བྱང་ཕྱོགས་གནོད་སྦྱིན་གྱི་གཏོར་མ།

༼བ༽

༄༅། །བྱང་ཕྱོགས་གནོད་སྦྱིན་གྱི་གཏོར་མ་བཞུགས།།

༄༅། །དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བྱང་དུ་དཀྱིལ་འཁོར་གྲུ་གསུམ་པ། །ཙནྡན་དམར་པོ་ལ་སོགས་བྱ། །མེ་ཏོག་དམར་སོགས་ཉེ་བར་བརྒྱན། །སཱ་ལུའི་འབྲས་ཆན་སྦྲང་རྩི་ཞོ། །བདུད་རྩི་ལྔ་ལྡན་སྣོད་གསུམ་བཞག །ཐིག་ལེའམ་ཚོམ་བུ་ཉི་ཤུ་རྩ་ལྔ་དཀྱིལ་འཁོར་གྱི་དབུས་སུ་བཀོད་ལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ང་རྒྱལ་དང་ལྡན་པས་བཟླས་པ་ཅི་རིགས་པ་བྱས་ཏེ། མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ནས། སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དང་མཚན་མ་རྣམས་ལ་གཞལ་ཡས་ཁང་དང༌། གནོད་སྦྱིན་གྱི་གཙོ་བོ་དང༌། གཙོ་མོ་ཉི་ཤུ་རྩ་ལྔར་བསྐྱེད་ལ། འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང༌། །སྔགས་འདི་ཡིས་ནི་དགུག་པར་བྱ། །ནོར་བུ་བཟང་དང་གང་བ་བཟང༌། །བདེ་བ་བཟང་དང་རྒྱལ་བ་བཟང༌། །དགའ་བའི་ཕུར་བུ་ཕུར་ཆེན་པོ། །ཕུར་བུ་བཟང་དང་པདྨའི་གཙུག །དུང་གི་གཙུག་ཕུད་གར་དང་ནི། །གར་ཆེན་དང་ནི་འབིགས་བྱེད་མ། །གཅོད་པ་མ་དང་རྫོགས་བྱེད་མ། །ནོར་དང་ནོར་ཀུན་ནོར་བཟང་མོ། །གཟུགས་བཟང་རོལ་དང་རོལ་ཆེན་མོ། །བཞད་དང་རྩེ་དང་རྣམ་པར་སྤྱོད། །དཔལ་བཟང་དང་ནི་གཟུགས་མཛེས་མོ། །རྡོ་རྗེ་དབང་ཕྱུག་བཀའ་འདི་ཡིས། །གནོད་སྦྱིན་གནོད་སྦྱིན་མོ་སྤྱན་འདྲེན། །ཧཱུྃ་ཧེ་ཧོ་ཨཱ་ཀརྵ་ཡ་ས་མ་ཡ་དཱི་པེ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཞེས་པ་དང༌། ཨོཾ་ཡཀྵ་ཡཀྵི་ནི་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཞེས་ལན་གསུམ་གྱིས་སྤྱན་དྲངས་ནས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ་ལ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་སོ་སོ་ལ་གདན་ཕུལ་ནས་སོ་སོ་ལ་མཆོད་པ་དང་གཏོར་མ་དབུལ་བར་བྱ་སྟེ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ནོར་བུ་བཟང་ལ་དབུལ་བར་བགྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བ་སུ་བྷ་དྲཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་མེ་ཏོག་དང༌། སྤོས་དང༌། དྲི་དང༌། མར་མེ་དང༌། ཞལ་ཟས་དང༌། རོལ་མོ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་རྣམས་ལ་སྦྱར་ཏེ་དབུལ་བར་བྱའོ། །རྡོ་རྗེ་བཅིངས་བསྐོར་སྙིང་གར་བཞག །སྔགས་འདིས་མཉེས་པར་བྱས་ལ་གཏོང༌། །ཨོཾ་དྷཱ་ནཱ་དྷི་པ་ཏ་ཡེ་བ་ཏ་ལི་ཕྲུཾ་སྭཱ་ཧཱ། ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་དབུལ་ལོ། །དེ་བཞིན་དུ། གང་བ་བཟང་ལ་དབུལ་བར་བགྱི། །ཨོཾ་པཱུརྞ་བྷ་དྲཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། བདེ་བ་བཟང་ལ་དབུལ་བར་བགྱི། །ཨོཾ་སུ་བྷ་དྲཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། རྒྱལ་བ་བཟང་ལ་དབུལ་བར་བགྱི། །ཨོཾ་ཛ་ཡ་བྷ་དྲཱ་ཡ་གྲྀཧྞེ་ད་ཨརྒྷཾ་སྭཱ་ཧཱ། དགའ་བའི་ཕུར་བུ་ཉིད་ལ་དབུལ། །ཨོཾ་ནནྡ་ཀཱི་ལཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཕུར་བུ་ཆེན་མོ་ཉིད་ལ་དབུལ། །ཨོཾ་མ་ཧཱ་ཀཱི་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ཕུར་བུ་བཟང་ལ་དབུལ་བར་བགྱི། །ཨོཾ་སུ་ཀཱི་ལཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། པདྨའི་གཙུག་ལ་དབུལ་བར་བགྱི། །ཨོཾ་པདྨ་ཤི་ཁ་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དུང་གི་གཙུག་ཕུད་ཉིད་ལ་དབུལ། །ཨོཾ་ཤཾ་ཁ་ཤི་ཁ་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་གར་གྱི་གཙོ་ལ་དབུལ། །ཨོཾ་ནི་ཌ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་གར་ཆེན་ཉིད་ལ་དབུལ། །ཨོཾ་མ་ཧཱ་ནི་ཌ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་འབིགས་བྱེད་མ་ལ་དབུལ། །ཨོཾ་དྷིནྡ་ནཱི་ཡེ་གྲྀཧྞེ་དཾ་ཨཱརྒྷཾ་སྭཱ་ཧཱ། གནོད་སྦྱིན་གཅོད་པ་མ་ལ་དབུལ། །ཨོཾ་ཙྪེ་ད་ནཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་རྫོགས་བྱེད་མ་ལ་དབུལ། །ཨོཾ་པཱུ་ར་ཎཱ་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་ནོར་ལ་དབུལ་བར་བགྱི། །ཨོཾ་དྷཱ་ནཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ནོར་ཀུན་ལ་ནི་དབུལ་བར་བགྱི། །ཨོཾ་དྷ་ན་དཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། ནོར་བཟང་མོ་ལ་དབུལ་བར་བགྱི། །ཨོཾ་སུ་དྷཱ་ནཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་གཟུགས་བཟང་ཉིད་ལ་དབུལ་བར་བགྱི། །ཨོཾ་སུ་རཱུ་པཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་རོལ་པ་མོ་ལ་དབུལ། །ཨོཾ་ཀེ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་རོལ་ཆེན་མོ་ལ་དབུལ། །ཨོཾ་མ་ཧཱ་ཀེ་ལཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་བཞད་པ་མོ་ལ་དབུལ། །ཨོཾ་ཧ་སི་ཏཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གནོད་སྦྱིན་རྩེ་བ་མོ་ལ་དབུལ། །ཨོཾ་ཀྲྀ་ཏི་ཏཱ་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། རྣམ་པར་བསྐྱོད་ལ་དབུལ་བར་བགྱི། །ཨོཾ་བིཀྵོ་ཏ་བྷཱ་ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དཔལ་བཟང་ལ་ནི་དབུལ་བར་བགྱི། །ཨོཾ་སུ་ཤྲཱི་ཡཻ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། གཟུགས་མཛེས་མ་ལ་དབུལ་བར་བགྱི། །ཨོཾ་རཱུ་པ་ཀནྟཱི་ཡེ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། དེ་ལྟར་མཆོད་པ་དང་གཏོར་མས་མཉེས་པར་བྱས་ནས། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། ཞེས་པ་རྣམས་ཀྱིས་ཕྲིན་ལས་བཅོལ་ལ། སོ་སོའི་རྒྱུད་བསྐུལ་ནས་དངོས་གྲུབ་བསླང་བའི་ཕྱིར་རིག་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་བཱ་སུ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དཱ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨོཾ་པཱུ་རྞཎ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཛ་ཡ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ནནྡ་ཀཱི་ལཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱི་ལཱ་ཡ་སྭཱ་ཧཱ། ཨོཾ་སུ་ཀཱི་ལཱ་ཡ་སྭཱ་ཧཱ། ཨོཾ་པདྨ་ཤི་ཁ་ཡེ་སྭཱ་ཧཱ། ཨོཾ་ཤཾ་ཁ་ཤི་ཁ་ཡེ་སྭཱ་ཧཱ། ཨོཾ་ནི་ཌཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་ནི་ཌཱ་ཡ་སྭཱ་ཧཱ། ཨོཾ་བྷིནྡ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཙྪི་ད་ནཱི་ཡེ་སྭཱ་ཧཱ། ཨོཾ་སཱུ་ར་ཎཱི་ཡེ་སྭཱ་ཧཱ། ཨོཾ་དྷཱ་ནཱ་ཡ་སྭཱ་ཧཱ། ཨོཾ་དྷཱ་ན་དཱ་ཡ་སྭཱ་ཧཱ། ཨོཾ་སུ་དྷཱ་ནཱ་ཡཻ་སྭཱ་ཧཱ། ཨོཾ་སཱུ་རཱུ་པ་ཡེ་སྭཱ་ཧཱ། ཨོཾ་ཀེ་ལཱི་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་ཀེ་ལཱི་ཡེ་སྭཱ་ཧཱ། ཨོཾ་ཧཱ་སི་ཏཱ་ཡཻ་སྭཱ་ཧཱ། ཨོཾ་ཀྲྀ་ཌི་ཏཱ་ཡཻ་སྭཱ་ཧཱ། ཨོཾ་བི་ཀྵོ་བྷཱ་ཡ་སྭཱ་ཧཱ། ཨོཾ་སུ་ཤྲི་ཡེ་སྭཱ་ཧཱ། ཨོཾ་རཱུ་པ་ཀནྟཱི་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་རྣམས་རེ་རེ་ལའང་བརྒྱ་རྩ་བརྒྱད་ལ་སོགས་པར་བཟླའོ། །སླར་ཡང་མཆོད་དེ་དངོས་གྲུབ་བླངས་ནས་བཟོད་པར་གསོལ་ལོ། །ཨོཾ་བ་སུ་བྷ་དྲ་གཙྪ། ཞེས་ཀུན་ལ་སྦྱར་ཏེ་གཤེགས་སུ་གསོལ་ལོ། །རིམ་པ་འདི་ཉིད་ཀྱིས་ཐུན་གསུམ་མམ་བཞི་ལ་སོགས་པར་གཏོང་ངོ༌། །ཡོངས་སུ་རྫོགས་པ་དང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །ཤིན་ཏུ་བསྡུས་ཏེ་གཏོང་བར་འདོད་ན། སྤྱན་འདྲེན་པའི་ཚིགས་སུ་བཅད་པ་དང༌། སྔགས་ཀྱིས་སྤྱན་དྲངས་པའི་མཐར། ཨོཾ་དྷཱ་ནཱ་དྷི་པ་ཏ་ཡེ་ལ་སོགས་པའི་སྔགས་འབའ་ཞིག་གིས་ཕུལ་ནས་ཕྲིན་ལས་བཅོལ་ལ་གཤེགས་སུ་གསོལ། རྒྱས་པ་དང་བསྡུས་པ་གཉིས་ཆར་གྱིས་ཕྲིན་ལས་བཅོལ་པའི་མཐར་ཆོས་ཀྱི་སྦྱིན་པ་དང༌། བདེན་པའི་སྟོབས་བརྗོད་པར་བྱའོ། །བྱང་ཕྱོགས་སུ་བྱ་བ་གནོད་སྦྱིན་ཐམས་ཅད་པའི་གཏོར་མའི་ཆོ་ག་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*