༼བ༽
༄༅། །ཕྱོགས་ཀྱི་གཏོར་མ་བཞུགས།།
༄༅། །དེ་ནས་ཕྱོགས་ཀྱི་གཏོར་མ་གཏོང་བའི་ཕྱིར། ཤར་ཕྱོགས་ནས་ཡུལ་འཁོར་སྲུང༌། འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སྱཱ་དྱ་ཐེ་དན། དྷཱ་རི་ཎི། དྷཱ་རི་ཎི། པྲ་དྷཱནྶ། ནི་བྷཉྫ་ནི། པྲ་བྷཉྫ་ནི། བི་དྷ་མ་ནི། ཀིཾ་པུ་རུ་ཥེ། ཤ་ཀ་ལེ། སཱ་ར་ཐེ། ཤཱུ་ལ་དྷཱ་རི་ཎེ། ཤཱུ་ལ་དྷ་རེ། ཤུདྡྷ་ཙ་ར་ཎེ། གྷོ་ཥ་བ་ཏེ། ཤཱ་རཱ་གྲེ། ཤཱནྟི། ཆེ་གེ་མོ་ཤར་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིགས་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱིས། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་ཤར་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚིག་འདིས་ཀྱང་གསོལ་བ་གདབ་པར་བྱའོ། །སྱཱ་དྱ་ཐེ་དན། ཨ་ཁེ། ན་ཁེ། བི་ན་ཁེ། བནྡྷེ། བ་ར་ཎེ། ཙ་བ་ལེ་བ་ཁེ། བ་ཁ་ནེ། ཨ་ཁི་ལེ། ན་ཁི་ནེ། བ་ཧུ་ལེ་བྷ་གེ བྷ་གནྡ་ལེ། བ་ཤེ་བ་ཤ་བ་ནི་སྭཱ་ཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་མིང་དང༌། སྟོབས་དང༌། དབང་ཕྱུག་དང༌། བྱིན་གྱིས་ཆེ་གེ་མོའི་གདོན་ཐམས་ཅད་དང༌། གནོད་པ་ཐམས་ཅད་ལས་ཐར་བར་གྱུར་ཅིག་སྭཱ་ཧཱ། ལྷོ་ཕྱོགས་ནས་འཕགས་སྐྱེས་པོ་འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སྱཱ་དྱ་ཐེ་དན། ཤཱནྟི། ཤཱ་ར་བ་ཏི། ཀཱནྟི། ཀཱ་ར་ཝ་ཏི། ཀིཾ་ཀ་སི། ཀཱིངྐ་ར་ཏི། ཀིམྦ་ཏི། དྷཱ་ར་ཎི། བརྡྷ་ནི། བྷཱུ་མི་དྷ་ར་ཎི། ཧི་མ་བ་ཏི། ཛྱོ་ཏིཤྩ་ར་ཎེ། མཱ་ལཱ་གྲི། ཆེ་གེ་མོ་ལྷོ་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱང༌། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་ལྷོ་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚིག་འདིས་ཀྱང་གསོལ་བ་གདབ་པར་བྱ་སྟེ། སྱཱ་དྱ་ཐེ་དན། ཁ་ཁ་ཁ་མེ། ཁ་ལ་ནེ། ཁ་ལོ་མེ། ཁ་ར་ལི། ཁ་ར་ལི། ཀ་ར་ཁེ། ཀ་ཤི་ནི། ཀ་ར་ཏེ། ཀ་ལེ། ཀ་མཱ་ནི། བི་དྷ་ལེ། བི་དྷེ་ཡ་ཤ བ་ཏི་ཤ་མི། ཤ་མ་ནི་སྭཱ་ཧཱ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་མིང་དང༌། སྟོབས་དང༌། དབང་ཕྱུག་དང༌། བྱིན་གྱིས་ཆེ་གེ་མོའི་གདོན་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་ནུབ་ཕྱོགས་སུ་མིག་མི་བཟང་འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སྱཱ་དྱ་ཐེ་དན། པརྞི་བ་རཱ་གྲེ། པ་ལ་བ་ཏི། བ་ལི་ནི། བི་ཤ་མེ། བི་བ་ཤི སཱ་ག་རེ། ཁཱ་རཱི་ཀ་པི་ལེ། ཙཎྜ་ལི། ནཱ་ར་ཛ་ནི། བི་དྷཱ་རི་ནི། བལྐུ་མ་ཏི། ཨ་ཙ་ལི། ནུབ་ཕྱོགས་སུ་ཆེ་གེ་མོ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱང༌། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་ནུབ་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚིག་འདིས་ཡང་གསོལ་བ་གདབ་པར་བྱ་སྟེ། སྱཱ་དྱ་ཐེ་དན། ཀྲ་ག་ཡེ། ཀྲ་ག་ཤེ ཀྲ་ག་སེ། ཀྲུ་ཤ་མེ། ཀྲུ་ཀེ ཀྲུཀྑ་མེ། ཀྲུ་གེ ཨ་ག་ལེ། ན་ག་ལེ། ས་མ་ག་ལེ། ཀུ་ཧུ་མེ་ཧུ་མེ། ཨ་ལ་ཀེ ཀ་ལ་ཀེ ཨི་རི་མི་རེ་དྷི་རེ། ཨ་རུ་ག་བ་ཏི་སྭཱ་ཧཱ། རྒྱལ་པོ་ཆེན་པོ་མིག་མི་བཟང་གི་མིང་དང༌། སྟོབས་དང༌། དབང་ཕྱུག་དང༌། བྱིན་གྱིས་ཆེ་གེ་མོ་དགེ་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་བྱང་ཕྱོགས་སུ་རྣམ་ཐོས་ཀྱི་བུ་འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སྱཱ་དྱེ་ཐེ་དན། ཁརྒེ་ཁརྒེ། ཁརྒ་རྦྷེ། བི་ཙཀྵ་ནི། ཙཀྲ་རཱ་ཛ་ནེ། ཙནྡྲེ། ཙ་པ་ལེ། བྷཱི་མ་པརྤ་ཏེ། ཁ་རཱ་གྲེ་ཀུ་ཊི་ལ་ཀ་རཱ་གྲེ། ཨེ་ཀཱཀྴི། བརྐ་བ་ཏི། སཱ་རྃ་ག་བ་ཏི། ཙི་ཏྲ་ཀཱནྟི། ཆེ་གེ་མོ་བྱང་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱང༌། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་བྱང་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚིག་འདིས་ཀྱང་གསོལ་བ་གདབ་པར་བྱ་སྟེ། སྱཱ་དྱ་ཐེ་དན། སིདྡྷེ་སུ་སིདྡྷེ། ཨ་རེ། ཨ་ར་ཎེ། བ་ལེ། མ་ཧཱ་བ་ལེ། ཛཾ་བྷེ། ཛ་ཊི་ལེ། ཨ་ཁ་ནེ། མ་ཁ་ནེ། ཁ་ཁ་ནེ། ཁ་རཊྚེ། ཧ་རི་པིངྒ་ལེ། ཏི་མིངྒི་ལེ། ཏི་མིངྒི་ལེ་སྭཱ་ཧཱ། བདག་གི་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་མིང་དང་སྟོབས་དང༌། དབང་ཕྱུག་དང༌། བྱིན་གྱིས་ཆེ་གེ་མོ་དགེ་བར་གྱུར་ཅིག་སྭཱ་ཧཱ། སྱཱ་དྱ་ཐེ་དན། པྲཧྨེ་པྲཧྨ་གྷོ་ཥེ། པྲཧྨེ་སྭ་རེ། བཛྲེ་བཛྲ་གྷོ་ཥེ། བཛྲ་དྷ་རེ། ཏེ་སཱ་རི། ཨ་ཙ་ལེ། ཨ་ར་ཎེ། ཨི་ཤ་ནེ། ཨ་རཱ་ཎི་ཏེ། ཤཱུ་རེ། བ་རཱ་གྲ། པྲཱ་པ་ཏེ། སཱ་ར་བ་ཏེ། ཆེ་གེ་མོ་ཕྱོགས་མཚམས་དང་སྟེང་འོག་རྣམས་སུ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང༌། །འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ། །གནོད་སྦྱིན་སྡེ་དཔོན་ཐམས་ཅད་དང༌། །འཕྲོག་མ་བུ་དང་བཅས་རྣམས་ཀྱང༌། །བདག་གི་མེ་ཏོག་སྤོས་རྣམས་དང༌། །གཏོར་མ་འདི་ནི་བླང་བར་མཛོད། །དེ་རྣམས་ཀྱི་ནི་བརྩོན་འགྲུས་དང༌། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང༌། །ནད་རྣམས་ཐམས་ཅད་འཇོམས་གྱུར་ཅིག །ཆེ་གེ་མོ་ཕྱོགས་མཚམས་ཐམས་ཅད་དང༌། སྟེང་དང་འོག་རྣམས་སུ་བཀྲ་ཤིས་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ཚིག་འདིས་ཀྱང་གསོལ་བ་གདབ་པར་བྱ་སྟེ། སྱཱ་དྱ་ཐེ་དན། ཨ་སྃ་གེ ཁད་ག་བ་ཏེ། བ་ལ་བ་ཏེ། བ་ལ་ནིརྒྷོ་ཥེ། ཤཱུ་རེ་ཤཱུ་ར་དྷ་རེ། བཛྲ་ག་མེ། བཛྲ་དྷ་རེ། སྟྭམྦྷེ། ཛམྦྷེ་ཌི་ཌྷ་སཱ་རེ། བི་ར་ཛེ། བི་གྷ་སེ། བ་རཱ་གྲ་པྲཱ་པ་ཏེ། ཨ་ར་ཎེ། དྷརྨ་ཡུཏྟེ། དེ་ཤི་བི་གྷུ་ཥྚེ། དེ་བཞིན་གཤེགས་པའི་མཚན་དང༌། སྟོབས་དང༌། དབང་ཕྱུག་དང༌། བྱིན་གྱིས་ཆེ་གེ་མོ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱོགས་ཕྱོགས་སུ་རོལ་མོའི་སྒྲ་ཡང་བྱའོ། །ཕྱོགས་ཀྱི་གཏོར་མ་སྟེ་ལྔ་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply