རྣལ་འབྱོར་པ་ཕྲུ་མའི་དྲིས་ལན།

༼ན༽

༄༅། །རྣལ་འབྱོར་པ་ཕྲུ་མའི་བྲིས་ལན་བཞུགས།།

༄༅། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་ཕྱགས་ཕེབས་པའི་མདོ་སྨད་ཀྱི་ལམ་ཁར་ཆིབས་གོང་དུ་བྱོན་ནས་ལམ་ལ་གཤེགས་པའི་ཚེ། རྣལ་འབྱོར་པ་ཕྲུ་མ་པ་ཞེས་བྱ་བའི་སྒོམ་ཆེན་པ་བཟང་པོ་གཅིག་གིས་ཆོས་རྗེ་པ་ལ་གོས་ཕྱི་ནང་ཅིག་ཕུལ་ནས། ཆོས་རྗེ་པ་ཁྱེད་ཀྱི་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་ལས། བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྷུང༌། །གལ་ཏེ་དེ་ནི་བསྒོམས་ལེགས་ཀྱང༌། །དབུ་མའི་བསྒོམ་ལས་འདའ་བ་མེད། །དབུ་མའི་བསྒོམ་དེ་བཟང་མོད་ཀྱི། །འོན་ཀྱང་འགྲུབ་པ་ཤིན་ཏུ་དཀའ། །ཞེས་གསུངས་པའི་དོན་ཅི་ལགས་ཞུ་ཡིན་འདུག་པ་ལ། ཆོས་རྗེ་པའི་ཞལ་ནས་འདི་སྐད་གསུངས་པར་གདའ། རྣམ་རྟོག་«་་་་་བཙན་ཐབས་སུ་ཅི་ཡང་ཡིད་ལ་མི་སེམས་པར་སེམས་ལ་ལྟ་ཞིང་རྒྱུན་དུ་གནས་ཤིང་གཉིད་རྨུགས་འདྲེན་པའོ། »ཁ་ཚོམ་ཞི་གནས་དང༌། །སྟོང་པ་ཐལ་བྱུང་ལྷག་མཐོང་«་་་་་རྒྱལ་པོ་ཨིནྡྲ་བྷཱུ་ཏིས། རྨོངས་པའི་བསྒོམ་པ་གང་ཡིན་པ། །རྨོངས་པས་རྨོངས་པ་ཐོབ་པར་འགྱུར། །ཞེས་གསུངས། འཕགས་པ་ཀླུ་གྲུབ་ཀྱིས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཅུང་རྣམས་ཕུང་བར་འགྱུར། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་དཔྱད་པར་སྣང་ཞེན་གྱི་ཆོས་ཅི་ཡང་མེད་པར་འཛིན་པ་དང༌། མཐོང་ཡུལ་འགག་པའི་སྟོང་ཉམས་ཤར་བའོ། །ཞེས་གསུངས་སོ།། »གཉིས། །ངན་འགྲོར་ལྟུང་བར་རྒྱུ་ཆེན་ཏེ། །ལེགས་འདོད་རྣམས་ཀྱིས་སྤངས་ན་ལེགས། །སེམས་«་་་་་སེམས་ཀྱི་རྒྱུ་བ་མི་གསལ་བར་ཞི་གནས་ཤས་ཆེ་བའི་སྟོབས་ཀྱིས་ངང་གིས་དམིགས་པ་ལ་གནས་པའོ། »རྒྱུ་མི་གསལ་ཞི་གནས་དང༌། །གཟུགས་«་་་་་འདིའི་དོན་མངོན་པ་ལ་སོགས་པར་གསལ། མ་དཔྱད་པར་ཆོས་ཐམས་ཅད་ནམ་མཁའ་དང་སེམས་ཅི་ཡང་མེད་པ་དང་ཡོད་མིན་མེད་མིན་ངོ་འཕྲོད་ནས་ཉམས་ཤར་བའོ། »སྣང་བཀག་པའི་ལྷག་མཐོང་གཉིས། །གཟུགས་མེད་སྐྱེ་བའི་རྒྱུ་ཆེན་ཏེ། །ཐར་འདོད་རྣམས་ཀྱིས་སྤངས་ན་ལེགས།«་་་་་གཟུགས་མེད་དུ་སྐྱེ་བའི་རྒྱུ་མི་གཡོ་བའི་ལས་བསོགས་པའོ། »།དྲན་«་་་་་ཏིང་ངེ་འཛིན་བསྒོམ་པའི་ཚེ་ཅི་ཡང་མི་དྲན་པར་ཡུན་རིང་དུ་གནས་པའོ།། »ཚོར་མེད་པའི་ཞི་གནས་དང༌། །ཚོགས་དྲུག་བཀག་«་་་་་མིག་ལ་སོགས་པའི་རྣམ་ཤེས་ཚོགས་དྲུག་རྒྱུ་བ་མི་གསལ་བའོ།། »པའི་ལྷག་མཐོང་གཉིས། །ཉན་ཐོས་འགོག་«་་་་་འགོག་པའི་སྙོམ་འཇུག་དང་འདྲ་བའི་ཉམས་སྐྱེས་པའོ།། »པ་ཆ་མཐུན་ཏེ། །མཆོག་འདོད་རྣམས་ཀྱིས་སྤངས་ན་ལེགས། །ཤིན་«་་་་་མདོ་སྡེ་རྒྱན་ལས། དེས་ན་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་བ་ཆེས་གང་ནས། །ཡིད་ལ་བྱེད་པ་ཅན་ཞེས་བྱ། །ཞེས་གསུངས་སོ།། »སྦྱངས་བདེ་ལྡན་ཞི་གནས་དང༌། །སྤྲོས་«་་་་་ཨཱརྻ་དེ་ཝའི་ཞལ་སྔ་ནས། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་གྲོལ་དོན་གྱི་མཆོག །དེ་ནི་དབུ་མ་པ་ཡི་ལུགས། །ཞེས་གསུངས་སོ།། »ཀུན་ཉེར་ཞིའི་ལྷག་མཐོང་གཉིས། །ཕར་ཕྱིན་ཐེག་པའི་ལམ་ཆེན་ཏེ། །རྒྱལ་སྲས་རྣམས་ཀྱིས་བསྒྲུབས་ན་ལེགས། །མཚན་རྟོག་ཉེར་ཞིའི་ཞི་གནས་«་་་་་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ཐ་མལ་ཀུན་རྟོག་རྒྱུན་ནི་མ་གཏོགས་པ། །སྲིད་པའི་འཆིང་བ་གཞན་ཅིའང་ཡོད་མིན་ཏེ། །དེ་དང་རྣམ་པར་འགལ་བར་གྱུར་པའི་སེམས། །གང་ཡིན་དེ་ནི་ཀུན་དུ་རྟོགས་མི་འགྱུར། །ཞེས་གསུངས་སོ།། »དང༌། །བདེ་སྟོང་ཟུང་འཇུག་ལྷག་མཐོང་«་་་་་སྤྱན་རས་གཟིགས་པད་དཀར་གྱིས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །བྲ་ཕབ་པ་ཡི་རྣམ་པ་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །ཞེས་གསུངས་སོ།། »གཉིས། །གསང་སྔགས་ཕྱག་ཆེན་ལམ་མཆོག་སྟེ། །ཚེ་འདིར་གྲོལ་འདོད་བསྒྲུབས་ན་ལེགས། །ཚིགས་སུ་བཅད་པ་ལྔ་པོ་འདིའི་དོན་ཁོང་དུ་ཆུད་ན་ཕྱག་རྒྱ་ཆེན་པོ་དག་པ་ཤེས་པར་འགྱུར་བས་འདི་ལ་དཔྱོད་མཛོད་གསུང་གིན་འདུག རྣལ་འབྱོར་པ་ཕྲུ་མ་པ་ལ་གདམས་པའི་ཚིགས་སུ་བཅད་པ་ལྔ་པ་བི་ཛིས་མདོ་ཁམས་སྨད་གླིང་ཁར་བྲིས་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*