༼བ༽
༄༅། །ཕྱོགས་བཞིའི་གཏོར་མ་བཞུགས་སོ།།
༄༅། །དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་སུ་ལྷ་ཐམས་ཅད་པའི་གཏོར་མ་བྱ་བའི་རིམ་པ་ནི། དྲི་ཡི་དཀྱིལ་འཁོར་གྲུ་བཞི་པ། །མེ་ཏོག་དཀར་གསུམ་མཆོད་བྱས་ཏེ། །དྲི་དང་འབྲས་ཆན་ཀ་ར་ཞོ། །སྦྲང་རྩི་མངར་ལྡན་ཤར་སྒོར་སྦྱིན། །ཚོམ་བུའམ་ཐིག་ལེ་ཉི་ཤུ་རྩ་གསུམ་དཀྱིལ་འཁོར་གྱི་དབུས་སུ་བཀོད་ལ། རང་ཉིད་ཕྱག་ན་རྡོ་རྗེ་ལ་སོགས་པའི་ང་རྒྱལ་དང་ལྡན་པས་བཟླས་པ་ཅི་རིགས་པ་བྱ་སྟེ། མཆོད་པ་བསང་ཞིང་བྱིན་གྱིས་བརླབས་ནས། སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དང་མཚན་མ་རྣམས་གཞལ་ཡས་ཁང་དང༌། ལྷ་ཉི་ཤུ་རྩ་གསུམ་དུ་བསྐྱེད་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །པ་གདུགས་དང་ནི་པདྨ་སྦྲེལ། །རོ་ཙ་ན་དང་ཀ་རོ་བརྐྱང༌། །དཀར་པོ་བཀུག་ནས་འདྲེན་པ་ནི། །ལྷ་དང་ལྷ་མི་གྲུབ་པ་དགུག །ཨོཾ་བ་ཏ་ལཱི་མ་ཧཱ་བ་ཏ་ལཱི་ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཨོཾ་ཨ། རྒྱུ་བ་མོ་དང་རྒྱུ་ཆེན་མོ། །དེ་བཞིན་ཡི་དྭགས་རྒྱུ་བ་མོ། །ཉི་མ་ཟླ་བ་དངོས་གྲུབ་སྦྱིན། །རྟ་རྒྱལ་མོ་དང་ཟླ་རྒྱལ་མོ། །ལྷ་མོ་ཨུ་མ་གངྒཱ་མོ། །གཟུགས་མཛེས་སྐར་མ་འདུས་པ་དང༌། །གཟའ་ཚོགས་ཀུན་དང་ཚོགས་ཀྱི་གཙོ། །ཀཱརྟི་ཀཱ་དང་དཔལ་ལྷ་མོ། །ལྷ་མོ་རི་བོང་ཅན་འཛིན་མ། །ཨ་ག་ལ་དང་ཨུཏྤ་ལ། །ལྷ་མིན་ལྷ་ཡི་རྒྱལ་པོ་རྣམས། །སྦོས་མོ་དང་ནི་སྦོས་ཆེན་མོ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དངོས་གྲུབ་དོན་དུ་ཞུགས་སུ་གསོལ། །ཨོཾ་ཧཱུྃ་ཧེ་ཧོ་ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། ས་མ་ཡ་དཱི་པེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཛཿསྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་སྤྱན་དྲངས་ནས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་སོ་སོ་ལ་གདན་ཕུལ་ནས། མཆོད་པ་དང་གཏོར་མ་དབུལ་བར་བྱ་སྟེ། སོ་སོའི་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་ལྡན་པས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །རྒྱུ་བ་མོ་ལ་དབུལ་བར་བགྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བ་ཏ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། མར་མེ་དང༌། ཞལ་ཟས་དང༌། རོལ་མོ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ལ་སྦྱར་ཏེ་དབུལ་བར་བྱའོ། །དེ་ནས་སྔར་གྱི་ཕྱག་རྒྱ་ལས། སྡིགས་མཛུབ་བཀྲོལ་ནས་སེ་གོལ་བརྡབ་ཅིང༌། གཏོར་མ་དབུལ་བར་བསམས་ནས། ཨོཾ་བཀྵ་ཡ་བཀྵ་ཡ་ས་མ་ཡ་ཏིཥྛཱ་ཛཿཛྲུྃ་ཧཱུྃ་ཕྲུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་དབུལ་ལོ། །དེ་བཞིན་དུ་རྒྱུ་བ་ཆེན་མོ་ལ་དབུལ་བར་བགྱི་ཞེས་པ་དང༌། ཨོཾ་མ་ཧཱ་བ་ཏ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཡི་དྭགས་རྒྱུ་བ་མོ་ལ་དབུལ། །ཨོཾ་པྲེ་ཏ་བ་ཏ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཉི་མ་ལ་ནི་དབུལ་བར་བགྱི། །ཨོཾ་སཱུརྻཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཟླ་བ་ལ་ནི་དབུལ་བར་བགྱི། །ཨོཾ་ཙནྡྲཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། དངོས་སྒྲུབ་སྦྱིན་ལ་དབུལ་བར་བགྱི། །ཨོཾ་སིདྡྷ་དཱཏྟཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། རྟ་རྒྱལ་མོ་ལ་དབུལ་བར་བགྱི། །ཨོཾ་ཨ་ཤྭ་རཱ་ཛྙཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཟླ་རྒྱལ་མོ་ལ་དབུལ་བར་བགྱི། །ཨོཾ་སཽ་མ་རཱ་ཛྙཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཨུ་མ་ལ་ནི་དབུལ་བར་བགྱི། །ཨོཾ་ཨུ་མ་དེ་ཝཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། གངྒཱའི་ལྷ་མོ་ཉིད་ལ་དབུལ། །ཨོཾ་གངྒཱ་དེ་ཝྱཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། གཟུགས་མཛེས་མ་ལ་དབུལ་བར་བགྱི། །ཨོཾ་སུ་རཱུ་བཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། སྐར་མའི་ཚོགས་ལ་དབུལ་བར་བགྱི། །ཨོཾ་ཏཱ་རཱ་ཡཻ་སཾ་གྷཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། གཟའ་ཡི་ཚོགས་ལ་དབུལ་བར་བགྱི། །ཨོཾ་གྲ་ཧ་ན་སཾ་གྷཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཚོགས་ཀྱི་གཙོ་བོ་ཉིད་ལ་དབུལ། །ཨོཾ་ག་ཎ་པ་ཏ་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཀཱརྟི་ཀཱ་ལ་དབུལ་བར་བགྱི། །ཨོཾ་ཀཱརྟི་ཀཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། དཔལ་ལྡན་མ་ལ་དབུལ་བར་བགྱི། །ཨོཾ་ཤྲཱི་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ལྷ་མོ་རི་བོང་ཅན་ལ་དབུལ། །ཨོཾ་ཤ་ཤཱི་དེ་བྱཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཨ་ག་ལཱ་ལ་དབུལ་བར་བགྱི། །ཨོཾ་ཨ་ག་ལཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཉེ་བའི་ཨ་ག་ལཱ་ལ་དབུལ། །ཨོཾ་ཨུ་པཱ་ག་ལཱ་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ལྷ་ཡི་གཙོ་བོ་རྣམས་ལ་དབུལ། །ཨོཾ་སུ་ར་རཱཛྙཱི་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ལྷ་མིན་གཙོ་བོ་རྣམས་ལ་དབུལ། །ཨོཾ་ཨ་སུ་ར་རཱཛྙཱི་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། སྦོས་མོ་ལ་ནི་དབུལ་བར་བགྱི། །ཨོཾ་པུཀྐ་སཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཉེ་བའི་སྦོས་མོ་ཉིད་ལ་དབུལ། ཨོཾ་ཨུ་པ་པུཀྐ་སཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། དེ་ལྟར་མཆོད་པ་དང་གཏོར་མས་མཉེས་པར་བྱས་ནས། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། ཞེས་པ་ལ་སོགས་པ་རྣམས་ཀྱིས་ཕྲིན་ལས་བཅོལ་ལ། སོ་སོའི་རྒྱུད་བསྐུལ་ནས་དངོས་གྲུབ་བླང་བར་བྱ་བའི་ཕྱིར་དུ་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་བཱ་ཏ་ལཱི་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ཏ་ལཱི་ཡེ་སྭཱ་ཧཱ། ཨོཾ་པྲེ་ཏ་བ་ཏ་ལཱི་ཡེ་སྭཱ་ཧཱ། ཨོཾ་སཱུརྻཱ་ཡ་སྭཱ་ཧཱ། ཨོཾ་ཙནྡྲཱ་ཡ་སྭཱ་ཧཱ། ཨོཾ་སིདྡྷ་དཱཏྟཱ་ཡཻ་སྭཱ་ཧཱ། ཨོཾ་ཨ་ཤྭ་རཱཛྙཱི་ཡེ་སྭཱ་ཧཱ། ཨོཾ་སཽ་མ་རཱཛྙཱི་སྭཱ་ཧཱ། ཨོཾ་ཨུ་མ་དེ་བྱཻ་སྭཱ་ཧཱ། ཨོཾ་གཾ་གཱ་དེ་བྱཻ་སྭཱ་ཧཱ། ཨོཾ་སུ་རཱུ་སྱཻ་སྭཱ་ཧཱ། ཨོཾ་ཏཱ་རཱ་སཾ་གྷཱ་ཡ་སྭཱ་ཧཱ། ཨོཾ་གྲ་ཧ་ན་སཾ་གྷཱ་ཡ་སྭཱ་ཧཱ། ཨོཾ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཀཱརྟི་ཀཱ་ཡཻ་སྭཱ་ཧཱ། ཨོཾ་ཤྲི་ཡཻ་སྭཱ་ཧཱ། ཨོཾ་ཤ་ཤཱི་དེ་ཝཱི་ཡེ་སྭཱ་ཧཱ། ཨོཾ་ཨ་ག་ལཱ་ཡ་སྭཱ་ཧཱ། ཨོཾ་ཨུ་པ་ཨ་ག་ལཱ་ཡ་སྭཱ་ཧཱ། ཨོཾ་སུ་ར་རཱཛྙཻ་སྭཱ་ཧཱ། ཨོཾ་ཨ་སུ་ར་རཱཛྙེ་སྭཱ་ཧཱ། ཨོཾ་པུཀྐ་སཱི་ཡེ་སྭཱ་ཧཱ། ཨོཾ་ཨུ་པ་པུཀྐ་སཱི་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་རྣམས་རེ་རེ་ལ་ཡང་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླའོ། །སླར་ཡང་མཆོད་དེ་དངོས་གྲུབ་བླངས་ལ་བཟོད་པར་གསོལ་ནས། ཨོཾ་བ་ཏ་ལཱི་ཡེ་གཙྪ། ཞེས་ཀུན་ལ་སྦྱར་ལ་གཤེགས་སུ་གསོལ་ལོ། །རིམ་པ་འདི་ཉིད་ཀྱིས་ཐུན་གསུམ་མམ་བཞི་ལ་སོགས་པར་བཏང་ངོ༌། །ཡོངས་སུ་རྫོགས་པ་དང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །ཤིན་ཏུ་བསྡུས་ཏེ་གཏོང་བར་འདོད་ན། སྤྱན་དྲངས་པའི་ཚིགས་སུ་བཅད་པ་དང༌། སྔགས་ཀྱི་སྤྱན་དྲངས་པའི་མཐར། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ཞེས་བྱ་བའི་སྔགས་འབའ་ཞིག་གིས་ཕུལ་ནས། ཕྲིན་ལས་བཅོལ་ལ་གཤེགས་སུ་གསོལ་ལོ། །རྒྱས་པ་དང་བསྡུས་པ་གཉིས་ཆར་གྱིས་ཕྲིན་ལས་བཅོལ་བའི་མཐར་ཆོས་ཀྱི་སྦྱིན་པ་དང༌། བདེན་པའི་སྟོབས་བརྗོད་པར་བྱའོ། །ཤར་ཕྱོགས་སུ་བྱ་བ་ལྷ་ཐམས་ཅད་པའི་གཏོར་མའི་ཆོ་ག་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply