲུལ་ཞགས༴ །ནུབ་བྱང༴ །ཟ་བྱེད་ཆེན་པོ་སྤྱང་གི་ལ། །གཡས་ན་བ་དན༴ །བྱང༴ །འཇོམས་བྱེད་རྩལ་འཕགས་སེང་གེ་ལ། །གཡས་པ་རྡོ་རྗེ་རྒྱ་གྲམ༴ །བྱང་ཤར་ཕྱོགས་ནས་དགྲ་དང་བགེགས་འདུལ་བའི། །སྟོབས་ལྡན་དྲེད་པོ་ཆེན་པོ་ལ། །གཡས་པ་རྡོ་རྗེ༴ །སྨྱོ་བྱེད་དོམ་པོ་ཆེན་པོ་ལ། །གཡས་པ་ཏྲི་ཤཱུ་ལ༴ །སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་པའི། །སྨྱོ་བྱེད་རྨིགས་བུ་ཆེན་པོ་ལ། །གཡས་པ་རྨིགས་བུ༴ །ཤར༴ །མཁའི་ལྡིང་ཐོགས་མེད་བྱ་རྒོད་ལ། །གཡས་པ་ལྕགས་ཀྱུ༴ །ཤར་ལྷོ༴ །རིགས་ཤེས་བྱ་རོག་ཆེན་མོ་ལ། །གཡས་པ་མེ་དབལ༴ །ལྷོ༴ །མུན་མཐོང་འུག་པ་ཆེན་མོ་ལ། །གཡས་པ་ཞགས་པ༴ །ལྷོ་ནུབ་སྦེད་བྱེད་ཁྭ་ད་ཆེན་མོ་ལ། །གཡས་པ་ལྕགས་ཀྱུ༴ །ནུབ༴ །འོད་ལྡན་གསལ་བཀྲ་པུ་ཤུད་ལ། །གཡས་པ་རྔ་ཡབ༴ །ནུབ་བྱང་གསོད་བྱེད་ཁྲོ་མོ་ཆེན་མོ་ལ། །གཡས་པ་ཁྲ་བྱ༴ །བྱང༴ །སྒྲིན་མོ་དར་ལྡན་ཕ་ཝང་ལ། །གཡས་པ་སྒྲོན་མེ༴ །བྱང་ཤར༴ །གསོད་བྱེད་ཟེར་མོ་ཆེན་མོ་ལ། །གཡས་པ་ལྕགས་ཀྱུ༴ །དཔལ་གྱི་ཕོ་ཉ་མགྱོགས་བྱེད་མ། །འོག་གི་ཕྱོགས་ནས་འབྱུང་བ་ནི། །དོན་དབྱིངས་སྦྱོར་བའི་བྱི་བ་ལ། །མི་མོ་བྱི་བའི་མགོ་ཅན་ཞོན། །ལག་པ་གཡས་ན་སོག་ལེ་ཐོགས། །གཡོན་པ་ཕུར་བུ་འདྲིལ་ཞིང་འདེབས། །དགྲ་བགེགས་སྙིང་ནས་དྲོངས་ཤིག་ཁུག །ཡན་ལག་ཆིངས་ལ་སྐྱུགས་སུ་ཆུག །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །གཽ་རཱི་ལ་སོགས་ཁྲོ་མོ་བརྒྱད། །ཕོག་པར་རྒྱོབ་ཅིག་གཽ་རཱི་མ། །སྙིང་ལ་གཟེར་ཅིག་ཙཽ་རི་མཱ། །དབང་དུ་སྡུས་ཤིག་པྲ་མོ་ཧ། །རྡུལ་དུ་རློག་ཅིག་བེ་ཏཱ་ལཱི། །རྒྱུ་ཞགས་དྲོངས་ཤིག་པུཀྐ་སཱི། །རཀྟ་འཐུངས་ཤིག་གྷསྨ་རཱི། །ཙིཏྟ་དྲོངས་ཤིག་སྨ་ཤ་ནཱི། །མགོ་ལུས་ཕྲོལ་ཅིག་ཙཎྜ་ལཱི། །དཀྱིལ་འཁོར་དེའི་ཕྱི་རིམ་ན། །མུ་ཁ་ཆེན་མོ་ཕྲ་མེན་བརྒྱད། །ཤ་ལ་རོལ་ཅིག་སིདྷ་མ། །རུས་པ་འཆོ་ཞིག་བྱཱ་གྷྲྀ་མ། །ཁྲག་ལ་རོལ་ཅིག་སྲི་ལ་མ། །ལྤགས་ཆེན་ཧྲོལ་ཅིག་ཤྭ་ན་མ། །རྒྱུ་ཞགས་དྲོངས་ཤིག་ཀྲྀ་ཏ་མ། །སྙིང་ཁྲག་འཐུངས་ཤིག་ཀྃ་ཀ་མ། །རྒྱུ་ཚིལ་བྲོབས་ཤིག་ཁ་ཁྭ་མ། །གློ་སྙིང་ཕྱུང་ཤིག་ཨུ་ལཱུ་མ། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །མཐར་བྱེད་ཆེན་མོ་སྒོ་མ་བཞི། །སྙིང་ནས་དྲོངས་ཤིག་ལྕགས་ཀྱུ་མ། །ཡན་ལག་ཆིངས་ཤིག་ཞགས་པ་མ། །དབང་པོ་སྡོམས་ཤིག་ལྕགས་སྒྲོག་མ། །རྡུལ་དུ་རློག་ཅིག་དྲིལ་བུ་མ། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །དབང་ཕྱུག་ལ་སོགས་ཉི་ཤུ་བརྒྱད། །ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱེད་ཀྱིས་ཞི་བའི་ལས་མཛོད་ཅིག །ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱེད་ཀྱིས་རྒྱས་པའི་ལས་མཛོད་ཅིག །ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱེད་ཀྱིས་དབང་གི་ལས་མཛོད་ཅིག །བྱང་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱེད་ཀྱིས་དྲག་པོའི་ལས་མཛོད་ཅིག །འབར་མའི་ལྷ་ཚོགས་འཁོར་བཅས་མ་ལུས་ཀུན། །སྔོན་གྱི་དམ་ཚིག་ཆེན་པོས་རྗེས་དགོངས་ཏེ། །གདུག་པའི་དགྲ་བགེགས་མ་ལུས་གདུལ་བ་དང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཁྱེད་རང་ཐུགས་དམ་དུས་ལ་བབས། །ཡེ་ནས་མཉམ་ཉིད་ཆོས་སྐུ་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་བཟློག་དོན་ཕྱིར་རྒྱལ་བའི་དམ་མནོས་པ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འདས་གྱུར་ཏེ། །རྒྱལ་བ་རྒྱ་མཚོའི་ཚོགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ལུས་ཀྱིས་སྡིག་བྱས་སྡིག་པ་ངན་དུ་བགྱིས། །ངག་གིས་ཚིག་འཁྱལ་སྨྲས་པ་ངག་ཏུ་བརྗོད། །སེམས་ཀྱིས་བློ་ནོར་ལོག་པར་བསམས་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །བཀྲ་བའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༌། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་རླག་པར་མཛད། །ཆགས་ཉམས་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི། །སྐུ་མདོག་མཐིང་ནག་འཇིག་ཚུལ་བསྟན་པ་ནི། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད། །འཁོར་གྱི་ཕྲ་མེན་ཕོ་ཉའི་ཚོགས་ལ་སོགས། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །དྲག་པོར་འབྱུང་ཁྱེད་དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཧཱུྃ་ཕཊ། གཙོ་བོ་ལ་སྟོང་རྩ་བརྒྱད། འཁོར་ལ་བརྒྱ་རྩ་བརྒྱད། གཽ་རཱི་དང་ཙཽ་རཱི་དང་སྒོ་མ་ལ་ཉི་ཤུ་རྩ་རེ་རེ། དབང་ཕྱུག་མ་ལ་བདུན་བདུན་དབུལ་ལོ། །འཛབ་བསྟོད་དོ། །དམིགས་མེད་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །སྤྱན་དྲངས་གཤེགས་སུ་གསོལ་བར་མི་དམིགས་པས། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལ། །ཡེ་ཤེས་སྒྱུ་མར་རོལ་ཏེ་གཤེགས་སུ་གསོལ། །ཡེ་ཤེས་ཕུང་པོ་མཁའ་འདྲ་བ། །སྤྲུལ་སྐུ་ཀུན་གྱི་འབྱུང་གནས་ཆེ། །ཆོས་རྣམས་ཀུན་གྱི་བདག་པོ་སྟེ། །རྡོ་རྗེ་སེམས་དཔའ་གཤེགས་སུ་གསོལ། །རྔམ་པའི་ཞལ་ནས་ཧཱུྃ་སྒྲ་འབྲུག་སྒྲོགས་ཤིང༌། །སེང་གེའི་ང་རོས་ཀྱང་ནི་བསྐྱོད་དུ་མེད། །ཐུགས་རྗེ་ཆེན་པོ་ཐབས་ཀྱིས་འདུལ་མཛད་པ། །དཔལ་ཆེན་ཁྲོ་རྒྱལ་བརྩེ་ཕྱིར་གཤེགས་སུ་གསོལ། །སྙེམས་པ་མི་མངའ་སྟོབས་བཅུར་ཤུགས་ལྡན་ཞིང༌། །མ་འདྲེས་སངས་རྒྱས་ཆོས་རྣམས་ཡོངས་རྫོགས་སྐུ། །མཁའ་འགྲོ་སྒྱུ་མར་རོལ་ཏེ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཨོཾ་ཤྲཱི་བཛྲ་དྷཱ་པ། པུཥྤ། ཨཱ་ལོ་ཀེ གནྡྷེ། རྡོ་རྗེ་བདུག་པ་མས་ནི་མཆོད་བྱས་ཤིང༌། །རྡོ་རྗེ་རབ་ཏུ་གསང་བའི་གླུ་བླངས་ནས། །རྡོ་རྗེ་རབ་ཏུ་དགའ་བའི་གར་བྱས་ཏེ། །རྣལ་འབྱོར་ཚོགས་ཆེན་དག་ལ་རོལ་དུ་གསོལ། །ལྷ་མོ་བརྒྱད་དེས་འགྲེ། རིན་ཆེན་མེ་ཏོག་མ། པདྨ་མར་མེ་མ། ལས་ཀྱི་དྲི་ཆབ་མ། སྒེག ཕྲེང༌། གླུ། གར་མ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །ཨོཾ་བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ དགྲ་བགེགས་ཚོགས་ལ་བསྟིམ་ལ་བསྒྲལ་ཏེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲཱུན་ནཱ་ཤ་ཡ་སྟྭཾ་བྷ་ཡ་ཀ ཞེས་ཚོགས་ལ་ཕུལ་བས་ཕུར་པ་གདབ། དགྲ་བགེགས་བསྒྲལ་ཏེ། འདྲེ་གདོན་ཆེ་ན། དཔལ་ཆེན་ནས། དམ་ཅན་ལ་སོགས་པ་ཕོ་ཉ་ཁྲོ་བོ་བཅུ་རྫོགས་པར་བསྐུལ། དེ་ནས་བདུད་འདུལ་ཡན་ཆད་ཚོགས་དུམ་བུར་བཅད་ལ་དང་པོ་ལ་མཆོད་དེ། སྒེག་པོ་དཔའ་བོ་འཇིགས་སུ་རུང་བ་དང༌། །དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང༌། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསླབ་པ་ཡི། །གར་བྱས་གྲུབ་པའི་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ལྔ། །མཾ་ལ་སོགས་པ་ཚེ་འཕེལ་དཔའ་བོ་མཆོག །མེ་ཏོག་ལ་སོགས་ཙནྡན་ཕྲེང༌། །བཟང་དགུར་དབུལ་ལོ་བཞེས་སུ་གསོལ། །ཏི་ར་མ་ལུས་རྫོགས་པ་ཉེ་བར་བསྒྲུབ་པ་ནི། །ཡེ་ཤེས་རྒྱ་མཚོ་ཐམས་ཅད་དགྱེས་ཤིང་མནན་དུ་གསོལ། །བར་པ་ལ་བཤགས་ཏེ། ལུས་ཀྱིས་སྡིག་བགྱིས་སྡིག་པ་ངན་དུ་བགྱིས། །ངག་གིས་ཚིག་འཁྱལ་སྨྲས་པ་ངག་ཏུ་བརྗོད། །སེམས་ཀྱིས་བློ་ནོར་ལོག་པར་བསམས་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །བཀྲ་བའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༌། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་རླག་པར་མཛད། །ཉམས་ཆགས་འགལ་འཁྲུལ་མཆིས་པ་མཐོལ་ཞིང་བཤགས། །དེ་ནས་བསྟབས་པ་བྱ་སྟེ། བཻ་ཌཱུར་སྔོན་པོ་རིན་ཆེན་རི་རབ་ལ། །ཉི་མ་སྟོང་གི་འོད་ཟེར་བདལ་བ་ཡི། །སེམས་དཔའ་སྔོན་དུ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། །འོད་དཔུང་སྟུག་པོ་སྤྲིན་ལྟར་གཏིབས་པ་ཡི། །འཇིགས་བྱེད་རྔམ་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་དཔུང་འབར་བ་ཡིས། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་བསྟབས། །མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང༌། །ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྱི་ལྷ་ཚང་བའི་མིང་ནས་བཏོན་པ་ལ་བསྟབས། དེ་ནས་ལྷག་མ་བསྡུས་ལ་ཆོ་ག་བྱའོ། །བདག་ཉིད་ཕཊ་ཀྱི་ངང་ཉིད་དུ། །གསལ་ཞིང་བློ་རྟོག་གོམས་པར་བསྒོམ། །ཁྲོ་བོ་ཆེན་པོ་ཚོགས་པའོ། །དཀྱིལ་འཁོར་ཆེན་པོ་ཞལ་འབར་བ། །རྔམ་པའི་དཀྱིལ་འཁོར་ཆེན་པོ་དང༌། །བདག་དང་གཉིས་སུ་མེད་པར་བསྒོམ། །ཁྲོ་བོའི་ཚོགས་ཀྱི་སྔགས་རྣམས་དང༌། །གནས་དང་ཡུལ་གྱི་ཕྱག་རྒྱ་དང༌། །སླས་དང་བྱི་མོ་བྱི་ཕོ་བྲན་མོའི་ཚོགས། །སོ་སོའི་སྔགས་རྣམས་རྫོགས་པར་འདོན། །ཞལ་གྱིས་རང་སྔགས་ཁྲི་འབུམ་ཡང༌། །རྣམ་གསུམ་གཅིག་ཏུ་བཟླས་ནས་ཀྱང༌། །ཡང་ན་བདུན་ནམ་བརྒྱ་རྩ་བརྒྱད། །སྟོང་ངམ་འབུམ་དུ་དབུལ་བར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཧཱུྃ་ཕཊ། ཧཱུྃ་ཧ་ཧོ་ཕཊ་བྷྱོ། ཞེས་པས་གསལ་བཏབ་ལ། ཁྲོ་བོ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ལ། །གྲུབ་པའི་ཚོགས་ཀྱིས་བསྐོར་བ་ནི། །དེ་ནི་ལངྐའི་རྒྱལ་པོ་སྟེ། །སྙིང་རྗེའི་དམ་ཚིག་ཡང་དག་ལྡན། །དེ་བཞིན་སྙིང་རྗེ་དམ་ཚིག་གིས། །ལངྐའི་ཚོགས་རྣམས་འདིར་འདུས་ཤིག །ང་ནི་དུར་ཁྲོད་བདག་པོ་སྟེ། །གྲུབ་པའི་དམ་ཚིག་ཡང་དག་ལྡན། །དེ་བཞིན་གྲུབ་པའི་དམ་ཚིག་གིས། །གྲུབ་པའི་ཚོགས་རྣམས་འདིར་འདུས་ཤིག །ང་ནི་གསང་བའི་བདག་པོ་སྟེ། །གསང་བའི་དམ་ཚིག་ཡང་དག་ལྡན། །དེ་བཞིན་གསང་བའི་དམ་ཚིག་གིས། །གསང་བའི་ཚོགས་རྣམས་འདིར་འདུས་ཤིག །དུར་ཁྲོད་བརྒྱད་ཀྱི་གནས་བསྲུང་ཞིང༌། །དམ་ཚིག་རྡོ་རྗེ་སྒོ་འབྱེད་མ། །རྡོ་རྗེ་སྲིན་མོ་འབར་བའི་ཚོགས། །རྡོ་རྗེའི་ཁར་ནི་སྤུ་གྲིའི་སོ། །རྡོ་རྗེའི་སྒྲ་ནི་ཅིར་ཡང་སྒྲོགས། །རྡོ་རྗེ་གཟུགས་ནི་འཇིགས་བྱེད་མ། །དམ་ཚིག་ཧ་ཧའི་སྒྲ་སྒྲོགས་རྣམས། །རྒྱན་གྱི་མཆོད་པ་འདི་བཞེས་ལ། །རྡོ་རྗེ་ལྕམ་དྲལ་བསྲུང་བ་དང༌། །རྐྱེན་ལས་བྱུང་བའི་དགྲ་བོ་རྣམས། །ཡུད་ཙམ་གྱིས་ནི་མེད་པར་མཛོད། །ཅེས་དམར་གྱི་ཨརྒྷས་མཆོད་དོ། །དེ་ནས་རྡོ་རྗེ་དཀྱིལ་འཁོར་གྱི་ཕྱིར་བྱུང་ལ། དཔལ་གྱི་མཁའ་འགྲོ་མ་རྣམས་སྤྱན་དྲངས་ཤིང་མཆོད་པ་བྱ་སྟེ། འཇིག་རྟེན་ལས་འདས་ཕོ་ཉ་མོ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ལ། །ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ནི། །གཟི་ལྡན་འབར་བའི་དཀྱིལ་འཁོར་ནས། །བྱང་ཆུབ་སེམས་ཀྱི་འོད་འཕྲོ་ཅན། །དཀར་པོར་འཕྲོས་པས་དམར་པོར་འཁྱིལ། །དམར་པོར་འཕྲོས་པས་དཀར་པོར་འཁྱིལ། །ཕར་འཁྱིལ་ཚུར་འཁྱིལ་བྱིན་རླབས་ལས། །སྤྲུལ་པའི་ཕོ་ཉ་བྱུང་བ་ནི། །ཤར་གྱི་ཕྱོགས་ཀྱི་ཕོ་ཉ་མོ། །གསེར་གྱི་སེང་གེ་རྔམ་ཁྲི་ལ། །མི་མོ་སེང་གེའི་ཚུལ་ཅན་ཞོན། །མགོ་བརྒྱ་མ་ལ་ལག་བརྒྱ་མ། །ལག་པ་ལ་ལ་རྡོ་རྗེ་འཆང༌། །ལག་པ་ལ་ལ་ལྕགས་ཀྱུ་འདྲེན། །འདི་འདྲ་གཅིག་པུར་མ་ངེས་ཏེ། །སྟོང་ཁམས་ཁྱབ་པར་སྤྲུལ་བྱེད་མ། །ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །དུང་གི་སྤྱང་མོ་མགོ་དགུ་མ། །གཡུ་ཡི་རལ་པའི་ཅོད་པན་ཅན། །རལ་པ་ལྕང་ལོ་རེ་རེ་ལ། །ཕོ་ཉ་ལྕགས་ཀྱུ་ཐོགས་པ་སྤྲིན་ལྟར་གཏིབས། །ཤར་ལྷོའི་མཚམས་ནས་གཤེགས་སུ་གསོལ། །ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི། །སྟག་གི་རྔམ་ཁྲི་ཆེན་མོ་ལ། །མི་མོ་སྟག་གི་ཚུལ་ཅན་ཞོན། །མགོ་བརྒྱ་མ་ལ་ལག་བརྒྱ་མ། །ལག་པ་ལ་ལ་ཞགས་པ་ཐོགས། །ལག་པ་ལ་ལ་སྦྱིན་པ་གཏོང༌། །འདི་འདྲ་གཅིག་པུར་མ་ངེས་ཏེ། །སྟོང་ཁམས་ཁྱབ་པར་སྤྲུལ་བྱེད་མ། །ལྷོ་ཡི་ཕྱོགས་ནས་གཤེགས་སུ་གསོལ། །དེ་ཡི་བཀའ་སྡོད་ཕོ་ཉ་ནི། །ལྕགས་ཀྱི་སྦྱང་མོ་མགོ་དགུ་མ། །ཤེལ་གྱི་རལ་པའི་ཅོད་པན་ཅན། །རལ་པ་ལྕང་ལོ་རེ་རེ་ལ། །ཕོ་ཉ་ཞགས་ཐོགས་སྤྲིན་ལྟར་གཏིབས། །ལྷོ་ནུབ་མཚམས་ནས་གཤེགས་སུ་གསོལ། །ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི། །དུང་གི་གླང་པོ་ཕུར་འཇིགས་ལ། །དུང་གི་མི་མོའི་ཚུལ་ཅན་ཞོན། །མགོ་བརྒྱ་མ་ལ་ལག་བརྒྱ་མ། །ལག་པ་ལ་ལ་ལྕགས་སྒྲོག་ཅན། །ལག་པ་ལ་ལ་དབང་དུ་སྡུད། །འདི་འདྲ་གཅིག་པུར་མ་ངེས་སྟེ། །སྟོང་ཁམས་ཁེངས་པར་སྤྲུལ་བྱེད་མ། །ནུབ་ཀྱི་ཕྱོགས་ནས་གཤེགས་སུ་གསོལ། །དེ་ཡི་བཀའ་སྡོད་ཕོ་ཉ་ནི། །ཟངས་ཀྱི་སྤྱང་མོ་མགོ་དགུ་མ། །བསེ་ཡི་རལ་པའི་ཅོད་པཎ་ཅན། །རལ་པ་ལྕང་ལོ་རེ་རེ་ལ། །ཕོ་ཉ་ལྕགས་སྒྲོགས་ཐོགས་པ་སྤྲིན་ལྟར་གཏིབས། །ནུབ་བྱང་མཚམས་ནས་གཤེགས་སུ་གསོལ། །བྱང་གི་ཕྱོགས་ཀྱི་ཕོ་ཉ་ནི། །ལྕགས་ཀྱི་དྲིལ་རྟ་རྐང་གསུམ་མ། །མི་མོ་ལྕགས་ཀྱི་ཚུལ་ཅན་ཞོན། །མགོ་བརྒྱ་མ་ལ་ལག་བརྒྱ་མ། །ལག་པ་ལ་ལ་དྲིལ་བུ་འཁྲོལ། །ལག་པ་ལ་ལ་གནས་ནས་སྤོར། །འདི་འདྲ་གཅིག་པུར་མ་ངེས་ཏེ། །སྟོང་གསུམ་ཁྱབ་པར་སྤྲུལ་བྱེད་མ། །བྱང་གི་ཕྱོགས་ནས་གཤེགས་སུ་གསོལ། །དེ་ཡི་བཀའ་སྡོད་ཕོ་ཉ་ནི། །གཡུ་ཡི་སྤྱང་མོ་མགོ་དགུ་ལ། །གཡུ་ཡི་རལ་པའི་ཅོད་པཎ་ཅན། །རལ་པའི་ལྕང་ལོ་རེ་རེ་ལ། །ཕོ་ཉ་དྲིལ་ཐོགས་སྤྲིན་ལྟར་གཏིབས། །བྱང་ཤར་མཚམས་ནས་གཤེགས་སུ་གསོལ། །འོག་གི་ཕྱོགས་ཀྱི་ཕོ་ཉ་ནི། །ལྕགས་ཀྱི་བྱི་བ་ཆེན་མོ་ལ། །མི་མོ་ལྕགས་ཀྱི་ཚུལ་ཅན་ཞོན། །ངོ་ནི་རྔ་ཙམ་རྒྱ་ལོང་མིག །སྤུ་གྲིའི་སོ་ལ་སྤུ་གྲིའི་སྐྲ། །ཁ་བརྒྱ་ནས་ནི་ཁུས་འདེབས་ཤིང༌། །མིག་བརྒྱ་ཟློག་སྟེ་ལྟ་བར་བྱེད། །ལྷ་སྲིན་སྡེ་བརྒྱད་ཕུང་བྱེད་ཅིང༌། །འོག་གི་ཕྱོགས་ནས་གཤེགས་སུ་གསོལ། །སྟེང་གི་ཕྱོགས་ཀྱི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་བརྒྱད་ཁྲི་ལ། །ལྕགས་ཀྱི་བྱ་ཁྲ་ཆེན་མོ་ཞོན། །སྐྱ་རིངས་ལུས་ལ་དགུ་ཚིགས་བསྐོར། །གནམ་ཕྱེད་གོས་གྱོན་ཉི་ཟླ་བསྐོར། །ས་ཕྱེད་སྟན་འདིང་ཀླུ་ཟས་གང༌། །མིག་གི་ཉི་ཟླ་འཁྱིལ་འདྲ་བ། །ཉི་ཟླ་གཟའ་སྐར་སྐུ་ལ་བརྒྱན། །སྟེང་གི་ཕྱོགས་ནས་གཤེགས་སུ་གསོལ། །ཕོ་ཉའི་ཚོགས་ཆེན་རབ་འཇིགས་ལ། །ཀུན་ཀྱང་རལ་པ་འབར་བ་ལ། །ལྕགས་ཀྱུ་དགྲ་སྟྭ་རབ་ཐོགས་ཤིང༌། །སྟག་གི་མགོ་དང་མཇུག་མ་ལ། །ཧེ་དང་ཕཊ་ཀྱི་རྔམ་སྟབས་ཅན། །ཞིང་ཆེན་ཡན་ལག་འཛིན་པ་སྟེ། །འཇིག་རྟེན་ཁམས་ནི་ཀུན་ལ་དབང༌། །བར་སྣང་ཁམས་ན་རྒྱུ་བ་སྟེ། །གཡོན་པའི་ལྕགས་ཀྱུས་སྙིང་ནས་འདྲེན། །གཡས་པའི་སྟ་གྲིས་ངེས་པར་འཇོམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །མཆོད་པ་དམ་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །འཇིག་རྟེན་མ་འདས་ཕོ་ཉ་ལ། །གཟུགས་ནི་ཅིར་ཡང་མ་ངེས་སྟེ། །སྟོང་ཁམས་ཁྱབ་པའི་ལུས་ཅན་མ། །ལུས་གཅིག་མ་ལ་མགོ་བརྒྱ་མ། །མགོ་བརྒྱ་མ་ལ་སྤྱན་སྟོང་མ། །ཞལ་གཅིག་མ་ལ་སོ་སྟོང་མ། །གློག་སྟོང་འབར་བའི་ཁ་རླངས་ཅན། །ཁྲག་དང་ཐལ་བའི་ཐིག་ལེས་བརྒྱན། །སྐེ་རགས་ཞིང་ཆེན་བ་སུ་དང༌། །གསེར་གྱི་སློག་པ་གོས་སུ་གྱོན། །པྲོ་ཛ་ཨཉྫ་རྒྱན་དུ་བྱས། །གཅེར་བུ་འབར་བའི་ཚོགས་ཆེན་ལ། །གདན་མཆོག་སྨུག་ནག་མེར་འབར་བས། །འཇིག་རྟེན་ཁམས་ཀུན་སྲེག་པར་མཛད། །ཞིང་ལ་སྡོད་ཅིང་འཐབ་ཚུལ་སྟོན། །གང་ལ་དམིགས་པའི་དགྲ་བོ་ལེན། །ཁྲོ་རྒྱལ་སྐུ་ཡི་ཞལ་དུ་སྟོབས། །ཆེམ་ཆེམ་དགོངས་ལ་ས་མ་ཡ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །འདིར་གཤེགས་བཅོལ་པའི་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་མཆོད་པས་མཆོད། །གང་ལ་དམིགས་པ་ནོར་ར་རེ། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །ཕྲ་མེན་ཚོགས་ཀྱིས་བསྐོར་བ་ནི། །ཁྱབ་བྱེད་ཆེན་མོ་ཁྱུང་མགོ་མ། །མཐའ་ནས་འཇོམས་པའི་གཤོག་རྒྱངས་ཅན། །དགྲ་བགེགས་མ་ལུས་མཐའ་ནས་བཏུལ། །འཇིགས་བྱེད་ཆེན་མོ་སྤྱང་ཀིའི་མགོ །གང་ལ་དམིགས་པ་ནོར་ར་རེ། །གསོད་བྱེད་ཆེན་མོ་དྲེད་མོའི་མགོ །གང་ལ་བྱ་བ་སྲོག་ཆོད་ཅིག །འབྱིན་བྱེད་བྱི་ལ་པུ་ཤུད་མགོ །དགྲ་བགེགས་སྙིང་ནས་ད་ཕྱུང་ཤིག །སྨྱོ་བྱེད་ལྟོ་འཕྱེ་རྨིགས་བུའི་མགོ །དགྲ་བགེགས་སྨྱོ་ཞིང་དེད་ལ་ཤོག །རྐུན་བྱེད་ཆེན་མོ་བྱི་བའི་མགོ །དགྲ་བགེགས་བླ་ཚེ་ད་རྐུས་ཤིག །གདུག་བྱེད་ཆེན་མོ་སྟག་གི་མགོ །གདུག་པ་སྣ་ཚོགས་ད་སྟོན་ཅིག །སྒྲོལ་བྱེད་སེང་གེ་ཕ་ཝང་མགོ །གང་ལ་བྱ་བ་རྡུལ་དུ་རློག །ཕྲ་མེན་ཆེན་མོ་ཁྱེད་རྣམས་ཀྱང༌། །བཀའ་ཡི་གཏོར་མ་འདི་ལོང་ལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །འབར་བའི་ཚོགས་ཀྱིས་བསྐོར་བ་ནི། །འབར་བ་ཆེན་མོ་སྐུ་འབར་མ། །དཔལ་ཆེན་སྐུ་ལས་འཕྲོ་ཞིང་འདུད། །འབར་བ་ཉི་མའི་ཞགས་པ་འདེབས། །འབར་མ་མེ་ཁྱེར་གློག་ཕྲེང་འཛིན། །འབར་མ་གཤིན་རྗེ་སྐར་མདའ་འཕེན། །འབར་མའི་སྲིན་མོ་མདུང་ཐུང་འཕེན། །འབར་མའི་ཀླུ་མོ་ལྕེ་འབེབས་མ། །འབར་མ་ཀླུ་བདག་རལ་གྲིའི་སྐྲ། །འབར་མ་གནོད་སྤྱིན་ཁྱུང་ཐོགས་མ། །འབར་མ་གཏུམ་མོ་བན་གླང་སྣ། །འབར་མ་ཆེན་མོ་ཁྱེད་རྣམས་ཀྱང༌། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་དཾ་བ་ལིཾ་ཧཱུྃ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་དཾ་བ་ལིཾ་ཨོཾ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་དཾ་བ་ལིཾ་ཏྲཱྃ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་དཾ་བ་ལིཾ་ཧྲཱིཿ ཨོྃ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་དཾ་བ་ལིཾ་ཨཱཿ དེས་གཙོ་མོ་བརྒྱད་ལ་གཏོར་མ་སྦྱིན་པའི་སྔགས་སོ། །ཨོཾ་འོག་ཏུ་ཏྲ་ཡ། ཏྲོ་ཏ་ཡ་ཧ་ཀ་ཡ་མ་ཡ་བྲ་ཤ་ཁཱ་ཧི། བག་ཤུ་སུ་ཁ་ན་བུདྡྷ་པྲ་ཧ་པྲ་ཏི་སྟྭཾ་བྷ་ཡ་ཀ དང་པོ་ཕུད་ཀྱིས་མི་མཆོད་རྒྱུས། །ཧེ་རུ་ཀ་ནི་ཕུད་ཀྱི་བདག །བར་དུ་ཚོགས་ལ་མི་རོལ་རྒྱུས། །མ་ཚོགས་དབང་ཕྱུག་ཚོགས་ཀྱི་བདག །བཀའ་ཡི་ཕ་འབབ་མི་གསོལ་རྒྱུས། །ཁྱེད་རྣམས་ངེད་ཀྱི་བྲན་དང་གཡོག །ལྷག་མ་ཁ་ཆུས་མི་གདབ་རྒྱུས། །རྗེ་དང་འབངས་སུ་ཁྱད་པར་ཆེ། །རྣམ་གསུམ་གཅིག་ཏུ་མི་བསྲེ་རྒྱུས། །ལྷག་མའི་གནས་སུ་ཁྱད་པར་མེད། །ཡེ་ཤེས་སྒྱུ་མར་སྣང་བའི་སངས་རྒྱས་དང༌། །ལོག་རྟོག་སྒྱུ་མར་སྣང་བའི་སེམས་ཅན་གཉིས། །ཡེ་ཤེས་ལོག་རྟོག་ཁྱབ་པར་བསམ་ཡས་ཀྱང༌། །སྒྱུ་མ་ཡིན་ཕྱིར་སངས་རྒྱས་སེམས་ཅན་མཉམ། །མ་དང་སྲིང་མོ་བུ་མོའི་བུ་མོ་དང༌། །སྲས་དང་བྱི་མོ་བྲན་མོའི་ཚོགས། །བཀའ་ཡི་གཏོར་མ་འདི་ལོང་ལ། །དབང་ཕྱུག་ང་ཡི་ལས་ཀྱིས་ད་ཚུར་སྦྱོན། །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །སྲས་དང་བྱི་མོ་བྲན་མོའི་ཚོགས། །གྲུབ་པའི་དབང་ཕྱུག་མ་ཚོགས་མ། །ཚངས་མ་ལ་སོགས་ཉི་ཤུ་བརྒྱད། །འཇིག་རྟེན་རྣམས་ཀྱི་སྲིང་མོ་སྟེ། །ལག་ན་གློ་སྙིང་ནང་ཁྲོལ་དང༌། །མཁལ་མ་ཁྲག་རྣམས་སྙིམ་པར་འཛིན། །ཟ་ཞིང་ཕྱོགས་རྣམས་ཀུན་ཏུ་རྒྱུག །སྤུ་གྲིའི་སོ་ལ་སྐྲ་ཡེགས་པ། །མཆེ་གཙིགས་སྤྱན་གསུམ་འབྲུ་ཚུགས་ལྟ། །གད་རྒྱངས་སྒྲ་འབྱིན་དུར་ཁྲོད་འབར། །བསད་པའི་ལས་རྣམས་ཀུན་ལ་བརྩོན། །གཡོག་མོ་དང་ནི་ཡང་གཡོག་དང༌། །བྲན་དང་ཡང་བྲན་འཁོར་དང་བཅས། །སྔོན་གྱི་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །འཇིག་རྟེན་འདས་དང་མ་འདས་པའི། །ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། །སྒྲུབ་པོ་རྣམས་ཀྱི་ལས་བྱ་ཞིང༌། །རྡོ་རྗེ་བྱིན་ནས་མིང་བཏགས་ཚེ། །དམ་བཅས་བཞིན་དུ་ཧེ་རུ་ཀའི། །བཀའ་ཡི་གཏོར་མ་འདི་ལོང་ལ། །དེ་ཚེ་སོ་སོའི་གཟུགས་མཆོག་དག །མངོན་པར་སྟོན་ལ་གྲུབ་པར་ཕུལ། །ཇི་སྲིད་གྲུབ་མཆོག་མ་ཕུལ་ཞིང༌། །ཁྱོད་རྣམས་མངོན་པར་མ་གྱུར་ཏམ། །ཐ་ཚིག་ཟབ་མོ་ཉེར་དགོངས་ཏེ། །རབ་ཏུ་བསྟན་པའི་གནས་འདི་རུ། །འདུས་པའི་ལས་རྣམས་ཀུན་བྱས་ཏེ། །མ་བདུན་ཚོགས་ཀྱིས་བསྐོར་བ་ནི། །ཤར་གྱི་ཕྱོགས་ཀྱི་མ་མོ་ནི། །དཀར་མོ་དུང་གི་ཐོར་ཚུགས་ཅན། །ཁྱེད་ནི་དྲི་ཟའི་རྒྱལ་མོ་སྟེ། །ཆིབས་སུ་རྭ་བཅུ་ཤ་ཕོ་བཅིབས། །དྲི་ཟ་ཡོངས་ལ་དབང་སྒྱུར་ཞིང༌། །གསེར་དང་མུ་ཏིག་སེ་མོ་དོ། །མ་བདུན་ཚོགས་ཀྱི་གཙོ་ལགས་ཀྱི། །ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ། །ལྷོའི་ཕྱོགས་ཀྱི་མ་མོ་ནི། །སྔོན་མོ་གཟིག་གི་ཤམ་ཐབས་ཅན། །ཁྱོད་ནི་གྲུལ་བུམ་རྒྱལ་མོ་སྟེ། །ཆིབས་སུ་གནོད་སྦྱིན་སྲིན་པོ་བཅིབས། །གཤིན་རྗེའི་ཚོགས་ལ་དབང་སྒྱུར་ཞིང༌། །གསེར་དང་མུ་ཏིག་སེ་མོ་དོ། །མ་བདུན་ཚོགས༴ །ལྷོ་ཡི་ཕྱོགས་ནས༴ །ནུབ་ཀྱི་ཕྱོགས་ཀྱི་མ་མོ་ནི། །དམར་མོ་ཟངས་ཀྱི་ལན་ཕྲན་ཅན། །ཁྱོད་ནི་ཀླུ་ཡི་རྒྱལ་མོ་སྟེ། །ཆིབས་སུ་ཆུ་གླང་དཀར་པོ་ཆིབས། །ཀླུ་བྲན་སྟོང་ལ་དབང་སྒྱུར་ཞིང༌། །གསེར་དང་བྱི་རུའི་ཅོད་པཎ་ཅན། །མ་བདུན༴ །ནུབ་ཀྱི༴ །བྱང་གི་ཕྱོགས་ཀྱི་མ་མོ་ནི། །གསེར་གྱི་འོད་ཟེར་མདའ་འཕེན་མ། །ཁྱོད་ནི་གནོད་སྦྱིན་རྒྱལ་མོ་སྟེ། །ཆིབས་སུ་ས་ལེ་གྲུས་མ་ཆིབས། །གནོད་སྦྱིན་སྟོང་ལ་དབང་སྒྱུར་ཞིང༌། །གསེར་དང་མུ་མེན་ཐོར་ཚུགས་ཅན། །མ་བདུན༴ །བྱང་གི༴ །སྟེང་གི་ཕྱོགས་ཀྱི་མ་མོ་ནི། །སྐུ་ནི་བར་སྣང་ཁམས་ན་བཞུགས། །ཆག་གང་ཙམ་གྱིས་གནམ་མ་སླེབ། །དབུ་ནི་ནམ་མཁའི་མཐའ་དང་མཉམ། །ཁྱོད་ཀྱི་སྲིན་ལག་མཐེ་བོ་ལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འཆར། །ལྟེ་བའི་ཕྱོགས་ནས་ཉི་ཟླ་འཆར། །ཁྱོད་ནི་སྲིད་པའི་མ་མོ་སྟེ། །སྟེང་གི༴ །འོག་གི་མ་མོ་ཆེན་མོ་ནི། །རུ་ཏྲ་སྒྲོལ་བའི་མཐུ་ཆེན་མོ། །ཞབས་ནི་རྒྱ་མཚོའི་གཏིང་ན་འཕྱོ། །སྐུ་ནི་བར་སྣང་ཁམས་ན་བཞུགས། །དབུ་ལ་ལྷ་ཆེན་བརྒྱད་ཀྱང་གནས། །ཁྱོད་ནི་སྲིད་པའི་མ་མོ་སྟེ། །འོག་གི་ཕྱོགས་ནས་གཤེགས་སུ་གསོལ། །དཔལ་ལྡན་ནག་མོ་ཤུགས་སྒྲོལ་མ། །ཁབ་ཀྱི་སྤུ་ལ་སྤུ་གྲིའི་སོ། །ཕྱག་ན་བདུད་རྩི་ཐ་མ་མཐའ། །ཞལ་ན་བདུད་རྩི་གྲུངས་མ་གསོལ། །ཁྱོད་ནི་ནམ་མཁའི་རྒྱལ་མོ་སྟེ། །འདིར་གཤེགས་མཆོད་པ་དམ་པ་བཞེས། །རྡོ་རྗེ་ཐ་མ་མདའ་ཡིས་མཚོན་ནས་ནི། །སྔགས་ཚིག་གཡབ་པའི་བརྡ་ཡིས་སྤྱན་འདྲེན་ནས། །ཐུགས་དམ་དབང་གིས་འདིར་གཤེགས་མཆོད་པར་བཞེས། །སྲིང་བཞིའི་ཚོགས་ཀྱིས་བསྐོར་བ་ནི། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང༌། །ཤར་གྱི་མགྱོགས་མ་གཤེགས་སུ་གསོལ། །མཁའ་ལ་ཁྱུ་ལྡིང་གཤིན་རྗེའི་ལྕམ། །ལྷོའི་མགྱོགས་མ༴ །དཀར་ཤམ་གཡག་ཐོད་ཀླུ་ཡི་སྲིང༌། །ནུབ་ཀྱི༴ །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང༌། །བྱང་གི་མགྱོགས་མ་གཤེགས་སུ་གསོལ། །སྲིང་མོ་ཆེན་མོ་ཁྱེད་བཞི་ཡང༌། །ཁྲོ་དང་ཞི་བའི་ལས་མཛད་མ། །གླིང་བཞི་སྤྲུལ་པ་མང་པོའི་ཁྲི་སྟེངས་ནས། །དམ་ཚིག་ཅན་ལ་བརྩེ་དགོངས་ལ། །འདིར་གཤེགས་བཅོལ་བའི་ཕྲིན་ལས་མཛོད། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ལ། །ཕོ་ཉ་སུམ་བརྒྱ་དྲུག་ཅུས་བསྐོར་བ་ནི། །ཚངས་མ་ལ་སོགས་ཉི་ཤུ་བརྒྱད། །གར་མ་ལ་སོགས་ཉི་ཤུ་བརྒྱད། །མ་སྲིང་ལ་སོགས་ཉི་ཤུ་བརྒྱད། །འབར་མ་ལ་སོགས་ཉི་ཤུ་བརྒྱད། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༌། །སྔོན་གྱི་དྲང་སྲོང་ཀ་ཕྱ་ཡིས། །ལྷ་ཆེན་བརྒྱད་ལས་མ་བདུན་སྤྲུལ། །མདོར་ན་སུམ་བརྒྱ་དྲུག་ཅུ་རྣམས། །བཀའ་ཡི་གཏོར་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༌། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང༌། །གོང་གོང་ཆུམ་ཆུམ་ལས་མཛོད་ཅིག །སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །བདག་ཉིད་ཆེན་མོའི་དུས་ལ་བབས། །ནམ་མཁའི་ཁམས་ཀྱི་དཔལ་མོ་ཅན། །བར་སྣང་ཁམས་ཀྱི་མཐུ་མོ་སྟེ། །བར་སྣང་ཁམས་ན་རྒྱུ་ན་རྡོ་རྗེ་མཁའ་འགྲོ་ལ། །ཆོས་ཀྱི་དབྱིངས་ན་བཞུགས་ཙམ་ན། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །རྒྱ་མཚོའི་གཏིང་ན་བཞུགས་ཙམ་ན། །མེ་ཟ་བྲག་གྱོན་མ། །བྷ་གའི་ཀློང་ན་བཞུགས་ན་བྷ་ག་ཏི། །སྟོན་ཞིང་ཤ་བ་ཞོན་ནས་ལྷ་མོ་པརྞ་ཤ་བ་རི། །ནམ་གྱི་ཕྱེད་ན་རྒྱུ་ན་རྡོ་རྗེ་ནམ་གྲུ་མཐུ་མོ་ཆེ། །རི་རབ་རྩེ་ལ་བཞུགས་ནས་གླིང་བཞི་སྐྱོང་མཛད་མ། །གླིང་བཞི་ཀུན་བྱམས་གྲགས་མོ་རྒྱལ། །མིང་གཅིག་མ་ལ་མིང་དགུ་མ། །མིང་དགུ་མ་ལ་མཚན་སྟོང་མ། །གང་ལ་བྱ་བ་ནོར་ར་རེ། །བསྐྱོད་ཅིག་རི་རབ་རྩེ་ནས་བསྐྱོད། །མ་གཡེལ་མ་གཡེལ་དམ་ཅན་མ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཤྭ་ན་མུ་ཁའི་དུས་ལ་བབ། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །ཟངས་ཀྱི་མི་མོ་ཆེན་མོ་ཞོན། །མིག་ནི་ཉི་མའི་ཟེར་བས་འཚེར། །སྤུ་ནི་རལ་གྲིའི་སོ་བས་རྣོ། །སྡེར་མོ་ལྕགས་ཀྱུ་འབར་བ་འདྲ། །མཇུག་མ་ལྕགས་ཀྱུ་བརྡེགས་པ་བཞིན། །བང་ནི་གློག་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །གཡས་པ་རྡོ་རྗེས་རི་རབ་བསྙིལ། །གཡོན་པ་ཟངས་ཀྱི་ཞགས་པ་ཐོགས། །གང་ལ་བྱ་བ་ནོར་ར་ར། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །རྒྱ་གར་ཡུལ་གྱི་ཕ་མཐའ་ན། །རྒྱ་བལ་གཉིས་ཀྱི་མཚམས་ཤེད་ན། །ཆུ་ནི་བདུད་རྩི་བྱང་ཆུབ་ཆུ། །མེ་ཏོག་པདྨ་དགུན་ཡང་སྐྱེ། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་ནས། །ཕུར་པའི་སྲུང་མར་ཞལ་འཆེ་མ། །བསེ་ཡི་ལྷ་མོ་མཆེད་བཞི་ནི། །གཅིག་ནི་བལ་ཡུལ་མཐིལ་ན་བཞུགས། །མར་ཁུའི་མཚོ་ལ་གནས་བཅས་ཤིང༌། །ཁྱེད་ཀྱི་བཀའ་ཉན་འབུམ་སྡེ་ནི། །ནང་ཡང་མར་ཁུའི་མཚོ་ལ་འདུ། །ནུབ་ཀྱང་མར་ཁུའི་མཚོ་ལ་འདུ། །རྒྱ་མཚོའི་གཏིང་ན་འདུ་འདུ་ནས། །མཐིང་ནག་རལ་པ་ཤ་ར་ར། །དབང་གི་བསེ་ཁྲབ་སི་ལི་ལི། །རལ་པ་རེ་ལ་ཕུར་པ་རེ། །བསེ་ཡི་རལ་པ་སི་ལི་ལི། །ཁྱོད་ནི་བདུད་ཀྱི་བུ་མོ་སྟེ། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །ན་བཟའ་བེར་ཆེན་མཐིང་ནག་གསོལ། །བརྡ་ནི་མི་ཕྲད་ལྷོ་བལ་སྐད། །སྐད་ནི་མ་གོ་ལྡབ་མ་ལྡིབ། །དྲི་ནི་མི་ཞིམ་ཆི་ལི་ལི། །གཟུགས་ནི་མི་སྟོན་ལག་བརྒྱ་མ། །གཡས་པ་ལྔ་བཅུ་ལྕགས་ཀྱུ་འཛིན། །གཡོན་པ་ལྔ་བཅུ་ཕུར་པ་འཛིན། །ལྕགས་ཀྱུས་གཟུང་ལ་ཕུར་པས་ཐོབ། །བཛྲ་ཀུ་ལནྡྷ་རིའི་དུས་ལ་བབ། །གཅིག་ནི་ཚ་བ་རོང་ན་བཞུགས། །ཞག་གི་མཚོ་ལ༴ །ཁྱེད་ཀྱི་བཀའ་ཉན༴ །ནང་ཡང་ཞག་གི༴ །ནུབ་ཀྱང་ཞག་གི༴ །རྒྱ་མཚོའི་གཏིང་དུ༴ །མཐིང་ནག་རལ་པ༴ །དབང་གི་བསེ་ཁྲབ༴ །རལ་པ༴ །བསེ་ཡི་རལ་པ་སིགས་སེ་སིགས། །ཁྱོད་ནི་གཟའ་ཡི༴ །ཆིབས་སུ་གཟའ་རྟ་ཞུར་པོ་བཅིབས། །ན་བཟའ་བེར་ཆེན་སེར་ཁྲ་གསོལ། །བརྡ་ནི་མི་ཕྲད༴ །སྐད་ནི་མ་གོ༴ །དྲི་ནི་མི་ཞིམ༴ །གཟུགས་ནི་མི་སྟོན༴ གཡས་པ་ལྔ་བཅུ༴ །གཡོན་པ་ལྔ་བཅུ༴ །ལྕགས་ཀྱུས་ཟུང་ལ༴ །བཛྲ་ཤུ་ལནྡྷ་རིའི༴ །གཅིག་ནི་མང་ཡུལ་བསེ་ན་བཞུགས། །རཀྟའི༴ །ཁྱེད་ཀྱི༴ །ནང་ཡང་རཀྟའི༴ །ནུབ་ཀྱང་རཀྟའི༴ །རྒྱ་མཚོའི༴ །མཐིང་ནག༴ །དབང་གི༴ །རལ་པ༴ །བསེ་ཡི༴ །ཁྱོད་ནི་བཙན༴ །ཆིབས་སུ་བཙན་རྟ་དམར་པོ་བཅིབས། །ན་བཟའ་བེར་ཆེན་དམར་ཁྲ་གསོལ། །བརྡ་ནི༴ །སྐད་ནི༴ །དྲི་ནི༴ །གཟུགས་ནི༴ །གཡས་པ༴ །གཡོན་པ༴ །ལྕགས་ཀྱུས༴ །བཛྲ་ཙ་མུནྡྷ་རིའི༴ །གཅིག་ནི་གཉའ་ནམ་འགྲམ་ན་བཞུགས། །འོ་མའི་མཚོ་ལ༴ །ཁྱེད་ཀྱི༴ །ནང་ཡང་འོ་མའི༴ །ནུབ་ཀྱང་འོ་མའི༴ །རྒྱ་མཚོའི་གཏིང༴ །མཐིང་ནག༴ །དབང་གི༴ །རལ་པ༴ །བསེ་ཡི༴ །ཁྱོད་ནི་ཀླུ་ཡི་བུ་མོ་སྟེ། །ཆིབས་སུ་ཀླུ་རྟ་སྔོན་མོ་བཅིབས། །ན་བཟའ་བེར་ཆེན་སྔོ་ཁྲ་གསོལ། །བརྡ་ནི༴ །སྐད་ནི༴ །དྲི་ནི༴ །གཟུགས་ནི་མི་སྡུག་ལག༴ །གཡས༴ །གཡོན་པར༴ །ལྕགས་ཀྱུས༴ །བཛྲ་ཀཾ་ཀ་དྷ་རིའི་དུས་ལ་བབས། །དེ་ཡི་ལས་མཁན་ཆེན་མོ་ནི། །གྲུ་འདེགས་རྒྱལ་མོ་ཆེན་མོ་བཞི། །ཅི་བྱེད་ཐུགས་རྗེ་མཐུ་མོ་ཆེ། །ཁྱོད་ནི་བདུད་ཀྱི་བུ་མོ་སྟེ། །མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་རལ་པ་ཤ་ར་ར། །མཐིང་ནག་ཅོད་པཎ་བུ་རུ་རུ། །ཕྱག་ན་གསེར་གྱི་ཕུར་བུ་བསྣམས། །གསེར་གྱི་རྔེའུ་ཆུང་དི་རི་རི། །གསེར་གྱི་མདུང་ཐུང་ཆེམས་སེ་ཆེམས། །གསེར་གྱི་རྣ་ཆ་ཝངས་སེ་ཝངས། །ཛཿཟུང་ལ་ཤེག་ལ་སོད་ལ་ཤོག །མགོ་དང་ཡན་ལག་ཕྲོལ་ལ་ཤོག །དགྲ་བོ་ནྲྀ་ཛཿཞེས་བརྗོད་དེ། །ཡ་ཕྱིན་རྡོ་རྗེ་མཐུ་མོ་ཆེ། །ཁྱོད་ནི་གཟའ་ཡི་བུ་མོ་སྟེ། །སྨུག་ནག་འབར་བའི༴ །ཞག་གི་རལ་པ༴ །ལེ་བརྒན་ཅོད་པཎ༴ །ཕྱག་ན་ཟངས་ཀྱི༴ །ཟངས་ཀྱི་རྔེའུ་ཆུང༴ །ཟངས་ཀྱི་མདུང༴ །ཟངས་ཀྱི་རྣ་ཆ༴ །ཛཿཟུང་ལ༴ །མགོ་དང༴ །དགྲ་བོ་ནྲྀ་ཛ༴ །ད་བྱིན་རྡོ་རྗེ༴ །ཁྱོད་ནི་བཙན༴ །དམར་ནག༴ །ཁྲག་གི༴ །ལེ་བརྒན༴ །ཕྱག་ན་བསེ༴ །བསེ་ཡི་རྔེའུ་ཆུང༴ །བསེ་ཡི་མདུང༴ །བསེ་ཡི་རྣ་ཆ༴ །ཛ་ཟུང༴ །མགོ་དང༴ །དགྲ་བོ༴ །ཕག་བྱིན་རྡོ་རྗེ༴ །ཁྱོད་ནི་ཀླུ༴ །ལྗང་ནག་འབར༴ །ལྗང་ནག་རལ་པ༴ །ལྗང་ནག་ཅོད་པཎ༴ །ཕྱག་ན་ལྕགས༴ །ལྕགས་ཀྱི་རྔེའུ་ཆུང༴ །ལྕགས་ཀྱི་མདུང༴ །ལྕགས་ཀྱི་རྣ་ཆ༴ །ཛཿཟུང་ལ༴ །མགོ་དང༴ །དགྲ་བོ་ནྲྀ་ཛཿཞེས་བརྗོད་དེ། །དཔལ་ལྡན་ནག་མོ་རེ་མ་ཏཱི་ལ་ལས་བཅོལ་ཏེ། མ་གཡེལ་མ་གཡེལ་ཡ་གམ་ཅན། །དཔལ་ལྡན་ནག་མོ་རེ་མ་ཏི། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། །རིན་ཆེན་བསེ་ཡི་སྒ་སྟན་ཅན། །བྱི་རུ་དམར་པོའི་མཐུ་རུ་ཅན། །དྲྭ་བ་དགུ་ཡི་ལྡེ་མིག་ཅན། །མི་རོ་རྟ་རོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་མཚོ་རུ་བསྐྱིལ། །དབུ་ལ་རེ་བའི་ཐོ་ཅོག་གསོལ། །སྐུ་ལ་རེ་བའི་ཤམ་ཐབས་གསོལ། །ཞལ་ནས་ཁྲག་འཛག་ཙ་ར་ར། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །རལ་པ་དམར་པོ་མེ་འོད་ཅན། །རལ་པའི་གསེབ་ནས་སྐར་མདའ་འཁྲུགས། །གཤིན་རྗེའི་ཡུམ་ཆེན་བདུད་ཀྱི་ལྕམ། །འདོད་པའི་ཁམས་ཀྱི་དབང་ཕྱུག་མ། །དབུ་ལ་བནྡྷ་ལྕང་ལོ་གསོལ། །སྐུ་ལ་མེ་སྒྲ་ཁྲ་ལ་ལ། །ཕྱག་ན་མདུང་དམར་ཆེམས་སེ་ཆེམས། །ཉིན་བཞིན་ཁྱོ་བདུན་སྐུངས་ནས་སྦེད། །མཚན་བཞིན་ཁྱོ་བདུན་སྐུངས་ནས་འདོན། །སྲོད་ལ་སེར་མོའི་ཆས་སུ་ཞུགས་ནས་ནི། །རཀྵ་སྲིན་པོའི་སྙིང་འཕྲོག་མ། །གུང་ལ་ནག་མོའི་ཆས་སུ་ཞུགས་ནས་ནི། །དམ་ཉམས་དགྲ་བོ་ཀུན་གྱི་སྙིང་འཕྲོག་མ། །ཐོ་རངས་དམར་མོའི་ཆས་སུ་ཞུགས་ནས་ནི། །སྒྲུབ་པ་པོ་ལ་མཐུ་སྐྱེད་མ། །ཁྲག་གི་དྲི་ཚོར་དཔག་ཚད་བརྒྱད་ཁྲིར་རྒྱུག །ཡོངས་བསྙེན་དེ་ནི་ཡོངས་བསྙེན་ན། །མ་མོ་ཁྱོད་ལྷ་མ་ཡིན་ཏེ། །ཤ་ཟ་སྲིན་མོ་བུ་མངས་ཀྱང༌། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང༌། །ཡང་བཅོལ་དེ་ནི་ཡང་བཅོལ་ན། །མ་མོ་ཁྱོད་ལྷ་མ་ཡིན་ཏེ། །ལངྐ་སྲིན་པོ་མགྲིན་བཅུ་ཡང༌། །མ་ལྟར་བྱམས་ཤིང་ཕ་ལྟར་གདུང༌། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །བདུད་འདུལ་ནག་མོ་མཆེད་བཞི་ལ་ལས་བཅོལ་ཏེ། གང་ལ་དམིགས་པ་ལེན་པར་བྱེད། །ནག་མོ་ཁྲག་གི་རལ་པ་ཅན། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་ཁྲག་འཐུང་ཡིན་པ་སྟེ། །སྲོད་ལ་དགྲ་བོའི་སྙིང་འབྱིན་མ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །བཅོལ་པའི་ལན་རྣམས་གྲུབ་པར་མཛོད། །དང་པོ་པདྨ་འབྱུང་གནས་བཀའ། །བར་དུ་རྡོ་རྗེ་བདུད་འཇོམས་བཀའ། །ད་ལྟ་རྣལ་འབྱོར་བདག་འབོད་བཀའ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །བདུད་འདུལ་ནག་མོ་མཆེད་བཞི་ནི། །ནག་མོ་ནམ་གྱི་ཕྱེད་ན་རྒྱུ། །ནག་མོ་ཞག་གི་རལ་པ་ཅན། །སྲིན་མོ་ཁྲག་འཐུང་ཡིན་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །བསྟན་པ་འཇིག་པར་བྱེད་པ་ཡི། །སྡང་བའི་ཁྲག་འཐུང་དབང་མོ་ཆེ། །ནམ་ཕྱེད་དགྲ་བོའི་སྙིང་འབྱིན་མ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དང་པོ་པདྨ༴ །བར་དུ་རྡོ་རྗེ༴ །ད་ལྟ་རྣལ་འབྱོར༴ །བཅོལ་བའི༴ །བདུད་འདུལ་ནག་མོ་མཆེད་བཞི་ནི། །རྡོ་རྗེ་ནག་མོ་ཉི་མའི་ཟེར་ལ་རྒྱུག །ནག་མོ་དུང་གི་རལ་པ་ཅན། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་ཁྲག་འཐུང་ཡིན་པར་གྲགས། །ཉི་ཟེར་དགྲ་བོའི་བརླ་འགུགས་མ། །སྲིན་མོ་ཕོར་ཐོགས་ཡིན་པ་སྟེ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྡང་བའི་དགྲ་བོའི་བླ་ཁུག་ཅིག །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །དང་པོ་པདྨ༴ བར་དུ་རྡོ་རྗེ༴ ད་ལྟ་རྣལ་འབྱོར༴ །བཅོལ་བའི༴ །བདུད་འདུལ་ནག་མོ་མཆེད་བཞི་ནི། །རྡོ་རྗེ་ཉི་མ་གྲིབ་སོ་རྒྱུག །གྲིབ་སོ་རྟ་རུ་ཞོན་ནས་དགྲ་བོ་རྩད་ནས་གཅོད། །ནག་མོ་ཟངས་ཀྱི་རལ་པ་ཅན། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིང་མོ་གཞོང་ཐོགས་ཡིན་པ་སྟེ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དང་པོ་པདྨ་འབྱུང་གནས་བཀའ། །བར་དུ་རྡོ་རྗེ་བདུད་འཇོམས་བཀའ། །ད་ལྟ་རྣལ་འབྱོར་བདག་འབོད་བཀའ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །བདུད་འདུལ་ནག་མོ་མཆེད་བཞི་ཡང༌། །སྔོན་གྱི་ཐུག་དམ་རྗེས་དགོངས་ལ། །གང་ཞིག་ཉམས་པའི་ཁྲག་ལ་རོལ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མའི་ཚོགས། །བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །འདིར་བྱོན་དམ་སྐོངས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བདག་ཉིད་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༌། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༌། །བྱང་གི་འབྲོག་ཆེན་རྡོ་རྗེ་འདུ་མ་དང༌། །གུང་ཐང་ཐ་ལིའི་ལ་ཐོག་ཏུ། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། །གསེར་ཆེན་མཁའ་ལ་ལྡིང་བའི་རྡོ་རྗེ་ཀླུ་མོ་རྒྱལ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །སྨན་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ། །གནམ་མཚོ་ཕྱུག་མོའི་བྱང་ངོས་སུ། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༌། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་གསིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་བཙུན་ཆེན་མོ་ཁྱེད་རྣམས་ཀྱིས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །འདིར་བྱོན་དམ་སྐོངས་བཅོལ་པའི་ཕྲིན་ལས་མཛོད། །བྷྱོ་ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང༌། །སློབ་དཔོན་པདྨ་འབྱུང་གནས་དང༌། །བཤེས་གཉེན་ལངྐ་དཔལ་བརྩེགས་ཀྱིས། །ཤར་ཕྱོགས་རྒྱ་ཡུལ་གཏན་ཟངས་སུ། །ཨ་སུ་ར་ཡི་བྲག་ཕུག་ཏུ། །ཞིང་ཆེན་བསྒྲལ་པའི་གདན་སྟེངས་སུ། །བདུད་རྩི་དམར་གྱི་མཆོད་པ་བཀྲམ། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །རྡོ་རྗེ་འཆང་གི་གྲལ་དུ་བཞུགས། །ཐར་པ་ཐོབ་པའི་མིང་ཡང་བཏགས། །ཇི་ལྟར་ཁས་བླངས་དམ་བཅས་པ། །རྣལ་འབྱོར་སྒྲུབ་པོ་འཁོར་བཅས་ཀྱིས། །ལས་རྣམས་ཐམས་ཅད་སྒྲུབ་པ་པོ། །དམ་བཅས་དེ་ལས་མ་འདའ་ཅིག །དམ་བཅས་དེ་ལས་འདས་གྱུར་ན། །ཁྲོ་བོ་ཡཀྵ་འབར་བ་ཡིས། །སྙིང་གི་དཀྱིལ་ནས་ཧ་དྲངས་ནས། །ལུས་སྲོག་ཐལ་བར་སོང་བ་རེ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*