ལྷོ་ཕྱོགས་འབྱུང་པོའི་གཏོར་མ།

༼བ༽

༄༅། །ལྷོ་ཕྱོགས་འབྱུང་པོའི་གཏོར་མ་བཞུགས།།

༄༅། །དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྟབས་ཀྱིས་ལྷོར་གནས་ཏེ། །ཙནྡན་དམར་པོ་ལ་སོགས་པས། །ཕྱི་རོལ་དཀྱིལ་འཁོར་གྲུ་གསུམ་བྱ། དེར་ནི་མེ་ཏོག་དམར་པོ་དགྲམ། །ཉ་སྐམ་དང་ནི་ཤ་སྐམ་དང༌། །སྒོག་པ་བྱི་སྐུ་ཁྲག་གི་སྣོད། །ཏིལ་གྱི་ཚ་མིག་ཁུ་བ་རྣམས། །ཁྱད་པར་དུ་ནི་བདུད་རྩི་ལྔ། །རྣམ་པ་སྣ་ཚོགས་བཟའ་བ་དང༌། །སྲན་མ་ལྔ་དང་སྲན་ཆེན་གྱིས། །གང་བའི་སྣོད་ནི་མདུན་དུ་བཞག །ཚོམ་བུའམ་ཐིག་ལེ་བཞི་བཅུ་རྩ་གཅིག་དཀྱིལ་འཁོར་གྱི་དབུས་སུ་བཀོད་ལ། རང་ཉིད་ཧེ་རུ་ཀ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་བཟླས་པ་ཅི་རིགས་པར་བྱས་ལ། མཆོད་པ་དང་གཏོར་མ་བྱིན་གྱིས་བརླབས་ནས་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང༌། སྔགས་འདི་ཡིས་ནི་དགུག་པར་བྱ། ཨོཾ་བ་ཏ་ལཱི་མ་ཧཱ་བ་ཏ་ལཱི་ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབ་དང་ལམ་གྱི་ཤིང༌། །ཁྱད་པར་དུ་ནི་ཁྱིམ་སྟོང་དང༌། །སྟོང་དང་ཐང་དང་ས་སྟེང་དང༌། །ཁྱད་པར་གདོལ་པའི་ཁྱིམ་གནས་པ། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷས་བྱིན་མཉམ་དུ་བརྟེན་པ་དང༌། །ནག་པོ་གཙིགས་པ་འཇིགས་བྱེད་པ། །དགའ་བ་ལས་འདས་བགེགས་རྒྱལ་པོ། །རྒན་བྱེད་མ་དང་དྲག་མོ་དང༌། །འཇིགས་མ་ལྷ་མོ་དཀའ་ཟློག་མོ། །རྒྱལ་མོ་དང་ནི་རྣམ་རྒྱལ་མོ། །ཐུབ་མེད་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་རྣལ་འབྱོར་མ་དབང་མོ། །ཟླ་མོ་དྲག་མོ་སྡང་བ་མོ། །འཕྱང་མ་སུམ་ཅུའི་དབང་ཕྱུག་མ། །ཀཾ་བོ་ཙི་དང་མར་མེ་མ། །འོ་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་གཟུགས་མ་དང་གཟུགས་ཆེན་མ། །མཆེ་གཙིགས་མ་དང་ཐོད་ཅན་མ། །ཐོད་པའི་ཕྲེང་དང་ཐོད་ཅན་མ། །ཁ་ཊྭཱཾ་ཅན་མ་མཐུ་ཆེན་མ། །རལ་གྲི་དགྲ་སྟའི་ལག་ཅན་མ། །རྡོ་རྗེའི་ལག་པ་གཞུ་ལག་མ། །མཁའ་འགྲོ་ལྔ་ཡི་དེ་ཉིད་དང༌། །ལས་ཀུན་རྗེས་གྲུབ་བྱེད་པ་ཡི། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །རྡུལ་མེད་སྦྱོར་བ་སྐྱེ་མེད་མ། །རྡོ་རྗེ་དབང་ཕྱུག་མ་བཀའ་ཡིས། །ཐམས་ཅད་ཐམས་ཅད་འོང་བར་བྱོས། །ཨོཾ་ཀཀྐ་ཀ་ད་ན་བ། བ་བནྡྷ་ན། ཁ་ཁ་ཁ་ད་ན། སརྦ་དུཥྚཱ་ནཱཾ། ཧ་ན་ཧ་ན། གྷ་ཏ་ཡ་སརྦ་བྷཱུ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛཿསྭཱ་ཧཱ། ཞེས་བྱ་བ་གསུམ་གྱིས་སྤྱན་དྲངས་ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ་ལ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་སོ་སོ་ལ་གདན་ཕུལ་ནས། སོ་སོ་ལ་མཆོད་པ་དང༌། གཏོར་མ་དབུལ་བར་བྱ་སྟེ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །དྲག་པོ་ནག་པོ་ཉིད་ལ་དབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཀྲྀཥྞ་རུ་དྲཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། མར་མེ་དང༌། ཞལ་ཟས་དང༌། རོལ་མོ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ལ་སྦྱར་ཏེ་དབུལ་བར་བྱའོ། །ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅིངས་ཏེ། མཛུབ་མོ་གཉིས་ལུ་གུ་རྒྱུད་བྱས་ལ། ཨོཾ་ཏིཥྛཱ་བྷཀྵ་ཡ་བྷཀྵ་ཡ་ཕཊ་ཛཿསྭཱ་ཧཱ། ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་དབུལ་ལོ། །དེ་བཞིན་དུ། དྲག་ཆེན་མོ་ལ་དབུལ་བར་བགྱི། །ཨོཾ་མ་ཧཱ་རུ་དྲཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ལྷས་བྱིན་མཉམ་དུ་བརྟེན་ལ་དབུལ། །ཨོཾ་དེ་ཝཱ་དཱཏྟ་ས་མཱ་ཤྲི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ནག་པོ་ལ་ནི་དབུལ་བར་བགྱི། །ཨོཾ་ཀྲྀཥྞཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གཙིགས་པ་ལ་ནི་དབུལ་བར་བགྱི། །ཨོཾ་ཨ་ཀཱ་རཱ་ལཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། འཇིགས་བྱེད་ལ་ནི་དབུལ་བར་བགྱི། །ཨོཾ་བི་བྷཏྶཱ་ཡ་གྲྀཧྞེ་དཾ་ཨིརྒྷཾ་སྭཱ་ཧཱ། དགའ་བ་ལས་འདས་ཉིད་ལ་དབུལ། །ཨོཾ་ནནྟེ་ཏཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། བགེགས་རྒྱལ་པོ་ལ་དབུལ་བར་བགྱི། །ཨོཾ་བི་ནཱ་ཡ་ཀཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། རྒན་བྱེད་མ་ལ་དབུལ་བར་བགྱི། །ཨོཾ་ཙ་མུཎྜཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དྲག་མོ་ལ་ནི་དབུལ་བར་བགྱི། །ཨོཾ་གཽ་རཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། འཇིགས་མ་ལ་ནི་དབུལ་བར་བགྱི། །ཨོཾ་བི་བྷཏྶཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ལྷ་མོ་དཀའ་ཟློག་མ་ལ་དབུལ་བར་བགྱི། །ཨོཾ་ཨུ་མ་དེ་ཝཱི་ཙ་མཱ་ཏ་རཱ་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། རྒྱལ་མོ་ལ་ནི་དབུལ་བར་བགྱི། །ཨོཾ་ཛ་ཡཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། རྣམ་རྒྱལ་མོ་ལ་དབུལ་བར་བགྱི། །ཨོཾ་བི་ཛ་ཡཱཉྩེ་བཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཐུབ་མེད་ལ་ནི་དབུལ་བར་བགྱི། །ཨོཾ་ཨ་ཛཱི་ཏཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གཞན་གྱིས་མི་ཐུབ་མ་ལ་དབུལ། །ཨོཾ་ཨ་པ་རཱ་ཛཱི་ཏཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ནག་མོ་བཟང་མོ་ཉིད་ལ་དབུལ། །ཨོཾ་བྷ་དྲ་ཀཱ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ནག་ཆེན་མོ་ལ་དབུལ་བར་བགྱི། །ཨོཾ་མ་ཧཱ་ཀཱ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ནག་སྦོམ་ལ་ནི་དབུལ་བར་བགྱི། །ཨོཾ་སྠཱུ་ལ་ཀཱ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། རྣལ་འབྱོར་དབང་ཕྱུག་མ་ལ་དབུལ། །ཨོཾ་ཛོ་ཀི་ནཱིནྡྲཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཟླ་མོ་ལ་ནི་དབུལ་བར་བགྱི། །ཨོཾ་ཙནྡྲཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དྲག་མོ་ལ་ནི་དབུལ་བར་བགྱི། །ཨོཾ་གཽ་རཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། སྡང་མོ་ལ་ནི་དབུལ་བར་བགྱི། །ཨོཾ་དུཥྚཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། འཕྱང་མ་ལ་ནི་དབུལ་བར་བགྱི། །ཨོཾ་ལམྦ་ཀཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། སུམ་ཅུའི་དབང་ཕྱུག་མ་ལ་དབུལ། །ཨོཾ་ཏྲིཾ་ཤ་ཏ་ཤྭ་རཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཀཾ་པོ་ཙི་ལ་དབུལ་བར་བགྱི། །ཨོཾ་ཀཾ་པོ་ཙཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། མར་མེ་མ་ལ་དབུལ་བར་བགྱི། །ཨོཾ་དཱི་པཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། འོ་བྱེད་མ་ལ་དབུལ་བར་བགྱི། །ཨོཾ་ཙུཾ་བི་ནྱཱ་གྲ་མཱ་ཝསྠཱི་ཏ་ཡོ་གི་ནཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དྲག་གཟུགས་མ་ལ་དབུལ་བར་བགྱི། །ཨོཾ་གཽ་རཱི་རཱུ་པཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གཟུགས་ཅན་མ་ལ་དབུལ་བར་བགྱི། །ཨོཾ་མ་ཧཱ་རཱུ་པཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། མཆེ་གཙིགས་མ་ལ་དབུལ་བར་བགྱི། །ཨོཾ་དཾཥྚཱ་ཀ་རཱ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཐོད་ཅན་མ་ལ་དབུལ་བར་བགྱི། །ཨོཾ་ཀ་པཱ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཐོད་པའི་ཕྲེང་ལ་དབུལ་བར་བགྱི། །ཨོཾ་ཀ་པཱ་ལི་མཱ་ལི་ནཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཕྲེང་བ་ཅན་ལ་དབུལ་བར་བགྱི། །ཨོཾ་མཱ་ལེ་ནཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཁ་ཊྭཱཾ་ཅན་མ་ཉིད་ལ་དབུལ། །ཨོཾ་ཁ་ཊྭཱཾ་ག་ནཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། མཐུ་ཆེན་མོ་ལ་དབུལ་བར་བགྱི། །ཨོཾ་མ་ཧཱ་དྷི་ཀ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། རལ་གྲིའི་ལག་ཅན་མ་ལ་དབུལ། །ཨོཾ་ཁཌྒ་ཧསྟི་ནཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། །དགྲ་སྟའི་ལག་པ་ཅན་ལ་དབུལ། །ཨོཾ་པ་ར་ཤུ་ཧསྟི་ནཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། རྡོ་རྗེའི་ལག་ཅན་མ་ལ་དབུལ། །ཨོཾ་བཛྲ་ཧསྟི་ནཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གཞུ་ལག་མ་ལ་དབུལ་བར་བགྱི། །ཨོཾ་དྷ་ནུ་ཧསྟི་ནཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཞེས་པ་ལ་སོགས་པ་རྣམས་ཀྱིས་མཆོད་དོ། །དེ་ནས་མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །ཞེས་པ་རྣམས་ཀྱིས་ཕྲིན་ལས་བཅོལ་ལ། སོ་སོའི་རྒྱུད་བསྐུལ་ནས་དངོས་གྲུབ་བླང་བའི་ཕྱིར་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་ཀྲྀཥྞ་རུ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་མ་ཧཱ་རུ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་དེ་བ་དཱཏྟཱ་ས་མཱ་ཤྲི་ཡེ་སྭཱ་ཧཱ། ཨོཾ་ཀྲྀཥྞ་ཡེ་སྭཱ་ཧཱ། ཨོཾ་ཨ་ཀ་རཱ་ལཱ་ཡ་སྭཱ་ཧཱ། ཨོཾ་བྷཏྶཱ་ཡ་སྭཱ་ཧཱ། ཨོཾ་ནནྡེ་ཏཱ་ཡ་སྭཱ་ཧཱ། ཨོཾ་བི་ནཱ་ཡ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཙ་མུཎྜཱི་ཡེ་སྭཱ་ཧཱ། ཨོཾ་གཽ་རཱི་ཡེ་སྭཱ་ཧཱ། ཨོཾ་བི་བྷཏྶཱ་ཡཻ་སྭཱ་ཧཱ། ཨོཾ་ཨུ་མ་ད་བཱི་ཙ་མཱ་ཏ་རཱ་ཡེ་སྭཱ་ཧཱ། ཨོཾ་ཛཱ་ཡཱ་ཡཻ་སྭཱ་ཧཱ། ཨོཾ་བི་ཛཱ་ཡཉྩཻ་བཱ་ཡ་སྭཱ་ཧཱ། ཨོཾ་ཨ་ཛཱི་ཏཱ་ཡཻ་སྭཱ་ཧཱ། ཨོཾ་ཨ་པ་རཱ་ཛཱི་ཏཱ་ཡཻ་སྭཱ་ཧཱ། ཨོཾ་བྷ་དྲ་ཀཱ་ལཱི་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལཱི་ཡེ་སྭཱ་ཧཱ། ཨོཾ་སྠཱུ་ལ་ཀཱ་ལཱི་ཡེ་སྭཱ་ཧཱ། ཨོཾ་ཛོ་གི་ནཱིནྡྲཱ་ཡེ་སྭཱ་ཧཱ། ཨོཾ་ཙནྡྲཱི་ཡེ་སྭཱ་ཧཱ། ཨོཾ་གཽ་རཱི་ཡེ་སྭཱ་ཧཱ། ཨོཾ་དཱུཥྚཱ་ཡཻ་སྭཱ་ཧཱ། ཨོཾ་ལཾ་བ་ཀཱི་ཡེ་སྭཱ་ཧཱ། ཨོཾ་ཏྲཱིཾ་ཤ་ཏ་ཤྭ་རཱི་ཡེ་སྭཱ་ཧཱ། ཨོཾ་ཀཾ་པོ་ཙཱི་ཡེ་སྭཱ་ཧཱ། ཨོཾ་དཱི་པཱི་ཡཻ་སྭཱ་ཧཱ། ཨོཾ་ཙུཾ་པི་ནྱཱ་གྲ་མ་བསྠཱི་ཏ་ཡོ་གི་ནཱི་ཡེ་སྭཱ་ཧཱ། ཨོཾ་གཽ་རཱི་རཱུ་པཱི་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་རཱུ་པཱི་ཡེ་སྭཱ་ཧཱ། ཨོཾ་དཾཥྚཱ་ཀ་རཱི་ལཱི་ཡེ་སྭཱ་ཧཱ། ཨོཾ་ཀ་པཱ་ལི་ཡེ་སྭཱ་ཧཱ། ཨོཾ་ཀ་པཱ་ལ་མཱ་ལི་ནཱི་ཡེ་སྭཱ་ཧཱ། ཨོཾ་མཱ་ལི་ནཱི་ཡེ་སྭཱ་ཧཱ། ཨོཾ་ཁ་ཊྭཱཾ་ག་ནཱི་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་དྷི་ཀཱ་ཡཻ་སྭཱ་ཧཱ། ཨོཾ་ཁཌྒ་སྟི་ནཱི་ཡེ་སྭཱ་ཧཱ། ཨོཾ་བ་ར་ཤུ་ཧསྟི་ནཱི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཧསྟི་ནཱི་ཡེ་སྭཱ་ཧཱ། ཨོཾ་དྷ་ནུ་ཧསྟི་ནཱི་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་རྣམས་རེ་རེ་ལའང་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླའོ། །སླར་ཡང་མཆོད་དེ་དངོས་གྲུབ་བླངས་ལ་བཟོད་པར་གསོལ་ནས། ཨོཾ་ཀྲྀཥྞ་རུ་དྲཱ་གཙྪ། ཞེས་ཀུན་ལ་སྦྱར་ཏེ་གཤེགས་སུ་གསོལ། རིམ་པ་འདི་ཉིད་ཀྱིས་ཐུན་གསུམ་མམ་བཞི་ལ་སོགས་པར་གཏོང་ངོ༌། །ཡོངས་སུ་རྫོགས་པ་དང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །ཤིན་ཏུ་བསྡུས་ཏེ་གཏོང་བར་འདོད་ན། སྤྱན་འདྲེན་པའི་ཚིགས་སུ་བཅད་པ་དང༌། སྔགས་ཀྱིས་སྤྱན་དྲངས་པའི་མཐར། ཨོཾ་ཏིསྟྭ་ཧཱུྃ་ཞེས་པ་ལ་སོགས་པ་འབའ་ཞིག་གིས་ཕུལ་ནས་ཕྲིན་ལས་བཅོལ་ལ་གཤེགས་སུ་གསོལ། རྒྱས་པ་དང་བསྡུས་པ་གཉིས་ཆར་གྱིས་ཕྲིན་ལས་བཅོལ་བའི་མཐར། ཆོས་ཀྱི་སྦྱིན་པ་དང་བདེན་པའི་སྟོབས་བརྗོད་པར་བྱའོ། །ལྷོ་ཕྱོགས་སུ་བྱ་བ་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*