༼ཕ༽
༄༅། །མདོར་བྱས་ཀྱི་ས་བཅད་བཞུགས།།
༄༅། །འདི་ལ་གཉིས་ཏེ་སྲུང་བའི་འཁོར་ལོ་བསྒོམ་པ་དང༌། ལྷ་བསྒོམ་པའོ། །དེ་ལ་གཉིས། སྟོང་པ་ཉིད་དུ་བསྒོམ་པ་དང༌། དངོས་གཞིའི་རྣལ་འབྱོར་རོ། །དེ་ལ་གཉིས། རྟེན་གཞལ་ཡས་ཁང་དུ་བསྐྱེད་པ་དང༌། བརྟེན་པ་ལྷ་བསྒོམ་པའོ། །དང་པོ་ལ་དངོས་གཞི་བསྒྲུབ་པའོ། །གཞལ་ཡས་ཁང་བསྐྱེད་པ་གདན་བསྒོམ་པའོ། །ལྷ་བསྐྱེད་པ་ལ་གསུམ། སྦྱོང་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་གོ །དང་པོ་ལ་གསུམ། ལྷག་པར་མོས་པ་ཕ་མེས་ཀྱི་ཏིང་ངེ་འཛིན་རྣལ་འབྱོར་རྣམ་བཞི། བུ་ཚའི་ཏིང་ངེ་འཛིན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་ནོ། །བར་པ་ལ་བཞི། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའོ། །དང་པོ་ལ་གཉིས། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ་དང༌། ལྷའི་རྒྱུ་མཐུན་བསྒོམ་པའོ། །རྗེས་སུ་རྣལ་འབྱོར་ནི་རྡོ་རྗེ་སེམས་དཔའི་བསྒོམ་པ་ཉིད་དོ། །ཤིན་ཏུ་རྣལ་འབྱོར་ལ་གཉིས། རྡོ་རྗེ་མགོན་པོ་སྒྱུར་བ་དང༌། ལུས་ཀྱི་དཀྱིལ་འཁོར་བསྒོམ་པའོ། །རྣལ་འབྱོར་ཆེན་པོ་ལ་གཉིས། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། སེམས་དཔའ་སུམ་བརྩེགས་བསྒོམ་པའོ། །གསུམ་པ་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་ལ་ལྔ། རིག་མ་འདུ་བྱ་བ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་དང༌། ལས་ལ་གནས་པ། མཆོད་པ་བྱ་བ། བྷ་གར་ལྷ་བསྐྱེད་པའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། ལྷ་རེ་རེ་ཞིང་དབྱུང་བ། སྤྲོ་བ། བསྡུ་བ། གསལ་གདབ་པ་སྟེ་བཞི་བཞིའོ། །གསུམ་པ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བདུན། ཕྲ་མོའི་རྣལ་འབྱོར་དང༌། རྡོ་རྗེའི་བཟླས་པ་དང༌། ངག་གིས་བཟླས་པ་དང༌། དོན་དམ་པར་འཇུག་པ་དང༌། ལྷ་མོའི་གླུས་བསླང་བ་དང༌། བསྟོད་ཅིང་མཆོད་པ་དང༌། ཉེ་བར་བསྡུ་བའོ།།
༄༅། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོའི་གཟུངས།།
ན་མོ་དྷརྨྨ་ཀཱ་ཡ་སམྦྷོ་ག་ཀཱ་ཡ་ནིརྨྨཱཎ་ཀཱ་ཡ། ཏདྱ་ཐཱ། དཱ་ན་པཱ་ར་མི་ཏཱ། ཤཱི་ལ་པཱ་ར་མི་ཏཱ། ཀྵཱནྟི་པཱ་ར་མི་ཏཱ། བཱིརྻ་པཱ་ར་མི་ཏཱ། དྷྱཱ་ན་པཱ་ར་མི་ཏཱ། པྲ་ཛྙཱ་པཱ་ར་མི་ཏཱ། སརྦ་དྷརྨ་ཤཱུ་ནྱ་ཏཱ་སྭཱ་ཧཱ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply