༼བ༽
༄༅། །རིག་མ་བཅུ་དྲུག་གི་མཆོད་པའི་ཚིག་ཚན་གཉིས་བཞུགས།།
༄༅། །ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། རྡོ་རྗེ་ལྷ་མོ་པི་ཝྃ་མ། །སྟོན་ཀའི་མདོག་ཅན་པི་ཝྃ་ལག །པི་ཝྃ་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་གླིང་བུ་མ། །གསེར་གྱི་མདོག་ཅན་གླིང་བུའི་ལག །གླིང་བུའི་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་རྔ་ཟླུམ་མོ། །བནྡྷུའི་མདོག་ཅན་རྔ་ཟླུམ་ལག །རྔ་ཟླུམ་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་རྫ་རྔ་མོ། །མརྒད་མདོག་མཚུངས་རྫ་རྔའི་ལག །རྫ་རྔའི་སྒྲ་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་བཞད་པ་མོ། །ཀེཾ་ཤུའི་མདོག་མཚུངས་བཞད་པའི་ཞལ། །འཛུམ་པའི་བཞིན་དང་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་སྒེག་པ་མོ། །དབང་སྔོན་མདོག་མཚུངས་སྒེག་པའི་ཚུལ། །སྙེམས་པའི་ལུས་དང་གླུར་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་གླུ་དབྱངས་མ། །འཆར་ཀའི་མདོག་མཚུངས་གླུ་ལེན་བརྩོན། །གླུ་དང་རོལ་མོའི་སྒྲར་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་གར་མཁན་མ། །མརྒད་མདོག་མཚུངས་གར་སྒྱུར་ཞིང༌། །གར་དང་སྙན་པའི་དབྱངས་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་མེ་ཏོག་མ། །གུར་གུམ་མདོག་མཚུངས་མེ་ཏོག་ལག །མེ་ཏོག་ཆར་དང་རོལ་མོར་བཅས། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་བདུག་སྤོས་མ། །དུ་བའི་མདོག་མཚུངས་བདུག་སྤོས་ལག །བདུག་པའི་སྤྲིན་དང་རོལ་མོར་བཅས། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་མར་མེ་མ། །གློག་འོད་མདོག་མཚུངས་མར་མེའི་ལག །མར་མེའི་འོད་དང་རོལ་མོར་བཅས། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་དྲི་ཆབ་མ། །པྲི་ཡང་མདོག་མཚུངས་དུང་ཆོས་ལག །དྲི་ཡི་ཆར་དང་རོལ་མོར་བཅས། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །སྟོན་ཟླའི་མདོག་མཚུངས་མེ་ལོང་ལག །ཡིད་འོང་གཟུགས་དང་རྒྱན་ལྡན་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་ཞལ་ཟས་མ། །ཛཱ་བའི་མདོག་མཚུངས་ཞལ་ཟས་ལག །ཞལ་ཟས་བདུད་རྩིའི་ཆར་འབེབས་པ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་ན་བཟའ་མ། །མརྒད་མདོག་མཚུངས་ན་བཟའི་ལག །གོས་དང་རེག་དང་འཁྱུད་པར་ལྡན། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །རྡོ་རྗེ་ལྷ་མོ་ཆོས་དབྱིངས་མ། །ཀུནྡའི་མདོག་མཚུངས་ཆོས་འབྱུང་ལག །ཟག་པ་མེད་པའི་བདེ་སྟེར་བ། །ནམ་མཁའ་ཁྱབ་པས་མཆོད་པར་བགྱི། །བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །རྡོ་རྗེ་ལྷ་མོའི་མཆོད་པ་ཡིས། །མཆོད་པས་དཔལ་བདེའི་འབྲས་འབྱིན་པའི། །ཚུལ་འདི་རྒྱལ་པོས་བསྐུལ་ནས་སྦྱར། །ཚིག་འདི་འཕགས་པས་བསྡེབས་མོད་ཀྱི། །དོན་འདི་འཕགས་མཆོག་གསུང་ལས་འབྱུང༌། །འདི་ཡིས་དགེ་བས་འགྲོ་བ་ཀུན། །འདི་འདྲའི་ཚུལ་གྱིས་རོལ་པར་ཤོག །ཆུ་ཕག་འབྱུང་བའི་འཁོར་ལོ་ལ། ཁའི་ཕིང་ཧུར་བྲིས་པ་ཡིན།། ༄༅། །ན་མོ་བཛྲ་སཏྭཱ་ཡ། ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་པི་ཝྃ་ལག །མཁའ་མདོག་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་གླིང་བུའི་ལག །གསེར་མདོག་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་རྔ་ཟླུམ་ལག །ཆེས་དམར་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་རྫ་རྔའི་ལག །མདོག་ལྗང་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་བཞད་པའི་ཞལ། །ཆེས་དམར་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་སྙེམས་པའི་ལག །མཁའ་མདོག་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་གླུ་ལེན་མ། །གསེར་མདོག་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་གར་མཁན་མ། །རབ་ལྗང་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་མེ་ཏོག་ལག །གསེར་མདོག་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་བདུག་སྤོས་ལག །ལྗང་སེར་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་མར་མེའི་ལག །མདོག་དམར་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་དྲི་ཆབ་ལག །མདོག་ལྗང་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་མེ་ལོང་ལག །མདོག་དཀར་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་ཞལ་ཟས་ལག །མདོག་དམར་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་ན་བཟའི་ལག །མདོག་ལྗང་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །ཧཱུྃ་གི་ཡི་གེ་ལས་བྱུང་དཔལ་ལྷ་མོ། །རབ་མཛེས་རྡོ་རྗེ་དྲིལ་བུ་ཆོས་འབྱུང་ལག །མདོག་དཀར་ནམ་མཁའ་ཁྱབ་པར་རབ་སྤྲོས་པའི། །བདེ་བ་ཆེན་པོའི་མཆོད་པས་མཉེས་གྱུར་ཅིག །རྡོ་རྗེ་གསུམ་མཆོག་གོ་འཕང་རབ་བརྙེས་ནས། །འདོད་ཡོན་རྡོ་རྗེའི་བདེ་ལ་དབང་འབྱོར་པ། །ཉིད་ཀྱིས་ཉིད་ལ་མཆོད་པའི་ཚུལ་ཇི་བཞིན། །གང་གིས་མཆོད་པ་དེ་ཡང་དེ་འདྲར་འགྱུར། །ཚིགས་སུ་བཅད་པ་བདག་གིས་བསྡེབས་ཀྱང་དོན། །རྒྱུད་ལས་འབྱུང་ཕྱིར་འགལ་བ་ཡོད་མ་ཡིན། །བདག་གཞན་བདེ་ཆེན་རོལ་པས་རོལ་པ་ཡི། །བརྟུལ་ཞུགས་མཆོག་ལ་དགྱེས་པའི་ངང་ཚུལ་ཅན། །མི་ཡི་དབང་པོའི་གསུང་གིས་རབ་བསྐུལ་ནས། །སྔགས་འཆང་འཕགས་པ་ཞེས་བྱས་སྦྱར་བ་ཡིན། །དགེ་བ་གང་དེས་འགྲོ་བ་མ་ལུས་ཀུན། །འདོད་ཡོན་རྡོ་རྗེའི་བདེ་ལ་རོལ་པར་ཤོག །ཆུ་མོ་གླང་གི་ལོ་གདུ་བུའི་ཟླ་བའི་ཚེས་ཉི་ཤུ་བདུན་ལ་ཁའི་ཕིང་ཧུར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply