དགེ་སློང་ནག་པོ་ཞབས། ཟླ་བ་གྲགས་པ། བྲམ་ཟེ་དཔལ་འཛིན། དཔའ་བོ་རྡོ་རྗེ། འབྲོག་མི་མན་ལམ་འབྲས་དང་འདྲའོ། །གཏུམ་མོ་ལམ་རྫོགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་དྲིལ་བུ་པ། རུས་སྦལ་ཞབས་ཅན། ཛ་ལན་དྷ་ར་པ། ནག་པོ་སྤྱོད་པ། ཤྲཱི་དྷ་ར། ག་ཡ་དྷ་ར། འབྲོག་མི་མན་འདྲའོ། །ཡོན་པོ་སྲོང་བའི་བརྒྱུད་པའང་དེ་དང་འདྲའོ། །ཨིནྡྲ་བྷཱུ་ཏིའི་ལམ་གྱི་བརྒྱུད་པ་ནི། དང་པོ་དཔལ་བདེ་བའི་ཞལ་སྔ་ནས། །དེ་བཞིན་དུའང་ཚངས་པ་དང༌། །བྲམ་ཟེ་མོ་ནི་རྡོ་རྗེ་གྲུབ། །དེ་ནས་ཤྲཱི་བཛྲ་བྷཱུ་ཏི་རྒྱལ། །དེའི་སློབ་དཔོན་དེའི་ཕྱི་མ། །གོས་བྲལ་ཞལ་སྔ་དེ་བཞིན་ནོ། །དཔལ་ལྡན་ཛྙཱ་ན་བྷཱུ་ཏི་རྒྱལ། །དེ་བཞིན་ཤྲཱི་ཡོ་བྷཱུ་ཏི་དང༌། །སློབ་དཔོན་པདྨ་བཛྲ་དང༌། །ཌོམྦྷིའི་ཞལ་སྔ་དེ་བཞིན་ནོ། །ཡན་ལག་བར་མ་དཔལ་ལྷ་མོ། བུང་བའི་པདྨ་དེ་བཞིན་ནོ། །དུར་ཁྲོད་དུ་ནི་ཀི་ལར་བཞུགས། །ལྷ་ལྕམ་ལེགས་སྨིན་དེ་བཞིན་ནོ། །བདག་ཀྱང་དང་པོ་གྲུབ་པ་ཡིན། །ཅེས་པ་ལྟར། རྡོ་རྗེ་འཆང༌། དཔལ་བདེ་བ་ཆེན་པོ། ཨིནྡྲ་བྷཱུ་ཏི། དཔལ་ཚངས་པའི་ཞབས། བྲམ་ཟེ་མོ་གྲུབ་པའི་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་བར་པ། སློབ་དཔོན་ཨུ་པ་མའི་ཞབས། སློབ་དཔོན་གོས་བྲལ་ཞབས། རྒྱལ་པོ་ཛྙཱ་ན་བྷཱུ་ཏི། ཤྲཱི་ཡོ་བྷཱུ་ཏི། སློབ་དཔོན་པདྨ་བཛྲ། ཌོམྦྷི་ཧེ་རུ་ཀ ཡན་ལག་བར་མའི་ཞབས། ལྷ་མོ་བུང་བའི་པདྨ། ལྕམ་ལེགས་སྨིན། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆུང་བ། དེའི་སློབ་མ་བྲམ་ཟེ་རིན་ཆེན་རྡོ་རྗེ། དེ་ལས་ཁ་ཆེ་ཤེས་རབ་གསང་བས་གསན། དེ་ལས་འབྲོག་མིས་ཏེ། དེ་མན་འདྲའོ། །ཉེ་བརྒྱུད་ནི། རྡོ་རྗེ་འཆང༌། ཨིནྡྲ་བྷཱུ་ཏི་ཆེ་བ། ལྕམ་ལེགས་སྨིན། ཤེས་རབ་གསང་བའོ། །པདྨ་བཛྲའི་ལམ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བི་མ་ལ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། རྗེ་ག་ཡ་དྷ་ར་མན་འདྲའོ། །ཌོམྦྷི་པའི་ལྷན་ཅིག་སྐྱེས་གྲུབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཌོམྦྷི་པ། ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་མན་སྔར་དང་འདྲའོ། །ཡང་ཌོམྦྷི་ཧེ་རུ་ཀའི་བྱིན་རླབས། ཉིན་སྲུང༌། མཚན་སྲུང༌། སྔགས་ཀྱི་བཟླས་ལུང་དང་བཅས་པའི་བརྒྱུད་པ་ནི། ལྷན་ཅིག་སྐྱེས་གྲུབ་དང་འདྲ་བ་ལས། ཆོས་རྗེ་པ། འཕགས་པ། པཎྜི་ཏ་རྡོ་རྗེ་ཤེས་རབ། བསོད་ནམས་འབུམ། བག་སྟོན་གཞོན་ཚུལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་བུདྡྷ་ཤྲཱི། དེས་བདག་ལའོ། །གསུམ་པ་ཞར་བྱུང་གི་མན་ངག་ལ། དག་པ་གསུམ་གྱི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦྷི་པ་ནས་ལྷན་ཅིག་སྐྱེས་གྲུབ་དང་འདྲ་བ་ལས། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། ཆོས་རྗེ་བྲག་ཕུག་པ། ཆོས་རྗེ་རྣམ་གཉིས། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། ཆོས་རྗེ་རྣམ་གཉིས། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཏིང་ངེ་འཛིན་གྱི་དབང་གི་བརྒྱུད་པ་ནི། པཎྜི་ཏ་རིན་ཆེན་རྡོ་རྗེ་ནས་བརྒྱུད་རྒྱས་པར་མ་དྲན་གསུངས། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། རྟེན་འབྲེལ་བསྲུང་བའི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྗེ་བཙུན་པ་ཡན་ལམ་འབྲས་དང་འདྲ། དེ་ནས་དཀར་ཤཱཀྱ་གྲགས། སློབ་དཔོན་རིན་པོ་ཆེ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཤཱནྟི་པའི་མདོ་རྒྱུད་བསྲེ་བ། ཛྙཱ་ན་ཤྲཱི། ཤེས་རབ་འབྱུང་གནས་སྦས་པ། རིན་ཆེན་རྡོ་རྗེ་གསུམ་གྱི་བར་ཆད་གསུམ་སེལ། ངག་དབང་གྲགས་པའི་གཉུག་མ་དྲན་གསལ། ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ་ཏེ། སྒོ་དྲུག་ཆོས་འབྲེལ་དུ་གྲགས་པའི་བརྒྱུད་པ་ནི། ཤཱནྟི་པ། ཛྙཱ་ན་ཤྲཱི། ཤེས་རབ་འབྱུང་གནས་སྦས་པ། རིན་ཆེན་རྡོ་རྗེ། ངག་དབང་གྲགས་པ། ནཱ་རོ་པ། དེ་སོ་སོ་ལས་འབྲོག་མིས་གསན་ལ། དེ་ལས་བར་ཆད་གསུམ་སེལ། འབྲོག་མིས་སེ་རོག་གཉིས་ལ། དེས་གཉེས་ལ། ཡེར་པ་སྒོམ་སེང༌། གྲུབ་ཐོབ་ལྷ་འབར། ཁ་རག་སྒོམ་པ། ལུང་ཕུ་བ། བཀྲས་ལུང་པ། མཁས་གྲུབ་ཆོས་རྗེ། ཞང་བྱང་ཤེ། ཆོས་རྗེ་བླ་མ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་བུདྡྷ་ཤྲཱི། དེས་བདག་ལའོ། །གཉུག་མ་དྲན་གསལ་གྱི་བརྒྱུད་པ་ནི། སྒྲོལ་མ། ངག་དབང་གྲགས་པ། འབྲོག་མི། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ཤངས་པ། ས་ཆེན། རྗེ་བཙུན་པ། ཆོས་རྗེ་པ། ལུང་ཕུ་བ་མན་གོང་བཞིན་ནོ། །སྡུག་བསྔལ་གསུམ་སེལ་གྱི་བརྒྱུད་པ་ནི། ནཱ་རོ་པ། འབྲོག་མི། མངའ་རིས་པ། སྒྱི་ཆུ་བ། ས་ཆེན་མན་འདྲའོ། །མདོ་རྒྱུད་བསྲེ་བའི་བརྒྱུད་པ་ནི། ཤཱནྟི་པ། འབྲོག་མི། སེ་མཁར་ཆུང་བ། ས་ཆེན་མན་འདྲ། གཅེས་བསྡུས་རྒྱས་པའི་བརྒྱུད་པ་ནི། རྗེ་ས་ཆེན། རྗེ་བཙུན་སྐུ་མཆེད། ཆོས་རྗེ་པ། ཆོས་ཀྱི་རྒྱལ་པོ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན་མན་འདྲ། བིརྺ་པའི་མན་ངག་དུག་བཅོས་པ། དྲང་སྲོང་བཅོས་པ། ཁྱི་སྨྱོན་བཅོས་པ། གཉན་བཅོས་པ་སྟེ། མན་ངག་ཟུ་ལུམ་མར་གྲགས་པ་དང༌། འཆི་མེད་ཀྱི་གཞུང༌། གོ་ཆ་ལྔ་སྲུང༌། དབྱུག་པའི་རྩ་བ་གུ་ཎ་མི་ཏྲས་མཛད་པ། གེགས་སེལ་གྱི་འཁྲུལ་འཁོར་བཞི། གླན་གྱི་གེགས་སེལ། ཏི་ཕུ་པའི་འཁྲུལ་འཁོར་ཉི་ཤུ་པ། ས་ར་ཧའི་བརྒྱད་རྣམས་ལེགས་པར་ཐོས་སོ། །འཆི་མེད་གྲུབ་པའི་གཞུང་དཔལ་བིརྺ་པས་མཛད་པ་མན་ངག་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྣལ་འབྱོར་མ། བིརྺ་པ། བྲམ་ཟེ་ཟླ་བ་ནག་པོ། དུར་ཁྲོད་ནག་པོ། འབྲོམ་སྟོན། རིན་པོ་ཆེ་སྟོན་ཡེ། གཉགས་ཤེས་རབ་འོད་ཟེར། སྤང་པོར་ཞང་སྟོན། བླ་མ་རིན་ཆེན་འོད། ཀུན་སྤངས་ཀུན་ཏུ་བཟང་པོ། བླ་མ་རིན་ཆེན་དཔལ་བཟང་པོ། འགྲོ་མགོན་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །དབྱུག་པའི་གཞུང་གུ་ཎ་མི་ཏྲས་མཛད་པ། མན་ངག་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། གུ་ཎ་མི་ཏྲ། ཨཱ་ཙརྻ་པྲཛྙཱ་བཛྲ། བཀྲས་ལུང་པ། གཞོན་ནུ་གྲུབ། ཞང་བྱང་ཤེ། འགྲོ་མགོན་བསོད་ནམས་རྒྱལ་མཚན་མན་འདྲ། བིརྺ་པའི་མན་ངག་ཟུ་ལུམ་སྐོར་གྱི་བརྒྱུད་པ་ནི། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །བརྒྱུད་པ་གོང་མ་རྣམས་ལམ་འབྲས་དང་འདྲ་བྱ་བ་དཔེ་ཁ་ཅིག་ལ་སྣང་ཡང༌། བིརྺ་པ་ནས། དམ་པ་རྒྱ་གར་དུ་བརྒྱུད་པའི་མན་ངག་ཏུ་སྣང་ངོ༌། །ཡང་དེ་ཉིད་ལས་གསང་འདུས་མི་བསྐྱོད་རྡོ་རྗེའི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ཀླུ་ལས་བྱུང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ། རྒྱལ་པོ་བི་སུ་ཀལྤ། ས་ར་ཧ། སློབ་དཔོན་ཀླུ་སྒྲུབ། ཨཱརྻ་དེ་ཝ། ཟླ་གྲགས། སློབ་པའི་རྡོ་རྗེ། སྤྱོད་པ་པ། ས་འདྲེས་པ། དེས་དཔལ་སྦས། བཱིརྻ་བྷ་དྲ། དེ་བ་ཨཱ་ཀ་ར་རྣམས་ལ། དེ་གསུམ་གྱིས་བླ་མ་འགོས་ལོཙྪ་བ། དེས་དབུས་པ་དགེ་སེར་ལ། བླ་མ་གནམ་ཁའུ་པ་སྐུ་མཆེད། རྗེ་ས་ཆེན། ཁའུ་རྡོ་རྗེ་བདུད་འཇོམས། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ན། སངས་རྒྱས། ཕྱག་ན་རྡོ་རྗེ། འཕགས་པ་ཀླུ་གྲུབ། ཨཱརྻ་དེ་ཝ། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། རྣམ་པར་བཟོད་པའི་ལྷ། ཁ་ཆེ་པཎ་ཆེན། ཆོས་རྗེ་ས་སྐྱ་པཎྜི་ཏ་མན་སྔར་དང་འདྲ། ཡང་ན། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། ཨཱརྻ་དེ་ཝ། མ་ཏང་གི རཱ་ཧུ་ལ་ཤྲཱི། བི་ཁྱཱ་ཏ་དེ་ཝ། ཁ་ཆེན་པཎ་ཆེན། ས་སྐྱ་པཎྜི་ཏ་མན་འདྲའོ། །གསང་འདུས་ལུས་དཀྱིལ་གྱི་དབང་བཀའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། མཁའ་འགྲོ་མ་པདྨ་ཞབས། ཟླ་སྒྲོན་མ། ཉི་མ་འོད། སུ་ཁ་མ་ཧཱ་སིདྡྷི། ཆུ་ཤིང་སྙེ་མ་ཅན། མར་པ། མཚུར་དབང་པོ། གད་པ་ཀཱིརྟི། རིན་ཆེན་གླིང་པ། རྒྱ་ཐམས་ཅད་མཁྱེན་པ། ཆོས་ཀྱི་གྲགས་པ། སློབ་དཔོན་སྟོན་པ། སློབ་དཔོན་བསོད་དབང༌། བླ་མ་མཆོག་ལྡན། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །མཆོག་ལྡན་གྱི་ཡིག་ཆའི་ལུང་ཡང་ཐོས། རྫོགས་རིམ་ཟབ་མོ་གསང་འདུས་རིམ་ལྔའི་དམར་ཁྲིད་དབང་གོང་མ་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྱང་སེམས་བློ་གྲོས་རིན་ཆེན། ཀླུ་སྒྲུབ། མ་ཏང་གི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོཙྪ་བ། དབང་གི་རྡོ་རྗེ། རྗེ་གད་པ། བྱ་ཁོང་པ་བསོད་ནམས་རིན་ཆེན། མི་ཉག་ཐུར་ལ་བ་ཚུལ་ཁྲིམས་སྐྱབས། རྒྱ་མཁར་ཐང་དཔེ་པ་འཕགས་པ་སྐྱབས། གྲུབ་ཐོབ་གསེར་སྡིངས་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། བླ་མ་འཕགས་འོད། བུ་སྟོན་རིན་པོ་ཆེ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ན། བུ་སྟོན་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེ་ལས་བདག་གིས། ཁྲིད་ཡིག་བུ་སྟོན་རིན་པོ་ཆེས་མཛད་པ། ངོ་སྤྲོད་ཡུ་མོ་ཁུག་པ། དྷརྨ་ཤྲཱི་པའི་ཟིན་བྲིས་རྣམས་ཐོས། ཡང་ན། བུ་སྟོན་པ། ལོཙྪ་བ་བྱང་ཆུབ་རྩེ་མོ། བླ་མ་དམ་པ་བུདྡྷ་ཤྲཱི། དེ་ལས་བདག་གི་ཁྲིད་ཡིག་ཟིན་བྲིས་མར་གྲགས་པ་ཐོས། ཡང་མན་ངག་ནག་ཁྲིད་དུ་གྲགས་པའི་སྐོར་ལ། བླ་མ་བརྒྱུད་པའི་རྣམ་ཐར། བསྐྱེད་རྫོགས་གཉིས་གདན་ཐོག་གཅིག་ཏུ་བསྒོམ་པ། ལམ་རྟགས་དང་འབྲེལ་བའི་མན་ངག་དོན་ལྔ་མ་དང༌། དོན་བཞི་མ་དང༌། རིམ་ལྔ་སྟན་གཅིག་གི་སྟེང་དུ་བསྒོམ་པའི་མན་ངག་འཁོར་ལོ་ཅན་དང༌། འཁོར་ལོ་མེད་པ་དང༌། སྲོག་རྩོལ་ལ་བརྟེན་ནས་གཏུམ་མོ་བསྒོམ་པ་རིམ་ལྔ་དང་སྦྱར་བ་དང༌། རིམ་ལྔ་སེམས་དཔའ་སུམ་བརྩེགས་ཀྱི་གདམས་པ་དང༌། འཁོར་བ་འཇུག་ལྡོག་ལ་བརྟེན་ནས། མ་རིག་པ་རྩད་ནས་བཅད་པ་དང༌། སྐྱེ་འཆི་གཉིས་ལ་བརྟེན་ནས་འཕོ་བ་གྲོང་འཇུག་གིས་ལེ་ལོ་ཅན་འཆི་ཁར་སངས་རྒྱས་པའི་མན་ངག་དང༌། མཉམ་གཞག་སྒྱུ་མའི་མན་ངག རྨི་ལམ་སྒྱུ་མའི་མན་ངག བར་དོ་སྒྱུ་མའི་མན་ངག སྐུ་གསུམ་གྱི་འཕོ་བའི་མན་ངག བཙན་ཐབས་སུ་འཕོ་བའི་མན་ངག ཆགས་ཅན་འོག་སྒོ་ལ་བརྟེན་ནས་བདེ་བ་བསྒོམ་པའི་མན་ངག བསྲེ་བ་དྲུག་པའི་མན་ངག རྡོ་རྗེ་སེམས་དཔའི་གསེབ་ལམ། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་མན་ངག མགྲིན་པར་རྨི་ལམ་ལ་བརྟེན་ནས་སངས་རྒྱས་པའི་མན་ངག སྒྱུ་མ་བཙན་ཐབས་སུ་བཟུང་བའི་མན་ངག སྙིང་ཁར་མི་ཤིགས་པའི་ཐིག་ལེ་ལ་བརྟེན་ནས་མ་རིག་པ་རྩད་ནས་གཅོད་པའི་མན་ངག རིམ་ལྔ་གཅིག་ཆར་བའི་མན་ངག གསང་བ་ཐུགས་རྒྱུད་ཀྱི་རིམ་ལྔའི་མན་ངག ད་ལྟ་ཉིད་ནས་འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་གཏན་ལ་དབབ་པ། ཕ་རྒྱུད་ཡང་སྙིང༌། མ་རྒྱུད་ཡང་སྙིང་རྣམས་ཐོབ་པའི་བརྒྱུད་པ་ནི། གོང་དང་འདྲ་བ་ལས། བུ་སྟོན་པ་དང༌། ཆོས་རྗེ་བླ་མ་གཉིས་ཀ་ལས་བླ་མ་དཔལ་ལྡན་པས་གསན་ནོ། །མར་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཅི་བསམ་ཀུན་འགྲུབ། འགོས་ལུགས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཡོན་ཏན་རྗེས་དྲན་རྣམས་ཀྱང་ཐོས། ཡང་དེ་ཉིད་ལས། དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཐོབ་པའི་འབྲོ་ལུགས་ཀྱི་བརྒྱུད་པ་ནི། དུས་ཀྱི་འཁོར་ལོ། ཆོས་རྒྱལ་སོ་གཉིས། དུས་ཞབས་པ་ཆེན་པོ། དུས་ཞབས་ཆུང་བ་གཉིས་པ། ཁ་ཆེ་ཟླ་མགོན། བྲག་སྒོམ་དཀོན་མཆོག་སྲུང༌། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་དད་པ་རྒྱལ་པོ། སྲས་དྷརྨེ་ཤྭ་ར། ཁང་སར་ནམ་མཁའ་འོད། གྲུབ་ཐོབ་སེ་མོ་ཆེ། ཆོས་རྗེ་འཇམ་གསར། བླ་མ་ཆོས་སྐུ་འོད་ཟེར། ཀུན་སྤངས་ཀུན་ཏུ་བཟང་པོ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་ཆེན་གྲུབ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ཤ་བ་རི་ནས་བརྒྱུད་པ་ལྟར་ན། རྡོ་རྗེ་འཆང༌། ཤ་བ་རི་དབང་ཕྱུག བི་བྷཱུ་ཏ་ཙནྡྲ། དཔྱལ་ཨ་མོ་གྷ། མར་སྟོན་གཡེང་འབར། རྣལ་འབྱོར་སེང་འབུམ། ཀུན་སྤངས་ཆེན་པོ་མན་གོང་དང་འདྲ་བ་ལས། སྔོན་འགྲོ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་རྣམས་ཀྱི་ཁྲིད་ཡིག ངོ་སྤྲོད་གཅེར་མཐོང་ངོ་ཤེས་རྣམས་བུ་སྟོན་རིན་པོ་ཆེས་མཛད་པ། ཟིན་བྲིས་དྷརྨ་ཤྲཱི་པས་མཛད་པ་རྣམས་ཐོས། ཡང་ཀུན་སྤངས་ཆེན་པོ། བླ་མ་རིན་ཆེན་དཔལ་བཟང༌། ཆོས་རྗེ་བསོད་ནམས་རྒྱལ་མཚན་མན་འདྲ། ཡང་ན། ཀུན་སྤངས་ཆེན་པ། བྲག་ཁ་བ་གྲགས་པ་སེང་གེ བང་མོ་ཞུ་བ་གཞོན་ནུ་དཔལ། ཆོས་རྗེ་པ་མན་འདྲ་བ་ལ། ཤ་བ་རིའི་གཞུང༌། དེའི་ལོ་རྒྱུས། ས་བཅད་འགྲེལ་པ་རྣམས་བི་བྷཱུ་ཏི་ཙནྡྲའི་གསུང་ལས། མི་བསྐྱོད་རྡོ་རྗེས་བཏུས་པ། སྔོན་འགྲོ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་རྣམས་ཀྱི་ཁྲིད་ཡིག་ཀུན་སྤངས་པས་མཛད་པ། ངོ་སྤྲོད་སྐལ་ལྡན་སྒོམ་བཟང་གིས་མཛད་པ་རྣམས་ཐོས། ཡང་དཔེ་མེད་འཚོའི་སྦྱོར་དྲུག་ལྟར་ན། སློབ་དཔོན་དཔེ་མེད་འཚོ། དཔལ་འཛིན། པཎྜི་ཏ་འོད་བྱེད་ལྷ། པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཞི་བ། སློབ་དཔོན་ཉི་མ་ཡེ་ཤེས། བི་བྷཱུ་ཏི་ཙནྡྲ། ཡང་ན། ཆོས་ཀྱི་འབྱུང་གནས་ཞི་བ། པཎྜི་ཏ་གྲགས་པའི་ལྷ། པཎྜི་ཏ་ཆོས་བཟང༌། བི་བྷཱུ་ཏི་ཙནྡྲ། བླ་མ་ཀོ་བྲག་པ། གཡུང་ཕུག་པ། ཉེག་པོ་ཆོས་ལྡན། དེ་གསུམ་ཀ་ལས་གོ་ལུང་པ་གཞོན་ནུ་དཔལ་གྱིས་ཞུས། དེ་ལས་ཐར་པ་ལོཙྪ་བ་ཉི་མ་རྒྱལ་མཚན། བུ་སྟོན་རིན་པོ་ཆེ། ཆོས་རྗེ་པ་མན་འདྲའོ། །རྭ་ལུགས་ལྟར་ན། གྲུབ་ཐོབ་ཙི་ལུ་ཨཱ་ཙརྻ། བ་རེནྡྲའི་པཎྜི་ཏ་ཨཱ་ཙརྻ། ཙོར་ཡ་ཤའི་དུས་ཞབས་ཆེ་བ། མཉྫུ་དེ་ཤར་འཁྲུངས་པའི་དུས་ཞབས་པ་གཉིས་པ། མདའ་འཇིམ་གྲགས་པའམ་རིན་ཆེན་འབྱུང་གནས་སྦས་པ། འཇམ་དཔལ་གྲགས་པ། མཁས་པ་ཀུན་བཟང་དཔལ། གོ་ལུང་པ། ཐར་ལོ། བུ་སྟོན་པ། ཆོས་རྗེ་མན་འདྲའོ། །ཡང་ན། དུས་ཞབས་པ་ཆུང་བ། འཇམ་དཔལ་གྲགས་པ། མཉྫུ་ཀཱིརྟི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། རོང་པ་ཤེར་སེང༌། ཀུན་མཁྱེན་འཕགས་འོད། བུ་སྟོན་པ། ཆོས་རྗེ་པ་མན་འདྲ། ནཱ་རོ་པ་དང༌། ཤཱཀྱ་ཤྲཱིའི་སྦྱོར་དྲུག་ནི། ནཱ་རོ་པ། འཇིགས་མེད་གྲགས་པ། ཁ་ཆེ་པཎ་ཆེན། དཔྱལ་ཆོས་བཟང༌། དཔྱལ་ཨ་མོ་གྷ། རྗེ་བཙུན་རྒྭ་ལོ། ཤེར་སེང༌། བུ་སྟོན་པ། ཆོས་རྗེ་མན་འདྲ། ཁྱད་པར་དུ་སྲོག་རྩོལ་གྱི་བརྒྱུད་པ་ནི། དུས་ཞབས་ཆུང་བ། དཔེ་མེད་འཚོ། ཨ་བྷ་ཡ། རྣམ་བཟོད་ལྷ། དད་བྱེད་ལྷ་དབང༌། པཎ་ཆེན་ཤཱཀྱ་ཤྲཱི། ས་སྐྱ་པཎ་ཆེན། རྒྱུས་པ་གཞོན་སེང༌། དོལ་པོ་པ་ཡེ་ཤེས་མགོན་པོ། ཀུན་སྤངས་ཀུན་ཏུ་བཟང་པོ་མན་འབྲོ་ལུགས་དང་འདྲའོ། །ཡང་ན། ཀུན་སྤངས་པ། སྲོན་པ་ཀུན་དགའ་རྒྱལ། སྲོན་པ་ཆོས་དཔལ་བཟང་པོ། ཆོས་རྗེ་པ་མན་འདྲ། ཡང་ན། ཆོས་རྗེ་ཆོས་དཔལ་བཟང་པོ། རིན་ཆེན་བསོད་ནམས་གྲགས་པ། ཆོས་རྗེ་མན་འདྲ་བ་ལས། སྲོག་རྩོལ་གསང་བའི་ཉེ་ལམ། དེའི་འགྲེལ་པ་ཆོས་རྗེ་པས་མཛད་པ། རླུང་སྦྱོར་བཅུ་གཉིས་ཀྱི་ཟིན་བྲིས། རྩ་འདབ་ཀྱི་ཉམས་ཁྲིད་རྡོ་རྗེ་ལུས་ཀྱི་མདུད་འགྲོལ་ཉམས་ཀྱི་སྐྱ་རྒྱལ། རྩ་འདབ་རྒྱན་ཅན། རྒྱན་མེད། རྩ་འདབ་ཐོར་བུ་པ། གེགས་སེལ་ལམ་གྱི་གོ་ཆ། གེགས་སེལ་གྱི་འཁྲུལ་འཁོར། ངེས་དོན་སྐུ་བཞིའི་ལམ་འཇུག་རྣམས་ཐོས་སོ། །དེ་ལྟར་བརྒྱུད་པ་ཐམས་ཅད་ཀྱི་མན་ངག་གཅིག་ཏུ་དྲིལ་བའི་སྔོན་འགྲོ་ཐར་ལམ་གསལ་སྒྲོན། ཐོག་མར་དགེ་བའི་ཁྲིད་ཡིག་སྟོང་ཉིད་གསལ་སྒྲོན། བར་དུ་དགེ་བའི་ཁྲིད་ཡིག་སྲོག་འཛིན་གསལ་སྒྲོན། ཐ་མར་དགེ་བའི་ཁྲིད་ཡིག་བདེ་ཆེན་གསལ་སྒྲོན། བསྒོམ་བྱའི་ངོ་བོའི་ཟིན་བྲིས། ངོ་སྤྲོད་སྦས་དོན་གསལ་བ་རྣམས་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཛད་པ་རྣམས་ཐོས། ཡང་སོར་སྡུད་བསམ་གཏན་གྱི་བརྒྱུད་པ་ལུགས་གཅིག་ནི། ཀུན་སྤངས་ཀུན་ཏུ་བཟང་པོ། བླ་མ་བྲག་ཁ་པ་གྲགས་པ་སེང་གེ བླ་མ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་སྦྱོར་དྲུག་དབང་རྒྱལ་ལུགས་ཀྱི་སྐོར་ལ། ཆོས་རྗེ་ཀུན་སྤངས་ཆེན་པོ། བླ་མ་དབང་ཕྱུག་རྒྱལ་མཚན། བླ་མ་རིན་ཆེན་དཔལ། བླ་མ་དབང་ཕྱུག་རིན་ཆེན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེ་ལས་བདག་གིས་ཤ་བ་རིའི་གཞུང་ཆུང་འགྲེལ་པ། སྲོག་དུས་བཞི་པ་སྲོག་རྩོལ་གྱི་མཛུབ་ཚུགས་ཡིད་བཞིན་ནོར་བུ་ངོ་སྤྲོད་གེགས་སེལ་མིག་སྒྲོན་རྟགས་ཡིག་ཆེན་མོ། དབུ་མ་གསུམ་གྱི་ངོས་འཛིན། ཟག་པ་གསུམ་འགག་པའི་རྒྱུ་མཚན། བར་དོའི་གདམས་ངག སངས་རྒྱས་སྒྱིད་ལུགས་རྣམས་བླ་མ་དབང་རྒྱལ་བས་མཛད་པ་ཐོས། ཡང་འགྲོ་བའི་བླ་མའི་རྣལ་འབྱོར་གྱི་བརྒྱུད་པ་ནི། ཀུན་སྤངས་པ་ཡན་འབྲོ་ལུགས་ཀྱི་ཁྲིད་དང་འདྲ་བ་ལ། དེ་ནས་ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ན། དུས་ཞབས་སྙན་བརྒྱུད། ཉི་ཟླ་སྒྲུབ་པ། སྦས་པ་མིག་འབྱེད། ཡེ་ཤེས་སྤྱན་སྒྲུབ། ཉི་མ་དཔལ་ཡེ་ཤེས་ཀྱི་སྦྱོར་དྲུག་རྣམས་ཐོས་སོ། །གཤེད་དམར་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་གཤིན་རྗེའི་གཤེད། བྲམ་ཟེ་དཔལ་འཛིན། བི་ར་ཌི་པ། གཾ་བྷཱི་ར་མ་ཏི། ནི་སྐ་ལངྐ་དེ་ཝ། རེ་བེནྡྲ་བྷ་དྲ། གློ་བོ་ལོཙྪ་བ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། བླ་མ་དཀོན་མཆོག་རྒྱལ་མཚན་པ། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ན། གཤིན་རྗེའི་གཤེད། དཔལ་འཛིན། དཔེ་མེད་འཚོ། ཆོས་ཀྱི་འབྱུང་གནས་ཞི་བ། རིན་ཆེན་འབྱུང་གནས་ཞི་བ། རྣམ་པར་གྲགས་པའི་ལྷ། ཁ་ཆེ་པཎ་ཆེན། དཱ་ན་ཤྲཱི་ལ། གཡག་སྡེ་ལོཙྪ་བ། ཞང་དཀོན་མཆོག་དཔལ་མན་འདྲ། ཡང་ཉེ་བརྒྱུད་ནི། གཤིན་རྗེ་གཤེད། དཱ་ན་ཤྲཱི་ལ་མན་གོང་དང་འདྲ། སྒྲོལ་མ་ལུས་དཀྱིལ་གྱི་དབང་གི་བརྒྱུད་པ་ནི། སྒྲོལ་མ། བཻ་རོ་ཙ་ན་རཀྵི་ཏ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་པ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། སྒྲོལ་མ་ལྷ་བཅུ་བདུན་མའི་སྦྱིན་སྲེག སྤྲུ་ལུང་པ་ཀུན་སྨོན་གྱིས་མཛད་པ་ཐོས་སོ། །བདེ་མཆོག་དྲིལ་བུ་པའི་དབང་གི་བརྒྱུད་པ་ནི། འཕགས་པ་ཡན་ཆད་གཞན་དང་འདྲ། འཕགས་པ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། བླ་མ་དཀོན་མཆོག་རྒྱལ་མཚན། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ་མན་འདྲ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། རྫོགས་རིམ་རྩ་དབུ་མའི་ཉམས་ཁྲིད། ནཱ་རོ་པའི་གཞུང་ལམ་གྱི་ཡན་ལག་སོགས་གོང་མའི་ཡིག་རྙིང་ཐམས་ཅད་ཐོས་ཏེ། བླ་མས། བླ་མ་དཔལ་ལྡན་ཚུལ་ཁྲིམས་ལས་གསན་ནོ། །ཡང་ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་གཟུངས་ཀྱི་དཔལ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི་ལས་ནཱ་རོ་མཁའ་སྤྱོད་ཀྱི་མན་ངག་བླ་མ་གཟུངས་པས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ལུང་ཐོས། ཕག་མོ་ཞལ་གཉིས་མ། དོན་གྲུབ་མ། དབུ་བཅད་མ་གསུམ་གྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ལྕམ་ལེགས་སྨིན་ཀ་ར། བིརྺ་པ། ཨ་ཝ་དྷཱུ་ཏཱི་པ། ཤ་བ་རི་པ། བསོད་སྙོམས་པ་ཆེ་ཆུང༌། བལ་པོ་ཧང་དུ་དཀར་པོ། དཔྱལ་ཀུན་དགའ་རྡོ་རྗེ། ཡང་དབེན་པ་བསོད་སེང༌། དཔྱལ་པ་ཀུན་དགའ་གྲགས། ལྷ་ལུང་པ། དཔྱལ་ཆོས་བཟང༌། རོང་པ་རྒྭ་ལོ། བླ་མ་ཤེས་རབ་སེང་གེ བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ན། དཔྱལ་ཀུན་དགའ་རྡོ་རྗེ། འོད་གྲགས་སློབ་དཔོན་ཇོ་གདན། ཁམས་པ་ལྷོ་ཚད་པ། ལོཙྪ་བ་མཆོག་ལྡན། བག་སྟོན་མན་འདྲ། གུར་གྱི་མགོན་པོ་ལྕམ་དྲལ་གྱི་རྗེས་གནང་ཐུན་མོང་བ། གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་ཟབ་མོ། དེའི་གཏོར་ཆོག་བླ་མ་དཔལ་ལྡན་པས་མཛད་པ། དཔལ་ནག་པོ་ཆེན་པོ་གདོང་བཞི་པའི་རྗེས་གནང་རྣམས་ཐོས་ཤིང༌། བླ་མས་རྗེ་དཔལ་ལྡན་པ་ལས་གསན་ནོ། །ནི་གུ་ཆོས་དྲུག་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ནི་གུ་མ་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་ཡེ་ཤེས་སེང་གེ རི་གོང་པ། གཉན་སྟོན་ཐོག་རྡུགས། སངས་རྒྱས་སྟོན་པ། མཁས་གྲུབ་གཞོན་ནུ་གྲུབ། བ་ལུང་བ་བསོད་གྲགས། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །འདིའི་ཆོས་སྐོར་ལ། ཁྱུང་པོའི་རྣམ་ཐར་འབྲིང་པོ། རྨོག་ཅོག་པ། སྐྱེར་སྒང་པ། གཉན་སྟོན། སངས་རྒྱས་སྟོན་པ་རྣམས་ཀྱི་རྣམ་ཐར། ནི་གུའི་ཚིག་རྐང༌། དེའི་ཁྲིད་ཡིག་མཁས་བཙུན་པས་མཛད་པ། ཁྱུང་པོའི་ཐེམས་ཡིག ཚིག་གསལ། བར་དོའི་ངོས་འཛིན། ཁྱད་འཕགས་བཅོ་ལྔ་མའི་མན་ངག སྒྱུ་མ་རབ་ཏུ་གསལ་བར་བྱེད་པའི་རིན་པོ་ཆེའི་འོད་ཕྲེང༌། སྒྱུ་ལུས་འཛིན་མེད་རང་གྲོལ། སྒྱུ་ལུས་གདན་ཐོག་གཅིག་མ་འོད་གསལ་འཆར་སྒོ་ངོས་འཛིན། རྣམ་འཇོམས་གསང་སྒྲུབ། གནད་དྲུག་གི་མན་ངག ཐར་ལམ། སྒྱུ་ལུས། རྨི་ལམ་འོད་གསལ། འཕོ་བ། བར་དོ་རྣམས་ཀྱི་དབང་བཀའ་རེ་རེ། ཆོས་དྲུག་སྤྱིའི་དབང་ལ་སྒྱུ་ལུས་དབང་མོ་ཆེར་གྲགས་པའི་དབང༌། དེ་དག་གི་ཡིག་ཆ་ཁྱུང་པོས་མཛད་པ་བདུན། རྒྱུད་སྡེ་ལྷ་ལྔའི་མངོན་རྟོགས། དབང་གི་སྔོན་འགྲོ་སངས་རྒྱས་སྟོན་པས་མཛད་པ། སྨོན་ལམ་བཀའ་རྒྱ་མ། མཁའ་སྤྱོད་མ་དམར་མོའི་བྱིན་རླབས། དེའི་མངོན་རྟོགས། བྱིན་རླབས་ཀྱི་ཡི་གེ ཁྱུང་པོའི་མགུར་བརྒྱད་མན་ངག་དང་བཅས་པ་དང༌། གའུ་མའི་ཁྲིད་དང་བྱིན་རླབས་ཞུས་ནས། དེའི་ཚིག་རྐང༌། ཚིག་གསལ། བྱིན་རླབས་ཀྱི་ཡི་གེ ཁྲིད་ཡིག མཁས་གྲུབ་པས་མཛད་པ་དང༌། འཕྱུགས་མེད་ཀྱི་དབང་དེའི་རྡོ་རྗེའི་ཚིག་རྐང༌། དེའི་མན་ངག་ཁྱུང་པོས་མཛད་པ་རྣམས་ཐོས་པའི་བརྒྱུད་པའང་གོང་དང་འདྲའོ། །འོན་ཀྱང་མཁའ་སྤྱོད་དམར་མོའི་སྐོར་མགུར་བརྒྱད་དང་བཅས་པ་ཁྱུང་པོས་བླ་མ་རཱ་ཧུ་ལ་ལས་གསན་པར་འདུག་གསུངས། འཆི་མེད་ཀྱི་བྱིན་རླབས། འཁྲུལ་འཁོར། དེའི་ཡི་གེ་སངས་རྒྱས་སྟོན་པས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། དབུ་བཅད་མ། བིརྺ་པ། བྲམ་ཟེ་ནག་པོ་པ། དུར་ཁྲོད་ནག་པོ་པ། ལ་སྟོད་མགོན་པོ། གཉན་སྟོན། སངས་རྒྱས་སྟོན་པ། མཁས་གྲུབ་ཆོས་རྗེ། བ་ལུང་བ་བསོད་གྲགས་མན་ནི་གུ་དང་འདྲ། མགོན་པོ་ཕྱག་དྲུག་པའི་ཕྱིའི་དབང༌། ཤ་བ་རི་པའི་སྒྲུབ་ཐབས་གཏོར་ཆོག རྗེས་གནང་གི་ཡི་གེ་རྣམས་ཀྱི་བརྒྱུད་པ་ནི། ཡེ་ཤེས་མགོན་པོ། ཤ་བ་རི་པ། མཻ་ཏྲི་པ། ཨཏྨ་བཛྲ། ཁྱུང་པོ་རྣལ་འབྱོར་མན་ནི་གུ་དང་འདྲ། བླ་མ་མགོན་པོ་དབྱེར་མེད་ཀྱི་དབང༌། དེའི་སྒྲུབ་ཐབས། གྲིབ་སེལ་གྱི་མན་ངག་རྣམས་ཐོབ་པའི་བརྒྱུད་པའང་གོང་ལྟར་རོ། །ཡང་བླ་མ་ཡང་དགོན་པས་མཛད་པའི་རི་ཆོས་དགོས་པ་ཀུན་འབྱུང༌། བར་དོ་གནད་ཀྱི་འཕྲང་སྒྲོལ། རྡོ་རྗེ་ལུས་ཀྱི་སྦས་བཤད་དེ། རི་ཆོས་སྐོར་གསུམ་དུ་གྲགས་པ། དེའི་ཞལ་ཤེས་མ་དྲུག་ཏུ་གྲགས་པ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ་ལྷོ་བྲག་པ། མི་ལ། དྭགས་པོ། མཐའ་རྩ་བ། འབྲི་ཁུང་པ། སྤྱན་སྔ་བ། ཡང་དགོན་པ། ཡང་ན། གླིང་རས་པ། རྒྱ་རས་པ། རྒོད་ཚང་པ། ཡང་དགོན་པ། སྒོམ་རིན། ཟུར་ཕུག་པ། རི་པ་གཞོན་ནུ་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །བཀའ་གདམས་ལམ་རིམ་གྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། རྒྱལ་ཚབ་མགོན་པོ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ་མཁན་པོ་རྣམ་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། ཀུ་སུ་ལུ་ཆེ་བ། ཀུ་སུ་ལུ་ཆུང་བ། གསེར་གླིང་པ་ཆོས་ཀྱི་གྲགས་པ། དཔལ་ལྡན་ཨ་ཏི་ཤ དགེ་བཤེས་འབྲོམ་སྟོན་པ། པུ་ཏོ་བ་ཆེན་པོ། ཤ་ར་བ། གཏུམ་སྟོན་བློ་གྲོས་གྲགས། རྡོ་སྟོན་ཤེས་རབ་གྲགས། གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས། མཁན་ཆེན་རྒྱལ་བཟང་བ། མཁན་ཆེན་ཀུན་དགའ་དཔལ་བཟང༌། བླ་མ་དམ་པ་བུདྡྷ་ཤྲཱི། དེ་ལས་བདག་གིས་ཡ་རུ་འོད་འཕན་རྩ་འགྲེལ་དང་བཅས་པ་ཞུས་སོ། །དབུ་མ་ལྟ་ཁྲིད་ཀྱི་བརྒྱུད་པ་ནི། ཤཱཀྱའི་རྒྱལ་པོ། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་ཝ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག ཀུ་སུ་ལུ་པ་ཆེ་ཆུང་གཉིས། བལ་པོ་ཐང་སྤེ། ཧ་ར་རྒྱལ་བ་འབྱུང་གནས། བྱང་སེམས་ཟླ་རྒྱལ། རྗེ་ལུང་པ་འོད་ཟེར་གྲགས། སྤྱིལ་བུ་བ་གྲགས་པ་སེང་གེ སྤྱི་བོ་ལྷས་པ་བྱང་ཆུབ་འོད། དཔལ་ལྡན་གྲོ་མོ་ཆེ་བ་བདུད་རྩི་གྲགས། རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ། བདེ་བ་ཅན་པ་ཤཱཀྱ་བྱང་ཆུབ། མཁན་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་དཔལ་བཟང་པོ། མཁན་ཆེན་བྱང་ཆུབ་སེང་གེ མཁན་ཆེན་བློ་གྲོས་རྒྱལ་མཚན། མཁན་ཆེན་ཀུན་དགའ་དཔལ་བཟང༌། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་དེ་ཉིད་ལས། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་གི་ལུང་ཡང་ཞུས་ཤིང༌། ཉིད་ཀྱིས་བླ་མ་དཀོན་མཆོག་རྒྱལ་མཚན་པ་ལས་གསན་ནོ། །ཆོས་ཉིད་རང་གི་ངོ་བོ་ཐ་དད་དུ་སྣང་བའི་མདོ་ལ་སོགས་པ་མདོ་སིལ་བུ་པ་བཅུ་བདུན། མཆིམས་ནམ་མཁའ་གྲགས་ཀྱི་ས་བཅད་དང་བཅས་པ་ཐོས་ཤིང༌། བླ་མ་བས། བླ་མ་མགོན་པོ་འབུམ་ལས་གསན་གསུང་ངོ༌། །ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མར་གྲགས་པའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། མི་ཕམ་མགོན། འཕགས་པ་ཐོགས་མེད། རྒྱལ་སྲས་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། གུ་ཎ་མི་ཏྲ། སློབ་དཔོན་སེང་གེ་བཟང་པོ། གང་བ་སྤེལ། ཀུ་སུ་ལུ། ཀུ་སུ་ལུ་གཉིས་པ། གསེར་གླིང་པ། མར་མེ་མཛད། འབྲོམ་སྟོན་པ། པུ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། འཆད་ཀ་བ་ཡེ་ཤེས་རྡོ་རྗེ། སེ་འོད་ཟེར་གཞོན་ནུ་བ། ལྷ་འོད་ཟེར་བླ་མ། ལྷ་སྡིངས་པ་བྱང་ཆུབ་འབུམ། ལྷ་སྡིངས་དབོན། ཡོན་ཏན་དཔལ། བདེ་བ་དཔལ། ཀ་བཞི་པ་གྲགས་པ་གཞོན་ནུ། རིན་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བུདྡྷ་ཤྲཱི། དེ་ལས་བདག་གིས་དཔལ་ཡེའི་ཟིན་བྲིས་ཀྱི་ལུང་དང་བཅས་པ་ལན་གཉིས་ཐོས། རྟེན་འབྲེལ་སྙིང་པོའི་ཁྲིད་ཀྱི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། སྤྱན་རས་གཟིགས། བྱམས་པ་མགོན་པོ། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཨ་ཏི་ཤ འབྲོམ་རྒྱལ་བའི་འབྱུང་གནས། པུ་ཏོ་བ་རིན་ཆེན་གསལ། རྒྱལ་སྟོན་ལྕགས་རི་པ། རྣལ་འབྱོར་པ་ཆོས་ཀྱི་གཡུང་དྲུང༌། སྙི་ཕུ་པ་ཡེར་སྒོམ་ཞིག་པོ། རྒྱ་སྒོམ་རི་པ། བོ་དོང་རིན་པོ་ཆེ། ཉན་ཆེན་བསོད་ནམས་བརྟན། རིན་པོ་ཆེ་ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །སྐྱིད་སྡུག་ལམ་ཁྱེར་གྱི་བརྒྱུད་པ་ནི། པཎ་ཆེན་ཤཱཀྱའི་ཤྲཱི། ལོ་ཆེན་བྱམས་པའི་དཔལ། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་ཀ་བཞི་པ། མཁན་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་གའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། མགོན་པོ་འཇམ་དབྱངས། འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་ཝ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག སློབ་པའི་རྡོ་རྗེ། དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེན་པོ། གཉིས་པ། པཎ་ཆེན་པུ་ཎྱ་ཤྲཱི། བ་རི་ལོཙྪ་བ། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། འཇམ་དབྱངས་འཁོན་སྟོན། བྱང་སེམས་རིན་ཆེན་མགོན། རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཡང་ན། ས་སྐྱ་པཎ་ཆེན། དབུ་མ་པ་ཤེས་རབ་འབུམ། སྒྲོ་མོན་ཅན་རིན་ཆེན་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དམ་པ་བུདྡྷ་ཤྲི། དེས་བདག་ལའོ། །ཡང་ན། འཕགས་པ་རིན་པོ་ཆེ། སྒྲོ་མོན་ཅན་པ་མན་ཆད་སྔར་དང་འདྲ་བ་ལས། ཆོས་རྗེ་རྒྱལ་སྲས་པས་མཛད་པའི་ཡིག་ཆའི་སྟེང་ནས་ལན་གཉིས་ཐོས། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་གའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། བྱམས་པ། འཕགས་པ་ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སློབ་དཔོན་སེང་གེ་བཟང་པོ། ཀུ་སུ་ལུ་ཆེ་བ། ཀུ་སུ་ལུ་ཆུང་བ། གསེར་གླིང་བ། ཨ་ཏི་ཤ འབྲོམ་སྟོན། སྤྱན་སྔ་བ། བྱ་ཡུལ་བ་གཞོན་ནུ་འོད། ཤར་ཆེན་པ། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ། མཆིམས་ཆེན་པོ་མཁས་བཙུན་པ་བསོད་ནམས་ཡེ་ཤེས། མཁན་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བུདྡྷ་ཤྲི། དེ་ལས་བདག་གིས་ཆོས་རྗེ་རྒྱལ་སྲས་པའི་ཡིག་ཆའི་སྟེང་ནས་ཐོས་སོ། །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྨྱུང་གནས་གྱི་བརྒྱུད་པ་ནི། སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎྜི་ཏ་ཟླ་བ་གཞོན་ནུ། ཡེ་ཤེས་བཟང་པོ། བལ་པོའི་པཎྜི་ཏ་པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉི་ཕུག་པ། སྤྲུལ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། རྩི་འདུལ་འཛིན། བདེ་བ་ཅན་པ། ཆུ་བཟང་བ། རིན་པོ་ཆེ་ཤེས་རབ་འབུམ་པ། རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བུདྡྷ་ཤྲཱི། དེ་ལས་བདག་གི་ཞུས་སོ། །ཡང་ཆོས་རྗེ་རྒྱལ་སྲས་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་ཐོབ་པའི་རྣམ་གྲངས་ལ། འཇམ་དབྱངས་འཁོན་སྟོན་ཐུགས་རྗེ་རིན་ཆེན་ལ་བསྟོད་པ། བྱང་སེམས་རིན་ཆེན་མགོན་ལ་བསྟོད་པ། རིན་པོ་ཆེའི་ཅོད་པཎ་དང༌། དད་པ་སྐྱེད་བྱེད་གཉིས་དཔང་ལོཙྪ་བ། བུ་སྟོན་རིན་པོ་ཆེ། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་རྣམས་ལ་བསྟོད་པ་རེ་རེ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། དམར་ཁྲིད། བློ་སྦྱོང༌། རྟེན་འབྲེལ་སྙིང་པོ། བཅུ་གཅིག་ཞལ་གྱི་སྨྱུང་གནས། དོན་ཞགས། སེམས་བསྐྱེད་དབུ་མ་ལུགས། སེམས་ཙམ་ལུགས། སོ་ཐར་སྡོམ་རྒྱུད། སུམ་པ་ལོཙྪ་བའི་སྙན་བརྒྱུད། སྐྱིད་སྡུག་ལམ་ཁྱེར། སྙིང་པོ་དོན་གསུམ་རྣམས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་རེ་རེ། ཕྱོགས་བཅུའི་སངས་རྒྱས། སྨན་བླའི་ལྷ་ཚོགས། བྱང་སེམས་བཅུ་དྲུག ཇོ་བོ་རིན་པོ་ཆེ། འཇམ་པའི་དབྱངས། སྤྱན་རས་གཟིགས་ལ་གཉིས། བྱམས་པ་སྒྲོལ་མ་རྣམས་ལ་བསྟོད་པ་རེ་རེ། རྒྱལ་སྲས་ལག་ལེན། ཆོས་སྐུ་ལ་ཤླཽ་ཀ་རེ་རེ་བ་གཉིས། ཆོས་སྐུ་ལ་རིན་ཆེན་ཕྲེང་བ། ཆོས་སྐུལ་རིན་ཆེན་རྒྱན། རང་ལ་གྲོས་འདེབས། གྲོས་འདེབས་ཨང་དྲུག་མ། སློབ་མ་རྣམས་ལ་སྙིང་གཏམ་གསུངས་པ། རང་ལ་བསྐུལ་བ་ཆེ་ཆུང་གཉིས། སྨོན་འཇུག་སེམས་བསྐྱེད་ཀྱི་ཆོ་ག་ཇོ་བོ་ལུགས། སེམས་བསྐྱེད་རང་གིས་བླང་བའི་ཆོ་ག སེམས་བསྐྱེད་ཀྱི་ཆོ་ག་སྤྱོད་འཇུག་ལུགས། སྨྱུང་གནས་ཀྱི་ཆོ་ག བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག རྟེན་འབྲེལ་སྙིང་པོའི་ཁྲིད་ཡིག སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད་ཡིག ཀུན་རིག ཐུགས་རྗེ་ཆེན་པོ། འོད་དཔག་མེད་གསུམ་གྱི་མངོན་རྟོགས་རེ་རེ། ཐུགས་རྗེ་ཆེན་པོའི་བྲུལ་གཏོར། ཆོས་སྤྱོད། བྱང་སེམས་རིན་ཆེན་མགོན་གྱི་ནང་རྟེན་གྱི་དཀར་ཆག བསོད་ནམས་འོད་ཟེར་ལ་གདམས་པ། ཕ་ཇོ་གཡུང་དྲུང་དཔལ་ལ་གདམས་པ། དེའི་དོན་དུ་མཛད་པའི་ཡན་ལག་བདུན་པ་སྤྱོད་འཇུག་ལུགས། ལ་ཤིང་མཁན་པོ་ཤེས་རབ་གྲུབ། བཤེས་གཉེན་ཤེས་རབ་རྩེ། ནམ་མཁའ་གྲུབ། སྟག་ལུང་བ་ཤཱཀྱ་བཟང་པོ་རྣམས་ལ་གདམས་པ་རེ་རེ། ཤཱཀ་བཟང་ལ་གདམས་པ་ཆོས་བརྒྱད་ལམ་དུ་བླང་བ། ཤཱཀ་བཟང་ལ་གདམས་པ་སྦྱོར་དངོས་རྗེས་གསུམ་ཚང་བའི་བློ་སྦྱོང༌། སྟག་ལུང་བཀའ་དྲུག་པ་ལ། དཔོན་ཆེན་བྱང་པ་ལ་ཕུལ་བའི་ཞུ་ཡིག རྫོགས་ཆེན་པ་ཆོས་ཉིད་རྒྱལ་མཚན་གྱི་དྲིས་ལན། གནོད་ལན་དུ་ཕན་འདོགས་པའི་དམ་བཅའ་དང་སྨོན་ལམ། དམ་ཆོས་ཚུལ་བཞིན་སྒྲུབ་ཐབས་ཟླ་ཆོས་ཀྱིས་བསྐུལ་མ། ལྟ་སྒོམ་སྤྱོད་འབྲས། གཞི་ལམ་འབྲས་བུའི་ངོས་འཛིན། ཆོས་རྗེ་ཀུན་མཁྱེན་པའི་དྲིས་ལན། བྱང་པ་ཤཱཀ་བཟང་ལ་གདམས་པ། སྟག་ལུང་པ་སངས་རྒྱས་དཔལ་གྱིས་དམ་བཅའ་བརྟན་པའི་དོན་དུ་གདམས་པ། སློབ་དཔོན་ཆེན་པོ་ནམ་མཁའ་རིན་ཆེན་ལ་གདམས་པ་དང༌། ཁོང་གི་བསྐུལ་བའི་ཕར་ཕྱིན་དྲུག་གི་ངོས་འཛིན། དཀོན་མཆོག་གསུམ་གྱི་ངོས་འཛིན་རོང་པོ་ཆོས་བློའི་དོན་དུ་སྦྱར་བ། བོན་པོ་ཁྱི་ཐུལ་ཅན་ལ་གདམས་པ། མཁན་ཆེན་བྱང་རྩེ་བའི་དྲིས་ལན། ས་སྐྱར་དགེ་བཤེས་གཅིག་གིས་ནད་སོགས་བྱུང་ན་ལམ་དུ་ཇི་ལྟར་ཁྱེར་ཞུས་པའི་ལན། དགེ་བཤེས་ཤཱཀྱ་བསོད་ནམས་ལ། སློབ་དཔོན་ནམ་དཔལ་བ་ལ་གཉིས། གནས་རྙིང་པ་རྒྱལ་དབང་ལ། སློབ་དཔོན་ཆེན་པོ་གྲགས་རིན་ལ། སློབ་དཔོན་ལྡོང་སྟོན་ལ། ཆོས་བློ་དབོན་པོ་ལ་གསུམ། མཁན་ཆེན་གྲོས་པ་ལ། སློབ་དཔོན་ཆོས་མཆོག་ལ་གཉིས། བླ་མ་པོ་རྟོག་པ་ལ། སྤུད་ཀྲའི་རྟོགས་ལྡན་བསོད་རིན་གྱི་དམ་བཅའ་བརྟན་དོན་དུ་གདམས་པ། འོད་ཟེར་བཟང་པོ་ལ། ཡང་དགོན་པ་བླ་མ་རི་པ་གཞོན་ནུ་རྒྱལ་མཚན་ལ། རྩིབ་རི་བ་གཞོན་ནུ་བྱང་ཆུབ་ལ། སྒོམ་ཆེན་པ་བསོད་ནམས་རྒྱལ་མཚན་ལ། ཁམ་པ་བློ་གྲོས་དཔལ་ལ། མི་ཉག་རྒྱལ་མཚན་འབུམ་ལ། མི་ཉག་རབ་སྟོན་ལ། རིན་པོ་ཆེ་སྐྱོབ་པ་དཔལ་ལ། རྒྱལ་སྲས་ལག་ལེན་གྱི་ཕ་ཡུལ་སྤོང་བའི་སྐབས་སུ་བླང་དོར་བྱེད་པ་དང་བརྗེད་པའི་ཞལ་གསལ། ནམ་མཁའ་བཟང་པོ་ལ། དགེ་སློང་ཆོས་དབང་རིན་ཆེན་གྲོགས་མཆེད་གཉིས་ལ། བཤད་གསལ་བའི་དོན་དུ་མཛད་པའི་མོ་ལྷ། མ་ཎི་བའི་དྲང་གཏམ། བསྔོ་བའི་བྱེད་ཚུལ། དབོན་རིན་དང༌། ཁམ་པ་མ་ཎི་བའི་དོན་དུ་མཛད་པའི་སྨོན་ལམ་རེ་རེ། བཀྲ་ཤིས་ཀྱི་ཚིགས་བཅད་དབོན་རིན་གྱི་དོན་དུ་མཛད་པ། རས་ཆུང་ཞལ་ཆེམས་དྲིས་ལན་རྣམས་ཏེ། མདོར་ན། བཀའ་འབུམ་ཐོར་བུ་པ་ལ་ཆོས་ཀྱི་རྣམ་གྲངས་བརྒྱ་དང་བདུན་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་རྗེ་རིན་པོ་ཆེ་རྒྱལ་སྲས་ཐོགས་མེད། ཆོས་རྗེ་ལོཙྪ་བ་བྱང་ཆུབ་རྩེ་མོ། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །སངས་རྒྱས་མཁའ་འགྲོའི་བྱིན་རླབས་རྡོ་ཟ་བའི་མན་ངག་དང་བཅས་པའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། དམ་པ་རྒྱ་གར། བྱང་ས་གུ་ལོཙྪ་བ། ཡོན་པོ་ཆོས་གྲགས། བླ་མ་ཁྱུང་པོ། ཆོས་ཀྱི་ཤེས་རབ། དར་མ་དབང་ཕྱུག དབུས་པ་སངས་རྒྱས་འབུམ། ཆ་གན་བླ་མ་མཉམ་མེད་གྲགས་རྒྱལ། ཆོས་རྗེ་ལོཙྪ་བ་བྱང་ཆུབ་རྩེ་མོ། བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །ཚེ་དཔག་མེད་ཀྱི་ཚེ་སྒྲུབ་རླུང་སྦྱོར་དང་བཅས་པའི་བརྒྱུད་པ་ནི། སྲིན་པོ་རི་པ། དབུས་པ་འཇམ་གཞོན། བོ་དོང་པ་དར་ཤག ཀུན་མཁྱེན་ཤེས་རབ་མཚོ། མུས་སྲད་པ་དཔལ་ལྡན་སེང་གེ བླ་མ་དམ་པ་བུདྡྷ་ཤྲཱི། དེས་བདག་ལའོ། །གཞན་ཡང་སྒྲ་མི་སྙན་པའི་ཚེ་སྒྲུབ། དེ་ཁོ་ན་ཉིད་ཀྱི་ཚེ་སྒྲུབ། དབུ་མའི་བཟློག་པ། དམུ་ཆུ་བཅོས་ཐབས་སོགས་མན་ངག་ཕྲན་ཚེགས་འགའ་ཡང་ཞུས་ཤིང༌། ཁྲོ་ཕུ་ལོཙྪ་བས་མཛད་པའི་སྨོན་ལམ་རིན་པོ་ཆེའི་སིལ་མ་ཡང་ཐོས་སོ། །ཐོབ་ཡིག་རྒྱ་མཚོ་ལས། ཆོས་ཀྱི་རྗེ་བུདྡྷ་ཤྲཱི་རྗེས་སུ་བཟུང་བའི་སྐབས་ཏེ་གསུམ་པའོ།། །།ཚད་མེད་ཐུགས་རྗེའི་མངའ་བདག་བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན་པའི་དྲུང་དུ། དཔལ་ཀྱེའི་རྡོ་རྗེ་ཌོམྦྷི་ཧེ་རུ་ཀའི་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། སློབ་དཔོན་ཆེན་པོ་ཌོམྦྷི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི་ཛྙཱ་ན། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ལོཙྪ་བ་ཆེན་པོ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། རོང་པ་རྒྭ་ལོ། རོང་པ་ཤེས་རབ་སེང་གེ ཞང་གྲགས་འབྱོར། བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་གི་དབང་ཕྱུག་གྲགས། བླ་མ་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། །རྗེ་བཙུན་མ་སྒྲོལ་མ་ལྷ་བཅུ་གསུམ་མ་དང༌། ལྷ་བཅུ་བདུན་མའི་དབང་གི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ཉི་མ་སྦས་པ། ཙནྡྲ་གརྦྷ། ཛེ་ཏཱ་རི་པ། ཝ་ཀཱི་ཤྭ་ར་ཀཱིརྟི། ཤྲདྡྷཱ་ཀ་ར་ཝརྨ། ཏ་ཐཱ་ག་ཏ་རཀྵི་ཏ། དཱ་ན་ཤཱི་ལ། མཉྫུ་ཤྲཱི། མལ་ལོཙྪ་བ། བླ་མ་ས་སྐྱ་པ་ཆེན་པོ། ནེ་ཙོ་སྦལ་སྟོན། གནམ་པ་རྭ་ཆོས་ཤེ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས། པཎྜི་ཏ་རྡོ་རྗེ་ཤེས་རབ། བླ་མ་ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན།
བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། །ཡང་ན། མལ་ལོཙྪ་ནས། པུག་ཅེར་ལོཙྪ་བ། ལ་སྟོད་དབང་རིན། མཆིམས་ཆོས་སེང༌། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། འཕགས་པ་རིན་པོ་ཆེ། བླ་མ་ཡེ་ཤེས། རིན་ཆེན། བླ་མ་མཁན་ཆེན་པ། བླ་མ་ཀླུ་བྱང་བ། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། །རྣལ་འབྱོར་དབང་བསྐུར་གྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། དགའ་རབ་རྡོ་རྗེ། དགྲ་ལས་རྒྱལ་བ། སྠ་བི་ར་ཆུང་ངུ༌། བ་རི་ལོཙྪ་བ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། གྲུབ་ཐོབ་ཡོན་ཏན་དཔལ། བླ་མ་རྭ་གཉིས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། །ཡང་ན། ས་སྐྱ་པཎྜི་ཏ། ཁར་འོད་ཟེར་རྒྱལ་མཚན། དེའི་སློབ་མ་རེ་མདའ་བ་གཅིག་ལ། ཞང་དཀོན་མཆོག་དཔལ་གྱིས་ཞུས། དེ་མན་འདྲ། ཡང་བདེ་མཆོག་རིམ་ལྔའི་བྱིན་རླབས། གཤེད་དམར་བདུད་རྩིའི་བྱིན་རླབས། བླ་མའི་རྣལ་འབྱོར་རྣམས་ཀྱང་ཐོས། སུམ་པ་ལོཙྪ་བའི་བློ་སྦྱོང་གི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ་དང་སྒྲོལ་མ་གཉིས་ཀྱིས། སུམ་པ་ལོཙྪ་བ་ལ་གནང༌། དེ་ནས་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། དེ་ལ་བདག་གིས་ཆོས་རྗེ་བླ་མས་མཛད་པའི་ཡིག་ཆའི་སྟེང་ནས་ཐོས་སོ། །ཐོབ་ཡིག་རྒྱ་མཚོ་ལས། བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན་པས་རྗེས་སུ་བཟུང་བའི་སྐབས་ཏེ་བཞི་པའོ།། །།རྨད་དུ་བྱུང་བའི་ཡོན་ཏན་གྱི་ཚོགས་དུ་མ་ལ་དབང་འབྱོར་བའི་བདག་ཉིད་ཆོས་རྗེ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་པའི་དྲུང་དུ། རྒྱུད་སྡེ་རིན་པོ་ཆེ་བཞི་དང་འབྲེལ་བའི་དབང་བཀའ། བྱིན་རླབས་རྗེས་གནང་རིག་གཏད་ལུང་མན་ངག་སོགས་ཞུས་པ་ལས། ཐོག་མར་དབང་བཀའ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་རྒྱུད་སྡེ་སྤྱིའི་དགོངས་འགྲེལ། སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རས་མཛད་པའི་རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་རྣམ་གྲངས་ལ། དཔལ་གསང་བ་འདུས་པའི་རྒྱུད་ལས་གསུངས་པའི་གསང་འདུས་ཡེ་ཤེས་ཞབས་ལུགས་ལྷ་བཅུ་དགུ་མ། འཕགས་ལུགས་ལྷ་སོ་གཉིས་མ། ཁ་སྦྱོར་ནས་གསུངས་པའི་རྡོར་སེམས་ལྷ་སོ་བདུན་མ། གདན་བཞིར་གསུངས་པའི་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་མ། ཁ་སྦྱོར་ནས་གསུངས་པའི་ཀྱེའི་རྡོ་རྗེ་ལྷ་བཅུ་བདུན་མ་བཞི་དང༌། བདག་མེད་མ་ཉེར་གསུམ། བརྟག་གཉིས་ནས་གསུངས་པའི་བདག་མེད་ལྷ་མོ་བཅོ་ལྔ་མ་དང༌། ཀུ་རུ་ཀུལླེའི་ལྷ་མོ་བཅོ་ལྔ་མ། རྡོ་རྗེ་བདུད་རྩི་ཉེར་གཅིག་མ་བཞི། བརྟག་གཉིས་ཀྱེའི་རྡོ་རྗེ་ལྷ་དགུ་མ་བཞི། མ་ཧཱ་མཱ་ཡཱ་ལྷ་ལྔ་མ། སངས་རྒྱས་ཐོད་པ་ལྷ་དགུ་མ། ཁམས་གསུམ་རྣམ་རྒྱལ་ནས་བཤད་པའི་རྡོ་རྗེ་ཧཱུྃ་མཛད་བཅུ་གཅིག་མ། བདེ་མཆོག་དྲུག་བཅུ་རྩ་གཉིས་མ་གསུམ། ཕག་མོ་སོ་བདུན་མ་གསུམ། སངས་རྒྱས་ཐོད་པ་ཉེར་ལྔ་མ། གདན་བཞིར་གསུངས་པའི་རྣལ་འབྱོར་ནམ་མཁའ་ང་བརྒྱད་མ། དགྲ་ནག་བཅུ་གསུམ་མ། གུར་ནས་གསུངས་པའི་རྡོ་རྗེ་སྒྲོལ་མ་བཅུ་གཅིག་མ། འོད་ཟེར་ཅན་ཉེར་ལྔ་མ། གཟུངས་གྲྭ་ལྔ་བཅུ་གསུམ་མ། དེ་ཉིད་འདུས་པར་གསུངས་པའི་རྡོ་རྗེ་དབྱིངས་ང་གསུམ་མ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ནས་གསུངས་པའི་འཇམ་རྡོར་ཞེ་གསུམ་མ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ནས་གསུངས་པའི་ཆོས་དབྱིངས་ངག་དབང་གཉིས་བརྒྱ་བཅུ་གསུམ་མ། སྦྱོང་རྒྱུད་ནས་གསུངས་པའི་གཙུག་དགུ་སོ་བདུན་མ། འབྱུང་པོ་འདུལ་བྱེད་སོ་གསུམ་མ། གུར་རིགས་བསྡུས་ང་གསུམ་མ། བདེ་མཆོག་འཁོར་ལོ་སྒྱུར་དྲུག་དྲུག་ཅུ་རྩ་གསུམ་མ། དུས་འཁོར་ལྷ་སྟོང་དང་བཞི་ཡོད་པ་རྣམས་ཏེ།«་་་་་ཇི་ལྟར་ན། ཨ་བྷ་ཡས་བླ་མ་སོ་སོ་ལས་གསན་མོད། དེ་དག་གི་བརྒྱུད་པ་ནི་བོད་དུ་མ་དར་བས། འདིར་རྡོ་རྗེ་རྣལ་འབྱོར་མས་དཀྱིལ་འཁོར་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུ་པའི་གནང་བ་ཐོབ་པ་ལ་བརྟེན་ནས། »དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་ཀྱི་དབང་བཀའ་རྣམས་དང༌། ཕྲེང་བསྐོར་གསུམ་གྱི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བྷ་ཡཱ་ཀ་ར། ཨ་ནུ་ས་མ་རཀྵི་ཏ། བི་ཁྱཱ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། བྷཱུ་མི་ཤྲཱི། བི་མ་ལ་ཤྲཱི། བོ་དྷི་སིདྷ། སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་ཆེན་པོ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། ཨ་བྷ་ཡཱ་ཀ་ར། ནཱ་ཡ་ཀ་པ། དྷ་ཤ་བྷ་ལ་ཤྲཱི། བི་ཁྱཱ་ཏ་དེ་ཝ་མན་སྔར་དང་འདྲ། ཡང་ན་པཎ་ཆེན་ཤཱཀྱ་ཤྲཱི། གླང་བང་སོ་བ། གཉག་རྡོ་རྗེ་འཛིན་པ། ཁམ་པ་དཀོན་མཆོག་རིན་ཆེན། ལོཙྪ་བ་མཆོག་ལྡན། དེ་ལས་ཀུན་མཁྱེན་ཆེན་པོས་ཡེ་ཤེས་ཞབས་ལུགས་ཀྱི་གཙོ་བྱས་པ་ཕལ་ཆེ་བ་ཞུས། དེ་ལས་མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་དཀྱིལ་འཁོར་«་་་་་སྲུང་བ་ལྔ། མཁའ་འགྲོ་ལྔ། འཁོར་ལོ་སྒྱུར་དྲུག་རྣམས་སོ་སོར་ཕྱེ་ན། »ལྔ་བཅུ་རྩ་ལྔར་ཕྱེ་བའི་དབང་གི་བརྒྱུད་པ་ནི། ཨ་བྷ་ཡ། ཤཱཀྱ་རཀྵི་ཏ། གྷོ་ཊ་གུ་རུ། བི་བྷཱུ་ཏི་ཙནྡྲ། གོ་དེ་ཝ་ཤྲཱི། ཀྵནྟི་ཤྲཱི། པཎྜི་ཏ་བུདྡྷ་ཤྲཱི། པཎྜི་ཏ་ནཱ་ཐ། སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་ཆེན་པོ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། ཨ་བྷ་ཡ། ལེགས་སྤྱོད་འབྱུང་གནས་སྦས་པ། བདེ་བའི་འབྱུང་གནས་སྦས་པ། རཏྣ་རཀྵི་ཏ། ཞང་ལོཙྪ་བ་གྲུབ་པ་དཔལ། ཁམ་པ་ཤཱཀྱ་རྡོ་རྗེ། བླ་མ་དབུས་པ། ལོཙྪ་བ་མཆོག་ལྡན། སྐྱི་སྟོན་མན་འདྲའོ། །ཡང་དཀྱིལ་འཁོར་ཉེར་བརྒྱད་དུ་བསྡུས་པའི་བརྒྱུད་པ་ནི། ཁ་ཆེ་པཎ་ཆེན་ཡན་ཆད་སྔར་དང་འདྲ། དེ་ནས་ལྷོ་པ་ཐམས་ཅད་མཁྱེན་པ། ལྷ་ཁང་དཀར་རུ་པ། ཡར་ལུང་པ་སློབ་དཔོན་རལ་གྲིའི་གཅུང་པོ་ཤེས་སྨོན། བླ་མ་བྱང་སེང༌། སྐྱི་སྟོན་པ་མན་འདྲའོ། །ཡང་ན། ཨ་བྷ་ཡཱ། ཨ་ནུ་ས་མ་རཀྵི་ཏ། བི་ཁྱཱ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། དབོན་པོ་བྷ་མི་ཤྲཱི། དེའི་སྲས་བི་མ་ལ་ཤྲཱི་བྷ་དྲ། ལོཙྪ་བ་བློ་བརྟན། བྱང་སེང་བ། མཁས་མཆོག་པ། ཀུན་མཁྱེན་ཆེན་པོ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་སློབ་དཔོན་ཆེན་པོ་དར་པཎ་ཨཱ་ཙརྻས་མཛད་པའི་ཀྲི་ཡ་ས་མུཙྪ་ཞེས་བྱ་བ། རྡོ་རྗེ་སློབ་དཔོན་རྣམས་ལ་ཉེ་བར་མཁོ་བའི་ཆོ་ག་མཐའ་ཡས་པ་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཆེན་པོ་ནས་འབྱུང་བའི་དཀྱིལ་འཁོར་གྱི་རྣམ་གྲངས་ལ། སྔར་རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་པོ་ཅི་ལྟ་བར་བཞུགས་ལ། དེའི་སྟེང་དུ་གཟའ་ཡུམ་གྱི་དཀྱིལ་འཁོར་དང༌། ནོར་རྒྱུན་མའི་དཀྱིལ་འཁོར་དང༌། རྣམ་རྒྱལ་གྱི་དཀྱིལ་འཁོར་ཏེ། གསུམ་བསྣན་པས་དཀྱིལ་འཁོར་ཞེ་ལྔའི་དབང་བསྐུར་བའི་ཆོ་ག་རྒྱས་པ་དང༌། དེ་ཉིད་ཀྱི་གཞུང་གི་ལུང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། དར་པཎ་ཨཱ་ཙརྻ། ས་མནྟ་བྷ་དྲ། ཛྙཱ་ན་ཛྱོ་ཏི། ཤྲཱི་ཧ་ནུ་མནྟྲ། ཤྲཱི་མཉྫུ་བྷ་དྲ། ཤྲཱི་བྷ་དྲ། དྷརྨཱ་ཛྱོ་ཏི་བྷ་དྲ། མ་ན་ཛ་ཡ་བྷ་དྲ། ཤོ་ཏཾ་ཤྲཱི་བྷ་དྲ། ཤྲཱི་བི་ཛ་ཡ་བྷ་དྲ་པཱ་ད། ཤྲཱི་མཱ་ད་ན་བྷ་དྲ་པཱ་ད། ཤྲཱི་ལཀྵྨཱི་བྷ་དྲ་པཱ་ད། ག་ག་ན་བྷ་དྲ། ཨུ་ད་ཀ་ཛཱི་བ་བྷ་དྲ། ཤྲཱི་ཧ་ར་ཀ་བྷ་དྲ་པ་ད། བྷ་གི་བྷ་དྲ། བལ་ཡུལ་ཡེ་རང་གི་པཎྜི་ཏ་ཛ་ག་ཏ་ཨཱ་ནནྡ་ཛཱི་བ་བྷ་དྲ། དེའི་སྲས་པཎྜི་ཏ་མ་ཧཱ་བོ་དྷི།«་་་་་འདིར་མཆན་ཞིག་ཡོད་ཀྱང་མ་དཔེར་གསལ་པོ་མེད།» དེས་ས་བཟང་འཕགས་པ་ཀུ་མཱ་ར་མ་ཏི། དེས་བདག་ལའོ།«་་་་་ཏེན་ནཽ། »།གཞུང་འདི་ཉིད་སྔོན་ཆད་བོད་དུ་མ་འགྱུར་བ་ལ། དུས་ཕྱིས་དཔལ་ལྡན་ས་སྐྱར་འཇམ་དབྱངས་དོན་ཡོད་རྒྱལ་མཚན་པའི་ཕྱག་ཏུ། ས་མུཙྪའི་རྒྱ་དཔེ་གཅིག་བལ་ཡུལ་གྱི་ཚོང་པའི་ལག་ནས་བྱུང་བ། དེ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོའི་ཕྱག་ཏུ་བྱུང་ནས། དེ་ཉིད་ཀྱི་བཀའ་ལུང་སྙན་པས་བསྐུལ་ཞིང༌། མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་པ་ལ་བརྟེན་ནས། བི་ཀ་མ་ལ་ཤཱི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང༌། བོད་ཀྱི་ལོཙྪ་བ་ས་བཟང་བ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ནས། དབང་ལུང་གསན་ས་མ་རྙེད་པ་ཡོད་པའི་ཚེ། མངའ་རིས་པ་རྡོ་རྗེ་དཔལ་གྱིས། ཡེ་རང་དུ་ས་མུཙྪའི་དབང་ཞུས་ཟེར་བའི་གཏམ་གསན་ནས། འཕགས་པ་གཞོན་ནུ་བློ་གྲོས་པ་དཔོན་སློབ་བདུན་བལ་ཡུལ་ཡེ་རང་དུ་བྱོན་ནས། པཎྜི་ཏ་མ་ཧཱ་བོ་དྷི་«་་་་་ཛ་ག་ཏ་པཎྜི་ཏ་ལ་སྲས་མེད་པ་ལ། རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ལ་གསོལ་བ་འདེབས་ཏུ་བྱོན་པས་ཡུམ་མངལ་དང་ལྡན་པར་གྱུར་ནས། སྲས་གཅིག་བལྟམས་པ་ལ་མ་ཧཱ་བོ་དྷི་བཏགས་སོ།། »ལ་དབང་ལུང་ཡོངས་སུ་རྫོགས་པར་གསན་ནས། ས་བཟང་དུ་ཕེབས་ཏེ་དར་ཞིང་རྒྱས་པར་མཛད་དོ། །དེ་ལ་བདག་གིས་རྡོ་རྗེ་ཕྲེང་བ་དང༌། ཀྲི་ཡ་ས་མུཙྪ་གཉིས་ཀྱི་སྒྲུབ་ཐབས་དང༌། དཀྱིལ་ཆོག་རིན་ཆེན་ཕྲེང་མཛེས། སྦྱིན་སྲེག་གི་ཆོ་ག་ཡེ་ཤེས་མེ་དཔུང་རྣམས་ཞུས་ཤིང༌། ལག་ལེན་རྣམས་ཀྱང་ལེགས་པར་བསླབས་སོ། །གཉིས་པ་བྱེ་བྲག་གི་དབང་བཀའ་ལ་བཞི་ལས། ཐོག་མར་རྣལ་འབྱོར་བླ་མེད་ཀྱི་སྐོར་ལ། ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད། གཉིས་སུ་མེད་པའི་རྒྱུད་དང་གསུམ་གྱི་དང་པོ་ནི། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ། ས་ལུགས་ཀྱི་དབང་གི་བརྒྱུད་པ་ནི། འཇམ་པའི་རྡོ་རྗེ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ། བི་མ་ལ་གུཔྟ། རཏྣ་བཛྲ། རཏྣ་ཀཱིརྟི། བླ་མ་སྤེན་ཏ་བ། གཉན་ལོཙྪ་བ། གནམ་ཁའུ་པ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། བླ་མ་འཕགས་པ། བླ་མ་ཀུན་དགའ་གྲགས། སློབ་དཔོན་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། ཁམ་པ་རྡོ་རྗེ་དཔལ། བླ་མ་ཀཱིརྟི་ཤྲཱི། ཀུན་མཁྱེན་གངས་པ། མ་ཏི་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལའོ། །ཡང་ཁ་ཆེ་ལུགས་ནི། པཎ་ཆེན་ཤཱཀྱ་ཤྲཱི། ཁ་ཆེ་པཎྜི་ཏ་ག་ག་དྷ་ར། པཎྜི་ཏ་བི་ན་ཤྲཱི། དེ་ལ་གོ་པེ་ལའི་ཕོ་བྲང་དུ་ཁམ་པ་རྡོ་རྗེ་དཔལ་གྱིས་ཞུས། དེ་ལས་བླ་མ་ཀཱིརྟི་ཤྲཱི། སྤང་སྒང་བ་གྲགས་པ་དཔལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཁ་རེག་གཉོས་ལུགས་ཀྱི་བརྒྱུད་པ་ནི། འཇམ་པའི་རྡོ་རྗེ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། འཇམ་དཔལ་གྲགས། དཔལ་བདེ་བའི་རྡོ་རྗེ། རྣལ་འབྱོར་པ་ཡི་གེ་པ་རཏྣ་བཛྲ། ཁ་ཆེ་ཛྙཱ་ན་ཤྲཱི། པ་ལིཾ་ཨཱ་ཙརྻ། གཉོས་ལོཙྪ་བ། སྲས་བཛྲ་གུ་རུ། དབོན་པོ་གཉོས་ཀཱིརྟི་ཤྲཱི། གཉོས་ལྷ་ནང་པ། རིན་པོ་ཆེ་དོ་པ། མདོ་སྟོད་གསེར་མ་ཀླས་པ་རྡོ་རྗེ་ཚུལ། གཡས་རུ་པ་རྔོག་སྟོན་རིན་ཆེན་རྒྱལ་མཚན། བླ་མ་ཀཱིརྟི་ཤྲཱི་བྷ་དྲ། ཀུན་མཁྱེན་གངས་པ། ས་བཟང་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། མ་ཏང་གི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ། མཚུར་སྟོན་དབང་ངེ༌། རྒྱ་ཕོ་བ་ལུང་པ། སྙེ་མདོ་བ་བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་རིན་ཆེན་འོད། བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང་གྲགས་པ། མཁས་བཙུན་བྱང་སེང༌། ས་བཟང་འཕགས་པ། དེས་བདག་ལའོ། །གཤིན་རྗེའི་གཤེད་དགྲ་ནག་རྭ་ལུགས་ཀྱི་དབང་གི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཏཻ་ལོ་པ། ནཱ་རོ་པ། པྲ་ཛྙཱ་རཀྵི་ཏ། མེཉྫ་གླིང་པ་ཐུགས་རྗེ་ཆེན་པོ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། རོང་པ་ཤེར་སེང༌། བླ་མ་དཔལ་ལྡན་སེང་གེ མཁན་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན། མཁན་ཆེན་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །གདོང་དྲུག་རྭ་ལུགས་ཀྱི་དབང་གི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་པ། བྷ་ད་པ། དྷརྨ་པ། དེ་ཝ་པ། ཛེ་ཏཱ་རི། ཨ་ནཾ་ག་བཛྲ། དྷརྨཱ་ཀ་ར་མ་ཏི། བལ་པོ་ཐུགས་རྗེ་ཆེན་པོ་མན་ཆད་དགྲ་ནག་དང་འདྲ། རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པའི་དཔལ། པདྨ་བཛྲ། དཱི་པཾ་ཀ་ར། ལོཙྪ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། རོང་པ་ཤེར་སེང༌། བླ་མ་དཔལ་ལྡན་སེང་གེ རིན་པོ་ཆེ་བུ་སྟོན། མཁན་ཆེན་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། དཔལ་སེང་གི་ཚབ་ཏུ་རོང་པ་རྡོ་རྗེ་རྒྱལ་མཚན་བཅུག་ཀྱང་འདྲའོ། །ནག་པོ་སྐོར་གསུམ་གྱི་དབང་གི་བརྒྱུད་པ་གཞན་ནི། རོང་པ་རྒྭ་ལོ་ཡན་སྔར་བཞིན་ལས། དེ་ནས་འོ་ཡུག་བ་དཔལ་གྱི་རྒྱལ་མཚན། བླ་མ་ཀློག་སྐྱ་གྲགས་ཆེན། སྤང་སྒང་པ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏི་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར། རཀྵི་ཏ། རྭ་ལོཙྪ་བ་རྡོ་རྗེ་གྲགས། རྭ་ལོཙྪ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རོང་པ་རྒྭ་ལོ། རོང་པ་ཤེར་སེང༌། ཉང་སྟོད་འཕགས་པ། བླ་མ་གྲགས་ཆེན། ཀུན་མཁྱེན་གངས་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །འཇིགས་བྱེད་ལྷ་བཞི་བཅུ་ཞེ་དགུ་མའི་དབང་གི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། འཇམ་དཔལ་བཤེས་གཉེན། ཨ་མོ་གྷ་བཛྲ་ཆེ་བ། ཨ་མོ་གྷ་ཆུང་བ། སྐྱོ་འོད་འབྱུང༌། སྐྱོ་སྐུ་མཆེད། ཇོ་སྲས་ཁམ་པ། གཉན་རིན་ཆེན་བརྟན། དེའི་སྲས་གཉན་འོད་སྲུངས། གཉན་ཆོས་རྒྱལ། འཛིམ་པ་རིན་ཤེ། འཇམ་དབྱངས་གཞི་ཐོག་པ། བླ་མ་ལ་རུ་པ། བླ་མ་ཀློག་སྐྱ་པ། སྤང་སྒང་པ་གྲགས་པ་དཔལ། མ་ཏེ་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །འཇིགས་བྱེད་གནོད་སྦྱིན་མོ་བརྒྱད་སྐོར་གྱི་བརྒྱུད་པ་ནི། འཛིམ་པ་རིན་ཤེ་ཡན་ལྷ་བཞི་བཅུ་ཞེ་དགུ་མ་དང་འདྲ་བ་ལས། དེ་ནས་འཛིམ་པ་ཡོན་ཏན་རྒྱ་མཚོ། བླ་མ་ཀློག་སྐྱ་གྲགས་ཆེན། སྤང་སྒང་པ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་མཚན་མ་གྱེན་འགྲེང༌། རྭ་ལ་སེམས་བཟུང་བ། མཚན་མོ་རྒྱུ་བ་སྟེ་གསུམ་གྱི་བརྒྱུད་པ་ནི། འཛིམ་པ་རིན་ཤེ་ཡན་འཇིགས་བྱེད་ཞེ་དགུ་མ་དང་འདྲ་བ་ལས། དེ་ནས་ཨེ་པ་འཁོན་སྟོན། གཞི་ཐོག་འཇམ་དབྱངས། བླ་མ་ཆ་གན། ཀློག་སྐྱ་གྲགས་ཆེན། ཀུན་མཁྱེན་གངས་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །གཤེད་དམར་ལྷ་ལྔ་མ་ཆག་ལུགས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བིརྺ་པ། ཌོམྦྷི་ཧེ་རུ་ཀ བིར་ཊི་པ། གམྦི་ར་མ་ཏི། ནི་སྐ་ལངྐ་དེ་ཝ། རྭ་ཝེནྡྲ། ཆག་ཆོས་རྗེ་དཔལ། གཡུང་ཕུག་པ་རྒྱལ་མཚན་དགེ་བ། ཤོང་ལོཙྪ་བ་བློ་བརྟན། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཀུན་སྤངས་ཆོས་གྲགས། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། ཆག་ལོ། ཤངས་པ་ཚུལ་ཤེ དཔལ་གྱི་རྒྱལ་མཚན། ཀློག་སྐྱ་པ། སྤང་སྒང་པ། མ་ཏི་པཎ་ཆེན་མན་འདྲ། ཡང་ན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། མཁན་ཆེན་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །དཔྱལ་ལུགས་ཀྱི་བརྒྱུད་པ་ནི། ནི་སྐ་ལངྐ་ནས། དཔྱལ་ལོཙྪ་བ་ཆོས་བཟང༌། རྗེ་བཙུན་རྒྭ་ལོ། རོང་པ་ཤེར་སེང༌། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ་མན་འདྲ། དཱ་ན་ཤཱི་ལའི་ལུགས་ཀྱི་བརྒྱུད་པ་ནི། བིརྺ་པ། ནག་པོ་པ། ས་ལི་པ། ཤཱི་ལ་ཙནྡྲ། དཱ་ན་ཤཱི་ལ། འཇམ་གསར། རྒྭ་ལོ། ཤེས་རབ་སེང་གེ དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ་མན་འདྲ། ཡང་ན། ནི་སྐ་ལངྐ། དཱ་ན་ཤཱི་ལ། འཇམ་དབྱངས་གསར་མ། རྒྭ་ལོ། ཤེར་སེང༌། ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ་མན་འདྲ། ཡང་ན། རོང་པ་རྒྭ་ལོ། དཔལ་གྱི་རྒྱལ་མཚན། ཀློག་སྐྱ་པ། སྤང་སྒང་པ། མ་ཏི་པཎ་ཆེན་མན་འདྲ། ཡང་ན། རོང་པ་རྒྭ་ལོ། ཟེ་དམར་བ། དཔལ་ལྡན་སེང་གེ ཀུན་སྤངས་ཆོས་གྲགས། མ་ཏི་པཎ་ཆེན་མན་འདྲ། གཤེད་དམར་«་་་་་དཱ་ན་ཤཱི་ལའི་ལུགས་»ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་གཤིན་རྗེའི་གཤེད། བྲམ་ཟེ་དཔལ་འཛིན། ཨ་ནུ། མ་རཀྵི་ཏ། རཏྣ་ཨཱ་ཀ་ར་ཤཱནྟི། དྷརྨཱ་ཀ་ར་ཤཱནྟི། ནཱ་ཡ་ཀ་པ། བི་ཁྱཱ་ཏ་དེ་ཝ། ཤཱཀྱ་ཤྲཱི་བྷ་དྲ། དཱ་ན་ཤཱི་ལ། གཡག་སྡེ་ལོཙྪ་བ། གྲུབ་ཆེན་ཟེ་དམར་བ། ཐམས་ཅད་མཁྱེན་པ་བུ་སྟོན། ལོཙྪ་བ་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། གཤིན་རྗེའི་གཤེད། བྲམ་ཟེ་དཔལ་འཛིན། མ་ཏི་པ། དར་པཎ་ཨཱ་ཙརྻ། གློ་བོ་ལོཙྪ་བ་ཤེས་རབ་རིན་ཆེན། སྤྲུལ་སྐུ་ས་པ། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན། ལོཙྪ་བ་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། གཤིན་རྗེ་གཤེད།«་་་་་ཆག་ལུགས།» དཔལ་འཛིན། བཱི་ར་ཌི་པ། མ་ཏི་པ། ནི་སྐ་ལངྐ་དེ་ཝ། རེ་ཝེནྡྲ། ཆག་ཆོས་རྗེ་དཔལ། གཡུང་ཕུག་པ། ཤོང་སྟོན་བློ་གྲོས་བརྟན་པ། ལོཙྪ་བ་མཆོག་ལྡན་མན་འདྲ། ཡང་ན། གཡག་སྡེ་ལོཙྪ་བ། རྒྭ་ལོ། ཤེར་སེང༌། སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་ཆེན་པོ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེ་ལས་བདག་གིས་གཤིན་རྗེའི་གཤེད་དམར་ནག་ཐམས་ཅད་ཀྱི་སྒྲུབ་ཐབས། དབང་ཆོག་བདག་འཇུག་རྣམས་བླ་མས་ཕྱོགས་གཅིག་ཏུ་བསྡུས་པའི་ལུང་ཐོས་སོ། །ཡང་དགྲ་ནག་ཞང་ལུགས་ཀྱི་དབང་བསྐུར་བ་དང༌། དྲག་པོའི་དབང་ཐོབ་ནས་དཀྱིལ་འཁོར་གྱི་ཆོ་ག་དང༌། མཆོད་རྟེན་གྱི་ཆོ་ག་ལ་ལི་ཏ་བཛྲས་མཛད་པ། དགྲ་ནག་གི་རྫོགས་རིམ་རིམ་བཞིའི་བྱེ་བྲག་«དེ་ཝ་ཨཱ་ཀ་ར་ཙནྡྲས་མཛད་པ།་་་་་»བསྟན་པ། སྲུང་བའི་འཁོར་ལོའི་སྒྲུབ་ཐབས་མར་མེ་མཛད་ཀྱིས་མཛད་པ། ཚིགས་སུ་བཅད་པ་སུམ་ཅུ་པ་ཨཱ་ཙརྻ་སིདྡྷཱརྠ་དང་ཤེས་རབ་བླ་མས་བསྒྱུར་བ། ཐིག་གི་ཆོ་ག་ཉི་ཤུ་པ་ཤེས་རབ་བླ་མས་མཛད་པ། སྤྲོས་པའི་སྡོམ་རིན་པོ་ཆེའི་ཕྲེང་བ། གཅེན་རྡོ་རྗེ་རྩེ་མོས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི། འཇམ་དཔལ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། ལ་ལི་ཏ་བཛྲ། སཽ་སུ་ར་པ། ཤེ་ན་པ། ཨ་ཝ་ལི་ན་པ། གུ་ཎ་པ་བྷ་དྲ། ཝཱ་གཱི་ཤྭ་ར། ཀཱིརྟི་དེ་ཝ། ཨཱ་ཀ་ར་ཙནྡ། ཨ་མོ་གྷ་བཛྲ། པྲཛྙཱ་གུ་རུ། སཾ་གྷ་བྷ་དྲ། རིན་པོ་ཆེ་གཅེན། གཅུང༌། དཔལ་གཏི་མུག་རྣམ་པར་དག་པའི་རྡོ་རྗེ། དཔལ་རྡོ་རྗེ་གསང་བའི་ཡེ་ཤེས། རྗེ་བསམ་གཏན་གླིང་པ། ཀུན་མཁྱེན་འཛིམ་པ་རིན་ཤེ། བླ་མ་ཤར་པ་ཀུན་དགའ་སེང་གེ ཆོས་རྗེ་འཛིམ་པ་རྒྱལ་མཚན་དཔལ། ཀུན་སྤངས་ཆོས་གྲགས། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་གཤིན་རྗེའི་གཤེད་དམར་ལྷ་ལྔའི་སྒྲུབ་ཐབས། དཔའ་བོ་གཅིག་པའི་སྒྲུབ་ཐབས། གཏོར་མའི་ཆོ་ག གཤིན་རྗེ་མཐར་བྱེད་ཀྱི་འཁྲུལ་འཁོར་གྱི་ཆོ་ག འཁྲུལ་འཁོར་གྱི་ཕྲེང་བ་རྣམས། བིརྺ་པས་མཛད་པ། གཤེད་དམར་སྒྲུབ་ཐབས་བློ་བཟང་སྙིང་པོས་མཛད་པ། རྣམ་སྣང་སྲུང་བས་མཛད་པ། རང་བྱིན་གྱིས་བརླབ་པའི་མན་ངག་བློ་གྲོས་བཟང་པོས་མཛད་པ། གཤིན་རྗེ་གཤེད་དམར་པོའི་འཁྲུལ་འཁོར་གྱི་དེ་ཉིད་ངེས་པར་བཤད་པའི་སྒྲུབ་ཐབས་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ། ལས་ཚོགས་ཀྱི་འཁོར་ལོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་དཱ་ན་ཤཱི་ལས་མཛད་པ་དང༌། ལྷ་བཅུ་གསུམ་མའི་སྒྲུབ་ཐབས། མཎྜལ་གྱི་ཆོ་ག དམར་ནག་ཐུན་མོང་པའི་མཆོད་ཆོག གཏོར་མའི་ཆོ་ག དཀྱིལ་འཁོར་གྱི་ཆོ་ག མེ་ལྷའི་མཆོད་པ་རྣམས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་སྟེ། ལུང་དེ་རྣམས་ཀྱི་བརྒྱུད་པ་ནི། བླ་མ་དཔལ་ལྡན་སེང་གེ་ཡན་བཙལ་དགོས། དེ་ནས་ཀུན་སྤངས་ཆོས་གྲགས། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་གི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། ས་ཝ་རི་པ། ཛ་ཝ་རི་པ། བལ་པོའི་པཎྜི་ཏ་དེ་ཝ་པུ་ཎྱ་མ་ཏི། ལོཙྪ་བ་འགར་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་ཆོས་ཀྱི་རྒྱལ་མཚན། ཤེས་རབ་རྡོ་རྗེ། ཐུབ་པ་ཤེས་རབ། བརྩོན་འགྲུས་རྡོ་རྗེ། དམར་ཆོས་གྱི་རྒྱལ་པོ། གན་ཆག་པ་དབང་ཕྱུག་རྒྱལ་མཚན། ཆོས་རྗེ་འཛིན་པ་རྒྱལ་མཚན་དཔལ་བཟང་པོ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེ་ལས་བདག་གིས་སྒྲུབ་ཐབས་དང༌། དཀྱིལ་ཆོག་བསོད་ནམས་དབང་ཕྱུག་གིས་མཛད་པའི་ལུང་ཡང་ཐོབ། གཉིས་པ་ཤེས་རབ་ཀྱི་རྒྱུད་ལ། སློབ་དཔོན་ནག་པོ་པའི་ལུགས་ཀྱི་ཀྱེའི་རྡོ་རྗེ་དཀྱིལ་འཁོར་བཞིར་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེ། བྲམ་ཟེ་ནག་པོ་པ། འགོས་ཁུག་པ་ལྷས་བཙས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། རྗེ་ས་སྐྱ་པ་ཆེན་པོ། རྗེ་བཙུན་བསོད་ནམས་རྩེ་མོ། བླ་མ་རྗེ་བཙུན། དཀར་ཤཱཀྱ་གྲགས། བདེ་ལུང་པ་ཀུན་བཟང་དཔལ། བླ་མ་དར་མ་ཡེ་ཤེས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་དཔལ་ལྡན་དོན་གྲུབ། བླ་མ་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ། དཀྱིལ་ཆོག་ནག་པོ་གཞུང་འགྲེལ་རྣམས་ཀྱི་ལུང་ཡང་ཐོས་སོ། །སམྦུ་ཊ་ནས་གསུངས་པའི་དཔལ་ཀྱེའི་རྡོ་རྗེ་ལྷ་བཅུ་བདུན་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི་ཛྙཱ་ན། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ལོཙྪ་བ། བླ་མ་དཀོན་མཆོག་རྒྱལ་པོ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། ཁང་འོད་ཟེར་རྒྱལ་མཚན། བླ་མ་གཞོན་ནུ་སེང་གེ གཉལ་པ་བདེ་ལེགས་དཔལ། བླ་མ་དཔལ་ལྡན་དོན་གྲུབ། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་བླ་མས་མཛད་པའི་ལུང་ཐོས་ཤིང༌། དཀྱིལ་ཆོག་བཟང་པོ་ཡོངས་བཟུང་གི་སྟེང་ནས་མཛད་དོ། །སམྦུ་ཊ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། དཔལ་ལྡན་ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་རྒྱལ་བ་དཔལ། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། བླ་ཆེན་འབྲོག་མི། མངའ་རིས་པ་གསལ་བའི་སྙིང་པོ། སྒྱི་ཆུ་བ་དགྲ་ལྷ་འབར། ས་སྐྱ་པ་ཆེན་པོ། རྗེ་བཙུན་ཆེན་པོ། ཆོས་རྗེ་པ། ཚོགས་སྒོམ་པ། གཉགས་སྙིང་པོ་རྒྱལ་མཚན། ཞང་བཀྲ་ཤིས་དཔལ། སྤང་སྒང་པ་གྲགས་པ་དཔལ། པཎ་ཆེན་མ་ཏི། བླ་མ་འཕགས་པ། དེས་བདག་ལ་གནང་བའོ། །གུར་རིགས་བསྡུས་རྔོག་ལུགས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། མ་ཏང་གི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལྷོ་བྲག་པ། རྔོག་ཆོས་ཀྱི་རྡོ་རྗེ། སྲས་མདོ་སྡེ། རམ་ཀླུ་གོང་པ། གྲོར་བསམ་ཕུག་པ། མངའ་རིས་ཀྱི་སྟོན་པ་དཀོན་མཆོག་འབར། རྒྱ་མཁར་ངོ་མར་གྱི་མཁན་པོ་འཕགས་སྐྱབས། རྒྱང་རོ་གསེར་སྡིངས་ཀྱི་གྲུབ་ཐོབ་སྟོན་གཞོན། མ་ངག་དགེ་སྡིངས་ཀྱི་སློབ་དཔོན་ཆོས་འོད། བླ་མ་སངས་རྒྱས་འབུམ། ལོ་མཆོག མཁས་མཆོག ཀུན་མཁྱེན་ཆེན་པོ། བྱང་སེང་བ། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། མཆོག་ལྡན། བག་སྟོན། བླ་མ་ཚུལ་རྒྱལ། བླ་མ་ངག་དབང༌། བྱང་སེང་བ་མན་འདྲའོ། །བདེ་མཆོག་འཁྲུལ་སྤོང་གི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཨ་བྷ་ཡཱ་ཀ་ར། ཤུ་བྷཱ་ཀ་ར་གུཔྟ། ཨཱ་ནནྡཱ་ཀ་ར་གུཔྟ། རཏྣ་རཀྵི་ཏ། ཞང་ལོཙྪ་བ་གྲུབ་པ་དཔལ་བཟང་པོ། ཉེ་པོ་ཆོས་ལྡན། བླ་མ་གཞོན་ནུ་དཔལ། བླ་མ་གཞོན་ནུ་ཚུལ། གློ་བོ་ལོཙྪ་བ། མཁན་པོ་ལོཙྪ་བ། མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། དེས་བདག་ལའོ། །སློབ་དཔོན་ཨ་བྷ་ཡཱས་མཛད་པའི་སྒྲུབ་ཐབས་འཁྲུལ་སྤོང་ཡང་ཐོས་ཤིང༌། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལྟར་མཛད་དོ། །བདེ་མཆོག་རྡོ་རྗེ་མཁའ་འགྲོའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། རཏྣ་ཤྲཱི། ཀ་ལྱཱ་ཎ་ཤཱནྟི། མ་ཏི། ཝ་ནི་ཏེ་བྷ་དྲ། བྷུ་མི་ཤྲཱི། བི་མ་ལ་ཤྲཱི། ཤོང་བློ་བརྟན། ལོཙྪ་བ་མཆོག་ལྡན། བདེ་བ་ཅན་པ་སེང་གེ་རྒྱལ་མཚན། གཡུང་སྟོན་རྡོ་རྗེ་དཔལ། མཁན་ཆེན་ཤེར་རྡོར་བ། དེ་གཉིས་ཀ་ལས། རིན་པོ་ཆེ་གྲགས་ཚུལ་བ། མཁས་བཙུན་བྱང་སེང་པ། ས་བཟང་འཕགས་པ། དེས་བདག་ལའོ། །རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས། བྱང་ཆུབ་ཀྱི་སེམས་ཀུན་ཏུ་གཟིགས་པའི་ཕྲེང་བ། སློབ་དཔོན་ཀ་ལ་ཀལྤས་མཛད་པའི་བརྒྱུད་པ་ནི། བླ་མ་གཟེ་བ་ཆོས་དཔལ་བཟང་པོ། རིན་པོ་ཆེ་གྲགས་ཚུལ་བ་མན་དབང་དང་འདྲ། དཔལ་བདེ་མཆོག་གི་དང་པོའི་དབང་བསྐུར་བའི་རྒྱུད་དང༌། ཆོ་ག་སྣ་ཚོགས་ལས་བཏུས་པ་མཉེས་པའི་སྙིང་པོ་ཞེས་བྱ་བ། སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ་ཐོས། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། ཤ་ཝ་རི། མཻ་ཏྲི་གུཔྟ། རྒྱ་གར་ཕྱག་ན། ཀ་མ་ལ་བཛྲ། ཛ་ཡ་སེ་ན། སུམ་པ་ལོཙྪ་བ་དར་མ་ཡོན་ཏན། རྗེ་བཙུན་གྲགས་རྒྱལ། ས་སྐྱ་པཎ་ཆེན། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ཆོས་དབང༌། ལོཙྪ་བ་མཆོག་ལྡན། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང༌། བླ་མ་བྱང་སེང་བ། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཏཻ་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ། དྷ་བྱང་སེམས། ཨ་བྷ་ཡ་རཀྵི་ཏ། ཛ་ཡ་སེ་ན། སུམ་པ་ལོཙྪ་བ་དར་མ་ཡོན་ཏན། མཁས་པ་སམྦུ་ཊ། སེང་གེ་རྒྱལ་མཚན། གྲགས་པ་དཔལ་རྡོ་རྗེ། ཡང་ན། སུམ་པ་ལོཙྪ་བ། རྒྱ་ཐམས་ཅད་མཁྱེན་པ། སྲིན་པོ་རི་པ། སྒྲད་སྟོན་རྡོ་རྗེ་དཔལ། མཚུར་ཕུ་བ་ཚུལ་རིན། རང་བྱུང་རྡོ་རྗེ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། བསོད་ནམས་འོད་ཟེར། བག་སྟོན་གཞོན་ཚུལ་མན་འདྲ། སྒྲུབ་ཐབས། དཀྱིལ་ཆོག གཏོར་ཆོག སྦྱིན་སྲེག་རྣམས། ཛ་ཡ་སེ་ནས་མཛད་པ་ཐོས། བདེ་མཆོག་སྡོམ་འབྱུང་ལྷ་བཅུ་གསུམ་པའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ལོ་ཧི་པ། དྷ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་རི་པ། དཔེ་མེད་དཔལ། རིན་ཆེན་འབྱུང་གནས་སྦས་པ། ཨ་བྷ་ཡཱ་ཀ་ར། དགེ་བའི་འབྱུང་གནས། ལེགས་སྤྱོད་ཞབས། རཏྣ་རཀྵི་ཏ། ཆག་ལོཙྪ་བ། གོ་ལུང་བ་མདོ་སྡེ་དཔལ། གཡུང་ཕུག་པ་རྒྱལ་མཚན་དཔལ། ཤོང་ལོ། ལོ་མཆོག དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། ལོཙྪ་བ་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། ལོ་མཆོག འཇམ་སྐྱ། དཔལ་སེང་ངོ༌། །ཡང་ན། ལོཙྪ་བ་ཤོང་བློ་བརྟན། ལོཙྪ་བ་མཆོག་ལྡན། བླ་མ་སངས་རྒྱས་སྲས། བདེ་བ་ཅན་པ་བླ་མ་ཡེ་ཤེས་མགོན། བདེ་བ་ཅན་པ་བླ་མ་དར་བཟང༌། དེ་ཉིད་ལས་བླ་མ་གྲགས་ཆེན་ལ། ཀུན་མཁྱེན་གངས་པ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་རཏྣ་རཀྵི་ཏས་མཛད་པ་ཐོས། བདེ་མཆོག་དཀར་པོའི་བྱིན་རླབས་དང་མན་ངག་གི་བརྒྱུད་པ་ནི། འཁོར་ལོ་བདེ་མཆོག པཎ་ཆེན་ཤཱཀྱ་ཤྲཱི། ས་སྐྱ་པཎ་ཆེན། གཡག་སྡེ་ལོཙྪ་བ། ཡང་ན། པཎ་ཆེན་དཔྱལ་ཆོས་བཟང༌། ཇོ་གདན་རྡོ་རྗེ་དཔལ། གཡག་སྡེ་ལོཙྪ་བ། མངའ་རིས་པ་སངས་རྒྱས་ཡེ་ཤེས། རིན་པོ་ཆེ་བསོད་ནམས་གྲགས་པ། རིན་པོ་ཆེ་གྲགས་ཚུལ་བའོ། །ཡང་རིན་པོ་ཆེ་བསོད་རྣམས་གྲགས་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེར་རྡོར། དེ་གཉིས་ཀ་ལས་རིན་པོ་ཆེ་གྲགས་ཚུལ་བ། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། དེས་བདག་ལའོ། །བདེ་མཆོག་ཡབ་ཀྱི་གོ་ཆ་དྲུག་དང༌། ཡུམ་གྱི་ཆོ་ག་དྲུག་གི་བྱིན་རླབས་ཀྱི་བརྒྱུད་པ་ནི། ཤ་བ་རི། མཻ་ཏྲི་པ། རྒྱ་གར་ཕྱག་ན། མར་པ་དོ་བ། གཟེ་པ་བློ་ལྡན། དོན་ཡེ་ཆོས་བློ། རྡོར་རྒྱལ། བྱང་ཆེན་པ། བདེ་བ་ཅན་པ། བླ་མ་སེང་གེ་རྒྱལ་མཚན། མཁན་ཆེན་ཤེར་རྡོར་བ། བླ་མ་ནོར་བུ་དཔལ་བཟང་པོ། བླ་མ་འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལའོ། །ཀ་ན་ཀ་ཤྲཱིས་མཛད་པའི་སྒྲུབ་ཐབས་གཉིས་ཀྱང་ཐོས། ཕག་མོ་རིན་ཆེན་རྒྱན་འདྲའི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ། ཇོ་བོ་རྗེ། ལྷ་བྱང་ཆུབ་འོད། འམ་པ་ལྕགས་རི་བ། རྒྱ་ལྕགས་རི་བ། རྫིང་ཕུ་བ། ཐང་སྟོན། ཀློག་སྐྱ་ཆེན་པོ། ཞིང་ཆེན་པ་གྲགས་པ་དཔལ། བདེ་གཤེགས་དཔལ། བླ་མ་སྒོམ་ཡེ། བླ་མ་གྲགས་ཆེན། བླ་མ་འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན། རིན་པོ་ཆེ་གྲགས་ཚུལ་བ། ཡང་ཇོ་བོ་རྗེ་ཡན་སྔར་བཞིན་ལ། དེས་རྒྱ་ལྕགས་རི་གོང་ཁ་བ། དགས་པོ་རིན་པོ་ཆེ་བསོད་ནམས་རིན་ཆེན། གྱེར་སྒོམ་ཡེ་ཤེས་རྡོ་རྗེ། གླན་སྒོམ་རས་པ། ཁུ་སྟོན་ཤེས་རབ་གྲུབ། འབའ་སྟོན་གཟི་བརྗིད། གཡུང་སྟོན་རྡོ་རྗེ་དཔལ། རིན་པོ་ཆེ་གྲགས་ཚུལ། མཁས་བཙུན་བྱང་སེང༌། ས་བཟང་འཕགས་པ། དེས་བདག་ལའོ། །རྒྱ་གཞུང་སྒྲུབ་ཐབས། བྱིན་རླབས་ཀྱི་ཡི་གེ་གཞོན་ནུ་མའི་མཆོད་པ། གཏོར་ཆོག ཚོགས། བསྟོད་པ་རྣམས་ཐོབ། མཁའ་སྤྱོད་མ་དཀར་མོའི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། ཇོ་བོ་རྗེ། རོང་པ་འགར་དགེ འུ་གྲགས་པ། སྐྱེར་སྒང་པ། ཡང་ན། ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ། སྐྱེར་སྒང་པ། དར་མ་ཡེ་ཤེས། གཉན་སྟོན། སངས་རྒྱས་སྟོན་པ། ཤང་སྟོན་ཚུལ་ཁྲིམས་འབུམ། འཇག་པ་རྒྱལ་མཚན་འབུམ། དེ་གཉིས་ཀ་ལས། ཁྱུང་པོ་ཚུལ་ཁྲིམས་མགོན། རིན་པོ་ཆེ་གྲགས་ཚུལ་བ། མཁན་ཆེན་བྱང་སེང་བ། འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལའོ། །སྒྲུབ་ཐབས། རིལ་བུ་སྒྲུབ་པ། དམ་ཚིག་གསོ་བ། གཏོར་མ། འཕོ་བ། ཇོ་བོ་རྗེས་མཛད་པའི་གཞུང་ཆུང་རྣམས་ཐོས། སངས་རྒྱས་མཉམ་སྦྱོར་རིགས་བསྡུས་ལྷ་བརྒྱ་དང་བདུན་གྱི་དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། ཕྱག་ན་རྡོ་རྗེ། ལིཙྪ་བྱི་དྲི་མ་མེད་པ། རྒྱལ་པོ་ཇ། ཨུ་པ་རཱ་ཛ། ཀུ་ཀུ་རཱ་ཛ། མུ་ད་ཏ། ཉི་ཟླ་རྡོ་རྗེ། བཱ་ཧུ་ཏ། མུས་ཏོ་བ་ཧུ་ཏ། ཀུཀྐོ་ཏ། བི་མ་ལ་མི་ཏྲ། ཨཱ་ཙརྻ་རིན་ཆེན་མཆོག གྱེ་རེ་ཕྱོགས་སྐྱོང༌། ཙུག་རུ་རིན་གཞོན། མགོ་བོ་ཚུལ་བྱང༌། ཅོག་རོ་རྒྱལ་བའི་ཡོན་ཏན། ལས་གསུམ་གཞོན་ནུ་མཆོག རྡོ་རྗེ་འཇམ་དཔལ། དེ་གསུམ་ཀ་ལས་བྱང་ཆུབ་འོད། བློ་གྲོས་རྒྱལ་མཚན། རོང་བན་རིན་ཆེན་ཚུལ་ཁྲིམས། ལྡོང་སྟོན་ཆོས་བཟང༌། ཡ་ཤུད་བློ་ཆུང༌། མགོ་ཟླ་བ་འབར། མགོ་ཟླ་འབུམ་གྲགས། མགོ་དངོས་གྲུབ་རྒྱལ་མཚན། མགོ་ཆོས་རྡོར། མགོ་དངོས་གྲུབ་མགོན། དབུས་པ་སངས་རྒྱས་འབུམ། ཡང་བི་མ་ལ་མི་ཏྲ། རིན་ཆེན་མཆོག ཀུ་མཱ་ར། དེ་གཉིས་ཀ་ལས་ཁྱུང་པོ་དབྱིག་འོད། ཅོག་རོ་རྒྱལ་འབུམ། དམ་པ། ཁུ་དྲོ་དཔལ་གཞོན། དེ་གསུམ་ཀ་ལས་ཅོག་རོ་རྒྱལ་བའི་ཡོན་ཏན། དེ་བཞི་ལས་ཡོན་ཏན་བཟང་པོ། ཅོག་རོ་བྱང་ཆུབ་འབྱུང་གནས། ཟ་རིགས་འཕགས་པ། རྨུགས་བྱང་སྙིང༌། དམར་སྒོམ་ཆེན་ཡོན་ཚུལ། ལྕེ་བསོད་བཟང༌། དེ་གཉིས་ཀ་ལས་འགར་སྟོན་ཚུལ་བཟང༌། དེ་ནས་ཡ་ཤུད་བློ་བཟང་མན་ཆད་སྔར་བཞིན་ནོ། །དབུས་པ་སངས་རྒྱས་འབུམ་ལ། གསེར་སྡིངས་པ་ཆོས་འོད། གྲུམ་བསྐྱོད་རྡོ་རྗེ། མཁན་པོ་བསོད་ནམས་འཕེལ། བག་སྟོན་ཚུལ་རྒྱལ། ངག་དབང་ཡེ་ཤེས་མགོན། བླ་མ་དམ་པ་སེང་གེ་རྒྱལ་མཚན། འཁོན་ཤེས་རབ་རྡོ་རྗེ། ཡང་ལུགས་གཅིག་ལ། གྲུ་མི་བསྐྱོད་རྡོ་རྗེ། བྱང་ཆེན་པ། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ འཁོན་མཁས་བཙུན། མཁས་བཙུན་བྱང་ཆུབ་སེང་གེ བླ་མ་འཕགས་པ། དེས་བདག་ལའོ། །མཉམ་སྦྱོར་རྡོ་རྗེ་སེམས་དཔའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་མཁའ་འགྲོ་མ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཏེ་ཛ་དེ་ཝ། ཟངས་དཀར་ལོཙྪ་བ། གཉན་ཚུལ་ཁྲིམས་འབར། མགོས་མི་ས་བཟང༌། གཞོན་ནུ་སེང་གེ དབང་ཕྱུག་རིན་ཆེན། ཤཱཀྱ་རྡོ་རྗེ། ཆོས་གྲགས། སངས་རྒྱས་འབུམ། ལོཙྪ་བ་མཆོག་ལྡན། བག་སྟོན་པ། བླ་མ་ཚུལ་རྒྱལ། ངག་གི་དབང་ཕྱུག མཁས་བཙུན་བྱང་སེང༌། ས་བཟང་འཕགས་པ། དེས་བདག་ལའོ། །ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་དཀྱིལ་ཆོག་ཀྱང་ཐོས། རྡོ་རྗེ་གདན་བཞིའི་ཡབ་བཀའ་དང་ཡུམ་བཀའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། ཨཱརྻ་དེ་ཝ། རྣལ་འབྱོར་པ་རུས་ཕྲེང་ཅན། བལ་པོ་སྤྱི་ཐེར་བ། མར་ལོ། རྔོག་ཆོས་རྡོར། རྔོག་མདོ་སྡེ། རྩག་དྷརྨ་རཱ་ཛ། རྩག་གུ་ཧྱ་སིང་ཧ། རྒྱ་རིན་ཆེན་འབུམ། རྒྱ་བསོད་ནམས་འབུམ། བྱ་རིན་ཆེན་འོད། བློ་ཆེན་བག་སྟོན། ཡང་ཨཱརྻ་དེ་ཝ། ཏཻ་ལོ། ནཱ་རོ། མར་པ། རྔོག་ཆོས་རྡོར། གཉལ་པ་རྔོག་སྟོན། རྔོག་ཆོས་ཚུལ། རྔོ་ཀུན་རྡོར། རྔོག་གཟི་བརྗིད། ཁམ་པ་ཀུན་རིན། མཆོག་ལྡན། བློ་ཆེན། བག་སྟོན། བླ་མ་ཚུལ་རྒྱལ། བླ་མ་ངག་དབང༌། གཉགས་སྟོན་བྱང་སེང༌། ས་བཟང་འཕགས་པ། དེས་བདག་ལའོ། །བློ་ཆེན་གྱིས་མཛད་པའི་སྒྲུབ་དཀྱིལ་ཡང་ཐོས། གདན་བཞིའི་དཀྱིལ་འཁོར་རྒྱས་པའི་དབང་གི་བརྒྱུད་པ་ནི། ཀྲི་ཡ་ས་མུཙྪ་དང་མཐུན་གསུང་ཞིང༌། སྒྲུབ་ཐབས་ཛ་གད་ཨཱ་ནནྡྲ་ཛི་བས་མཛད་པ་ཐོས། དབང་ཆོག་ཀྲི་ཡ་ལྟར་མཛད་དོ། །མ་ཧཱ་མཱ་ཡཱ་ལྷ་ལྔའི་དབང༌། ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། ནཱ་རོ་པ། ཤཱནྟི་པ། ཇོ་བོ་རྗེ། རོང་པ་འགར་དགེ ཀློག་སྐྱ་སྟོན་པ། སྟེང་པ་ཐུར་གསལ། འཕར་ལུང་བ་རྒྱལ་སྲས། སྐྱར་པོ་ཉི་ཤེ། འདའ་ཚ་དར་རྒྱལ། འདའ་ཚ་གྲགས་ཤེ། སྤེན་ཕུག་པ་བསོད་ནམས་མཛེས། གྲགས་ཆེན་པ། འཕགས་བོད། མཁན་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན། མཁན་ཆེན་རིན་ཆེན་རྣམ་རྒྱལ། འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལའོ། །ཡང་རྔོག་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོམྦི་པ། ཏཻ་ལོ་པ། ནཱ་རོ་པ། པཎྜི་ཏ་ཞི་བ་བཟང་པོ། མར་པ་ལྷོ་བྲག་པ། རྔོག་གཞུང་པ་ཆོས་རྡོར། སྲས་ཇོ་སྲས་མདོ་སྡེ། རྔོག་ཆོས་སྐུ། རྔོག་ཚ་དཀོན་མཆོག་དཔལ། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། འགྲོ་མགོན་འཕགས་པ། མཁན་པོ་གཞོན་ནུ་འབུམ། བླ་མ་ཀཱིརྟི་ཤྲཱི། ཀུན་མཁྱེན་གངས་པ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། འཕགས་པ། ཁྲོ་ཕུ་རིན་པོ་ཆེ། འཇམ་སྐྱ། དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། རྔོག་ཆོས་རྡོར། སྤ་སྦ་བ་ཅན། རྔོག་ཞེ་སྡང་རྡོ་རྗེ། གཙང་ལྷ་སྟེང་པ། ལྕེ་ཇོ་མདོ། ཆོས་འོད། འཕགས་འོད། བུ་སྟོན་རིན་པོ་ཆེ། མཁན་ཆེན་རིན་ཆེན་རྣམ་རྒྱལ། འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལའོ། །སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ། བྱང་སེམས་བློ་གྲོས་རིན་ཆེན། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། མཻ་ཏྲི་པ། མར་པ་ལོཙྪ་བ། རྒྱ་རྣལ་འབྱོར་པ། རོ་མཉམ་རྡོ་རྗེ། ཡོན་ཏན་གྲགས། ཁམ་པ་ཤཱཀྱ་རྡོ་རྗེ། གཉལ་པ་ཆོས་གྲགས། མཁན་ཆེན་རྒན་མོ་ལྷས་པ། བསོད་ནམས་འཕེལ། བག་སྟོན་མན་འདྲ། ཡང་ན། རྒན་ལྷས་པ། བླ་མ་ཡེ་ཤེས་རིན་ཆེན། འཇམ་དབྱངས་ཆེན་པོ། རྒྱ་སྟོན་ཐམས་ཅད་མཁྱེན་པ། བག་སྟོན་གཞོན་ཚུལ། གཡུང་སྟོན་རྡོ་རྗེ་དཔལ། རིན་པོ་ཆེ་གྲགས་ཚུལ། ཆོས་རྗེ་བྱང་སེང་བ། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ལུགས་གཅིག་ལ། བླ་མ་ཡེ་ཤེས་རིན་ཆེན། བླ་མ་སྨོན་ལམ་མགོན། ཞུ་སྟོན་པ། དམར་བྱང་ཆེན་པ། བག་སྟོན་གཞོན་ཚུལ། གཡུང་སྟོན་པ། མཁན་ཆེན་གྲགས་ཚུལ་བ། ཆོས་རྗེ་བྱང་སེང་པ། ས་བཟང་འཕགས་པ། དེས་བདག་ལའོ། །དཔལ་སངས་རྒྱས་ཐོད་པ་ལྷ་དགུ་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཨཱརྻ་དེ་ཝ། ནག་པོ་ཞབས། དེ་ཝ་ཨཱ་ཀ་ར་ཙནྡྲ། ཨ་མོ་གྷ་བཛྲ། མར་པ་ལོཙྪ་བ། མཚུར་དབང་གི་རྡོ་རྗེ། མགོན་གད་པ་ཀཱིརྟི། ཡར་ལུང་གི་སྙེག་དམར་པོ། མགོས་རི་ཁྲོད་དབང་ཕྱུག བལ་པོ་དབང་མགོན། རིན་ཆེན་བཟང་པོ། གན་པ་རིན་ཆེན་རྒྱལ་མཚན། ཀུན་བསོད་པ། བག་སྟོན་གཞོན་ཚུལ། གཡུང་སྟོན་རྡོ་རྗེ་དཔལ། མཁན་ཆེན་གྲགས་ཚུལ་བ། ཆོས་རྗེ་བྱང་སེང་བ། ས་བཟང་འཕགས་པ། དེས་བདག་ལའོ། །མི་གཡོ་བ་བླ་མེད་ལྷ་དགུ་མ་དང་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་མི་གཡོ་བ། བེ་ཛ་ཡ་རཀྵི་ཏ། རྒྱ་གར་ཤར་ཕྱོགས་ན་ལེནྡྲའི་གནས་བརྟན་རཱ་ཧུ་ལ། རཱ་ཧུ་ལ་གཉིས་པ། པཎྜི་ཏ་རཏྣ་ཤྲཱི། ལོཙྪ་བ་གྲགས་པ་རྒྱལ་མཚན། རོང་པ་ཤེས་རབ་སེང་གེ དེ་གཉིས་ཀ་ལས་བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ། ངག་དབང་པ། མཁས་བཙུན་བྱང་སེང༌། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་དཀྱིལ་བློ་ཆེན་གྱིས་མཛད་པ་ཐོས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨ་དྲྭ་བའི་དབང་གི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་པདྨ་བཛྲ། པཎྜི་ཏ་བི་མ་ལ་ཤྲཱི། བི་བྷ་ཝ་བྷི་མ་ཤྲཱི། སུ་མ་ན་ཤྲཱི། རཏྣ་ཨཱ་ཀ་ར། ཤྲཱི་ཨ་མ་ར་བྷ་དྲ། ཕ་ལ་ཤྲཱི། སུ་མ་ན་ཤྲཱི། ལོཙྪ་བ་བུ་སྟོན་ཁ་ཆེ། ལོཙྪ་བ་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་རིན་པོ་ཆེ་བུ་སྟོན་པས་མཛད་པ་དང༌། དཀྱིལ་ཆོག་རིན་རྣམ་པས་མཛད་པ་རྣམས་ཐོས། སྒྲོལ་མ་ལྷ་བཅུ་བདུན་མའི་དབང་གི་བརྒྱུད་པ་ནི། མཆིམས་ནམ་མཁའ་གྲགས་ཡན་གཞན་དང་འདྲ་བ་ལས། དེ་ནས་འཕགས་པ་རིན་པོ་ཆེ། དུས་འཁོར་བ་ཡེ་ཤེས་རིན་ཆེན། བླ་མ་ཀུན་དགའ་སེང་གེ འཛིམ་པ་རྒྱལ་མཚན་དཔལ། སྤང་སྒང་པ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲོལ་མ་ལུས་དཀྱིལ་གྱི་དབང་གི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་གཞན་དང་འདྲ། དེ་ནས་བླ་མ་ཁང་སྟོན། དགའ་ལྡན་པ་ཀུན་བསོད། དེ་གཉིས་ཀའི་ལས་བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང༌། མཁན་ཆེན་བྱང་ཆུབ་སེང་གེ རིན་པོ་ཆེ་ས་བཟང་འཕགས་པ། དེས་བདག་ལའོ། །མཆོག་གི་སྒྲོལ་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། ནག་པོ་པ། ཝ་གུ་པཎྜི་ཏ། དཱ་ན་ཤཱི་ལ། ཁང་རྣལ་འབྱོར་པ། མཁན་ཆེན་གཞོན་དབང༌། དགེ་སློང་བསམ་འགྲུབ། ལོཙྪ་བ་མཆོག་ལྡན། སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་ཆེན་པོ། བྱང་སེང་བ། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་རྙིང་པ་དང༌། དཀྱིལ་ཆོག་དགའ་ལྡན་པས་མཛད་པ་ཐོས། གུར་མགོན་ལྷ་བཅུ་བདུན་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར། རིན་ཆེན་བཟང་པོ། དགེ་ཚུལ་པཱུརྞ། ལྕགས་རི་གོང་ཁ་བ། རྫིང་ཕུ་ཁ་བ། སྤེན་ཕུག་པ། ཞང་ཡེ། གཟེ་བ་དོན་གྲུབ། བར་ཐང་པ་ཡབ་སྲས། དར་ཤག པུར་སྟོན་བསོད་དབང༌། མཆོག་ལྡན། སྐྱི་སྟོན་པ། ཀུན་མཁྱེན་ཆེན་པོ། བྱང་ཆུབ་སེང་གེ ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་དང་དཀྱིལ་ཆོག་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ཐོས། ཁྲོ་བོ་རེག་ཚིག་གི་དབང་དང༌། རེག་ཚིག་གི་དམ་ཚིག་གསང་བའི་སྒྲུབ་ཐབས། རེག་ཚིག་གི་སྒྲུབ་ཐབས། དཀྱིལ་ཆོག་རེག་ཚིག་འབིགས་མའི་སྒྲུབ་ཐབས། སྔགས་བཟློག་ནག་པོའི་མན་ངག་རྣམས་ཨཱརྻ་དེ་ཝས་མཛད་པ། བསྒོམ་ཁོག་ལས་བྱུང་བ་རི་པས་མཛད་པ། བྷ་ཡ་ནའི་ཕྱིར་བཟློག ལོ་རྒྱུས་ཕྲན་ཚེགས་འགའ་ཞིག་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཨཱརྻ་དེ་ཝ། རཏྣ་སཾ་གཱི་ཏི། བུདྡྷ་སཾ་གཱི་ཏི། བ་རི་ལོཙྪ་བ། པདྨ་ལཾ་ཀི་ཏི། དགེ་བཤེས་དབུས་པ། མངའ་རིས་ཁྱབ་སྟོན། ཇོ་བོ་སྟག་བཟང༌། ནག་ཚོ་རིག་འཛིན་གྲགས། བུ་སྒང་པ། ནག་ཚོ་ཤེར་རྒྱལ། གྲོན་གྱི་སློབ་དཔོན་འབྲོག་སྟོན། གཅུང་པ་བསོད་དབང༌། ལྷ་རྗེ་པཀྴི་ཆོས་རྒྱལ། བསོད་ནམས་འོད་ཟེར། བག་སྟོན། བླ་མ་ཚུལ་རྒྱལ། ངག་དབང༌། གཉན་སྟོན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། དེས་བདག་ལའོ། །གསུམ་པ་གཉིས་མེད་རྒྱུད་ལ། དཔལ་དུས་ཀྱི་འཁོར་ལོའི་དབང་གི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཆོས་སྐུ་རྡོ་རྗེ་འཆང་ཆེན། ལོངས་སྐུ་དུས་ཀྱི་འཁོར་ལོ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། ཆོས་རྒྱལ་སུམ་ཅུ་རྩ་ལྔ། གྲུབ་ཆེན་དུས་ཞབས་པ་ཆེན་པོ། དུས་ཞབས་པ་གཉིས་པ། རྒྱལ་སྲས་ན་ལེནྡྲ་པ། ཁ་ཆེ་ཟླ་བ་མགོན་པོ། འབྲོ་སྟོན་ལོཙྪ་བ། བླ་མ་ལྷ་རྗེ་སྒོམ་པ། བླ་མ་སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཐོབ་ཡུ་མོ། སྲས་དྷརྨེ་ཤྭ་ར། མཁས་པ་ནམ་མཁའ་འོད་ཟེར། བླ་མ་གྲུབ་ཐོབ་སེ་ཆེན། ཆོས་རྗེ་འཇམ་དབྱངས་གསར་མ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཀུན་ཏུ་བཟང་པོ། དཔལ་ལྡན་བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། མཁས་བཙུན་པ། ཀུན་མཁྱེན་ཆེན་པོ། མ་ཏི་པཎ་ཆེན་ནོ། །ཡང་ན། ཀུན་མཁྱེན་ཆེན་པོ། ཕྱོགས་ལས་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །དུས་འཁོར་ནས་གསུངས་པའི་འཁོར་ལོ་སྡོམ་ཆེན་གྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ། འཆི་མེད་འཚོ། གཉིས་མེད་དཔལ་འཛིན། ཆོས་ཀྱི་འབྱུང་གནས། བིཀྵ་ཏི། ཤཱཀྱ་ཤྲཱི། ཀཥྨི་ར། བྷཱུ་མི་ཤྲཱི། ཤཱ་ཤྭ་ཏ། ཨ་པ་ར། ཀརྨི་ཏ། བློ་སྟོན་ལོཙྪ་བ། བླ་མ་ཆོས་འཛིན། བླ་མ་ངག་དབང༌། མཁན་ཆེན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། དེས་བདག་ལའོ། །གཉིས་པ་རྣལ་འབྱོར་རྒྱུད་ལ། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆེན་པོའི་དབང་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ། ཛྙཱ་ན་པ། འཇམ་དཔལ་གྲགས་པ། དཔལ་སྦས་བཟང་པོ། བྲམ་ཟེ་ཡེ་ཤེས་རྡོ་རྗེ། ཤེས་རབ་འབྱུང་གནས་སྦས་པའི་དཔལ། བྲམ་ཟེ་བཞད་པའི་རྡོ་རྗེ། པདྨ་ཀ་ར། ཤྲདྡྷཱ་ཀ་ར། དེ་གཉིས་ཀ་ལ་ལོ་ཆེན། ལོ་ཆུང༌། རྔོག་དགེ་སེར་བ། རྒྱང་པོ་དར་མ་གྲགས། ཁྲི་སྟོན་ཀུན་དགའ་འོད། མཁན་པོ་ཆོས་རིན། བླ་མ་ཆོས་འོད་པ། བླ་མ་འཕགས་འོད་པ། ཆོས་རྗེ་བུ་སྟོན་པ། མཁན་ཆེན་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །དཀྱིལ་ཆོག་མཁས་པའི་དགའ་སྟོན་ཐོས། སྦྱོང་རྒྱུད་ནས་འབྱུང་བའི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། བྲམ་ཟེ་ཛི་ན་མི་ཏྲ། སྭ་ཏི་ཕ་ལ། སྒྲ་གཅན་འཛིན། པྲཛྙཱ་ཝ་ལི་ཏ། ཡེ་ཤེས་རྡོ་རྗེ། པྲ་ཧ་ནི། ཀུན་དགའ་སྙིང་པོ། རབ་འབྱོར་སྐྱོང༌། ཁ་ཆེ་པཎ་ཆེན། རིན་ཆེན་བཟང་པོ། གཉལ་པ་ཉི་ཤེ། གནུར་ཉི་མ། གཤེན་རྡོ་རྗེ་སེང་གེ རྒྱ་གསར་བ། འབྲོ་འཛི་ཏི་བ། སྙེ་མདོ་བ་བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་རིན་ཆེན་འོད། བླ་མ་བློ་ཆེན། བླ་མ་མཆོག་ལྡན། བླ་མ་བསོད་དབང༌། ཀུན་མཁྱེན་སེང་གེ་འབུམ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །དཀྱིལ་ཆོག་བློ་ཆེན་གྱིས་མཛད་པ་ཐོས། གསུམ་པ་སྤྱོད་རྒྱུད་ལ། རྣམ་སྣང་མངོན་བྱང་གི་དབང་གི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། ཨ་ཤོ་ཀ་ཤྲཱི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ། མཆིམས་བརྩོན་སེང༌། མཆིམས་དོན་ནེ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། སློབ་དཔོན་དར་མ་རྒྱལ་མཚན། བྱང་ཆེན་པ་བསོད་ནམས་འཕེལ། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་པ། ལོཙྪ་བ་བུ་སྟོན། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། དེས་བདག་ལའོ། །དཀྱིལ་ཆོག་བུ་སྟོན་རིན་པོ་ཆེས་མཛད་པ་ཐོས། བཞི་པ་བྱ་བའི་རྒྱུད་ལ་རིགས་གསུམ་སྤྱིའི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། ས་སྐྱ་པ་ཆེན་པོ། རྗེ་བཙུན་པ། ས་སྐྱ་པཎ་ཆེན། དེ་གཉིས་ཀ་ལས་དོ་པ་དཀར་སྟོན་ཤཱཀྱ་གྲགས། བདེ་ལུང་པ་ཀུན་བཟང་དཔལ། གུང་པ་དར་མ་ཡེ་ཤེས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང༌། གཉགས་སྟོན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། དེས་བདག་ལའོ། །གཙུག་ཏོར་གདུགས་དཀར་ཅན་ལྷ་ཞེ་གཅིག་མའི་དབང་བསྐུར་ཁྱད་པར་གྱི་རྗེས་གནང་དང་བཅས་པའི་བརྒྱུད་པ་ནི། སངས་རྒྱས། གཙུག་ཏོར་དཀར་མོ། ཙནྡྲ་གོ་མི། གི་ར་ཝ་ཏི། བཛྲ་དཀྵི། ཤུ་རང་ག་བྷ་དྲ། སངས་རྒྱས་གསང་བ། ཁ་ཆེ་པཎྜི་ཏ་དཀར་པོ། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། རྩེ་མོའི་ཞབས། རྗེ་བཙུན་པ། ཆོས་རྗེ་པ། རིག་འཛིན་གྲགས། བླ་མ་ཤེས་འབྱུང༌། བླ་མ་ཡེ། སློབ་དཔོན་རིན་ཡེ། ཞང་ཡེ། དཀོན་ཚུལ། བླ་མ་གཞོན་ཚུལ། བླ་མ་ཚུལ་རྒྱལ་བ། བླ་མ་ངག་དབང་པ། མཁས་བཙུན་བྱང་སེང་བ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལ་གནང་བའོ། །ཡང་ན། སངས་རྒྱས། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་བདེ་བ་སྦྱིན། རཏྣ་བཛྲ། བྲམ་ཟེ་སཛྫ་ན། སྲས་མན་ཛ་ན་པཱ་ལ། གཉལ་པ་སྟོན་པ་ཡེ་ཤེས་དབང་ཕྱུག དགེ་བསྲུངས། གདོང་སྔོན་པ། སྤྲུ་སྟོན་འབར་ཐོག ཕོ་རོག་དར་མ་མདོ་སྡེ། ཐོད་པ་ཇོ་འབུར། ཇོ་ལྡན་དབང་རིན། ཤཱཀྱ་རྡོ་རྗེ། སྟོན་པ་དར་ཤག བསོད་དབང༌། ལོཙྪ་བ་མཆོག་ལྡན། བླ་མ་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང༌། མཁས་བཙུན་བྱང་སེང༌། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་གི་རི་ཝ་ཏིས་མཛད་པ། དཀྱིལ་ཆོག་པདྨ་ལྕགས་ཀྱུས་མཛད་པ་ཐོས། བཅུ་གཅིག་ཞལ་ལྷ་སོ་བདུན་མའི་དབང་གི་བརྒྱུད་པ་ནི། སངས་རྒྱས། སྤྱན་རས་གཟིགས། དཔལ་ལྡན་ཨ་ཏི་ཤ དེས་ལྷ་བཙུན་པ་བྱང་ཆུབ་འོད། འབྲོམ་སྟོན་པ། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་གསུམ་ལ་གནང་བ་ལས། འདིར་འབྲོམ་སྟོན་པ། སྤྱན་སྔ་རིན་པོ་ཆེ། བྱ་ཡུལ་བ། མུས་སྨན་པ། དཔལ་ལྡན་གྲོ་ཆེན་པོ། སྟག་སྟོན་ཤེས་རབ་འོད་ཟེར། དམར་སྟོན། བསོད་ནམས་འཕེལ། སློབ་དཔོན་གྲགས་འབུམ། དོན་ཞགས་པ་སངས་རྒྱས་རིན་ཆེན། མཁན་ཆེན་གྲགས་པ་ཚུལ་ཁྲིམས། མཁན་ཆེན་རྒྱལ་བཟང༌། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་དང༌། དཀྱིལ་ཆོག་གྲགས་ཚུལ་པས་མཛད་པ་ཐོས། མི་འཁྲུགས་པ་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་པ་ནི། ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། ས་ཆེན། རྗེ་བཙུན་པ། ཆོས་རྗེ་པ། བླ་མ་དུས་འཁོར་བ་ཆེན་པོ། བདེ་བ་ཅན་པ་ཡེ་ཤེས་མགོན། བླ་མ་སེང་གེ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ལོཙྪ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། རྗེ་བཙུན་པ། ནུབ་པ་རིག་འཛིན་གྲགས། བོ་དོང་ར་ལུང་པ། བླ་མ་ལུང་ཕུ་པ། ནམ་མཁའ་བསོད་ནམས། ནུབ་གོག་པ། དགེ་བཤེས་དར་གཞོན། སྟོན་པ་དོན་ཡོད། སློབ་དཔོན་རིན་རྒྱལ། བླ་མ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། མཁན་ཆེན་ཤེར་རྡོར་མན་འདྲ། དཀྱིལ་ཆོག་ནམ་མཁའ་བསོད་ནམས་ཀྱིས་མཛད་པ་ཐོས། མི་འཁྲུགས་པ་ལྷ་དགུ་མའི་དབང་གི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཡེ་ཤེས་སྙིང་པོ། ཡེ་ཤེས་ཞི་བ། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་སུ་ལུ་ཆེ་བ། ཆུང་བ། གསེར་གླིང་པ། ཇོ་བོ་རྗེ། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉགས་ལྡོམ་བུ་བ། སྤུག་ཐམས་ཅད་མཁྱེན་པ། ཆོས་ཀྱི་རྒྱལ་མཚན། བྱ་རིན་ཆེན་འོད། བློ་ཆེན། བདེ་བ་ཅན་པ། བླ་མ་སེང་གེ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ལོཙྪ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས། དཀྱིལ་ཆོག སྦྱིན་སྲེག་རྣམས་ཛེ་ཏཱ་རི་པས་མཛད་པ་ཐོས། རྣམ་འཇོམས་བ་རི་ལུགས་ཀྱི་རིག་གཏད་ཀྱི་བརྒྱུད་པ་ནི། སངས་རྒྱས། གསང་བདག ཛེ་ཏཱ་རི། པཎྜི་ཏ་ཨ་ཤོ། རྡོ་རྗེ་གདན་པ་ཀ་པི། པཎྜི་ཏ་ཨ་མོ་གྷ་བཛྲ། བ་རི་ལོཙྪ་བ། དབུས་པ་ཟི་སྟོན། གནམ་ཁའུ་པ། གཏུམ་སྟོན་བློ་གྲོས་གྲགས། ཡར་ལུང་པ་ལྷ་རྗེ་ཤེས་རབ་དཔལ། གློ་བོ་ལོཙྪ་བ། ཤེས་རབ་རིན་ཆེན། འགྲོ་མགོན་ཆོས་རྒྱལ། རོང་པ་དུས་འཁོར་བ་ཤེས་རབ་སེང་གེ ཀུན་དགའ་ཚུལ་ཁྲིམས། གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་ངག་དབང་པ། མཁན་ཆེན་བྱང་སེང༌། ས་བཟང་འཕགས་པ། དེས་བདག་ལའོ། ཡང་ན། འགྲོ་མགོན་ཆོས་རྒྱལ། བློ་ཆེན། བག་སྟོན་གཞོན་ཚུལ་མན་འདྲ། དཀྱིལ་ཆོག་གཞོན་ཚུལ་བས་མཛད་པ་ཐོས། རྣམ་འཇོམས་ཛ་ཡ་ཝརྨའི་ལུགས་ཀྱི་རིག་གཏད་ཀྱི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ག་ག་དྷ་ར། མ་ཎི་བཛྲ། ཛ་ཡ་ཝརྨ། ཛྙཱ་ན་ཤྲཱི། ཅོག་གྲུ་རབ་བཞི། ཡོན་ཏན་ལེགས། འགར་དབྱི་མོ་བ། སློབ་དཔོན་ཇོ་གདན། ཁམ་པ་ཤཱཀྱ་རྡོ་རྗེ། སློབ་དཔོན་ཆོས་གྲགས། སློབ་དཔོན་སངས་རྒྱས་འབུམ། པུར་སྟོན་བསོད་ནམས་དབང༌། བླ་མ་བྱང་ཆུབ་གཞོན་ནུ། བྱང་སེང༌། འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལའོ། །སྒྲུབ་ཐབས། དཀྱིལ་ཆོག སྦྱིན་སྲེག བུམ་ཆོག་བཞི་ཛ་ཡ་ཝརྨས་མཛད་པ་དང༌། གཙོ་བོའི་སྒྲུབ་ཐབས་ག་ག་དྷ་རས་མཛད་པ་རྣམས་ཐོས། རྣམ་འཇོམས་ལྷ་བཅུ་དགུ་མ་མ་ཎི་བཛྲའི་ལུགས་ཀྱི་རིག་གཏད་ཀྱི་བརྒྱུད་པ་ནི། ཡོན་ཏན་ལེགས་པ་ཡན་ཆད་སྔར་བཞིན་ལས། དེ་ནས་བསམ་གཏན་དབང་ཕྱུག དོན་གྲུབ་ཡེ་ཤེས། ཆོས་ཀྱི་བློ་གྲོས། རྡོ་རྗེ་རྒྱལ་མཚན། དོན་གྲུབ་ཡེ་ཤེས། དཀོན་མཆོག་རྡོ་རྗེ། ཤེས་རབ་འབུམ། རོང་པ་ཆོས་མགོན། ལོཙྪ་བ་མཆོག་ལྡན། པུར་སྟོན་བསོད་དབང༌། བྱ་སྡེར་བ་བྱང་ཆུབ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། བྱ་སྡེར་བ་མཁན་པོ་བྱམས་པ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་སེང་གེ ས་བཟང་འཕགས་པ། དེས་བདག་ལའོ། །འདི་དང་གོང་མ་གཉིས་ཀ་ལ་ཁ་ཅིག་ཛྙཱ་ན་ཤྲཱིའི་ལུགས་ཟེར་རོ། །རྣམ་འཇོམས་གནུར་ལུགས་ཀྱི་རིག་གཏད་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། བྱམས་པ། གཾ་ག་དྷ་ར། སངས་རྒྱས་གསང་བ། ས་མནྟ་བྷ་དྲ། པཎ་ཆེན་ཛྙཱ་ན་ཤྲཱི། ཤུ་ཉེན་པ་སྟོན་ལེགས། ལོཙྪ་བ་ཆོས་བཟང༌། གཉལ་པ་ཉི་ཤེ། གནུར་ཉི་མ། གནུར་སིངྷ། མངའ་གར་ཞང༌། ན་བཟའ་ཤཱཀྱ་སེང་གེ བླ་མ་ཤཱཀ་མཆོག བླ་མ་ཚུལ་རྒྱལ། བླ་མ་ངག་དབང་པ། མཁས་བཙུན་བྱང་སེང༌། ས་བཟང་འཕགས་པ། དེས་བདག་ལའོ། །དཀྱིལ་ཆོག་གནུར་ཆོས་འཕགས་རྒྱལ་མཚན་གྱིས་མཛད་པ་ཐོས། ཕྱག་ན་རྡོ་རྗེ་འགྲོ་བཟང་གི་དབང་གི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། ཏེ་ཛ་དེ་ཝ། ཟངས་དཀར་ལོཙྪ་བ། གཏུམ་སྟོན་ཆོས་ཀྱི་བློ་གྲོས། གཏུམ་སྟོན་ལུང་ཁུ་སྒོམ་པ། མཁན་པོ་ལུང་སྟོན་པ། བྱང་སྟོན་ཇོ་སྲས། བླ་མ་སངས་རྒྱས་བྱང་ཆེན། བླ་མ་བསམ་གྲུབ་རྒྱལ་མཚན། བླ་མ་ལེགས་པའི་ཤེས་རབ། བླ་མ་འཇམ་དབྱངས་གསར་མ། དཔལ་ལྡན་རི་པ། མཁན་ཆེན་བྱམས་པ་རིན་ཆེན། མཁས་བཙུན་བྱང་སེང་བ། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་དཀྱིལ་བྱ་སྡེར་བ་བྱང་ཆུབ་རིན་ཆེན་གྱིས་མཛད་པ་ཐོས། འཇམ་དབྱངས་སྨྲ་སེང་གི་རྗེས་གནང་གི་བརྒྱུད་པ་ནི། སྨྲ་བའི་སེང་གེ ཕ་དམ་པ། ཁ་ཆེ་གུ་ཧྱ་པ། གླན་སྒོམ་ཡབ་སྲས། སློབ་དཔོན་འོད་ཤག མཆོག་ལྡན། སྐྱི་སྟོན། ཀུན་མཁྱེན་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་དམ་པ་རྒྱ་གར་གྱིས་མཛད་པ་སོགས་མན་ངག་ལས་ཚོགས་དང་བཅས་པའི་བརྒྱུད་པ་ནི། དམ་པ། ཕྱར་ཆུང༌། གྲུབ་ཐོབ་ཤོལ་པོ་བ། ཁམ་སྒོམ། སློབ་དཔོན་འོད་ཤག སློབ་དཔོན་དབུ་མཛད། བླ་མ་མཆོག་ལྡན་ནོ། །ཡང་ན། ཤོང་པ་ནག་པོ། བྱང་པ་ཆོས་རྡོར། འབུམ་ཆུང་ཞེན་ལོག དེའི་སྲས་སློབ་དཔོན་འོད་ཤག་གོ །ཡང་ན། དམ་པ་སོ་ཆུང༌། དམ་པ་སོ་རིང༌། གཤེན་འཁོར་ལོ། གཤེན་འབུམ་གྲགས། སློབ་དཔོན་སྟོན་ནམ། སློབ་དཔོན་འོད་ཤག མཆོག་ལྡན་མན་འདྲའོ། །རྗེ་བཙུན་ཨ་ར་པ་ཙ་ན་དཀར་པོའི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། དགའ་རབ་རྡོ་རྗེ། མི་ཕམ་བཤེས་གཉེན། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ། ས་ཆེན། རྗེ་བཙུན་པ། ཆོས་རྗེ་ས་སྐྱ་པཎྜི་ཏ། དོ་པ་སྟོན་ཚུལ། རྒྱལ་ཚ། མཆོག་ལྡན། བསོད་ནམས་དབང་ཕྱུག བྲག་ལུང་པ་རིན་ཆེན་དཔལ། ཀུན་སྤངས་ཆོས་གྲགས། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །འཇམ་དབྱངས་ནག་པོའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ། བ་རི་ལོཙྪ་བ། བླ་མ་ས་སྐྱ་པ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། ཞང་མདོ་སྡེ་དཔལ། འཇམ་སྐྱ། མཉམ་མེད་པ། བླ་མ་ཤཱཀྱ། བླ་མ་གཞོན་ནུ་བློ་གྲོས། དེས་བདག་ལའོ། །པརྞ་ཤ་བ་རིའི་རྗེས་གནང་གི་བརྒྱུད་པ་ནི། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་ལོཙྪ་བ་རིན་ཆེན་གྲགས་པ། ཀུན་སྙིང༌། བསོད་ནམས་རྩེ་མོ། གྲགས་རྒྱལ། ས་པཎ། ཤར་པ་སྐུ་མཆེད། རིན་ཡེ། བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ཚུལ། བསམ་གཏན་གྲུབ། གློ་བོ་ལོཙྪ་བ་ཤྲཱི་མཱཾ་བོ་དྷི། ལོཙྪ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལའོ། །རྗེ་བཙུན་སེང་གེ་སྒྲའི་སྒྲུབ་ཐབས། ཐུན་མཚམས་ཀྱི་བྱ་བ། གཟུངས་སྒྲུབ། རྨི་ལམ་བརྟག་པ། སྲུང་འཁོར་གདགས་པ། གདོན་སྒྲོལ་གྱི་ཆོ་ག་རྣམས་ཕྱོགས་གཅིག་ཏུ་སྙིང་པོ་རྒྱལ་མཚན་གྱིས་བསྡེབས་པ་ཐོས། བརྒྱུད་པ་ནི། སེང་གེ་སྒྲ། ཙནྡྲ་གོ་མི། དེའི་སློབ་མ་གཅིག་ལ་ཇོ་བོ་ནཱ་རོ་ཏ་པས། དེ་ལས་ཕམ་མཐིང་པ་སྐུ་མཆེད། ཨ་ཐུ་ལ་བཛྲ། བྷ་རོ་ཕྱག་རྡུམ་ཞེས་པ་མན་ཚ་གླིང་པ། དེ་གཉིས་ལས་བླ་མ་མལ་ལོཙྪ་བས། དེ་ལས་རྗེ་ས་ཆེན། གདོན་སྒྲོལ་ནི་ཤྲདྡྷཱ་ཀ་ར། རིན་ཆེན་བཟང་པོ། བྲག་སྟེང་པ། བླ་མ་མལ་ལོཙྪ་བ། རྗེ་ས་ཆེན། གཙུག་ཏོར་རྒྱལ་པོ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་སྐྱ་པཎྜི་ཏ། ཤར་པ་ཤེར་འབྱུང༌། ཡེ་ཤེས་རིན་ཆེན། ཀུན་དགའ་བྱང་ཆུབ། མཁན་པོ་རྒྱལ་བཟང་དཔལ། བླ་མ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །དོན་ཡོད་ཞགས་པའི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། དྷ་བྱང་ཆུབ་སེམས་དཔའ། ཤྲཱི་དྷ་ན། བྱང་སེམས་ཟླ་བ་རྒྱལ་མཚན། ཉིན་ཕུག་པ། དྲང་པོ་ལུང་པ། མངའ་རིས་པ་བདེ་མཛེས། རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་གྲུབ། ཆོས་རྗེ་འཛིམ་པ། ཆོས་རྗེ་གངས་པ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན། ཉིན་ཕུག་པ་མན་ཆད་སྔར་བཞིན་ལས། འཕགས་པ་ནས། ཤཱི་ལ་ཨཱ་ཀ་ར། བཻ་རོ་ཙ་ན་རཀྵི་ཏ། བ་རི་བ། ཡང་ན། ས་བཟང་འཕགས་པ་ནས། ཨེ་ར་ཝ་ཏི། རིགས་ངན་རྣལ་འབྱོར་མ། དོན་ཡོད་རྡོ་རྗེ། བ་རི་བ། ཡང་ན་འཕགས་པ་ནས། དྷརྨ་ཀ་པཱ་ལ། བསོད་སྙོམས་པ་ཆེན་པོ། རྡོ་རྗེ་གདན་པ། བ་རི་བ་ཏེ་བཀའ་བབས་བཞིར་གྲགས་པ་ཡིན་ནོ། །སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང༌། གཟུངས་སྒྲུབ་ཀྱི་ཟིན་བྲིས་བླ་མ་པས་མཛད་པ་ཐོས། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་རིག་གཏད་ཀྱི་བརྒྱུད་པ་ནི། ཐུགས་རྗེ་ཆེན་པོ། བྱང་སེམས་བློ་གྲོས་རིན་ཆེན། ཨ་ལ་ལ་བཛྲ། ཀ་ཏ་ཡ་ན་བཛྲ། རཱ་ཧུ་ལ་བྷ་དྲ། ཇོ་བོ་རྗེ། ནག་ཚོ་ལོཙྪ་བ། མངའ་རིས་ཤེར་རྒྱལ། ལྕེ་སྒོམ་པ། གྲུབ་ཐོབ་སྐྱེར་སྒང་པ། མཁན་པོ་པ། བཀྲ་ཤིས་བསོད་ནམས། མཁན་ཆེན་བདེ་བ་དཔལ། ཀ་བཞི་པ་གྲགས་གཞོན། བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ལྷ་ལྔའི་སྒྲུབ་ཐབས། བསྟོད་པ། རིག་གཏད་བྱེད་ཚུལ་རྣམས་ཐོས། ལྷ་མོ་དབྱངས་ཅན་མའི་རྗེས་གནང་གི་བརྒྱུད་པ་ནི། ལྷ་མོ་དབྱངས་ཅན་མ་བྲམ་ཟེ་ཕུར་བུ། གཏུམ་པོ། བདེ་ཆེན། མཆོད་སྡོང༌། སེང་གེ ཉི་མའི་སེང་གེ དཔེ་མེད་འཚོ་ཆེན་པོ། སུམ་པ་ལོཙྪ་བ། ཀུན་དགའ་བླ་མ། སྤྱི་བོ་ལྷས་པ། འཛིམ་པ་མཁན་པོ་ཟླ་འོད། ཉེ་གནས་ལྷོ་པ་རིན་ཆེན་གྲགས། འཛིམ་པའི་མཁན་པོ་བདེ་གཤེགས། འཛིམ་པ་རྒྱལ་མཚན་དཔལ། ཀུན་སྤངས་ཆོས་གྲགས། པཎ་ཆེན་མ་ཏི། ཀུ་མ་ར་མ་ཏི། དེས་བདག་ལའོ། །འདིའི་ལོ་རྒྱུས། རྗེས་གནང་གི་ཆོ་ག བསྙེན་པའི་མན་ངག སྦྱིན་སྲེག རྩོད་པ་ལས་རྒྱལ་བ། དུག་ཞི་བ། དབང་དུ་བྱ་བ་སྟེ་ལས་སྦྱོར་གྱི་མན་ངག་གསུམ། སུམ་པ་ལོཙྪ་བའི་སྙན་བརྒྱུད་ལྔ་པ། ནོར་སྒྲུབ་པ། ཆགས་པ་བསྲུང་བ། གཏོར་མའི་ཆོ་ག གེགས་སེལ། ཡེ་ཤེས་དབབ་པ། རྫས་ཀྱིས་ཤེས་རབ་བསྐྱེད་པ། བྱིས་པ་གཞོན་ནུའི་ཤེས་རབ་བསྐྱེད་པའི་མན་ངག རྗེས་གནང་གི་ཆོ་ག་ཉི་མ་རྒྱལ་མཚན་གྱིས་མཛད་པ། སྒྲུབ་ཐབས་བྲམ་ཟེ་ཕུར་བུས་མཛད་པ། སྒྲུབ་ཐབས་གེགས་སེལ་དང་བཅས་པ་དམར་གྱིས་མཛད་པ། ཤེས་རབ་གསུམ་གྱི་གེགས་སེལ་བའི་མན་ངག པཎྜི་ཏ་ནག་མོའི་ཁོལ་དང༌། བྲམ་ཟེ་ཕུར་བུས་མཛད་པའི་བསྟོད་པ་རྣམས་ཐོས། ལུང་འདི་རྣམས། བླ་མས་འཇམ་དབྱངས་ཁ་ཆེ་ལས་གསན་གསུང༌། རྟ་མགྲིན་ཇོ་བོ་ལུགས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། སྤྱན་རས་གཟིགས། མར་མེ་མཛད། ཡོལ་གྲུབ་ཐོབ། མཐའ་བཞི་གྲུབ་ཐོབ། རིན་པོ་ཆེ་སྨོན་ལམ། རིན་པོ་ཆེ་ལམ་པ། ལྷ་ཡེ་ཤེས་འོད། སློབ་དཔོན་ལེགས་པ་ཤེས་རབ། བྱང་ཆུབ་རིན་ཆེན། བྱང་ཆུབ་གཞོན་ནུ། མཁན་ཆེན་བྱམས་པ་རིན་ཆེན། མཁས་བཙུན་བྱང་སེང༌། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་ཇོ་བོ་རྗེས་མཛད་པ་ཐོས། རྟ་མགྲིན་ནག་པོའི་རྗེས་གནང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་རྟ་མགྲིན། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་བ་འོད་ཆེན། ཞང་དབུ་དཀར་བ། ཞང་ལོཙྪ་བ། ཞང་བྱང་རིན། དཔལ་རྒྱལ་བ་གྲུབ། ཆོས་རྗེ་འཛིམ་པ། ཆོས་རྗེ་སྤང་སྒང་བ། སྒྲུབ་པ་པོ་བླ་མ་རིན་ཆེན་བརྩོན་འགྲུས་ཆེན་པོ། མཁས་བཙུན་བྱང་ཆུབ་སེང་གེ ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས། རྗེས་གནང༌། ནད་པ་གསོ་བ། སྟེང་གདོན་གཟིར་བ། ལུས་བསྲུང་བ། སེར་བ་བསྲུང་བ། ཕྱིར་བཟློག་པ་རྣམས་ཐོས། ཕྱག་ན་རྡོ་རྗེ་ཨུ་ཙརྻའི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། རྡོ་རྗེ་འཛིན། པདྨ་བཛྲ། ནཱ་གཱརྫུ་ན། ཙནྡྲ་གོ་མི། རཱ་ཛ་དྷརྨ། ཟངས་གླིང་པ། ཁམ་པ་ཨ་སེང༌། ཞང་སྟོན་དཀོན་མཆོག རུ་སྨོན་མཁར་བ། སྐྱི་སྟོན་རུ་ཞང༌། དཀོན་མཆོག་བློ་གྲོས། ཆོས་གྲགས། ཡང་ན། ཁམ་པ་ཨ་སེང༌། དཀོན་མཆོག་རྒྱ་མཚོ། །ཇོ་སྲས་མེ་འབར། སྟོན་གྲགས། དོན་ཞགས་པ། སློབ་དཔོན་ལྷ་རྗེ། ཆོས་གྲགས། ཨེ་པ་འཁོན་སྟོན། ལོཙྪ་བ་མཆོག་ལྡན། བླ་མ་རྒྱལ་འོད། སློབ་དཔོན་སྨྲ་བའི་སེང་གེ ཆོས་རྗེ་བྱང་སེང་བ། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་དང་རྗེས་གནང་གི་ཆོ་ག་བླ་མས་མཛད་པ་ཐོས། རྨེ་བརྩེགས་ལྗང་གུའི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ་ནས་བརྒྱུད་དེ། ཇོ་བོ་ཆེན་པོ། གུང་ཐང་པ། ཕྱག་སོར་བ། སངས་རྒྱས་བྱ་འདུལ། ཆོས་དབང༌། ཆོས་ཀྱི་བྱང་ཆུབ། ཆོས་ཀྱི་ཤེས་རབ། མཆོག་ལྡན། མཉམ་མེད་གྲགས་རྒྱལ། བླ་མ་ཤཱཀྱ། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་ཇོ་བོས་མཛད་པ་ཡང་ཐོས། རྣམ་སྲས་ཞི་དྲག་གཉིས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། སངས་རྒྱས། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ལྡན་ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། པཎྜི་ཏ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། བླ་མ་ཟངས་དཀར་ལོཙྪ་བ། གཡོར་པོ་བྱང་སྟོན། པུར་བསོད་ནམས་རིན་ཆེན། འབྱིད་ཕུ་བ་པདྨ་བཀྲ་ཤིས། ལྟག་པ་ཇོ་བཟང༌། ལོཙྪ་བ་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག རིན་པོ་ཆེ་ཁྲོ་ཕུ་བ་བསོད་ནམས་སེང་གེ བླ་མ་ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་རིན་པོ་ཆེ། ལོཙྪ་བ་རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། དེས་བདག་ལའོ། །སྒྲུབ་ཐབས་དགོས་འདོད་འབྱུང་བ། བསྟོད་པ་ཆེན་པོ། རྗེས་གནང་གི་ཡི་གེ་རྣམས་བུ་སྟོན་རིན་པོ་ཆེས་མཛད་པ་ཐོས། ཡང་དེ་ཉིད་ཀྱི་དྲུང་དུ། རྫོགས་རིམ་ཟབ་མོའི་སྐོར་ཞུས་པ་ལ། ཨུ་རྒྱན་སྙན་སྒྲུབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཐོབ་ཨུ་རྒྱན་པ། བསོད་ནམས་འོད་ཟེར། ཆོས་རྗེ་གངས་པ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །རྡོ་རྗེའི་ཚིག་རྐང༌། འགྲེལ་བཤད་བསོད་ནམས་འོད་ཟེར་གྱིས་མཛད་པ་རྣམས་ཐོས། བསྙེན་སྒྲུབ་ཀྱི་སྐོར་ཟླ་སེང་གིས་མཛད་པ་ལ། ལོ་རྒྱུས་རིན་ཆེན་ཕྲེང་བ། ཁྲིད་ཡིག ཤོག་དྲིལ་གསུམ། ཐུགས་རྡོ་རྗེའི་ཁྲིད་ཡིག བྱང་སེམས་འགྱུར་མེད། འཕོ་བ། ངོ་སྤྲོད་ཀྱི་ཟིན་བྲིས། ལྟག་འཐེན་གྱི་ཡིག་ཆུང༌། ཉམས་མྱོང་གི་ཕྲེང་བ། ཆོས་རྗེའི་གསུང་སྒྲོས། དབྱུག་ཆོས། སེལ་བྱེད་དཀའ་འཕྲེང་གེགས་སེལ་ཐུན་མོང་མ་ཡིན་པ། གནད་ཀྱི་ཞུས་ལན། སྙན་བརྒྱུད་གདམས་པ། གེགས་སེལ་རིན་ཆེན་ཕྲེང་བ། ཉམས་མྱོང་གི་ཡི་གེ་བདུད་རྩིའི་ཕྲེང་བའམ་གཅེས་གྲུབ་བརྒྱད་ཅུ་པ། འགྲེལ་བཤད་ཡིད་བཞིན་ནོར་བུ་གསལ་བ། ཡིད་བཞིན་གྱི་ནོར་བུ། འཁྲུལ་འཁོར་གྱི་གདམས་པ་གསེར་སྲང་མ། དཔེའུ་རིས་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཐོབ་ཨུ་རྒྱན་པ། ཟླ་བ་སེང་གེ བླ་མ་བསོད་ནམས་མགོན། ས་བཟང་འཕགས་པ། དེས་བདག་ལའོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཏཻ་ལོ་པའི་མན་ངག བདེ་མཆོག་སྙན་བརྒྱུད་རིན་པོ་ཆེའི་སྐོར་ལ། བརྒྱུད་པ་ཡིད་བཞིན་ནོར་བུ་ལ། ཏཻ་ལོ། ནཱ་རོ། མར་པ། མི་ལ། ངམ་རྫོང་རས་པ། རས་ཆུང་པ། གུང་ཐང་རས་པ། རྒྱ་ཕོ་བ་ལུང་པ་སྟེ། རྣམ་ཐར་བརྒྱད་དོ། །རྨི་ལམ་ཡིད་བཞིན་ནོར་བུ་ལ། ཡབ་བཀའ་ལ་གཞུང་ཏཻ་ལོས་མཛད་པ། དེའི་བུ་ཡིག ཐིག་ཚོན་གསལ་བ། དག་པ་སྨིན་བྱེད་དབང་གི་ཆོ་ག བརྡ་དབང་སྟེ་རྡུལ་ཚོན་སྐོར་དྲུག་གོ །ལུས་དཀྱིལ་གསང་བ་རིན་པོ་ཆེ་ཏཻ་ལོས་མཛད་པ། དེའི་བུ་ཡིག་དཔག་བསམ་ལྗོན་ཤིང་སྟེ། ལུས་དཀྱིལ་སྐོར་གཉིས་སོ། །ལྷ་ལྔའི་མངོན་རྟོགས་གསང་བ་ཉི་ཟླ་ཁ་སྦྱོར་ནཱ་རོ་པས་མཛད་པ། བུ་ཡིག་བདེ་ཆེན་བསྒྲུབ་པ་སྟེ་ལྷ་ལྔའི་སྐོར་གཉིས། ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རྡོ་རྗེ་བདུད་རྩི། ལྷ་བཅུ་བདུན་མའི་མངོན་རྟོགས་རྡོ་རྗེ་ཉི་མ་སྟེ་མན་ངག་ལས་བྱུང་བ་གཉིས་སོ། །དཔའ་བོ་དྲུག་གི་སྒྲུབ་ཐབས་ཀ་ན་ཤྲཱིས་མཛད་པ། དེའི་བུ་ཡིག རྗེས་གནང་སྟེ་དཔའ་བོ་དྲུག་སྐོར་གསུམ་མོ། །ལྷན་སྐྱེས་མངོན་རྟོགས་གསང་བ་རིན་ཆེན་བསྡུས་པ་ནཱ་རོ་པས་མཛད་པ། བུ་ཡིག་དངོས་གྲུབ་འབྱུང་བ། བསྟོད་པ་རྡོ་རྗེ་ཚིག་དྲུག་སྟེ་ལྷན་སྐྱེས་སྐོར་གསུམ་མོ། །ཚེ་སྒྲུབ། མཆོད་ཕྲེང༌། ཞི་བའི་སྦྱིན་སྲེག རྒྱས་པའི་སྦྱིན་སྲེག ཐབ་ཐིག ཤོག་ཁྲ། ཆར་འབེབས་ཏེ། ཉེར་མཁོ་སྐོར་དྲུག་སྟེ། མདོར་ན་ཡབ་སྐོར་ཉི་ཤུ་བཞིའོ། །ཡུམ་བཀའ་ལ། རྡོ་རྗེ་ཕག་མོ། རྡུལ་ཚོན་མངོན་རྟོགས། ལུས་དཀྱིལ། ཡུམ་བཀའི་ཐོ་ཡིག ལྷ་མོ་བཅུ་གཉིས་མའི་མངོན་རྟོགས། ལྷ་བདུན་མའི་མངོན་རྟོགས་ཏེ་ཡུམ་སྐོར་ལྔའོ། །དཔའ་མོ་དྲུག་གི་སྒྲུབ་ཐབས་ཀ་ན་ཤྲཱིས་མཛད་པ། དེའི་བུ་ཡིག རྗེས་གནང་སྟེ་དཔའ་མོ་དྲུག་གི་སྐོར་གསུམ་མོ། །ཕག་མོ་ལྷན་སྐྱེས་ནཱ་རོས་མཛད་པ། བུ་ཡིག་རྗེས་གནང་སྟེ་ལྷན་སྐྱེས་སྐོར་གསུམ་མོ། །ཐོད་སྒྲུབ་རྩ་བ་དེའི་འགྲེལ་བ་སྟེ་སྐོར་གཉིས་སོ། །ལག་མཆོད་དང་དེའི་འགྲེལ་པ། ཕག་མོ་ཞལ་གསུམ་མའི་ལྷན་སྐྱེས་རྫོགས་རིམ་དང་བཅས་པ། ཊཱི་ཀ་མངོན་རྟོགས་རྗེས་གནང་སྟེ་ལྷན་སྐྱེས་སྐོར་གསུམ་མོ། །ཕག་མོའི་མངོན་རྟོགས་རྒྱས་པ་སྟེ་ཡུམ་སྐོར་བཅུ་དགུའོ། །གྲོལ་ལམ་ཡིད་བཞིན་ནོར་བུ་ལ། གཞུང་རྡོ་རྗེའི་ཚིག་རྐང་ཏཻ་ལོས་མཛད་པ། དེའི་ཊཱི་ཀ ག་ག་མའི་གཞུང་ས་བཅད། སྙན་བརྒྱུད་བརྒྱད་དང༌། ནཱ་རོ་པས་མཛད་པའི་སྦྱོར་དྲུག སྙན་བརྒྱུད། གཞུང་ཁྲིད། འཕོ་བ། ངོ་སྤྲོད་ཁྲིད་ཡིག་སྐོར་གསུམ་མོ། །གཏུམ་མོའི་གཞུང་ཏཻ་ལོས་མཛད་པ། གཏུམ་མོའི་གཞུང་བདུད་རྩིའི་འོད་ཟེར་ནཱ་རོ་པས་མཛད་པ། གཏུམ་མོའི་ཁྲིད་ཡིག ངོ་སྤྲོད་དེ་གཏུམ་མོ་སྐོར་བཞིའོ། །ཨིནྡྲ་བྷཱུ་ཏིའི་གཞན་ལུས་ཤེས་རབ་བསྟེན་ཚུལ་ཤ་བ་རི་པའི་གླུ་སྟོང་ཉིད་ལྟ་བ། ནཱ་རོ་པའི་གླུ། ལ་བ་པའི་གླུ། ལུ་ཧི་པའི་གླུ། ཌོམྦི་པའི་གླུ་སྟེ་རྡོ་རྗེའི་གླུ་ལྔའོ། །རྒྱུད་ནས་གསུངས་པའི་རྡོ་རྗེའི་གླུ་བར་དོའི་ལྷན་ཐབས། འཁྲུལ་འཁོར་ཤོག་ཁྲ་དང་བཅས་པ། སྤྱི་སྐོར་བཅོ་བརྒྱད་དོ། །བཀའ་སྲུང་གི་སྐོར་ལ། ཕྱི་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ་དང༌། བུ་ཡིག གཏོར་དབང་སྟེ་ཕྱི་སྒྲུབ་སྐོར་གསུམ་མོ། །ནང་སྒྲུབ། བུ་ཡིག རྗེས་གནང་སྟེ་ནང་སྒྲུབ་སྐོར་གསུམ་མོ། །གསང་སྒྲུབ། ཀླུ་སྒྲུབ་ཀྱི་རྐང་བརྒྱད། ནག་པོ་པའི་བསྟོད་པ། རྩ་བའི་བསྟོད་པ་སྟེ་བསྟོད་པ་སྐོར་གསུམ་མོ། །ཆོས་སྐྱོང་དམར་པོ། ཤོག་ཁྲ་རྣམས་སོ། །ཆོས་སྐྱོང་སྐོར་དགུའོ། །ཚེ་རིང་མ་ལ། ཚེ་དཔག་མེད་ཀྱི་སྒྲུབ་ཐབས། ཚེ་རིང་མའི་སྒྲུབ་ཐབས། རྗེས་གནང་སྟེ་ཚེ་རིང་སྐོར་གསུམ་མོ། །མདོར་ན་རྣམ་ཐར་བརྒྱད། ཡབ་སྐོར་ཉེར་བཞི། ཡུམ་སྐོར་བཅུ་དགུ། སྤྱི་དོན་བཅུ་དགུ། ལུས་མེད་སྐོར་དྲུག བཀའ་སྲུང་སྐོར་དགུ། ཚེ་རིང་མའི་སྐོར་གསུམ་སྟེ། ཆོས་སྐོར་བརྒྱད་ཅུ་རྩ་བརྒྱད། གསང་བའི་མན་ངག་བརྒྱད་དོ། །དེ་ལ་ཡབ་བཀའ་ལ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང༌། ལུས་དཀྱིལ་ལྷ་ལྔ་མ། ལྷ་བཅུ་གསུམ་མ། ལྷ་བདུན་མ། དཔའ་བོ་དྲུག་དང༌། སྒོ་མཚམས་མ་བརྒྱད་ཀྱིས་བསྐོར་བ་ལྷ་བཅོ་ལྔ་མའི་དབང་སྟེ་དྲུག་དང༌། ཡུམ་བཀའ་ལ་ལྷ་སོ་བདུན་མ། ལུས་དཀྱིལ་བཅོ་ལྔ་མ། བདུན་མ། བཅུ་གསུམ་མ་རྣམས་ཀྱི་དབང་དང༌། ཡབ་ཡུམ་ལྷན་སྐྱེས་ཀྱི་བྱིན་རླབས་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། རས་ཆུང་པ། ཁྱུང་ཚང་བ་ཡེ་ཤེས་རྡོ་རྗེ། ཤངས་པ་དམར་སྟོན་ཚུལ་ཁྲིམས་འབྱུང་གནས། མ་གཅིག་ཨང་ཇོ། ཞང་ལོཙྪ་བ་གྲུབ་པ་དཔལ། སེ་སྒོམ་ཇོ་ཁྲོ། མཁའ་འགྲོ་མ་ཡེ་ཤེས་རྒྱན། རྒྱལ་ཐང་པ། རྟོགས་ལྡན་ཤེས་གཞོན། ཙ་རི་བ་བདེ་ཆེན་རྡོ་རྗེ། ཀུན་མཁྱེན་འཛམ་གླིང་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ལོཙྪ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་དྲུག་ཅུ་རྩ་གཉིས་མ། ལྷ་ལྔ་མ། ལུས་དཀྱིལ་རྣམས་ཀྱི་དབང་གི་བརྒྱུད་པ་ནི་ཧེ་རུ་ཀ ཡེ་ཤེས་མཁའ་འགྲོ། ཏཻ་ལོ། ནཱ་རོ། མར་པ། མི་ལ། རས་ཆུང་པ། ཁྱུང་ཚང་པ་ཡེ་ཤེས་བླ་མ། རོང་དགོན་པ་རིན་ཆེན་རྡོ་རྗེ། ནམ་མཁའ་རྒྱལ་མཚན། སངས་རྒྱས་འབུམ། ལོཙྪ་བ་མཆོག་ལྡན། བླ་མ་གཞོན་ཚུལ། མཁན་ཆེན་ཤེས་རབ་རྡོ་རྗེ། ལོཙྪ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། དེས་བདག་ལའོ། །ལྷན་སྐྱེས་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། རས་ཆུང་པ། ཁྱུང་ཚང་པ། ལྷ་ཕུ་དགེ་སྡིངས་པ། སྲིན་པོ་རི་པ། དགེ་བྲག་པ་ཁུ་དབོན། གཞོན་ནུ་བླ་མ། བླ་མ་གཞོན་ཚུལ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་ཆད་འདྲའོ། །ཡུམ་བཀའ་སིནྡྷཱུ་རའི་དབང་དང༌། ལུས་མེད་མཁའ་འགྲོའི་བྱིན་རླབས་གཉིས་ཀྱི་བརྒྱུད་པ་ནི། ཀརྨ་པཀྵི། རྨ་བྱ་བྱང་བརྩོན། གངས་དཀར་བ། རྨ་བྱ་བྱང་བརྩོན་གྱི་སྲས་པོ་སློབ་དཔོན་དོན་གྲུབ། བླ་མ་ཉི་མ་འབུམ། བླ་མ་གཞོན་ཚུལ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་འདྲའོ། །གྲོལ་ལམ་གྱི་སྐོར་གྱི་ལུང་དང་མན་ངག་ཐམས་ཅད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ། མར་པ། མི་ལ། མར་པ་མགོ་ཡག སློབ་དཔོན་ཨ་ཙི། སྤྱན་སྔ་ཉེར་བརྒྱད་པ། སློབ་དཔོན་སངས་གཞོན། ལོཙྪ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། དེས་བདག་ལའོ།། ༈ །ནཱ་རོ་ཆོས་དྲུག་གི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། སྒམ་པོ་བ། ཕག་མོ་གྲུབ་པ། ཆོས་རྗེ་དབོན་རིན་པོ་ཆེ། གཅུང་རིན་པོ་ཆེ། བླ་མ་ཨརྩི། སྤྱན་སྔ་བ་རྡོ་རྗེ་རྒྱལ་པོ། ལོཙྪ་བ་ནོར་བུ་དཔལ་བཟང་པོ། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན་ཆོས་རྗེ་སྤྱན་སྔ་བ། ཐོག་རྡུགས་པ། གསེར་ཐོགས་རིན་པོ་ཆེ། སྤྱན་སྔ་གྲགས་པའི་མཚན་ཅན། བླ་མ་ལོཙྪ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། དེས་བདག་ལའོ། །ནཱ་རོ་ཆོས་དྲུག་གི་ཁྲིད་དང་ངོ་སྤྲོད། ལོཙྪ་བ་ནོར་བུ་དཔལ་གྱིས་མཛད་པ། ཐབས་ལམ་ཚིགས་བཅད་མ། ཡང་དགོན་པའི་ཁྲིད་ཡིག ཚར་ཆོས་དང་བཅས་པ་རྣམས་ཐོས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཀྱི་ཁྲིད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ་ལྷ་རྗེ། ཕག་མོ་གྲུབ་པ། གླིང་རས། རྒྱ་རས། མེ་ལུང་པ་གཅུང་པོ། ཡང་དགོན་པ། བླ་མ་རིན་ཆེན་ལྡན། ཆོས་རྗེ་ཟུར་ཕུག་པ། ཀུན་མཁྱེན་གངས་པ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཁྲིད་ཡིག་ཡང་དགོན་པས་བྱས་པ། གསང་སྤྱོད་བཟློག་བསྒོམ་ཐོན་ཆོས་དང་བཅས་པ། རོ་སྙོམས་དགང་དྲིལ། བླ་མ་སྐུ་གསུམ་སྒྲུབ་པའི་མན་ངག་རྣམས་ཐོས་པའི་བརྒྱུད་པའང་གོང་དང་འདྲའོ། །ཡི་གེ་བཞི་པའི་བརྒྱུད་པ་ནི། མི་ལ་ཡན་ཆད་ལྷན་ཅིག་སྐྱེས་སྦྱོར་དང་གཅིག དེ་ནས་དག་པོ་སྙི་སྒོམ། ཁམ་སྒོམ་ཆོས་ཀྱི་བླ་མ། གཙང་པ་ཇོ་སྲས། སངས་རྒྱས་རི་མ། ལྕེ་སྒོམ། དགའ་ལྡན་པ་ཧཱུྃ་འབར། བླ་མ་ཁམས་ཆེན། སྐྱེས་མཆོག་སྤྲུལ་སྐུ། མངའ་རིས་མཁས་གྲུབ། ཀུན་མཁྱེན་གངས་པ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །ཕྱག་རྒྱ་ཆེན་པོ་ཐོག་བབས་ཀྱི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། སུ་མ་ཏི་ཀུན་ཏུ་བཟང་པོ། ཏཻ་ལོ་པ། ནཱ་རོ་པཎ་ཆེན། མར་པ་ལོཙྪ་བ། མི་ལ་རས་པ། དྭགས་པོ་ལྷ་རྗེ། ལྕེ་སྒོམ་འགར་མོ་རྫོང་པ། སངས་རྒྱས་ལམ་པ། ཆོས་རྗེ་རྔོག ཆོས་རྗེ་དར་མ་རྒྱལ་མཚན། སངས་རྒྱས་ཤེས་རབ་དཔལ། སངས་རྒྱས་ཇོ་བཙུན། བླ་མ་ལྷ་དབང༌། བླ་མ་དམ་པ་འཕགས་པ། དེས་བདག་ལའོ། །ཡང་དྭགས་པོ་ལྷ་རྗེ་ཡན་གོང་དང་འདྲ་བ་ལ། དྭགས་པོ་ལྷ་རྗེ། ཁམས་པ་རྡོར་རྒྱལ། གླིང་རས། གཙང་པ་རྒྱ་རས། ཆོས་རྗེ་རྒོད་ཚང་པ། མེ་ལུང་གཅུང་པའོ། །དེ་གཉིས་ཀས་ཡང་དགོན་པ་ལ། སྤྱན་སྔ་རིན་ཆེན་ལྡན། ཆོས་རྗེ་ཟུར་ཕུག་པ། ཀུན་མཁྱེན་གངས་པ། བླ་མ་ལྷ་དབང༌། ས་བཟང་འཕགས་པ། དེ་ལས་བདག་གིས་ཟུང་འཇུག་ངོ་སྤྲོད་དང་བཅས་པ་ཐོས། ཕྱག་རྒྱ་ཆེན་པོ་གངྒཱ་མ་ཡང་ཐོས། བརྡ་རྩའི་བརྒྱུད་པ་ནི། སངས་རྒྱས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་པོ་ཆེ། ཤ་བ་རི་པ། མཻ་ཏྲི་པ། གཙང་ཤོད་པ། དར་མ་སེང་གེ དགེ་བཤེས་སྟོན་པ། ཇོ་བཙུན་མེ་འབར། གཡུ་ལུང་པ། ལྕེ་སྒོམ་རྫོང་པ། དགའ་ལྡན་པ། བླ་མ་ཁམས་ཆེན། བྱང་ཆུབ་དཔལ། ཆོས་རྗེ་འཛིམ་པ། བླ་མ་སྤྲུལ་སྐུ་རི་པ་ཆེན་པོ། བླ་མ་འཛིམ་ཆེན་རྒྱལ་མཚན་དཔལ་བཟང་པོ། བླ་མ་གྲགས་པ་དཔལ་བཟང་པོ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །བརྡ་རྒྱུད་གསལ་སྒྲོན་གྱི་བརྒྱུད་པ་ནི། མཻ་ཏྲི་པ་ཡན་ཆད་གོང་དང་འདྲ། དེ་ནས་རྒྱ་གར་ཕྱག་ན། རྒྱ་གར་གསང་སྤྱོད་པ། གཉལ་པ་སྐལ་ལྡན། དབུས་པ་མར་སྟོན། དབུས་པ་ཞང་སྒོམ། བླ་མ་ལྕེ་སྒོམ། ར་སྒོམ་ཞིག་པོ། ཏ་མོ་ཞང་སྒོམ། བླ་མ་དཀོན་ནེ་བྱང་དཔལ། ཞང་སྒོམ་ཡེ་ཤེས་དཔལ། མངའ་རིས་བཟང་པོའི་མཚན་ཅན། གྲགས་པ་དཔལ་བཟང་པོ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། རི་གོང་པའི་བདུད་གཅོད་ཀྱི་བརྒྱུད་པ་ནི། འོག་མིན་དུ་ཡུམ་ཆེན་མོ། གཡུ་ལོ་བཀོད་པར་རྗེ་བཙུན་སྒྲོལ་མ། རྒྱ་གར་དུར་ཁྲོད་གནས་བརྒྱད་དུ་སུ་ཁ་སིདྡྷི། ཕ་རྒྱུད་ནི། བྱ་རྒོད་ཕུང་པོར་ཤཱཀྱ་མུ་ནེ། རི་བོ་རྩེ་ལྔར་འཕགས་པ་འཇམ་དཔལ། རྒྱ་གར་གྱི་སྤྱིལ་པོ་ཁ་སྤྱོད་དུ་ཨཱརྻ་དེ་ཝ། དིང་རི་བླ་འཁོར་དུ་དམ་པ་རྒྱ་གར། དེས་སུ་ཁ་སིདྡྷི་ལའང་ཐོས་སོ། །ར་པ་ཡ་ཕུག་ཏུ་སྐྱོ་སྟོན་བསོད་ནམས་བླ་མ། ཟངས་རི་མཁར་དམར་དུ་བྱང་ཆུབ་ལབ་སྒྲོན། ཨེ་ཆུང་གླང་ལུང་དུ་ཁུ་སྒོམ་ཆོས་སེང༌། ལུང་སྨད་ལྕང་ཚལ་དུ་དོལ་པ་ཟང་ཐལ། གཡོ་སྟོད་ཆུ་རིར་རྒྱ་ནག་གཅེར་བུ། རབ་གྲོང་དུ་སངས་རྒྱས་རབ་སྟོན། ཟལ་མོ་བྲག་ཏུ་སངས་རྒྱས་དགེ་སློང༌། མི་མངོན་ཆོས་དབྱིངས་སུ་རས་པ་ཆོས་རྡོར། རི་གོང་བསམ་གཏན་བྲག་གོང་དུ་སངས་རྒྱས་སྟོན་པ། གང་བཞུགས་བཀྲ་ཤིས་གནས་མཆོག་ཏུ་དབུས་པ་དབུ་མ། འཛིམ་པ་ཕུ་ཆོས་ལུང་དུ་སྤྲུལ་སྐུ་ཞང་སྒོམ། དགའ་ལྡན་ཆོས་ལུང་གི་གཟིམས་ཁང་དུ་ཆོས་རྗེ་འཛིམ་པ། རྡོ་རྗེ་གདན་གྱི་སྒྲུབ་ཁང་དུ་ཀུན་མཁྱེན་གངས་པ། དབེན་གནས་དམ་པ་ས་བཟང་དུ་ཆོས་རྗེ་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཕར་ཕྱིན་གྱི་ཁྲིད་ཀྱི་བརྒྱུད་པ་ནི། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན། རྩ་ནམ་མཁའ། ཀློག་སྐྱ་ཤེས་རབ་རྒྱལ་མཚན། འབྲོམ་ཆོས་ཀྱི་བློ་གྲོས། འབལ་ཚད་མ་བ་རྡོ་རྗེ་གྲགས། སྐག་པ་སྟོན་གཞོན། སྐྱེར་སྒང་པ་ཡེ་ཤེས་སེང་གེ བཤེས་གཉེན་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་པཎ་ཆེན། མཆིམས་བློ་བཟང་གྲགས། ལྷ་དབང་པ། ས་བཟང་འཕགས་པ། དེས་བདག་ལའོ། །ཁྲིད་ཡིག་མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པ་ཡང་ཐོས། བློ་སྦྱོང་དོན་བདུན་མའི་བརྒྱུད་པ་ནི། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། ཀུ་སུ་ལུ་ཆེ་ཆུང་གཉིས། གསེར་གླིང་པ། ཇོ་བོ་རྗེ་ལྷ་གཅིག འབྲོམ་སྟོན་པ། གླང་རི་ཐང་པ། པུ་ཏོ་བ། ཤར་པ། འཆད་དཀའ་བ། སེ་སྤྱིལ་བུ་པ། བྱང་ཆེན་པ། བྱམས་གླིང་པ། མཁན་པོ་གཞོན་ནུ་གྲུབ། སློབ་དཔོན་ཀུན་དགའ་ཚུལ་ཁྲིམས། ཆོས་རྗེ་གངས་པ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །བློ་སྦྱོང་ཚིག་རྐང་བརྒྱད་པའི་བརྒྱུད་པ་ནི། མཁན་པོ་གཞོན་ནུ་གྲུབ་ཡན་ཆད་གོང་དང་འདྲ། བྱང་ཆེན་པ། རཏྣ་གུ་རུ། རིན་ཆེན་གསལ། དེས་བསོད་ནམས་རྡོ་རྗེ། དེས་ཆོས་རྗེ་གངས་པ། ས་བཟང་པཎ་ཆེན་མན་འདྲ། ཡང་ན་འཆད་ཀ་བ། ལྷས་པ་བ། སེར་སྒང་པ་ཡོན་ཏན། མཁན་པོ་བདེ་བ་དཔལ། མཁན་པོ་ཀ་བཞི་པ། གྲགས་པ་གཞོན་ནུ། མཁན་ཆེན་བསོད་ནམས་གྲགས་པ། ཆོས་རྗེ་གངས་པ་མན་ཆད་འདྲ། སྐྱིད་སྡུག་ལམ་ཁྱེར། རྟེན་འབྲེལ་སྙིང་པོ་རྣམས་ཐོས་ཏེ། བླ་མས་ཆོས་རྗེ་རྒྱལ་སྲས་པ་ལས་གསན་གསུངས་སོ།། ༈ །ཡང་དེ་ཉིད་ཀྱི་དྲུང་དུ་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་ལུང་ཞུས་པ་ལ། རྒྱུད་ཐམས་ཅད་ཀྱི་བདག་པོ་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཕན་ཡོན་དང་བཅས་པ་དང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད། དེའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་དང་བཅས་པའི་བརྒྱུད་པ་ནི། རྗེ་དང་པོའི་སངས་རྒྱས། རིགས་ལྡན་སུམ་ཅུ་སོ་གཉིས། སེང་གེ་རྣམ་པར་རྒྱལ་བ། དུས་ཞབས་པ་ཡབ་སྲས། ཁ་ཆེ་ཟླ་བ་མགོན་པོ། བྲག་མཁར་བ་དཀོན་མཆོག་བསྲུངས། སྣོར་བཟང་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ། སྲས་དྷརྨེ་ཤྭ་ར། ཁང་སར་བ་ནམ་མཁའ་འོད། གྲུབ་ཐོབ་སེ་མོ་ཆེ། འཇམ་དབྱངས་གསར་མ། དེ་གཉིས་ཀ་ལས་བོ་དོང་རིན་པོ་ཆེ། དེ་ལ་ཀུན་མཁྱེན་འཛིམ་པ། བླ་མ་གློ་བོ་ཆེན་པོ། མཁན་པོ་རྒྱལ་བཟང་དཔལ། ཆོས་རྗེ་གངས་པ་གྲགས་པ་དཔལ། ས་བཟང་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལའོ། །དུས་ཀྱི་འཁོར་ལོའི་རྩ་རྒྱུད་ནས་བྱུང་བ། དབང་མདོར་བསྟན་ཕ་རྒྱུད་ཀྱི་སྙིང་པོ་བཀོལ་བ། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ། དུས་འཁོར་རྒྱུད་ཀྱི་སྙིང་པོ་ཕྱི་མ་སྟེ་བཞིའི་བརྒྱུད་པ་ནི། སྐུ་བཞིའི་བདག་ཉིད་དུས་ཀྱི་འཁོར་ལོ། ཆོས་རྗེ་རིགས་ལྡན་རྣམས། གྲུབ་ཆེན་དུས་ཞབས་པ་ཆེན་པོ། དུས་ཞབས་པ་གཉིས་པ། རྒྱལ་སྲས་ན་ལེནྡྲ་པ། པཎ་ཆེན་ཟླ་བ་མགོན་པོ། བླ་མ་འབྲོམ་སྟོན་ལོཙྪ་བ། ལྷ་རྗེ་སྒོམ་པ། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ། སྲས་དྷརྨེ་ཤྭ་ར། མ་གཅིག་སྤྲུལ་སྐུ་ཇོ་འབུམ། མཁས་པ་ནམ་མཁའ་འོད་ཟེར། གྲུབ་ཐོབ་སེ་མོ་ཆེ་བ། ཆོས་རྗེ་འཇམ་གསར། ཆོས་སྐུ་འོད་ཟེར། ཀུན་སྤངས་ཇོ་ནང་པ། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་པོ་པ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །དབང་གི་རབ་ཏུ་བྱེད་པ་དང༌། དོན་དམ་བསྙེན་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཆོས་རྒྱལ་རིགས་ལྡན་རྣམས་ལས་བརྒྱུད་ནས། ཙི་ལུ་པཎྜི་ཏ། དུས་ཞབས་པ་ཆེ་བ། དུས་ཞབས་པ་གཉིས་པ། དེ་གཉིས་ཀས་རྩ་མི་སངས་རྒྱས་གྲགས་ལ། སེ་ལོཙྪ་བ་ཚུལ་ཁྲིམས་གྲགས། དུས་འཁོར་བསོད་སྙོམས་པ། བཀྲ་ཤིས་རིན་ཆེན། དུས་འཁོར་བ་སངས་རྒྱས་རྡོ་རྗེ། བླ་མ་གློ་བོ་ཆེན་པོ། མཁན་པོ་རྒྱལ་བཟང་དཔལ། མཁན་ཆེན་གྲགས་པ་དཔལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཤེས་རབ་ཀྱི་རྒྱུད་གཙོ་ཆེ་བ་དཔལ་ཀྱེའི་རྡོ་རྗེའི་རྒྱུད། བརྟག་པ་གཉིས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ལོཙྪ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། ས་ཆེན་པ། རྗེ་བཙུན་སྐུ་མཆེད། ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། སློབ་དཔོན་སྟོན་གཞོན། བླ་མ་རྡོར་རྒྱལ། རི་ཕུག་པ་མཁན་ཆེན་དར་རྒྱལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཀྱེ་རྡོ་རྗེའི་བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་ལེའུ་བཅོ་ལྔ་པ། རྒྱུད་མང་པོའི་ཐུན་མོང་གི་བཤད་རྒྱུད་དཔལ་སམྦུ་ཊ་བརྟག་པ་བཅུ་ལ་རབ་བྱེད་བཞི་བཞིར་ཕྱེ་བ་དང༌། དེའི་རྒྱུད་ཕྱི་མ་གཉིས་ཀྱི་བརྒྱུད་པ་ནི། ཆོས་རྒྱལ་འཕགས་པ་ཡན་ཆད་བརྟག་གཉིས་དང་འདྲ་ཞིང༌། དེ་ནས་འོ་ཡུག་པ་བསོད་སེང༌། རི་ཕུག་པ་ཤཱཀ་སེང༌། བླ་མ་དབང་རྒྱལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཆ་མཐུན་གྱི་རྒྱུད་ཕྱག་རྒྱ་ཆེན་པོ་ཐིག་ལེ་ཞེས་བྱ་བ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ཉེར་བརྒྱད་པ། ཡེ་ཤེས་སྙིང་པོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་པ། དཔལ་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ཉེར་དགུ་པ། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོའི་རྒྱུད་སྡེ་ཆེན་པོ་བཞིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨིནྡྲ་བྷཱུ་ཏི། ཤྲཱི་བྷྱ་ནི། སིདྡྷི་བཛྲ། ཨུ་མ་པ། ཛྙཱ་ན་བྷཱུ་ཏི། ཤྲི་ཡོ་བྷཱུ་ཏི། པདྨ་བཛྲ། ཌོམྦི་པ། ཡན་ལག་འབར་མ་ཞབས། བུང་བའི་པདྨ། ཨིནྡྲ་བྷཱུ་ཏི། ལྕམ་ལ་ཀྵིཾ་ཀ་ར། རཏྣ་བཛྲ། པྲ་ཛྙཱ་གུ། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ས་སྐྱ་པཎ་ཆེན། ཁོང་སྟོན། གློ་ཆེན་པ། མཁན་པོ་རྒྱལ་བཟང་དཔལ། མཁན་ཆེན་གྲགས་པ་དཔལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །དཔལ་རྙོག་པ་མེད་པ། རྡོ་རྗེ་ཨ་རལླཱི། རྀ་གི་ཨ་རལླཱི་གསུམ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨུ་རྒྱན་ཨ་ར་ལླཱི། སིང་ག་གླིང་གི་བྲམ་ཟེ་མོ། ག་ཡ་དྷ་ར། འབྲོག་མི། མཚུར་དབང་གི་རྡོ་རྗེ། ཡུག་ཞང་དབོན། བྱ་རིན་ཆེན་འོད། བློ་ཆེན་པ་མན་ཆད་སྔར་དང་འདྲའོ། །བདེ་མཆོག་ཉུང་ངུའི་རྒྱུད་དུ་གྲགས་པ་ཕྱི་མའི་ཕྱི་མའམ། བླ་མའི་བླ་མ་ཞེས་པའི་ལེའུ་ལྔ་བཅུ་རྩ་གཅིག་པ་དང༌། བདེ་མཆོག་བཤད་པའི་རྒྱུད་དུ་གྲགས་པ་མངོན་བརྗོད་དམ་པ། ངེས་བརྗོད་བླ་མའི་རྒྱུད་ལེའུ་དྲུག་ཅུ་རྩ་དགུ་པ་གཉིས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། ལོ་ཧི་པ། དྷ་རི་ཀ་པ། གནྡྷ་ར་པ། རུས་སྦལ་ཞབས། ཛ་ལནྡྲ་ར། ཀརྞ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། བར་མའི་སློབ་དཔོན། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོཙྪ་བ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ས་སྐྱ་པཎྜི་ཏ། ཁང་སྟོན་འོད་ཟེར་རྒྱལ་མཚན། བླ་མ་བློ་ཆེན་མན་འདྲ། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་བརྒྱུད་པ་ནི་སྔ་མ་དང་འདྲ། དཔལ་རྡོ་རྗེ་མཁའ་འགྲོ་ལེའུ་ལྔ་བཅུ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ལོ་ཧི་པ། ཌོམྦི་པ། དྷ་རི་ཀ་པ། ཀ་ཙ་ཏ་པ། གྷནྜ་པ། ལ་ཝ་པ། ཛ་ལན་དྷ་ར། ནག་པོ་པ། དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། མ་ཎི་ཀ་ཤྲཱི་ཛྙཱ་ན། ཁ་ཆེ་བྱང་ཆུབ་བཟང་པོ། དེ་བཞི་ཀའི་སློབ་མ་མར་པ་ལོཙྪ་བ་ཆོས་ཀྱི་བཟང་པོ། གཟེ་བ་བློ་ལྡན། དེའི་སྲས་དོན་ནེ། ཁམ་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། ལོཙྪ་བ་མཆོག་ལྡན། བླ་མ་འཁོན་སྟོན། བླ་མ་འཇམ་དབྱངས་རིན་རྒྱལ། བློ་ཆེན་པ། མཁན་པོ་རྒྱལ་བཟང་དཔལ། མཁན་པོ་སྤང་སྒང་པ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །མཁའ་འགྲོ་རྒྱ་མཚོའི་བརྒྱུད་པ་ནི། སངས་རྒྱས། རྡོ་རྗེ་རྣལ་འབྱོར་མ། སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། ཤ་ཝ་རི། མཻ་ཏྲི་གུཔྟ། རྒྱ་གར་ཕྱག་ན། ཀ་མ་ལ་བཛྲ། ཛ་ཡ་སེ་ན། སུམ་པ་ལོཙྪ་བ་དར་མ་ཡོན་ཏན། རྗེ་བཙུན་གྲགས་རྒྱལ། ས་སྐྱ་པཎ་ཆེན། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ཆོས་དབང༌། ལོཙྪ་བ་མཆོག་ལྡན། བློ་ཆེན་པ། བླ་མ་ཡེ་ཤེས་མགོན། དར་མ་བཟང་པོ། གྲགས་ཆེན་པ། ཆོས་རྗེ་སྤང་སྒང་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། དཔལ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། རཏྣ་ཤྲཱི། ཀ་ལ་ཤཱནྟི་མ་ཏི། བ་ནི་དྷི་བྷ་དྲ། བྷཱུ་མི་ཤྲཱི། བི་མ་ལ་ཤྲཱི། ཤོང་བློ་བརྟན། ལོཙྪ་བ་མཆོག་ལྡན། བླ་མ་སངས་རྒྱས་སྲས། བླ་མ་ཡེ་ཤེས་མགོན། བླ་མ་དར་མ་བཟང༌། བླ་མ་གྲགས་ཆེན། མཁན་ཆེན་སྤང་སྒང་བ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཧེ་རུ་ཀ་མངོན་འབྱུང་ངམ་ཁྲག་འཐུང་མངོན་འབྱུང་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལེའུ་བཞི་བཅུ་རྩ་ལྔ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་སྤྱོད་པའི་རྡོ་རྗེ། རྗེ་བྷན་དྷེ་བ། རྗེ་དྷརྨ། རྗེ་བྷུ་ཥ་པ། ཛེ་ཏཱ་རི་པ། ཨ་མོ་གྷ་བཛྲ། དྷརྨ་ཨཱ་ཀ་ར་མ་ཏི། མེཉྫ་གླིང་པ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་དྷརྨ་སེང་གེ རྭ་དཀོན་སེང༌། རྭ་ཤེར་རྒྱལ། བླ་མ་བློ་ཆེན་མན་ཆད་འདྲའོ། །རྣལ་འབྱོར་མ་བཞི་ཁ་སྦྱོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བློ་གྲོས་རིན་ཆེན། ས་ར་ཧ། ཀླུ་སྒྲུབ། རི་ཁྲོད་མགོན་པོ། མཻ་ཏྲི་པ། རྒྱ་གར་ཕྱག་ན། བ་རེག་གཙང་ཤོད་པ། སུམ་པ་འཇམ་མགོན། བ་རེག་རཏྣ་འབར། བ་རེག་འོད་ཟེར། བ་རེག་ཇོ་འབུམ། སྟེང་ཕུ་ལུང་པ་ནམ་མཁའ་འགྲོ། བ་རེག་བཀྲ་ཤིས། ལོཙྪ་བ་མཆོག་ལྡན་པ། བློ་ཆེན་མན་ཆད་གོང་དང་འདྲའོ། །ཕག་མོ་མངོན་འབྱུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཏཻ་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། མེཉྫ་ཛ་གླིང་པ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་དར་མ་སེང་གེ རྭ་དཀོན་སེང༌། རྭ་ཤེར་རྒྱལ། གློ་ཆེན་མན་ཆད་སྔར་དང་འདྲའོ། །མགོན་པོ་མངོན་འབྱུང་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་བརྒྱུད་པ་ནི། སངས་རྒྱས་ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། པེནྟ་པ་བ་ཆེ་བ། པེནྟ་པ་བ་ཆུང་བ། ཏཻ་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། རཏྣ་རཀྵི་ཏ། མཉྫུ་ཀཱིརྟི། ས་མནྟ་ཤྲཱི་བྷ་དྲ། རྭ་ཆོས་རབ། རྭ་དར་མ་སེང་གེ རྭ་དཀོན་སེང༌། རྭ་ཤེར་རྒྱལ། ལོཙྪ་བ་མཆོག་ལྡན། གློ་ཆེན་མན་ཆད་སྔར་བཞིན་ནོ། །བདེ་མཆོག་ནམ་མཁའ་དང་མཉམ་པ་ལེའུ་གསུམ་པ་ཡེ་ཤེས་རྡོ་རྗེའི་འགྱུར། དཔལ་ཀྱེའི་རྡོ་རྗེ་གསང་བའི་མཛོད་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྣམས་ཐོས་ཏེ། གཉིས་ཀ་བརྫུན་མར་སྣང་ངོ༌། །དཔལ་སངས་རྒྱས་མཉམ་སྦྱོར་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་རྒྱུད་ཕྱི་མའམ་བླ་མ་རྩ་རྒྱུད་རྟག་པ་བཅུ་པ་དང༌། དེའི་རྒྱུད་ཕྱི་མའི་ཕྱི་མ་བརྟག་པ་ལྔ་པ་གཉིས་ཀྱི་བརྒྱུད་པ་ནི། སངས་རྒྱས། བཛྲ་པཱ་ཎི། རྡོ་རྗེ་གདན་པ་ཆེ་བ། གཉིས་པ། གསུམ་པ། པུཎྱ་ཤྲཱི་མི་ཏྲ། སྟེང་པ་ལོཙྪ་བ་ཚུལ་ཁྲིམས་རྒྱལ་མཚན། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། གླན་བང་སོ་བ། རྒྱ་ཕོ་ལུང་པ། གཉལ་པ་ཆོས་གྲགས། དབུས་པ་སངས་རྒྱས་འབུམ། ལོཙྪ་བ་མཆོག་ལྡན། སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། མཁན་ཆེན་སྤང་སྒང་པ་གྲགས་པ་དཔལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །མ་ཧཱ་མཱ་ཡཱའི་སྒྱུ་འཕྲུལ་ཆེན་པོ་ཞེས་བྱ་བའི་རྒྱུད་ལེའུ་གསུམ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྱང་སེམས་རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོམྦི་པ། ཏཻ་ལོ་པ། ནཱ་རོ་པ། བལ་པོ་ཞི་བ་བཟང་པོ། མར་པ་ལོཙྪ། རྔོག་ཆོས་རྡོར། རྔོག་ཇོ་སྲས། རྔོག་མདོ་སྡེ། རྔོག་ཚ་ཆོས་སྐུ། རྔོག་ཚ་དཀོན་མཆོག་དཔལ། ཀློག་སྐྱ་དབང་ཕྱུག་གྲགས། བླ་མ་ལྡོང་ཤེས་རབ་དཔལ། བླ་མ་འཕགས་པ། བླ་མ་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ་མན་ཆད་འདྲའོ། །སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་བཅུ་བཞི་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལོ་ཧི་པ། ཏི་ལོ་པ། ནཱ་རོ་པ། དྷ་ར་ཤྲི། ག་ཡ་དྷ་ར། འབྲོག་མི་ལོཙྪ་བ་དང༌། འགོས་གཉིས་ཀའི་སློབ་མ། མཚུར་སྟོན་དབང་ངེ༌། སྤུག་ཐམས་ཅད་མཁྱེན་པ། སྤུག་དྷརྨ་ཀེ་ཏུ། ཇོ་གདན་གཉལ་པ། བླ་མ་གློ་ཆེན། བླ་སྟེང་པ་དབང་རྒྱལ། ཆོས་རྗེ་སྤང་སྒང་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ། བྱང་སེམས་བློ་གྲོས་རིན་ཆེན། ཀླུ་སྒྲུབ། ཤ་ཝ་རི། མཻ་ཏྲི་པ། མར་པ་ཆོས་ཀྱི་བློ་གྲོས། ལྷོ་བྲག་གི་རོ་མཉམ་རྡོ་རྗེ། བྱ་སྟོན་རྣལ་འབྱོར། མི་མཉམ་རྡོ་རྗེ། ཡོན་ཏན་གྲགས། བར་ཐང་པ་ཤཱཀྱ་རྡོ་རྗེ། སྲས་ཆོས་གྲགས། བྱང་ཆུབ་དཔལ། སྣར་ཐང་པ་བསོད་ནམས་འཕེལ། བདེ་བ་ཅན་པ་ཡེ་ཤེས་མགོན། གཡས་རུ་བ་དངོས་སྟོན་རིན་རྒྱལ། མཁན་ཆེན་གྲགས་པ་དཔལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །དཔལ་གདན་བཞི་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་གདན་རེ་རེ་ལ་རིམ་པར་ཕྱེ་བ་བཞི་བཞི་སྟེ་བཅུ་དྲུག་ཡོད་པ་དང༌། གདན་བཞི་ལས་བཏུས་པ།«་་་་་སྔགས་ཀྱི་ཆ་མཆན།» མནྟྲ་ཨཾ་ས་ལེའུ་བརྒྱད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོཙྪ། རྔོག་ཆོས་རྡོར། རྔོག་མདོ་སྡེ། གཙགས་དྷརྨ་རཱ་ཛ། རྒྱ་གསར་པ་རིན་ཆེན་འབུམ། རྒྱ་བསོད་ནམས་འབུམ། བྱ་རིན་ཆེན་འོད། གློ་ཆེན་མན་ཆད་འདྲ་ཞིང༌། ཡང་ན་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། ཨཱརྻ་དེ་ཝ། རྣལ་འབྱོར་པ་རུས་པའི་ཕྲེང་བ་ཅན། བལ་པོ་སྤྱི་ཐེར་བ་ནས་མར་པ་མན་ཆད་འདྲ་བའོ། །དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་རིམ་པར་ཕྱེ་བ་ཉེར་ལྔ་པ་མི་གཡོ་བ་«་་་་་པདྨ་པ་ཏིས་མཛད་པའི་འགྲེལ་པ་ཡོད་ཟེར། »རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཤར་ཕྱོགས་ར་ཌའི་གྲོང་དུ་བལ་པོའི་པཎྜི་ཏ་བི་ཛ་རཀྵི་ཏ། ཇོ་ཀི་པཎྜི་ཏ། དེ་གཉིས་ཀ་ལས་རཏྣ་ཤྲཱིས་ཞུས། ཤུད་ཀེ་ལོཙྪ། མཆོག་ལྡན་ལོཙྪ། གློ་ཆེན་པ། བླ་མ་གཞོན་ཚུལ། བླ་མ་མགོན་པོ་འབུམ། བྲམ་ནམ་མཁའ་རྒྱལ་མཚན། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན་མི་གཡོ་བ། དེའི་ཞལ་གཟིགས་གནས་བརྟན་རཱ་ཧུ་ལ། རཱ་ཧུ་ལ་གཉིས་པ། རཏྣ་ཤྲཱི་མན་ཆད་འདྲའོ། །རྡོ་རྗེ་བདུད་རྩི་ལེའུ་བཅུ་གཅིག་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། འབར་བ་འཛིན། སྤྱོད་པའི་རྡོ་རྗེ། དགེ་བའི་མགོན་པོ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། པནྟེ་ད་པ། མར་པ་ལོཙྪ། རོ་མཉམ་རྡོ་རྗེ། གསེར་རྗེ་པ། ཤ་བ་གླིང་པ། དགོན་པ་གླིང་པ། རོང་ཁ་བ། སྦྲག་ཚང་པ། རྒྱ་ཡབ་སྲས། ཁམ་པ་ཤཱཀྱ་རྡོ་རྗེ། བླ་མ་སངས་རྒྱས་འབུམ། མཆོག་ལྡན། གློ་ཆེན། མཁན་པོ་རྒྱལ་བཟང་དཔལ་མན་ཆད་འདྲའོ། །རིགས་ཀྱི་འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་ལྔ་བཅུ་པའི་བརྒྱུད་པ་ནི། རཏྣ་ཤྲཱི་ཨ་ལེ་ན། གན་ཏི་མ་ཏི། བི་ནི་ཏི་བྷ་དྲ། བྷཱུ་མི་ཤྲི། བི་མ་ལ་ཤྲཱི། བློ་ལྡན། མཆོག་ལྡན། གློ་ཆེན། མཁན་པོ་རྒྱལ་བཟང་དཔལ་མན་ཆད་འདྲའོ། །ཕུར་པ་རྩ་དུམ་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། པདྨ་འབྱུང་གནས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཁམ་སྒོམ། མཆོག་གི་ལེགས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། །དེའི་སྲས་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པ། བླ་མ་ཁང་འོད་ཟེར་རྒྱལ་མཚན། གློ་བོ་པ་ཆེན་པོ། མཁན་པོ་རྒྱལ་བཟང་དཔལ་མན་ཆད་འདྲའོ། །ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མ་ཏི་རཏྣ། ས་ར་ཧ། ཀླུ་སྒྲུབ། རི་ཁྲོད་མགོན་པོ། མཻ་ཏྲི་པ། རྒྱ་གར་ཕྱག་ན། བ་རེག་གཙང་ཤོད་པ། སུམ་པ་འཇམ་མགོན། བ་རེག་རཏྣ་འབར། བ་རེག་འོད་ཟེར། བ་རེག་ཇོ་འབུམ། སྟོད་ལུང་པ་ནམ་མཁའ་འགྲོ། བ་རེག་བཀྲ་ཤིས། ལོཙྪ་བ་མཆོག་ལྡན། གློ་བོ་པ་ཆེན་པོ་མན་འདྲའོ། །ཐབས་ཀྱི་རྒྱུད་གཙོ་ཆེ་བ་ནི། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ། དེའི་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ། རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ལེའུ་དྲུག་ཅུ་རྩ་བརྒྱད་པ། དགོངས་པ་ལུང་སྟོན་ལེའུ་བཅུ་གཉིས་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། ལྷ་མོ་བཞིས་ཞུས་ལེའུ་བཞི་པ་སྟེ་དྲུག་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཨཱརྻ་དེ་ཝ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོཙྪ་བ། མཚུར་སྟོན་དབང་ངེ༌། འཁོན་སྟོན་གད་པ་ཀཱིརྟི། འགར་སྟོན་ཇོ་སྲས། ཨ་འབུག་རི་སྟོན། སེང་གེ་རྫོང་པ། དྲོད་ཆུང་གི་ཁྱུང་སྟོན་ཞིག་པོ། དྲོད་ཆུང་མཁན་པོ་ཚུལ་སྙིང༌། ཆོས་སྡིངས་ཀྱི་མཁན་པོ་རྡོར་སྙིང༌། ཆོས་སྡིངས་པ་འོག་མ། ཤྲཱི་རི་ཟུར་ཕུག་གི་བླ་མ་དར་བཟང༌། མཁན་པོ་བཀྲ་ཤིས་རྒྱལ་མཚན། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །གསང་འདུས་བཤད་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལེའུ་བཅུ་བདུན་པའི་བརྒྱུད་པ་ནི། སངས་རྒྱས། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་པ། ཤཱནྟི་པ། རྗེས་མ།>>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply