༼ན༽
༄༅། །བསྟན་བཅོས་མཁས་པའི་ཁ་རྒྱན་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། སྒྲའི་བསྟན་བཅོས་མཁས་པའི་བརྒྱན། བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །སྐུ་ནི་འཆི་མེད་དབང་པོས་མཚོན་དཀའ་ཞིང༌། །གསུང་ནི་ཚངས་པའི་དབྱངས་ལ་ཕྲག་དོག་བྱེད། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཐུགས་མངའ་བ། །བདག་གི་སྙིང་ལ་ཡུན་དུ་གནས་པར་མཛོད། །གསར་བཅད་སྐད་ཀྱི་ནོར་བུ་རིན་ཆེན་ཚོགས། །རྣམ་དག་བློ་ཡིས་བྱི་དོར་ལེགས་བྱས་ཤིང༌། །དྲི་མེད་ཚིག་གི་སྲད་བུས་ལེགས་བརྒྱུས་ཏེ། །མཁས་རྣམས་ཁ་རྒྱན་མཛེས་པ་བདག་གིས་བྱ། །དེ་ལ་དང་པོར་དབྱངས་རྣམས་ནི་ལྔའོ།«་་་་་ཨ་ཨི་ཨུ་ཨེ་ཨོ།།» །ཨ་ཡིག་བོར་«་་་་་ཨི་སོགས་བཞི། »བ་རྣམས་ནི་«་་་་་བོད།» འདིར་ཡན་ལག་ལོ། །ཀ་ལ་སོགས་«་་་་་ཉི་ཤུ་དགུ། »པ་རྣམས་ནི་གསལ་བྱེད་རྣམས་སོ། །བཞི་བཞི་«་་་་་ཀ་ཙ་ཏ་སོགས།» པའི་སྡེ་བ་ནི་བདུན་ནོ། །ཧ་ནི་«་་་་་སྡེ་བ་དེ་རྣམས་ཀྱི། »མཐར་གནས་པའོ། །ག་ང་ད་ན་བ་མ་འ་ར་ལ་ས་«་་་་་བཅུ།» རྣམས་ནི་རྗེས་སུ་འཇུག་པ་རྣམས་སོ། །ད་ས་དག་ནི་ཡང་འཇུག་པ་དག་གོ །ད་ནི་ན་ར་ལ་རྣམས་ཀྱིའོ། །ས་ནི་ག་ང་བ་རྣམས་ཀྱིའོ། དེ་རྣམས་ལས་ག་ད་བ་མ་འ་«་་་་་ལྔ། »རྣམས་ནི་སྔོན་དུ་འོང་ངོ༌། །ལྷག་མ་«་་་་་བཅུ་དགུ་»རྣམས་ནི་«་་་་་སྔོན་རྗེས།» གང་དུ་ཡང་«་་་་་འཇུག་པ། »མ་ཡིན་པའོ། །དེ་རྣམས་ལ་རྐྱང་པ་དང་འཕུལ་བ་དང་བརྩེགས་པ་དང༌། རྗེས་སུ་རྐྱང་འཇུག་དང་ཡན་ལག་རྣམས་སྦྱར་བས་ཕྱེ་བའི་ཡི་གེའི་རྣམ་གྲངས་«་་་་་བྱིས་པ་བདེ་འཇུག་ལ་སོགས་པ། »ནི་གཞན་དུ་གྲགས་པ་ཉིད་«་་་་་ཀྱིས་འདིར་མ་བཤད། »དོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་དང་པོའོ།། །།གི་ཀྱི་གྱི་འི་རྣམས་ཨི་ཡིག་གི་རྐྱེན་ནོ། །གིར་ཀྱིར་གྱིར་ཡིར་རྣམས་ཀྱང་ངོ༌། །གིས་ཀྱིས་གྱིས་ཡིས་རྣམས་ཀྱང་ངོ༌། །ཅིང་ཞིང་ཤིང་རྣམས་ཀྱང་ངོ༌། །ཅིག་ཤིག་ཞིག་རྣམས་ཀྱང་ངོ༌། །ཅི་ཇི་དག་ཀྱང་ངོ༌། །ཏུ་དུ་རུ་སུ་རྣམས་ཨུ་ཡིག་གིའོ། །པུ་བུ་འུ་རྣམས་ཀྱང་ངོ༌། །པུར་བུར་འུར་རྣམས་ཀྱང་ངོ༌། །པུས་བུས་འུས་རྣམས་ཀྱང་ངོ༌། །སྟེ་དེ་ཏེ་རྣམས་ཨེ་ཡིག་གིའོ། །ཅེ་ཤེ་ཞེ་རྣམས་ཀྱང་ངོ༌། །ཅེས་ཤེས་ཞེས་རྣམས་ཀྱང་ངོ༌། །ག་སོགས་རྣམས་ལ་ཨོ་ཡིག་སྦྱར་བ་རྣམས་ཨོ་ཡིག་གིའོ། །པོ་ཝོ་མོ་རྣམས་ཀྱང་ངོ༌། །པོར་ཝོར་མོར་རྣམས་ཀྱང་ངོ༌། །པོས་ཝོས་མོས་རྣམས་ཀྱང་ངོ༌། །པ་བ་ཝ་མ་རྣམས་ཨ་ཡིག་གིའོ། །པར་བར་ཝར་མར་རྣམས་ཀྱང་ངོ༌། །པས་བས་ཝས་མས་རྣམས་ཀྱང་ངོ༌། །ཀྱང་ཡང་འང་རྣམས་ཀྱང་ངོ༌། །རྣམ་པར་བརྟག་པ་ཅན་ཡང་ངོ༌། །འདི་ལ་སོགས་པ་དོན་གྱི་ཕྲད་རྣམས་«་་་་་སྨྲ་སྒོ་ལ་སོགས་པ། »ནི་གཞན་དུ་གྲགས་པས་འདིར་མ་བཤད་དོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་གཉིས་པའོ།། །།ག་ང་དག་ལས་ཕ་རོལ་དུ་«་་་་་བདག་གི གང་གི »གིའོ། །ད་«་་་་་ཁྱོད་ཀྱི། རྒྱབ་ཀྱི། ལས་ཀྱི། »བ་ས་རྣམས་ལས་ཀྱིའོ། །ན་མ་ར་ལ་རྣམས་ལས་«་་་་་མདུན་གྱི། ལམ་གྱི། བར་གྱི། འཚལ་གྱི། »གྱིའོ། །འ་ལས་འི་«་་་་་མཁའི། »འོ། །ས་མཐའ་ཅན་སྤངས་«་་་་་དེའི་འདིའི། »པའི་ཡང་ངོ༌། །རང་དང་ས་རྗེས་སུ་འཇུག་པའི་རྣམས་ཀྱང་དེ་བཞིན་ནོ། །བྱ་བ་ལ་སྦྱོར་བའི་ཀུན་ཏུ་གྱིས་སོ། །ག་ད་བ་རྣམས་ཀྱི་«་་་་་དག་ཅིང་ཡོད་ཅིང༌། གྲུབ་ཅིང༌།» ཅིང་ངོ༌། །སའི་ཤིང་ངོ༌།«་་་་་རྟོགས་ཤིང༌།» ལྷག་མ་རྣམས་ཀྱི་ཞིང་ངོ༌། །ག་ལ་སོགས་པ་སྤངས་པའི་ཡང་«་་་་་འབྱུང་ཞིང༌། དྲན་ཞིང༌། བསྒོམ་ཞིང༌། འགྱུར་ཞིང༌། འཆལ་ཞིང༌། འདྲི་ཞིང༌། »ངོ༌། །ད་ཡང་འཇུག་པ་རྣམས་ཀྱི་ཅིང་ཡང་«་་་་་རྟེནད་ཅིང་གྱུརད་ཅིང་རོལད་ཅིང༌། »ནའོ། །ཅིག་ཤིག་ཞིག་རྣམས་ཀྱང་དེ་བཞིན་ནོ། །རྗེས་འཇུག་སྤངས་པའི་ཅིག་ཡང་ནའོ། །བྱ་བ་ལ་སྦྱོར་བའི་ཡང་ནའོ། །ས་ལས་ཅིག་«་་་་་ཐབས་ཅིག »ཀྱང་ངོ༌། །ཞིག་«་་་་་ཅི། ཅི། »སྟེ་སླར་«་་་་་ཅི། »འདྲ་«་་་་་ཅི། »ཕྱིར་རྣམས་ལ་ཅིའོ། «ཇི།་་་་་»ཞིག་ལ་«་་་་་ལྟར། »ཅི་ཡང་«་་་་་ལྟར།» ངོ༌། «ཇི་་་་་་»།སྙེད་«་་་་་ཇི་»སྲིད་«་་་་་ཇི་»ལྟར་«་་་་་ཇི་»བཞིན་«་་་་་ཇི་»སྐད་རྣམས་ལ་ཇིའོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་གསུམ་པའོ།། །ག་བ་དག་གི་ཕ་«་་་་་བདག་ཏུ། རབ་ཏུ། »རོལ་ཏུའོ། །ང་ད་ན་མ་ར་ལ་རྣམས་«་་་་་གང་དུ། ཐད་དུ། དོན་དུ། ཙམ་དུ། བར་དུ། ཚལ་དུ། »ཀྱི་དུའོ། ད་ཡང་འཇུག་པ་རྣམས་ཀྱི་ཏུ་«་་་་་ཤིནད་ཏུ། གྱུརད་ཏུ། »ཡང་ནའོ། །ཞུགས་པའི་ཏུ་ཉིད་དོ། །འ་འི་«་་་་་མཁའ་རུ། »རུའོ། «ས་སྐྱ་རུ་་་་་་»ས་མཐའ་ཅན་ཕྱིན་«་་་་་དེ་རུ་འདི་རུ། »པའི་ཡང་ངོ༌། །སའི་«་་་་་རྗེས་སུ། »སུའོ། །གའི་«་་་་་གཅིག་པུ།» པུའོ། །ལྷག་མ་རྣམས་ཀྱི་«་་་་་དལ་བུ། ཤེད་བུ། ལན་བུ། ཤུབ་བུ། དུམ་བུ། ནོར་བུ། གསར་བུ། སྐྱེས་བུ། »བུའོ། །འ་དང་རྗེས་འཇུག་མེད་པའི་«་་་་་ལྔེའུ། ཁྱེའུ། བའུ། »འུ་ཡང་ནའོ། །ར་དང་ས་རྗེས་སུ་འཇུག་པ་རྣམས་ཀྱང་དེ་བཞིན་ནོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་བཞི་པའོ། །ག་ང་བ་མ་འ་རྣམས་«་་་་་རེག་སྟེ། འབྱུང་སྟེ། གྲུབ་སྟེ། འཚམ་སྟེ། དགའ་སྟེ། »ཀྱི་ཕ་རོལ་ཏུ་སྟེའོ། །དའི་«་་་་་བྱེད་དེ།» དེའོ། །ན་ར་ལ་ས་རྣམས་«་་་་་ཡིན་ཏེ། ཚར་ཏེ། འཚལ་ཏེ། ཐོས་ཏེ། »ཀྱི་ཏེའོ། །ད་ཡང་ཞུགས་«་་་་་གྱུར་ཏེ། »པའི་ཡང་ངོ༌། །ས་མཐའ་ཅན་«་་་་་དེ་སྟེ། ཅི་སྟེ། »མེད་པའི་སྟེའོ། །ཅེ་ག་ད་བ་«་་་་་རྟག་ཅེའམ། ཡོད་ཅེའམ། འགྲུབ་ཅེའམ། »རྣམས་ཀྱིའོ། །ཤེ་སའི་«་་་་་ཐོས་ཤེའོ། »འོ། །ཞེ་ལྷག་མ་རྣམས་«་་་་་འོང་ཞེ། ཡིན་ཞེ། ལམ་ཞེ། མཐའ་ཞེ། རོལ་ཞེ། ཚོལ་ཞེ། འགྲོ་ཞེ། »དང་རྗེས་འཇུག་མེད་པའི་ཡང་ངོ༌། །སའི་ཡང་ན«་་་་་ཤེས་སམ་ཞེས།» འོ། །ཅེས་ཤེས་ཞེས་རྣམས་ཀྱང་དེ་བཞིན་ནོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་ལྔ་པའོ།། །།ག་སོགས་རྣམས་«་་་་་དག་གོ །འོང་ངོ༌། །བྱེད་དོ། །དོན་ནོ། །གྲུབ་བོ། །བམ་མོ། །མཁས་སོ། །དོར་རོ། །དལ་ལོ། །རྟགས་སོ། »ཀྱི་ཕ་རོལ་ཏུ་རང་རང་ལ་ཨོ་ཡིག་སྦྱོར་བའོ། །དེ་ཡང་འཇུག་པ་རྣམས་«་་་་་ཟིནད་ཏོ། །གྱུརད་ཏོ། །འཚལད་ཏོ།» ཀྱི་ཏེ་ཡང་ནའོ། །ཞུགས་པའི་«་་་་་ཕྱིནད་ཏོ། »ཏོ་ཉིད་དོ། །ས་མཐའ་ཅན་«་་་་་དེའོ། །འདིའོ། །བའོ། »བོར་བའི་འོ་ཉིད་དོ། །ས་མཐའ་ཅན་གྱི་ཕ་རོལ་ཏུ་«་་་་་བདག་པོ། འབྱུང་པོ། བྱེད་པོ། རིན་པོ། དལ་པོ། »པོའོ། །འ་དང་དེ་རྣམས་མེད་པའི་འོ་«་་་་་དགའ་འོ། །ཁའོ། །སྐྱེའོ། »ཡང་ངོ༌། །ཐམས་ཅད་ལ་མོ་«་་་་་དོག་མོ། ཡང་མོ། གད་མོ། ཉིན་མོ། ཞིབ་མོ། མཁོ་མོ། ཁོད་མོ། རོལ་མོ། ལེགས་མོ།» ཡང་ངོ༌། ར་དང་ས་རྗེས་སུ་འཇུག་པ་རྣམས་ཀྱང་དེ་བཞིན་ནོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་དྲུག་པའོ། །ག་ད་བ་ས་«་་་་་དག་པ། ཡོད་པ། གྲུབ་པ། ཤེས་པའོ། »རྣམས་ཀྱི་ཕ་རོལ་ཏུ་པའོ། །ང་ར་ལ་རྣམས་«་་་་་འབྱུང་བར། འགྱུར་བ། »ཀྱི་ཝ་«་་་་་དལ་བ། གང་བ། གྱུར་བ། ཆལ་བ། »ཡང་ནའོ། །ན་མ་དག་«་་་་་གཞེན་པ། རམ་པ། རིམ་པ། »གི་པ་ཡང་ནའོ། །འ་འི་«་་་་་དཔའ་བ། དགའ་བ། »ཝའོ། །ས་མཐའ་«་་་་་དྲོ་བ། དྲ་བ། »ཅན་བོར་བའི་ཡང་ངོ༌། །ཐམས་ཅད་ལ་«་་་་་ཐོག་མ། གོང་མ། གདོད་མ། སྒྲོན་མ། འདབ་མ། གཤམ་མ། མཐའ་མ། བར་མ། མཁལ་མ། དབུ་མ། ལོ་མ། འོ་མ།» མ་ཡང་ང༌། །ར་དང་ས་རྗེས་སུ་འཇུག་པ་རྣམས་ཀྱང་དེ་བཞིན་ནོ། །ཀྱང་«་་་་་བདག་ཀྱང༌། ཁྱེད་ཀྱང༌། གྲུབ་ཀྱང༌། ཐོས་ཀྱང༌། »ག་ད་པ་ས་རྣམས་ཀྱི་ཕ་རོལ་དུའོ། ཡང་«་་་་་གང་ཡང༌། གཞན་ཡང༌། ནམ་ཡང༌། མཁའ་ཡང༌། འགྱུར་ཡང༌། གྲོལ་ཡང༌། »ལྷག་མ་རྣམས་ཀྱིའོ། །ཡང་འཇུག་པ་རྣམས་ཀྱི་ཀྱང་ཡང་ནའོ། །ས་མཐའ་ཅན་ཕྱིས་པའི་འོང་«་་་་་དེའང༌། འདིའང༌། »ངོ༌། །ཡང་ཡང་«་་་་་ཁྱེད་ལ་ཡང༌། »ནའོ། །རྣམ་པར་རྟོག་པ་ཅན་«་་་་་འགོག་གམ། འདོང་ངམ། བྱེད་དམ། བྱིན་ནམ། གྲུབ་བམ། འདོན་ནམ། »ནི་ག་སོགས་རྣམས་ཀྱི་ཕ་རོལ་ཏུ་རང་རང་གི་རྗེས་སུ་མ་སྦྱར་བའོ།«་་་་་ཐིམ་མམ། དོར་རམ། འཕེལ་ལམ། །ཐོས་སམ། »དེ་རྣམས་སྤངས་པའི་འམ་«་་་་་དེའམ། འདི་འམ། »མོ། །ཞེས་པ་ཕྲད་ཀྱི་སྦྱོར་བ་ལས་བདུན་པའོ།། །།དོན་གྱི་ངོ་བོ་སྟོན་པ་ནི་མིང་ངོ༌། དེ་ལས་ཕ་རོལ་ཏུ་རྣམ་དབྱེ་རྣམས་སོ། །ཉིད་«་་་་་ཤིང་ཉིད་»དང་པོའི་གཅིག་གི་ཚིག་«་་་་་ཕལ་ཆེར་དབྱིའོ། »གིའོ། དག་«་་་་་ཤིང་དང༌། »གཉིས་ཀྱིའོ། །རྣམས་«་་་་་ཤིང་རྣམས་»མང་པོའི་འོ། །ཏུ་དུ་སུ་རུ་རྣམས་ཕྲད་«་་་་་ཤིང་དུ།» བཞིན་དུ་གཉིས་པའི་གཅིག་གིའོ། །འ་དང་ས་མཐའ་ཅན་མེད་པའི་རྗེས་སུ་སྦྱར་བ་ཡང་ངོ༌། །དག་ཏུ་གཉིས་«་་་་་ཤིང་དག་ཏུ། »ཀྱིའོ། །རྣམས་སུ་མང་པོའི་འོ། །གིས་«་་་་་ཤིང་རྣམས་སུ། ཤིང་གི »ཀྱིས་གྱིས་ཡིས་རྣམས་ཕྲད་བཞིན་དུ་གསུམ་པའི་གཅིག་གིའོ། །འ་དང་ས་མཐའ་ཅན་སྤངས་པའི་རྗེས་སུ་ས་སྦྱར་བ་ཡང་ངོ༌། །དག་གིས་གཉིས་«་་་་་ཤིང་དག་གིས།» ཀྱིའོ། །རྣམས་«་་་་་ཤིང་རྣམས་ཀྱིས་ཁང་པ་བསྐྱེད། »ཀྱིས་མང་པོའི་འོ། ལ་བཞི་«་་་་་ཤིང་ལ། »པའི་གཅིག་གིའོ། །དག་ལ་«་་་་་ཤིང་དག་ལ་»གཉིས་ཀྱིའོ། །རྣམས་ལ་མང་«་་་་་ཤིང་རྣམས་ལ་བྱ་གནས།» པོའི་འོ། །ལས་«་་་་་ཤིང་ལས། »ལྔ་པའི་གཅིག་གིའོ། །དག་ལས་«་་་་་ཤིང་དག་ལས། »གཉིས་ཀྱིའོ། །རྣམས་ལས་«་་་་་ཤིང་རྣམས་ལས་འབྲས་བུ་འབྱུང་ངོ༌། »མང་པོའི་འོ། «གཏེར།་་་་་»ནས་«་་་་་གཏིར་»དག་«་་་་་གཏོར་»ནས་རྣམས་ནས་རྣམས་ཡང་ནའོ། «ཤིང་གི་་་་་་»།གི་ཀྱི་གྱི་འི་རྣམས་ཕྲད་བཞིན་དུ་ཕྲུག་པའི་གཅིག་གིའོ། །དག་«་་་་་ཤིང་དག་ནི། »གི་གཉིས་ཀྱིའོ། །རྣམས་«་་་་་ཤིང་རྣམས་ཀྱི་མེ་ཏོག་»ཀྱི་མང་པོའི་འོ། །ན་«་་་་་ཤིང་དྲུང་ན། »བདུན་པའི་གཅིག་གིའོ། །དག་«་་་་་ཤིང་དྲུང་དག་ན། »ན་གཉིས་ཀྱིའོ། །རྣམས་«་་་་་ཤིང་དྲུང་རྣམས་ན་ཐུབ་པ་གནས་སོ། »ན་མང་པོའི་འོ། །གཉིས་པའི་རྣམས་དང༌། བཞི་པའི་རྣམས་དང༌། བདུན་པའི་རྣམས་ཡང་ནའོ། །བརྒྱད་པའི་རྣམས་དང་པོའི་རྣམས་ལ་ཀྱེ་སྦྱར་བའོ། །ཞེས་པ་རྣམ་པར་དབྱེ་བའོ། །ལས་ལག་དང་པོར་འཇུག་པའི་བྱེད་པ་ལ་«་་་་་གནས་བྱ། གནས་བྱེད། གཞལ་བྱ། འཇལ་བྱེད། »འ་ཡང་ངོ༌། །ད་འཇུག་པའི་བྱེད་པ་ལའང་འ་«་་་་་དཔག་བྱ། དཔོག་བྱེད། དབྲི་བྱ། འབྲི་བྱེད། »ཡང་ངོ༌། །པ་«བཀྲི་བྱ། འཁྲིད་བྱེད།་་་་་»འཇུག་པའི་ལ་འ་འམ་འ་མཐའ་ཅན་ཕྱིས་པ་ཡང་«་་་་་བསྟན་བྱ། སྟོན་བྱེད། »ངོ༌། མ་འཇུག་«་་་་་མཆོད་བྱ། མཆོད་བྱེད་»པའི་ལ་«་་་་་མནན་བྱ། གནོན་བྱེད། »ག་འམ་འ་མཐའ་ཅན་བོར་བ་ཡང་«་་་་་མཉན་བྱ། མཉན་བྱེད། »ངོ༌། །འ་འཇུག་པའི་ལ་«་་་་་གཞུག་བྱ། འཇུག་བྱེད། »ནི་གཞན་མ་ཡིན་པ་ཉིད་དོ། །འ་«་་་་་ཤེས་བྱ། ཤེས་བྱེད། »མཐའ་ཅན་སྤངས་པའི་«་་་་་དོར་བྱ། འདོར་བྱེད། »ལ་འང་ཡང་ངོ༌། །ལུས་དང་སྲོག་«་་་་་འཆད་བྱ། མཆོད་བྱེད། »གཞན་དུ་འགྱུར་བ་ནི་ཅི་རིགས་«་་་་་བསལ་བྱ། སེལ་བྱེད། »པར་རོ། །བྱ་བ་ལ་ལས་གཙོ་བོར་སྟོན་ན་ལས«་་་་་བསྟན་པའི་ཆོས་»དང༌། བྱེད་པ་གཙོར་སྟོན་«་་་་་སྟོན་པའི་གསུང༌། གསུང་རབ། »ན་བྱེད་པའི་སྒྲའོ། །ཡང་«་་་་་སྦྱོར་བ་བྱས་ཏེ་མདོར་གཞན་དག་ལ་དཔྱད་པའི་ཕྱིར། »ན་ཅི་རིགས་པར་རོ། །བྱ་བ་བྱས་པ་ལ་«་་་་་དགག་བྱ། འགོག་བྱེད། བཀག་པ། »ལ་ནི་གཞན་ཡང་ངོ༌། །གཉིས་པ་མང་པོའི་ཚིག་དག་ནི་དག་དང་རྣམས་ཉིད་དོ། །ཞེས་པ་བྱེད་པའི་ཚིག་གོ །འདིར་ནི་ཕྲད་རྣམས་འདུད་པ་བཞིན། །རྣམ་དབྱེ་སྙན་པར་སྨྲ་བ་བཞིན།«་་་་་ཞེས་པ་ལ་སོགས་འདི་རྣམས་ཀྱིས་མགྲོན་གྱི་བྱ་བ་རྒྱས་པར་བསྟན་ཏོ། »།བྱེད་ཚིག་གཡོས་ལེགས་སྟོན་པ་བཞིན། །མཁས་རྣམས་མགྲོན་དུ་བོས་པ་བཞིན། །ཕྲད་དང་རྣམ་དབྱེ་བྱེད་ཚིག་རྣམས། །འགྲན་པ་བཞིན་དུ་བསྟར་བ་འདི། །ཞལ་རས་རྒྱན་གྱིས་མཛེས་འདོད་པའི། །མཁས་པ་རྣམས་ལ་བདག་ཉིད་འབུལ། །ད་དུང་མཁས་ལ་ཉེར་མཁོ་བའི། །རྣམ་དབྱེ་དུ་མ་ཡོད་མོད་ཀྱི། །ཡི་གེའི་ཚོགས་ཀྱིས་རྣམ་སྐྲག་པས། །དོན་དེའི་སྤྲོས་པ་རེ་ཞིག་བཞག །ཁོ་བོས་ལེགས་པར་རྣམ་དཔྱད་ནས། །ཕན་པའི་བསམ་པས་བཤད་མོད་ཀྱང༌། །ནོངས་པའམ་ཕྲག་དོག་གིས་དོར་ན། །མཁས་རྣམས་བདག་ལ་བརྩེ་བར་མཛོད། །གསར་བཅད་ཇི་བཞིན་མཁས་རྣམས་ཀྱི། །ཁ་རྒྱན་བཀྲ་བས་རྣམ་སྤྲས་ལས། །ཐོབ་པའི་དགེ་བས་འགྲོ་རྣམས་ཀྱིས། །ཐུབ་མཚན་ཚངས་དབྱངས་ཐོབ་པར་ཤོག །ཅེས་པ་མཁས་པའི་ཁ་རྒྱན། ས་སྐྱ་པཎྜི་ཏས་སྐད་གསར་བཅད་དང་རྗེས་སུ་མཐུན་པར། བརྡ་སྤྲོད་པའི་མཁས་པ་རྣམས་ལ་ཉེ་བར་མཁོ་བ་བཞིན་རྒྱན་དུ་བྱས་པའོ། །དགེ་བར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply