ཤྲདྡྷཱ་ཀ་ར་ཝརྨ། པདྨཱ་ཀ་ར། གཉིས་ཀ་ལས་ལོཙྪ་བ་རིན་ཆེན་བཟང་པོས། གསུམ་ཀ་ལས་ལྷ་བླ་མ་ཡེ་ཤེས་རྒྱལ་མཚན། ཆོས་ཀྱི་བློ་གྲོས། སྐྱབས་སེང༌། སྲ་བརྟན། དཀོན་མཆོག་མཁར། དབང་རིན། བར་ཐང་པ་ཡབ་སྲས། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། བླ་མ་གཞོན་ཚུལ་བ་གསུམ། བླ་མ་མགོན་པོ་འབུམ། བྲམ་ནམ་མཁའ་རྒྱལ་མཚན། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། ཆ་མཐུན་གྱི་རྒྱུད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་རིམ་པར་ཕྱེ་བ་བཅོ་བརྒྱད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཏཻ་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། མེཉྫ་གླིང་པ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་དར་མ་སེང་གེ རྭ་དཀོན་སེང༌། རྭ་ཤེར་རྒྱལ། གློ་ཆེན། སངས་རྒྱས་སྲས་མན་ཆད་སྔར་དང་འདྲའོ། །གཤིན་རྗེའི་གཤེད་ནག་པོའི་འཁོར་ལོ་ལས་ཐམས་ཅད་འགྲུབ་པར་བྱེད་པ་གཞོན་ནུ་གདོང་དྲུག་གི་རྒྱུད་དང༌། གཤིན་རྗེའི་གཤེད་ཀྱི་འཁོར་ལོའི་རྟོག་པ་གཉིས་ཀྱི་བརྒྱུད་པ་ནི། སངས་རྒྱས། མཉྫུ་ཤྲཱི། ཛྙཱ་ན་བཛྲ་ཤྲཱི། དཱི་པ་དྷི་པ་ཡ། ལ་ལི་ཏ་བཛྲ། སཽ་སུ་ར་པ། ཤེ་ན་པ། ཨ་ཝ་མི་ན་པ། གུ་ཎ་བྷ་དྲ། ཝཱ་གཱི་ཤྭ་ར་ཀཱིརྟི། དེ་ཝ་སཱ་ཀ་ར་ཙནྡྲ། ཨ་མོ་གྷ་བཛྲ། པྲ་ཛཱ་གུ་རུ། སཾ་གྷ་བྷ་དྲ། གཅེན་གཙང་འོད། གཅུང་རྡོ་རྗེ་རྩེ་མོ། རྩེ་རིལ་ཉི་མ་འོད། རྒྱལ་བ་གདན་བཟང་པ། ཞང་གཡུང་རྒྱལ། འཛིམ་པ། བླ་མ་སངས་རྒྱས་བཟང་པོ། བླ་མ་གློ་བོ་བ་ཆེན་པོ། དེ་གཉིས་ཀ་ལས་མཁན་པོ་རྒྱལ་བཟང་དཔལ་གྱིས་ཞུས། དེ་ལས་ཆོས་རྗེ་ཡང་དགོན་པས་ཞུས། དེ་ལས་ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ་དང༌། རྟོག་པ་གསུམ་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་བ། ཨ་མོ་གྷ་བཛྲ་ཆུང་བ། སྐྱོ་འོད་འབྱུང༌། ཡང་སྐྱོ་སྐུ་མཆེད། སྐྱོ་ཁམས་པ། གཉན་རིན་ཆེན་བརྟན། གཉན་འོད་སྲུང༌། གཉན་ཆོས་རྒྱལ། གློ་ཆེན་མན་ཆད་འདྲའོ། །གཤིན་རྗེའི་གཤེད་དམར་པོ་ལེའུ་བཅུ་དགུ་པའི་བརྒྱུད་པ་ནི། གཤིན་རྗེའི་གཤེད། བྲམ་ཟེ་དཔལ་འཛིན། བི་ར་ཌི་པ། མ་ཏི་གརྦྷ། ནི་སྐཾ་ལ་ཀ ར་ཝེནྡྲ་པ། ཆག་ལོཙྪ་བ། དཔལ་གྱི་རྒྱལ་མཚན། ཀློག་སྐྱ། དོན་མོ་རི་པ་གྲགས་ཆེན། མཁན་པོ་སྤང་སྒང་པ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཟླ་གསང་ཐིག་ལེའི་བརྒྱུད་པ་ནི། སངས་རྒྱས། བཛྲ་པཱ་ཎི། རྡོ་རྗེ་གདན་པ་ཆེ་བ། གཉིས་པ། གསུམ་པ། པུཎྱ་ཤྲཱི། སྟེང་པ་ལོཙྪ་བ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། གླན་བང་སོ་བ། རྒྱ་ཕོ་ལུང་པ། གཉལ་པ་ཆོས་གྲགས། དབུས་པ་སངས་རྒྱས་འབུམ། བླ་མ་མཆོག་ལྡན། སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། བླ་མ་གྲགས་པ་དཔལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་རིམ་པར་ཕྱེ་བ་བཅུ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། ཡེ་ཤེས་རྡོ་རྗེ་ཀུན་དགའ། པྲཛྙཱ་བོ་དྷི། མུ་ཏི་ཀོ་ཌ། ཤྲདྡྷཱ་ཀ་ར་ཝརྨ། ལོཙྪ་བ་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེ་ཤེས་འབར། འོར་སྟོན་ལྷའི་དབང་ཕྱུག འོར་སྟོན་སངས་རྒྱས་འབར། ལྷོ་པ་ཐམས་ཅད་མཁྱེན་པ། ཆོས་ཀྱི་སེང་གེ ཀིག་སྟོན་ཆོས་མགོན། དབུས་པ་སངས་རྒྱས་འབུམ། མཆོག་ལྡན་ལོཙྪ། གློ་ཆེན། ས་བཟང་པཎ་ཆེན་མན་འདྲ། ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་གྱི་རྒྱུད། དེའི་བཤད་རྒྱུད་གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ལེའུ་གསུམ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། ས་ཝ་རི་པ། ཛ་ཝ་རི་པ། དེ་ཝ་པཱུརྞ་མ་ཏི། ལོཙྪ་བ་འགར་ཆོས་ཀྱི་བཟང་པོ། གཤེན་སྟོན་རིན་ཆེན་དངོས་གྲུབ། དམར་སྒང་ཕུ་པ་ཆོས་ཀྱི་རྒྱལ་པོ། གན་ཆག་པ་དབང་ཕྱུག་རྒྱལ་མཚན། ཆོས་རྗེ་འཛིམ་པ་རྒྱལ་མཚན་དཔལ་བཟང་པོ། བླ་མ་དྷརྨ་ཀཱིརྟི། ས་བཟང་པཎ་ཆེན་མན་འདྲའོ། །རྣལ་འབྱོར་གྱི་རྒྱུད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་རིགས་ལྔ་རིགས་བཞིར་བསྡུས་ནས་མཉམ་པར་སྟོན་པ། རྩ་བའི་རྒྱུད་དུམ་བུ་བཞི། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། རྒྱུད་ཉེ་བར་བསྡུ་བ་དང་བཅས་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། རྒྱལ་བུ་སྒྲ་གཅན་འཛིན། སྭ་སྟི་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི། དེ་བཞི་ཀ་ལས་ཀུན་དགའ་སྙིང་པོས་ཞུས་པ། པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོ་དྷི། རབ་འབྱོར་སྐྱོང༌། དྷརྨ་ཕ་ལ། རིན་ཆེན་བཟང་པོ། མ་ནང་གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་ཤེ། རྩ་སྐྱ་སྟོན་གྲགས། གཉལ་གད་པ་ཆེན་པོ། གླན་ཆོས་འབྱུང༌། རྩ་སྐྱ་ཤཱཀ་འབུམ། དབུས་པ་སངས་རྒྱས་འབུམ། མཆོག་ལྡན་ལོཙྪ་བ། གློ་བོ་བ་ཆེན་པོ་མན་ཆད་འདྲའོ། །དེའི་བཤད་པའི་རྒྱུད་གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོ་ཞེས་བྱ་བ་བརྟག་པ་བཅུ་ལས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བརྟག་པ་ཡན་ཆད་རྫོགས་ནས། ཕྱི་རོལ་རྡོ་རྗེའི་རིགས་ཀྱི་མཚན་བརྒྱ་རྩས་གསོལ་བ་གདབ་པ་དང་བཅས་པ། བརྟག་པ་ཕྱེད་དང་ལྔ་མ་ཚང་བའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། གངྒཱ་དྷ་ར། ས་མནྟ་བྷ་དྲ། ཁ་ཆེ་ཛྙཱ་ན་ཤྲཱི། གཉལ་པ་ཉི་ཤེ། གནུར་ཉི་མ་འོད་ཟེར། གནུར་སིངྷ། གླན་ཆོས་འབྱུང༌། རྩ་སྐྱ་ཤག་འབུམ། འཛིམ་པ་རིན་ཤེ། མཆོག་ལྡན་པ། གློ་ཆེན་མན་འདྲའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་རྒྱལ་པོ་ཆེན་པོའི་རྩ་རྒྱུད། རྒྱུད་ཕྱི་མ་དང་བཅས་པའི་བརྒྱུད་པ་ནི། རྩ་སྐྱ་ཤཀ་འབུམ་ཡན་ཆད་དེ་ཉིད་འདུས་པར་འདྲ་ཞིང༌། དེས་འཛིམ་པ་རིན་ཤེ། གློ་ཆེན། བླ་མ་གཞོན་ཚུལ། རྡོ་རྗེ་གླིང་པ་བླ་མ་མགོན་པོ་འབུམ། རི་ཕུག་པ་བྲམ་ཟེ་ཆེན་པོ། ས་བཟང་པཎ་ཆེན་མན་འདྲ། ཐམས་ཅད་གསང་བའི་རྒྱུད། རིན་ཆེན་བཟང་པོས་བསྒྱུར་བའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། དེའི་སློབ་མ་ལྔ་ནི། པད་དཀར་ཡེ་ཤེས། ཁ་ཆེ་ཛྙཱ་ན་ཤྲཱི། རྒྱལ་པོ་སྒྲ་གཅན་འཛིན་བཟང་པོ། ཉི་མ་བཟང་པོ། རྒྱལ་རིགས་ས་ར་ཧའོ། །དེ་ལྔ་ཆར་ལས་སློབ་དཔོན་ཀུན་དགའ་སྙིང་པོས་ཞུས། དེ་ནས། ཏ་ཐཱ་ག་ཏ་བཛྲ། ཤྲདྡྷཱ་ཀ་ར། ལོཙྪ་རིན་ཆེན་བཟང་པོ། ལེ་ཆུང་གྲགས་ཤེ། ས་སྐྱ་པ་ལྔ། གློ་ཆེན་མན་སྔར་དང་འདྲའོ། །དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོའི་དུམ་བུ་དང་པོ་ཤེར་ཕྱིན་གྱི་དུམ་བུ། དུམ་བུ་གཉིས་པ་རྩ་བའི་རྒྱུད། རྒྱུད་ཕྱི་མ། དུམ་བུ་དང་པོ་དང་གཉིས་པའི་རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་དུམ་བུ་གཉིས་པ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་རྩ་རྒྱུད་དང༌། གསང་བ་རས་བྲིས་ཀྱི་ཆོ་ག་དང༌། ཕྱག་རྒྱའི་རྒྱུད། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་རྒྱུད་དང༌། རྟོག་པ་ཐམས་ཅད་སྒྲུབ་པའི་ཆོ་ག་དང་རྒྱུད་ཐམས་ཅད་ཀྱི་དོན་གཏན་ལ་འབེབས་པ། རྟོག་པ་ཐམས་ཅད་བསྡུས་པའི་མཆོག་ཏུ་གསང་བའི་ཆོ་ག་དང༌། རྒྱུད་ཉེ་བར་བསྡུ་བ་དང་བཅས་པའི་བརྒྱུད་པ་ནི། དེ་ཉིད་འདུས་པ་དང་མཚུངས་སོ། །ངན་སོང་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་བརྒྱུད་པ་ནི། ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སྒྲ་གཅན་འཛིན་བཟང་པོ། ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏ། དྷརྨ་ཕ་ལ། ཇོ་བོ་རྗེ། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་ཤེ། གནུར་ཉི་མ་འོད་ཟེར། གནུར་རྡོ་རྗེ་སེང་གེ མཁན་པོ་སྒོ་ཐང་པ། སྙ་སྟོན་རྡོ་རྗེ་རྒྱལ་པོ། གོ་ལུང་པ། གཡུ་ཕུག་པ། ལྷ་ཁང་པ། མཁན་པོ་གསེར་ཁང་པ། བླ་མ་གཞོན་ནུ་འབུམ། མཁན་པོ་བཀྲ་ཤིས་རྒྱལ་མཚན། ས་བཟང་པཎ་ཆེན་མན་འདྲའོ། །སྦྱོང་རྒྱུད་ཀྱི་བརྟག་པ་ཕྱོགས་གཅིག་པའི་བརྒྱུད་པ་ནི། ཀུན་དགའ་སྙིང་པོ་ཡན་སྦྱོང་རྒྱུད་སྔ་མ་དང་འདྲ། དེ་ནས་བི་ར་ཊི་པ། མ་ཏི། གམྦཱི་ར། ནི་སྐ་ལངྒ་དེ་བ། ར་ལེནྡ་བྷ་དྲ། ཆག་ལོཙྪ་བ། གནུབས་ཆོས་དཔལ། བླ་མ་གློ་ཆེན། མཁན་པོ་རྒྱལ་བཟང་དཔལ། བླ་མ་གྲགས་པ་དཔལ། ས་བཟང་པཎ་ཆེན་མན་འདྲ། ཡོ་ག་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྒྱན་གྱི་བཀོད་པ། འཕགས་པ་གསང་བ་ནོར་བུའི་ཐིག་ལེའི་རྒྱུད་དེ། ས་སྐྱ་པཎྜི་ཏས་བསྒྱུར་བ་གསུམ་པོའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བཛྲ་པཱ་ཎི། ས་ར་ཧ། ཀླུ་སྒྲུབ་ཡབ་སྲས། མ་ཏཾ་ཀི་པ། བི་ཁྱཱ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། ཏ་ཐཱ་ག་ཏ་ཤྲཱི། ས་སྐྱ་པཎྜི་ཏ། སྐྱོབ་པ་དཔལ། རྒྱལ་ཚ་ལུང་མང་པོ། མཆོག་ལྡན་པ། གློ་ཆེན་མན་འདྲའོ། །སྤྱོད་པའི་རྒྱུད་ནི། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་པར་འཕྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་རྩ་རྒྱུད་རིམ་པར་ཕྱེ་བ་ཉེར་དྲུག་པ་དང༌། རྒྱུད་ཕྱི་མ་གསང་བ་མཆོག་གི་རིམ་པར་ཕྱེ་བ་ལ། རིམ་པར་ཕྱེ་བ་བཅུ་བདུན་ཡོད་པ་གཉིས་ཀྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ། ས་སྐྱ་པ་ལྔ། སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། སྤང་སྒང་པ་ཆེན་པོ། ས་བཟང་པཎ་ཆེན་མན་འདྲའོ། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་བམ་པོ་བཅུ་གཉིས་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། དགྲ་ལས་རྣམ་རྒྱལ། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། ཇོ་བོ་པུཎྱ་ཤྲཱི། སྟེང་པ་ལོཙྪ་བ་ཚུལ་ཁྲིམས་འབྱུང་གནས། སོ་ཆོས་ཤེ། ལྷོ་པ་ཐམས་ཅད་མཁྱེན་པ་ཏིང་འཛིན་དཔལ་བཟང་པོ། དབུས་པ་སངས་རྒྱས་འབུམ། རྒྱལ་ཚ་ཆོས་དབང༌། གཉིས་ཀ་ལས་མཆོག་ལྡན་པས་ཞུས། རྭ་ས་རོང་སྟར་གྱི་བླ་མ་སྟོན་ཤཱཀ བླ་མ་གཞོན་ཚུལ། བླ་མ་མགོན་པོ་འབུམ། བླ་མ་བྲམ་ཟེའོ། །བྱ་བའི་རྒྱུད་ལ། རིགས་གསུམ་སོ་སོའི་དང་པོ། འཇམ་དཔལ་གྱི་རྒྱུད་ལ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལེའུ་བཅུ་དགུ་པའི་བརྒྱུད་པ་ནི། བ་རི་ལོཙྪ་ཡན་ཆད་རྣམ་སྣང་མངོན་བྱང་དང་འདྲ་ཞིང༌། དེ་ནས། མཆིམས་བརྩོན་སེང༌། མཆིམས་དོན་ནེ། ཆོས་སེང༌། བློ་བརྟན། ནམ་མཁའ་གྲགས། གློ་ཆེན་མན་འདྲའོ། །འཇམ་དཔལ་རྩ་བའི་རྟོག་པ་ལེའུ་སུམ་ཅུ་སོ་དྲུག་ཡོད་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། རྒྱལ་པོ་རབ་གསལ་ཟླ་བ། བྲམ་ཟེ་སྒྲ་གཅན་འཛིན། སྭ་སྟི་བ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི། ཀུན་དགའ་སྙིང་པོ། རབ་འབྱོར་སྐྱོང༌། ཤེས་རབ་སྐྱོང༌། ཞི་བའི་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། དད་བྱེད་གོ་ཆ། ལོཙྪ་བ་རིན་ཆེན་བཟང་པོ། རྐྱང་པོ་ཆོས་བློ། བྲ་བོ་འབུམ་ལྷ་འཕེན། བྲ་བོ་ཆོས་ཚུལ། བྲ་བོ་མི་མཉམ་རྡོ་རྗེ། ལྡོང་སྟོང་ཡེ་ཤེས་རྡོ་རྗེ། ཞང་བྱ་རུ་བ། གློ་ཆེན་མན་ཆད་འདྲའོ། །འཇམ་དཔལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ཅེས་བྱ་བ་རྩ་བའི་རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་དང་བཅས་པ་ལེའུ་ཉེར་གཉིས་བྱས་པ་དང༌། འཇམ་དཔལ་གསང་རྒྱུད་ཅེས་པ་དང༌། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་པྲ་ཁོག་ཅེས་པ་གསུམ་ནི་མིང་ཙམ་མ་གཏོགས་པར་དོན་གཅིག་པར་སྣང་ཞིང༌། བརྒྱུད་ཡིག་མི་འདུག་གོ །དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བ་ལེའུ་བཞི་ཡོད་པའི་བརྒྱུད་པ་ནི། སངས་རྒྱས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། གཉིས་པ། བ་རི་ལོཙྪ་བ། ས་སྐྱ་པ་ལྔ། གློ་ཆེན་མན་ཆད་འདྲའོ། །འཇམ་དཔལ་གྱི་ཞལ་ནས་གསུངས་པ། འཇམ་དཔལ་གྱི་དམོད་བཙུགས་པ། འཇམ་དཔལ་གྱི་ཤེས་རབ་བློ་འཕེལ། འཇམ་དཔལ་ཡི་གེ་འབྲུ་གཅིག་པ། འཇམ་དཔལ་གྱི་དམ་བཅས་པ། འཇམ་དཔལ་གྱི་མཚན་ཞེས་བྱ་བའི་གཟུངས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། མྱ་ངན་མེད་པའི་དཔལ། དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ས་སྐྱ་པཎ་ཆེན། རྒྱལ་ཚ་ཆོས་དབང༌། རོང་པ་ཤེར་སེང༌། དེ་ནས་བླ་མ་གཞོན་ཚུལ་མན་ཆད་འདྲའོ། སྤྱན་རས་གཟིགས་ཀྱི་རྒྱུད་པདྨ་དྲྭ་བའི་བརྒྱུད་པ་ནི། ཐུབ་པ། འཇམ་དཔལ། ཛེ་ཏཱ་རི། ཨ་ཤོ་ཀ་ཤྲཱི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ། མཆིམས་བརྩོན་སེང༌། བློ་བརྟན། སངས་རྒྱས་འབུམ། མཆོག་ལྡན་མན་འདྲའོ། །འཕགས་པ་ཨ་མོ་གྷ་པཱ་ཤའི་རྟོག་པ་ཆེན་པོ་ཆོ་ག་ཞིབ་མོ་བམ་པོ་ཉེར་ལྔ་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། འཇམ་དཔལ། ཛེ་ཏཱ་རི། ཨ་ཤོ་ཀ་ཤྲཱི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ། ས་ཆེན་པ། མཆིམས་བརྩོན་སེང༌། མཆིམས་དོན་ནེ། མཆིམས་ཆོས་སེང༌། བློ་བརྟན་སངས་རྒྱས་འབུམ། མཆོག་ལྡན་པ། གློ་ཆེན་མན་གོང་དང་འདྲའོ། །ཡང་ན། སངས་རྒྱས། འཇམ་དཔལ། བསམ་གཏན་པ་བཅུ་གཉིས། དད་བྱེད་གོ་ཆ་དཔལ། ཛ་ཡ་སེ་ན། ཛ་ཡ་ཏ་ཐཱ་ག་ཏ། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཨུ་རྒྱན་པ་སངས་རྒྱས་ཞི་བ། ཁ་ཆེ་ཤྲདྡྷཱ་ཀ་ར། ལོཙྪ་བ་རིན་ཆེན་བཟང་པོ། ཇོ་བོ་གང་གནས་པ། ཇོ་བོ་ལྷ་བཙུན། གདོང་སྔོན་གྱི་བླ་མ་དགེ་བསྙེན། ཁྱུང་སྟོན་ཕྱག་རྡོར། ཁྱུང་སྟོན་དངོས་གྲུབ། དབང་ཕྱུག་རིན་ཆེན། ལྷོ་པ་ཐམས་ཅད་མཁྱེན་པ། སྔོག་ལྷ་ས་བ། རྒྱལ་ཚ་ཡར་ལུང་པ། མཆོག་ལྡན་ལོཙྪ་བ། བླ་མ་གློ་བོ་པ་ཆེན་པོ་མན་འདྲའོ། །དོན་ཡོད་ཞགས་པའི་སྙིང་པོ། ཡང་དོན་ཡོད་ཞགས་པའི་གཟུངས། དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་གཟུངས། དོན་ཡོད་ཞགས་པ་ས་བཅུ་པའི་གཟུངས། སྒོ་མཐའ་ཡས་པའི་གཟུངས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་རྫོགས་པ་ཞེས་བྱ་བའི་གཟུངས། དེའི་ཆོ་ག་ཞིབ་མོ། སྤྱན་རས་གཟིགས་དབང་ཕྱུག་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས་ཏེ་བདུན་གྱི་བརྒྱུད་པ་ནི་འོག་ནས་འབྱུང་བའི་གཟུངས་འདུས་ཀྱི་བརྒྱུད་པ་དང་འདྲའོ། །ཞལ་བཅུ་གཅིག་པའི་གཟུངས་ཀྱི་བརྒྱུད་པ་ནི། ཇོ་བོ་རྗེ། ནག་ཚོ་ལོཙྪ་བ། རྒྱ་ལྕགས་རི་གོང་པ། འལ་པ་རྩ་རི་གོང་པ། ཡོལ་ཆོས་དབང༌། གཉེན་སྟོན་ཁུག་པ། གནས་བརྟན་གཞོན་སེང༌། དབང་རིན། ཁམ་པ་ཤཱཀྱ་རྡོ་རྗེ། སངས་རྒྱས་སྲས། མཆོག་ལྡན། གློ་ཆེན། བླ་མ་གཞོན་ཚུལ། བླ་མ་མགོན་པོ་འབུམ། བླ་མ་བྲམ་ཆེན། ས་བཟང་པཎ་ཆེན་མན་འདྲ། པདྨ་ཅོད་པཎ་དང་འཇིག་རྟེན་དབང་ཕྱུག་གི་རྟོག་པ་གཉིས་པོའི་བརྒྱུད་པ་ནི། པདྨ་དྲྭ་བ་དང་མཚུངས་སོ། །ཀུན་ཏུ་བཟང་པོའི་གཟུངས། ནཱི་ལ་ཀཎྛའི་གཟུངས། མེ་ཁ་ལའི་གཟུངས། སྙིང་རྗེ་མི་བཤོལ་བའི་གཟུངས། སྤྱན་རས་གཟིགས་ཀྱི་ཡུམ་གྱི་གཟུངས། སྤྱན་རས་གཟིགས་ཀྱི་གཟུངས་ཏེ་དྲུག་གི་བརྒྱུད་པ་ནི། གཟུངས་འདུས་དང་འདྲའོ། སྤྱན་རས་གཟིགས་ཀྱི་སྙིང་པོའི་བརྒྱུད་པ་ནི། ཞལ་བཅུ་གཅིག་པའི་གཟུངས་དང་འདྲའོ། །ཕྱག་ན་རྡོ་རྗེའི་རྒྱུད་ནི་གོས་སྔོན་ཅན་གནོད་སྦྱིན་དྲག་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ལེའུ་བཅོ་ལྔ་པའི་བརྒྱུད་པ་ནི། གཟུངས་འདུས་དང་འདྲའོ། །རྡོ་རྗེ་ས་འོག་ལེའུ་ཉེར་བཞི་པ། ས་སྐྱ་པཎྜི་ཏས་བསྒྱུར་བ་འདིའི་བརྒྱུད་པ་ཡོ་ག་རྡོ་རྗེ་སྙིང་པོ་རྒྱན་དང་འདྲའོ། །རྡོ་རྗེ་ས་འོག་ལེའུ་བདུན་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རིམ་པར་ཕྱེ་བ་གཉིས་པ། ལག་ན་རྡོ་རྗེ་གོ་ཆའི་གཟུངས། ཕྱག་ན་རྡོ་རྗེ་གོས་སྔོན་ཅན། འཇིག་རྟེན་གསུམ་འདུལ། གོས་སྔོན་ཅན་གྱི་ཆོ་གའམ། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་བེ་ཅོན་ཆེན་པོའི་རྒྱུད། རྡོ་རྗེ་བདེ་ཁྲོས་ལེའུ་བཅུ་བདུན་པ་སྟེ་བདུན་གྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཡེ་ཤེས་དབང་ཕྱུག ལས་ཀྱི་རྡོ་རྗེ། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ། ཝ་ལ་ཙནྡྲ། རས་ཆུང༌། འགྲོ་སྒོམ། ཟངས་རི་རྒྱ་རས། རླུང་རིང་འབུམ་གྲགས། ཤེར་རྒྱལ། བྱ་རིན་ཆེན་འོད། སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། སྤང་སྒང་པ་ཆེན་པོ། ས་བཟང་པཎ་ཆེན་མན་འདྲ། རྡོ་རྗེ་རྣམ་འཇོམས་རྒྱུད་ཀྱི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། འཇམ་དབྱངས། ཛེ་ཏཱ་རི། དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ་རིན་ཆེན་གྲགས། ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་རྒྱལ། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ། འོ་ཡུག་པ་བསོད་སེང༌། རི་ཕུག་པ་ཤཱཀྱ་སེང་གེ བླ་སྟེང་པ་དབང་རྒྱལ། ས་བཟང་པཎ་ཆེན་མན་འདྲ། རྡོ་རྗེ་རྣམ་འཇོམས་ཀྱི་བཤད་རྒྱུད་འཕགས་པ་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། རྡོ་རྗེ་མི་ཕམ་པ་མེ་ལྟར་རྨོངས་བྱེད་ཅེས་པའི་གཟུངས། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། ལག་ན་རྡོ་རྗེ་ས་བཅུ་པའི་སྙིང་པོ། རྡོ་རྗེ་མཆུའི་གཟུངས། གནམ་ལྕགས་མཆུའི་གཟུངས། ལྕགས་མཆུ་གཉིས། ལྕགས་མཆུ་ནག་པོའི་གཟུངས། སོག་མ་མེད་ཀྱི་རྟོག་པ། སོག་མ་མེད་ཀྱི་དམ་ཚིག་གི་རྒྱུད་ཅེས་བྱ་བ་བཅུའི་བརྒྱུད་པ་ནི། གཟུངས་འདུས་དང་འདྲའོ། །གསང་སྔགས་ཀྱི་སྤྱོད་པ་སྤྱིར་སྟོན་པ། ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ཆེན་པོའི་བརྒྱུད་པ་ནི། ཐུབ་པ། འཇམ་དཔལ། ཛེ་ཏཱ་རི། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ། མཆིམས་བརྩོན་སེང༌། མཆིམས་དོན་ནེ། མཆིམས་བློ་བརྟན། སངས་རྒྱས་འབུམ། མཆོག་ལྡན། བློ་ཆེན། བླ་མ་གཞོན་ཚུལ། བླ་མ་མགོན་པོ་འབུམ། བྲམ་ཆེན་པོ། ས་བཟང་པཎ་ཆེན་མན་འདྲའོ། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བ་སོ་བརྒྱད་པ་དང༌། བསམ་གཏན་ཕྱི་མ་དང༌། འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་ལེའུ་བཅུ་གཅིག་པའི་བརྒྱུད་པ་ནི། དཔའ་བོ་གཅིག་གྲུབ་དང་འདྲ་ཞིང༌། ཡང་ལུགས་གཅིག་ལ་རིག་པ་མཆོག་དང་འདྲ་བ་ཡང་ཡོད་དོ། །ཡང་ཁྲོ་བོའི་རྒྱུད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པར་འདུལ་བར་གསུངས་པའི་རྟོག་པ། མི་གཡོ་བའི་རྟོག་པ་དངོས་གྲུབ་ཐམས་ཅད་འབྱུང་བ། མི་གཡོ་བའི་གཟུངས། མི་གཡོ་བ་གསང་བའི་རྟོག་པ་སྟེ་བཞིའི་བརྒྱུད་པ་ནི། རིག་པ་མཆོག་དང་འདྲ་ཞིང༌། རྒྱུད་རང་ཐེ་ཚོམ་ཅུང་ཟད་ཟ་བས་མཁས་པ་རྣམས་ཀྱིས་དཔྱད་པར་བྱ་བར་རིགས་སོ། །སྟོབས་པོ་ཆེ། མཆོད་པའི་སྤྲིན་གྱི་གཟུངས། རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས། བདུད་རྩི་ཐོབ་སྦྱོར་གྱི་སྙིང་པོ་སྡེ་བཞིའི་བརྒྱུད་པ་གཟུངས་འདུས་དང་འདྲའོ། །རིག་པའི་ལྷ་མོའི་རྒྱུད་ནི། སྒྲོལ་མ་ལས་སྣ་ཚོགས་པའི་རྒྱུད་སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་བརྒྱུད་པ་ནི། སངས་རྒྱས། སྒྲོལ་མ། ཀུན་དགའ་བོ། ཉི་མའི་གུང་པ། ཤ་ནའི་གོས་ཅན། ཀྲྀཥྞའི་གོས་ཅན། ཉི་མ་སྦས་པ། རཱ་ཧུ་ལ་ཤྲཱི། བོ་དྷེ་ད་ཤྲི། ཤཱཀྱ་ཤྲཱི། ལོཙྪ་བ་བྱམས་པའི་དཔལ། རིན་ཆེན་འབུམ། སངས་རྒྱས་འབུམ། མཆོག་ལྡན་པ། སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ་མན་ཆད་འདྲ། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། སྒྲོལ་མས་དམ་བཅས་པའི་གཟུངས། འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བའི་གཟུངས། སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་ལེའུ་ལྔ་པ་སྟེ་བཞིའི་བརྒྱུད་པ་ནི། གཟུངས་འདུས་དང་འདྲའོ། །སྟོང་ཆེན་རབ་འབྱམས། རྨ་བྱ་ཆེན་མོ། སོ་སོར་འབྲང་མ། བསིལ་པའི་ཚལ། གསང་སྔགས་རྗེས་སུ་འཛིན་པ། དཔལ་ཤཱཀྱ་ཐུབ་པས་གསུངས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་རྒྱལ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་བ་རིའི་འགྱུར། ཡང་རྣམ་རྒྱལ་གྱི་གཟུངས་རྟོག་པ་དང་བཅས་བ་རིའི་འགྱུར་རྣམས་ཀྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱ་རི། དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ས་སྐྱ་པཎྜི་ཏ་ཆེན་པོ། བླ་ཆེན་འཕགས་པ། གློ་ཆེན། བླ་མ་གཞོན་ཚུལ། སློབ་དཔོན་མགོན་པོ་འབུམ། བླ་མ་བྲམ་ཆེན། ས་བཟང་པཎ་ཆེན་མན་འདྲའོ། །རྣམ་རྒྱལ་གྱི་གཟུངས་གཞན་གཉིས་ཀྱང་སྣང་ནའང༌། གོང་གི་གཉིས་པོ་ལས་དོན་ལོགས་པ་མི་སྟོན་པར་འདུག་པས་གོང་གི་ལས་ལུང་ལོགས་སུ་མི་དགོས་སམ་སྙམ་དུ་བསམ་མོ། །གཙུག་ཏོར་གདུགས་དཀར་ཆེ་བ་ལྷ་ཡུལ་མར་གྲགས་པ། འོད་ཟེར་ཅན་གྱི་གཟུངས། འོད་ཟེར་ཅན་གྱི་རྟོག་པ་གཉིས་ཀྱི་བརྒྱུད་པ་ནི། སངས་རྒྱས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། བར་པ། ཆུང་བ། བ་རི་ལོཙྪ་བ། ས་སྐྱ་པ་ལྔ། གློ་ཆེན་མན་ཆད་འདྲའོ། །ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མེད་ཀྱི་བརྒྱུད་པ་ནི། གློ་ཆེན་ཡན་ཆད་གཙུག་ཏོར་རྣམ་རྒྱལ་དང་འདྲ་ཞིང༌། དེས་བདེ་བ་ཅན་པ་ཡེ་ཤེས་མགོན། སྐྱི་སྟོན་འཇམ་དབྱངས། ཆོས་རྗེ་ཀུན་མཁྱེན་པ། ས་བཟང་པཎ་ཆེན་མན་འདྲའོ། །ཡང་གཙུག་ཏོར་གདུགས་དཀར་མཆོག་གྲུབ་མ། འོད་ཟེར་འབྱུང་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་འོད་ཟེར་ཅན་གྱི་རྟོག་པ་བརྒྱ་ཕྲག་བདུན་པ་ཕྱུང་བ་རྫོགས་སོ་ཞེས་པ། རི་ཁྲོད་ལོ་མ་ཅན། སྐུལ་བྱེད་མའི་གཟུངས། དབྱིག་ལྡན་མའི་གཟུངས། གྲགས་ལྡན་མའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན། རྒྱལ་བ་ཅན་གྱི་གཟུངས། སྒྲོལ་མ་མཆོག ལྷ་མོ་བརྒྱད་ཀྱི་གཟུངས། ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། འཕགས་པ་དཔལ་ཆེན་མོ། དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ་སྟེ། བཅུ་བཞི་པོའི་བརྒྱུད་པ་ནི། གཟུངས་འདུས་དང་འདྲའོ། །བྱ་བའི་རྒྱུད་ཡིན་ཡང་ཐམས་ཅད་དགོས་པ་ཐུན་མོང་གི་རྒྱུད་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་གསང་བ་སྤྱི་རྒྱུད་ཀྱི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། དེའི་སློབ་མ་ལྔ་ནི། པད་དཀར་ཡེ་ཤེས། ཁ་ཆེ་ཛྙཱ་ན་ཤྲཱི། རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ། ཉི་མའི་སྙིང་པོ། རྒྱལ་རིགས་ས་ར་ཧའོ། །དེ་ལྔ་ཀ་ལས་ཀུན་དགའ་སྙིང་པོས་ཞུས་སོ། །དེ་ལ་ཏ་ཐཱ་ག་ཏ་བཛྲ། ཤྲདྡྷཱ་ཀ་ར། ལོཙྪ་བ་རིན་ཆེན་བཟང་པོ། ལོ་ཆུང་གྲགས་མཆོག ཤེས་རབ། ས་སྐྱ་པ་ལྔ། གློ་ཆེན། མཁན་པོ་རྒྱལ་བཟང་དཔལ་མན་ཆད་འདྲའོ། །ཡང་ལུགས་གཅིག་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོཙྪ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། པཎྜི་ཏ། ཁང་སྟོན། གློ་ཆེན་མན་ཆད་སྔར་དང་འདྲའོ། །རབ་གནས་མདོར་བསྡུས་ཀྱི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། གངྒཱ་དྷ་ར། ས་མནྟ་བྷ་དྲ། ཁ་ཆེ་ཛྙཱ་ན་ཤྲཱི། གཉལ་པ་ཉི་ཤེ། གནུར་ཉི་ཤེ། གནུར་ཉི་མ། གནུར་སིདྷ། གླན་ཆོས་འབྱུང༌། རྩ་སྐྱ་ཤག་འབུམ། འཛིམ་པ་རིན་ཤེ། བླ་མ་འཇམ་དབྱངས་པ། བླ་མ་གཞོན་ཚུལ་མན་ཆད་སྔར་བཞིན་ནོ། །གར་མཁན་མཆོག་གི་བརྟག་པ་སྔ་ཕྱི་ལེའུ་བཅུ་དྲུག་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། ཁ་ཆེ་དགོན་པ་བ། ཟངས་དཀར་ལོཙྪ་བ། གཡོར་པོ་བྱ་སྟོན། མར་འགྲོ་བ་རྡོ་རྗེ་རྩེ་མོ། མཁས་པ་ཀྱུས་སྟོན། དེ་གསུམ་ཀ་ལས་དགེ་བཤེས་གཅུར་སྟོན་བསོད་ནམས་ཀྱིས་ཞུས། འཇིད་པ། པན་ད་བ། བླ་མ་རིན་ཆེན་གླིང་པ། མཁན་པོ་རྒྱལ་བཟང་དཔལ། སྤང་སྒང་པ་ཆེན་པོ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ།། །།ཡང་«་་་་་གཟུངས་འདུས་སམ་གཟུངས་འབུམ་ཞེས་གྲགས་པའི་ཆོས་ཀྱི་རྣམ་གྲངས་ལ། »འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་ཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞི་བ་མོའི་རྒྱལ་པོ་ལེའུ་བདུན་པ། འཆི་མེད་རྔ་སྒྲའི་གཟུངས། ཚེ་དཔག་མེད་ཀྱི་སྙིང་པོ་གཟུངས། ཤཱཀྱ་ཐུབ་པའི་སྙིང་པོ། རྣམ་པར་སྣང་མཛད་ཀྱི་སྙིང་པོ། རྒྱལ་བའི་བླ་མའི་སྙིང་པོ། སངས་རྒྱས་ཀྱི་སྙིང་པོ། སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ། སངས་རྒྱས་བཅུ་གཉིས་པ། སངས་རྒྱས་བདུན་པ། སྣང་བ་མཐའ་ཡས་ཀྱི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས། ཟླ་འོད་ཀྱི་མཚན་རྗེས་སུ་དྲན་པའི་གཟུངས། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པའི་གཟུངས། རིན་ཆེན་གཙུག་ཏོར་ཅན་གྱི་མཚན་རྗེས་སུ་དྲན་པ། དྲི་མ་མེད་པའི་གཟུངས། འཕགས་པ་ཁྱད་པར་ཅན་གྱི་གཟུངས། དཀྱིལ་འཁོར་བརྒྱད་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། དེ་བཞིན་གཤེགས་པ་སྤྱན་རས་གཟིགས་དབང་ཕྱུག བྱམས་པ། ནམ་མཁའི་སྙིང་པོ། ཀུན་ཏུ་བཟང་པོ། ཕྱག་ན་རྡོ་རྗེ། འཇམ་དཔལ། སྒྲིབ་པ་རྣམ་སེལ། སའི་སྙིང་པོ་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། སྤྱན་རས་གཟིགས་མཚན་བརྒྱ་རྩ་བརྒྱད་པ། བྱང་ཆུབ་རྒྱན་འབུམ་བསྡུས་པ། མཆོད་རྟེན་གཅིག་བཏབ་པས་མཆོད་རྟེན་བྱེ་བ་བྱས་པར་འགྱུར་བའི་གཟུངས། གསང་བ་རིང་བསྲེལ་གྱི་ཟ་མ་ཏོག འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། སངས་རྒྱས་ཀྱི་ཆོས་གསལ་ཞིང་ཡངས་པ་སྣང་བརྒྱད་ཅེས་བྱ་བའི་མདོ། སྒོ་བཟང་པོ། ཆོས་ཀྱི་རྒྱ་མཚོ། ཚིགས་སུ་བཅད་པ་གཉིས་པ། སྒོ་དྲུག་པའི་གཟུངས། ཡི་གེ་དྲུག་པའི་གཟུངས། གསེར་ཅན་གྱི་གཟུངས། སྙིང་རྗེ་མཆོག་གི་གཟུངས། མེ་ཏོག་བརྩེགས་པའི་གཟུངས། གཟུངས་ཆེན་མོ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། སའི་དབང་ཆེན་མོ། གཙུག་གི་ནོར་བུའི་གཟུངས། ཙནྡན་གྱི་ཡན་ལག་གི་གཟུངས། ཕྱིར་བཟློག་རྒྱལ་བ་ཅན་གྱི་གཟུངས། མདངས་ཕྱིར་མི་འཕྲོག་པའི་གཟུངས། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ། གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ། གདོན་མི་ཟ་བའི་གཟུངས། གཞན་གྱིས་མི་ཐུབ་པའི་རིག་པ་ཆེན་མོ། དབང་བསྐུར་བ། མིག་རྣམ་པར་སྦྱོང་བ། བར་ཆད་རྣམ་པར་སྦྱོང་བ། འགྲོ་ལྡིང་བའི་རིག་སྔགས། མཆོད་པའི་སྤྲིན། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ། ཆོས་ཐམས་ཅད་ཀྱི་ཡུམ། ཕྱིར་བཟློག་སྟོབས་ཅན། མདངས་ཕྱིར་འཕྲོག་པ། རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་མོ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། མིག་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ཡང༌། ནད་རབ་ཏུ་ཞི་བར་བྱེད་པ། རིམས་རབ་ཏུ་ཞི་བར་བྱེད་པ། མིག་ནད་རབ་ཏུ་ཞི་བར་བྱེད་པ། འབྲུམ་བུའི་ནད་རབ་ཏུ་ཞི་བར་བྱེད་པ། གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པ། ཆོམ་རྐུན་ནམ་མི་རྒོད་རྣམ་པར་འཇོམས་པ། བུ་མང་པོ་རྟོན་པ་ཞེས་པ་དང༌། བུ་མང་པོ་སོ་སོར་འབྲང་བ། སྟོང་འགྱུར་བ། ཡེ་ཤེས་ཏ་ལ་ལ། འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་གྱི་གཟུངས་སམ་བི་མ་ལེ་ཨུ་ཥྞཱི་ཥའི་གཟུངས་ཞེས་ཀྱང་བྱ་བ། རྟེན་འབྲེལ་སྙིང་པོའི་གཟུངས། རྟེན་ཅིང་འབྲེལ་བར་འབྱུང་བ། རྟེན་འབྲེལ་སྙིང་པོ། རིན་པོ་ཆེ་དར་བ། གཙུག་ཏོར་འབར་བ། སྨན་ལ་སྔགས་ཀྱི་བཏབ་པ། བསྐོར་བ་བྱ་བ་གཉིས། ཡོན་ཡོངས་སུ་སྦྱོང་བ་གཉིས། ཐོས་པ་འཛིན་པ། ཤེས་རབ་བསྐྱེད་པ་གཉིས། ཤླཽ་ཀ་བརྒྱ་ལོབ་པ་གཉིས། ཤླཽ་ཀ་སྟོང་ལོབ་པ་གསུམ། མི་བརྗེད་པ། ཕྱག་བྱ་བ། གོས་བརྒྱ་ཐོབ་པ། པདྨའི་སྤྱན། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ། སྐྲན་ནད་ཞི་བ། མ་ཞུ་བའི་ནད་འབྱང་བ། སྡང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ཁྲོ་བ་རབ་ཏུ་ཞི་བར་བྱེད་པ་གཉིས། ཚིག་བཙན་པ། བདག་སྲུང་བ། ཡིད་དུ་འོང་བ། མགྲིན་པ་སྙན་པ། དོན་ཐམས་ཅད་གྲུབ་པ། ལས་གྲུབ་པ། དུག་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། བཅིངས་པ་ལས་གྲོལ་བ། བདུད་སྐྲག་པར་བྱེད་པ། རྨ་འབྱོར་བར་བྱེད་པ། མེའི་ཟུག་རྔུ་ཞི་བར་བྱེད་པ། མཁྲིས་པའི་ནད་སེལ་བ། བད་ཀན་གྱི་ནད་སེལ་བ། ཀྵ་ཡའི་ནད་སེལ་བ། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པ། སྨན་ལ་སྔགས་ཀྱིས་གདབ་པ། མཆོག་ཐོབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས། འཕགས་པ་བརྒྱད་སྟོང་པའི་སྙིང་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་བཟུང་བར་འགྱུར་བ། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་བ། ཚད་མེད་པ་བཞི་ཐོབ་པར་འགྱུར་བ། སྡོང་པོ་བཀོད་པའི་སྙིང་པོ། ཏིང་ངེ་འཛིན་རྒྱལ་པོ་གཟུང་བར་འགྱུར་བ། སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་བ། སྤྲིན་ཆེན་པོ། སྤྲིན་ཆེན་པོ་ཀླུ་ཐམས་ཅད་ཀྱི་སྙིང་པོ། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ། ཚོགས་བདག་གི་སྙིང་པོ། ནོར་བུ་བཟང་པོའི་གཟུངས། དེའི་སྙིང་པོ། གཟའ་ཡུམ་གྱི་གཟུངས། ནོར་རྒྱུན་མའི་གཟུངས། ནོར་རྒྱུན་མའི་རྟོག་པ། ནག་པོ་ཆེན་པོའི་གཟུངས་ལྷ་མོ་ནག་མོའི་གཟུངས། ནག་པོ་ཆེན་པོའི་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ། ལྷ་མོ་ནག་མོའི་བསྟོད་པ། དེའི་མཚན་བརྒྱ་རྩ་བརྒྱད་པ། རོ་ལངས་བདུན་པའི་གཟུངས། མཆིལ་མ་དང༌། ལུད་པ་དང༌། སྣབས་དང༌། ལུས་ཀྱི་དྲི་མ་དང༌། དྲི་ཆེན་དང༌། དྲི་ཆུ་རྣམས་ཡི་དྭགས་ལ་སྦྱིན་པའི་གཟུངས། རྒྱུད་དངོས་མིན་ཡང་སྐབས་སུ་བབས་པ་ནི་ལེགས་གྲུབ་ལས་བྱུང་བའི་སྨོན་ལམ། ཡིད་བཞིན་ནོར་བུའི་རྟོག་པ་ལས་བྱུང་བའི་སྨོན་ལམ་སྟོང་ཆེན་རབ་འཇོམས། རྨ་བྱ་ཆེན་མོ་ལས་བྱུང་བའི་སྨོན་ལམ་དང་བདེན་པའི་ཚིག སྦྱིན་པའི་རབ་བྱུང་བའི་སྨོན་ལམ། ཡངས་པ་ཅན་གྱི་བདེ་ལེགས་ཀྱི་ཚིགས་བཅད། ལྷས་ཞུས་པའི་བདེ་ལེགས་ཀྱི་ཚིགས་བཅད། བདེ་ལེགས་སུ་འགྱུར་བའི་ཚིགས་བཅད། ལྷས་ཞུས་པའི་བཀྲ་ཤིས། ཡོ་གའི་ལྷ་སུམ་ཅུ་སོ་བདུན་གྱི་བཀྲ་ཤིས། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས། རིགས་ལྔའི་བཀྲ་ཤིས། རིགས་གསུམ་གྱི་བཀྲ་ཤིས། དཀོན་མཆོག་གསུམ་གྱི་བཀྲ་ཤིས། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་གསུངས་པའི་བཀྲ་ཤིས། དེ་ལྟར་བྱ་སྤྱོད་ཀྱི་རྒྱུད་དུ་གཏོགས་ཤིང༌། གཟུངས་འདུས་སམ་གཟུངས་འབུམ་དུ་གྲགས་པ་སྔ་ཕྱི་རྣམས་དྲིལ་བས། གཟུངས་ཀྱི་རྣམ་གྲངས་ཉིས་བརྒྱ་ལྷག་གཅིག་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། མྱ་ངན་མེད་པའི་དཔལ། དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་རིན་པོ་ཆེ། རྒྱལ་ཚ་ཆོས་དབང༌། རོང་པ་ཤེར་སེང༌། བླ་མ་གཞོན་ཚུལ། བླ་མ་མགོན་པོ་འབུམ། བླ་མ་ནམ་མཁའ་རྒྱལ་མཚན། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་ན་བ་རི་ལོཙྪ་བ། སུམ་པ་ལོཙྪ་བ། འབུམ་ལྔ་ལོཙྪ་བ། སྤང་ཁང་གྲགས་རྒྱལ་བ། གྲགས་པ་སེང་གེ ཞལ་སྔ་བསོད་རིན། ཐར་གླིང་པ། མཁན་པོ་གཞོན་ཡེ། རོང་པ་ཤེར་སེང༌། བླ་མ་གཞོན་ཚུལ། བླ་མ་བྲམ་ཆེན་མན་སྔར་དང་འདྲའོ།། །།ཕར་ཕྱིན་ཐེག་པའི་སྐོར་ལ། བཀའ་དང་བསྟན་བཅོས་གཉིས་ཀྱི་དང་པོ་ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་ཀྱི་སྐོར་ལ། ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་བའི་ཕྱིར། དང་པོ་ཉིད་ནས་ལུང་དང་བརྒྱུད་པ་ཕྱོགས་གཅིག་པ་ནི་མེད་མོད། འོན་ཀྱང་སྐྱེས་བུ་དམ་པ་རྣམས་ཀྱིས་དཀའ་སྤྱད་རྒྱ་ཆེན་པོའི་སྒོ་ནས་བླ་མ་མི་འདྲ་བ་སོ་སོ་ལ་ཞུས་ཏེ། རིམ་གྱིས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ནོ། །དེ་ཡང༌། རྒྱ་གར་ན། པུཎྱ་ཤྲཱི་དང༌། ཛྙཱ་ན་ཤྲཱི། བོད་ན་སྟེང་པ་ལོཙྪ་བ་དང༌། ལྷོ་པ་ཐམས་ཅད་མཁྱེན་པ་གཉིས་མདོའི་ལུང་མང་བར་གྲགས་ཤིང༌། དུས་ཕྱིས་ནོར་བཟང་གི་རྣམ་པར་ཐར་པ་དང་མཐུན་པར་སྐྱེས་བུ་དམ་པ་བསྟེན་པས་བླ་མ་གཞོན་ནུ་ཚུལ་ཁྲིམས་པ་ཉིད་ལུང་གི་རྒྱ་མཚོ་ཆེན་པོར་གྲགས་སོ། །དེ་ལས་དཔལ་ལྡན་བླ་མ་དམ་པ་དྷརྨ་ཀཱིརྟི། དེ་ལས་པཎ་ཆེན་མ་ཏིས་གསན། དེ་ལས་ཆོས་རྗེ་ས་བཟང་འཕགས་པ། དེས་བདག་ལའོ། །བསྐལ་པ་བཟང་པོ། རྒྱ་ཆེར་རོལ་པ། པད་དཀར། གསེར་འོད་དམ་པ་ལེའུ་ཉེར་དགུ་པ། གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་ལེའུ་ཉེར་གཅིག་པ་དང་ཉེར་གཉིས་པ་གཉིས། གླང་པོ་ཆེའི་རྩལ་གྱི་མདོ། འཇམ་དཔལ་རྣམ་རོལ། འཇམ་དཔལ་རྣམ་འཕྲུལ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐབས་ཀྱི་རྣམ་པར་འཕྲུལ་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པ་མཐར་ཕྱིན་པའི་མདོ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན། དགེ་བའི་རྩ་བ་ཡོངས་སུ་འཛིན་པ། བཟུང་གི་མདོ། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པ། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པ་རྒྱ་གར་ནས་བསྒྱུར་བ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་འགོས་ཆོས་གྲུབ་ཀྱི་རྒྱ་ནག་ནས་བསྒྱུར་བ། ག་ཡ་གཽ་རི། དམ་ཆོས་པད་དཀར། སྙིང་རྗེ་པད་དཀར། སྙིང་རྗེ་ཆེན་པོ་པད་དཀར། མྱང་འདས། མྱང་འདས་ཆུང་བ། འདའ་ཀ་ཡེ་ཤེས་འདི་རྒྱ་ནག་ལས་འགྱུར་ཅིང༌། ཐེ་ཚོམ་མེད་པར་དཀར་ཆག་ལྡན་ཀར་མར་བྲིས། སངས་རྒྱས་ཀྱི་མཛོད་འདི་དཀར་ཆག་ཆེན་པོ་གསུམ་དུ་མདོར་མཛད། ཁ་ཅིག་ཐེ་ཚོམ་གྱིས་གཞིར་འཆད་དོ། །རྒྱན་སྟུག་པོ་བཀོད་པ་བམ་པོ་བཞི་པ་ཡན་ཆད་འགྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་སེམས་ལ་གཟིགས་ཤིང༌། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ། བདེ་བ་ཅན་གྱི་བཀོད་པ། ཟ་མ་ཏོག་གི་བཀོད་པ། དཀོན་མཆོག་ཟ་མ་ཏོག དཀོན་མཆོག་འབྱུང་གནས། རིན་པོ་ཆེའི་མཐའ། གསེར་གྱི་བྱེ་མ་ལྟ་བུའི་མདོ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན། རྡོ་རྗེའི་ཏིང་ངེ་འཛིན། ཁྱེའུ་བཞིའི་ཏིང་ངེ་འཛིན། ཏིང་ངེ་འཛིན་མཆོག་དམ་པ། འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས། སྒོ་དྲུག་པའི་གཟུངས། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། ཚིགས་སུ་བཅད་པ་གཉིས་པ། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ། ནམ་མཁའ་མཛོད་ཀྱིས་ཞུས་པ། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ། བྱམས་པས་ཞུས་པ། སྤོབས་པའི་བློ་གྲོས་ཀྱིས་ཞུས་པ། ཐེག་པ་ཆེན་པོའི་མན་ངག་བུ་མོ་རིན་ཆེན་གྱིས་ཞུས་པ། བློ་གྲོས་རྒྱ་མཚོས་ཞུས་པ། ཀླུའི་རྒྱལ་པོ་རྒྱ་མཚོའི་ཞུས་པ་ཆེ་བ། ཆུང་བ། དགེ་བཅུ་བཤད་པ། ཡང་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་ངུ་ཤླཽ་ཀ་བཅུ། སྤྱན་རས་གཟིགས་ཀྱིས་ཞུས་པ། ཆོས་བདུན་པ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ། མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ། ཚངས་པས་ཞུས་པ། ཚངས་པས་བྱིན་གྱིས་ཞུས་པ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ། ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ། དཔལ་དབྱིག་གིས་ཞུས་པ། རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པ། ཁྱེའུ་རིན་ཆེན་ཟླ་བས་ཞུས་པ། བདེ་བྱེད་ཀྱིས་ཞུས་པ། ཡུལ་འཁོར་སྐྱོང་གིས་ཞུས་པ། ལྷ་མོ་དྲི་མ་མེད་པ་འོད་ཀྱིས་ཞུས་པ། བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ། བགྲེས་མོས་ཞུས་པ། འཇམ་དཔལ་གྱིས་ཞུས་པ། བདག་མེད་པས་དྲིས་པ། འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ། བློ་གྲོས་མི་ཟད་པས་བསྟན་པ། དྲི་མ་མེད་པར་གྲགས་པས་བསྟན་པ། འཇམ་དཔལ་གྱིས་བསྟན་པ། སྦྱིན་པའི་ཕན་ཡོན་བསྟན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་གྱི་ཡུལ་ལ་རྣམ་པར་འཕྲུལ་པ་བརྟན་པ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ། མར་མེ་མཛད་ཀྱིས་ལུང་བསྟན་པ། ཚངས་པའི་དཔལ་ལུང་བསྟན་པ། བུད་མེད་འགྱུར་བ་ལུང་བསྟན་པ། བུ་མོ་ཟླ་མཆོག་ལུང་བསྟན་པ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། བདེ་ལྡན་མ་ལུང་བསྟན་པ། རྒྱལ་བའི་བློ་གྲོས་ཀྱིས་ཞུས་པ། སྤྱན་རས་གཟིགས་ཀྱི་མདོ། འཇམ་དཔལ་གནས་པ། བྱམས་པ་བདུད་རྩི་བརྗོད་པ། བྱམས་པ་འཇུག་པ། འཇིག་རྟེན་དང་རྗེས་སུ་མཐུན་པར་འཇུག་པ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ། ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ། མར་མེ་འབུལ་བ། ཆོས་ཀྱི་ཕྱག་རྒྱ། གྲོང་ཁྱེར་གྱིས་འཚོ་བའི་མདོ། ཟས་ཀྱིས་འཚོ་བ་ཡོངས་སུ་དག་པའི་མདོ། སྒྲ་ཆེན་པོ་སེང་གེ་སྒྲ་སྒྲོགས་པ། སཱ་ལུ་ལྗང་པ། རྟེན་ཅིང་འབྲེལ་པ་འབྱུང་བ་བསྟན་པ། རྟེན་ཅིང་འབྲེལ་པ་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ། འདི་ཐེག་པ་ཆུང་ངུར་གྲགས་ཀྱང་དབྱིག་གཉེན་གྱི་འགྲེལ་པར་རྣམ་ཤེས་ཚོགས་བརྒྱད་དང༌། རིག་བྱེད་མ་ཡིན་པའི་གཟུགས་མིན་ལ་སོགས་པ་བསྟན་པའི་ཕྱིར་ཐེག་པ་ཐུན་མོང་དུ་འཐད་དོ། །སོར་མོའི་ཕྲེང་བ་ལ་ཕན་པ། མ་སྐྱེས་དགྲའི་འགྱོད་པ་བསལ་བ། དཔལ་སྦས་ཀྱི་མདོ། ལས་ཀྱི་སྒྲིབ་པ་རྣམ་པར་དག་པ། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པ། རྒྱལ་པོ་ལ་གདམས་པ། རྔ་བོ་ཆེ་ཆེན་པོའི་ལེའུ་སུམ་ཅུ་སོ་གསུམ་པའི་ལེའུ། ལྷག་པའི་བསམ་པ་བསྟན་པའི་ལེའུ། ཆོས་ཡང་དག་པར་སྡུད་པ། རྣམ་པར་འཐག་པ་ཐམས་ཅད་བསྡུས་པ། སངས་རྒྱས་འགྲོ་བ། དེ་བཞིན་གཤེགས་པ་ཐམས་ཅད་འགྲོ་བ། ཆོས་ཀུན་འགྲོ་བ། དེ་བཞིན་གཤེགས་པ་དཔལ་གྱི་དམ་ཚིག དཀོན་མཆོག་སྤྲིན། སྤྲིན་ཆེན་པོ། སྤྲིན་ཆེན་པོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་རྣམ་པར་རྩེ་བའི་ལེའུ། སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ། སྤྲིན་ཆེན་པོའི་མདོ། རླུང་གི་དཀྱིལ་འཁོར་ལས་སྤྲིན་ཆེན་པོའི་ལེའུ་བམ་པོ་ཕྱེད་དང་གསུམ་བྱས་པ། ཆར་དབབ་པའི་ལེའུ་དྲུག་ཅུ་རྩ་བཞི་པ། འདི་སྤྲིན་ཆེན་པོ་ཆུང་ངུ་ཤླཽ་ཀ་བརྒྱ་ཉི་ཤུ་པ་དང་གཅིག་མི་གཅིག་དཔྱད། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་མོའི་མདོ། འདི་བཀའ་ཡིན་མིན་ཐེ་ཚོམ་གྱི་གཞིར་ཀླུ་མེས་དབང་ཕྱུག་གྲགས་འཆད། གཙུག་ཏོར་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉེ་ཚེ་ཕྱུང་བ། འདི་དཀར་ཆག་སྔ་མ་གསུམ་གར་བཀར་བཤད་དོ། །སའི་སྙིང་པོ་འཁོར་ལོ་བཅུ་པ། ཕྱིར་མི་ལྡོག་པའི་འཁོར་ལོ། ཏིང་ངེ་འཛིན་གྱི་འཁོར་ལོ། བསྔོ་བའི་འཁོར་ལོ། ཆོས་ཀྱི་རྒྱལ་པོའི་མདོ། འདི་དང་ཏིང་ངེ་འཛིན་གྱི་མཆོག་དམ་པ་གཉིས་དཀར་ཆག་སྔ་མ་གསུམ་གར་མདོར་མཛད་དོ། །ཆོས་ཀྱི་ཚུལ། ཆོས་ཀྱི་ཕུང་པོ། དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ། ཆོས་དང་དོན་དམ་པ་རྣམ་པར་འབྱེད་པ། བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་ཆོས་བཞི་སྒྲུབ་པ། ཆོས་བཞི་བསྟན་པ། ཆོས་བཞི་པ། ཆོས་བཞི་མ་བཏང་བ། བཞི་པ་སྒྲུབ་པ། ཆོས་གསུམ་པ། ཆོས་ཀྱི་རྒྱ་མཚོ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་རྒྱལ་མོ། ཉི་མའི་སྙིང་པོ། དེ་བཞིན་གཤེགས་པའི་སྙིང་པོ། ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ། ནམ་མཁའི་སྙིང་པོ། ཡང་དག་པའི་སྤྱོད་པའི་ཚུལ་ནམ་མཁའ་མདོག་གི་འདུལ་བའི་བཟོད་པ། ཐབས་ལ་མཁས་པ་ཐེག་པ་ཆེན་པོ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱི་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པ་རྣམ་པར་བཀོད་པ། རྟོག་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས་མཚན་བརྗོད་པའི་ཡོན་ཏན་གྱི་གླེང་གཞི་མེ་ཏོག་གི་ཚོགས། དཔང་སྐོང་ཕྱག་བརྒྱ་པ། བསམ་གྱིས་མི་ཁྱབ་པའི་རྒྱལ་པོ། ཕྱོགས་བཅུའི་མུན་སེལ། སངས་རྒྱས་བདུན་པ། སངས་རྒྱས་བརྒྱད་པ། སངས་རྒྱས་བཅུ་གཉིས་པ། སངས་རྒྱས་ཀྱི་དབུ་རྒྱན། སངས་རྒྱས་ཀྱི་ས། སངས་རྒྱས་མི་སྤོང་བ། དཀྱིལ་འཁོར་བརྒྱད་པའི་མདོ་སྡེ། བཀྲ་ཤིས་བརྒྱད་པ། དཀོན་མཆོག་རྗེས་སུ་དྲན་པ། བསླབ་པ་གསུམ་གྱི་མདོ། སྐུ་གསུམ་གྱི་མདོ། ཕུང་པོ་གསུམ་པའི་མདོ། བྱང་ཆུབ་ཀྱི་ལྟུང་བ་བཤགས་པ། འདི་ཉེ་བར་འཁོར་གྱིས་ཞུས་པ་ལས་འབྱུང་བ་ཡིན། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཤླཽ་ཀ་བརྒྱད་བརྒྱ་པ། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། གསུམ་ལ་སྐྱབས་སུ་འགྲོ་བའི་མདོ། སྲིད་པ་འཕོ་བའི་མདོ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་རྒྱ་ནག་ལས་འགྱུར་བ་བམ་པོ་ལྔ་བཅུ་རྩ་དྲུག་པ་མུ་སྟེགས་ཀྱི་རྒྱལ་པོ་བད་ས་ལས་གདུང་མ་ཐོབ་པ་ཡན་ཆད་ཚང་བ། རིའི་ཀུན་དགའ་བོའི་མདོ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་བཏུལ་བའི་མདོ། འོད་སྲུངས་ཆེན་པོའི་མདོ། ཉི་མའི་མདོ། བཀྲ་ཤིས་ཆེན་པོའི་མདོ། བྱམས་པའི་མདོ། བྱམས་པ་བསྒོམ་པའི་མདོ། བསླབ་པ་ལྔའི་ཕན་ཡོན་གྱི་མདོ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ། སྐྱེས་པ་རབས་ཀྱི་གླེང་གཞིའི་མདོ། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ། བསྔོ་བ་སྨོན་ལམ་བཀྲ་ཤིས་ལ་དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་ལས་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ། ཡོངས་སུ་བསྔོ་བའི་རྒྱལ་པོ་ཆེན་པོ་སྔགས་དང་བཅས་པ་མཇུག་ཅུང་ཟད་མ་ཚང་བ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་བསྔོ་བ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་བསྔོ་བ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། བྱམས་པའི་སྨོན་ལམ། མཆོག་གི་སྤྱོད་པའི་སྨོན་ལམ། རྒྱལ་པོ་གསེར་གྱི་ལག་པའི་མར་མེའི་སྨོན་ལམ། རྒྱ་ཆེ་རོལ་པ་བཤགས་པའི་ལེའུ་ནས་འབྱུང་བའི་སྨོན་ལམ། རྒྱ་ཆེར་རོལ་པ་ནས་འབྱུང་བའི་ཚོང་དཔོན་ག་གོན་དང་བཟང་པོ་ལ་གསུངས་པའི་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ། སངས་རྒྱས་ཕལ་པོ་ཆེ་ལས་འབྱུང་བའི་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་བསྟོད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་རབ་མཚེ་མས་བསྟོད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ལ་ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་བསྟོད་པའི་བཀྲ་ཤིས་ཀྱི་ཚིགས་བཅད་དོ། །གང་པོས་ཞུས་པ་དང༌། གློག་ཐོབ་ཀྱིས་ཞུས་པ་དང༌། རིན་པོ་ཆེའི་ཕུང་པོ་དང༌། སངས་རྒྱས་བཅུ་པ་རྣམས་དཀོན་མཆོག་བརྩེགས་པའི་ལེའུ་ཡིན་པས་མདོ་སྣ་ཚོགས་སུ་མི་བགྲང་ཞིང༌། གཞན་ཡང་ཕལ་ཆེན་དང༌། དཀོན་མཆོག་བརྩེགས་པ་ལ་སོགས་པ་མདོ་ཆེ་བ་རྣམས་ཀྱི་ནང་ནས་འབྱུང་བའི་མདོ་ཆུང་བ་རྣམས་ནི་དེ་དག་ཉིད་དུ་འདུས་པས་ལུང་དང་བརྒྱུད་ཡིག་ཟུར་པ་མི་དགོས་སོ། །དེ་ལྟར་བརྗོད་བྱ་གཙོ་ཆེར་སྟོན་པའི་དབང་དུ་བྱས་ནས་ཕྱེ་བ་ནི། གཞན་དག་ལའང་ཤེས་པར་བྱ་ཞིང༌། འཁོར་ལོ་གོང་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་སྣ་ཚོགས་པ་ཉིས་བརྒྱ་དང་བཅུ་གཅིག་གི་བརྒྱུད་པ། ཡང་དགོན་པ་ཀུན་དགའ་འོད་ཟེར་ལ་རྒྱུད་ཆེན་ལ་བརྒྱུད་པ་དག་པོ་ཡོད་ཟེར་བ་ནི། སངས་རྒྱས། ཀུན་དགའ་བོ། དགྲ་བཅོམ་པ་རཀྵི་ཏ། དགྲ་བཅོམ་པ་ཀྲྀཥྞའི་གོས་ཅན། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉི་མའི་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཨཱརྻ་དེ་བ། འཇམ་དཔལ་གྲགས་པ། དྷརྨ་ཨཱ་ཀ་ར་ཤཱནྟི། རྡོ་རྗེ་གདན་པ་ཆེ་བ། བར་པ། ཆུང་བ། པཎ་ཆེན་ཤཱཀྱ་ཤྲཱི། ལྷོ་པ་ཐམས་ཅད་མཁྱེན་པ། ཀོང་ནག་རལ་གྲི། ཇོ་གདན་ཟས་གཙང༌། ཤངས་པ་གྲགས་སེང༌། ཞལ་སྔ་བ་བསོད་རིན། མཁན་པོ་གཞོན་ནུ་ཡེ་ཤེས། སེ་སྟོན་འབྱུང་ལྡན། མང་མཁར་བྱང་སེམས། བླ་མ་ཀུན་དགའ་འོད་ཟེར། བླ་མ་གཞོན་ནུ་ཚུལ་ཁྲིམས་པ། བླ་མ་དྷརྨ་ཀཱིརྟི། པཎྜི་ཏ་མ་ཏི་དྷཱ་ཛ་ཤྲཱི་བྷ་དྲ། ས་བཟང་འཕགས་པ། དེས་བདག་ལའོ། །ལུགས་གཅིག་ནི་པཎ་ཆེན་ཤཱཀྱ་ཤྲཱི་ཡན་ཆད་འདྲ་ལ། དེ་ནས་དཔྱལ་ཆོས་བཟང༌། དཔྱལ་པདྨ་ཅན། མཁན་པོ་གཞོན་ནུ་ཡེ་ཤེས། རོང་པ་ཤེས་རབ་སེང་གེ བླ་མ་གཞོན་ཚུལ་བའོ། །ཡང་ལུགས་གཅིག་ལ། ཀོང་ནག་རལ་གྲི་ཡན་ཆད་འདྲ་ལ། དེ་ནས་ཤངས་གྲགས་སེང༌། ཞལ་སྔ་བ་བསོད་རིན། དཔྱལ་ཐར་གླིང་པ་གཞོན་ནུ་ཡེ་ཤེས། སེ་སྟོན་འབྱུང་ལྡན། ཤེས་རབ་དཔལ། དགེ་སློང་ཀུན་ཉི། བླ་མ་གཞོན་ནུ་ཚུལ་ཁྲིམས་པ་རྣམས་སོ། །ཡང་སྟག་སྟོན་ཤེས་རབ་འོད་ཟེར་ལ། བླ་མ་ཆོས་ཀྱི་རྒྱལ་པོའི་གསུང་གིས་མདོ་མངས་ཀྱི་ལུང་དག་པ་གཅིག་ཚོལ་གསུངས་ནས་བཙལ་བས། མངའ་བདག་ཉང་ནས་བརྒྱུད་པ་དག་པོ་གཅིག་ཤངས་པ་གྲགས་སེང་ལ་ཡོད་པ་ཐོས་ནས། དེ་ལ་སྟག་སྟོན་ཤེས་རབ་འོད་ཟེར་གྱིས་གསན། དེ་ལས་གློ་ཆེན་གྱིས་མདོ་ཕྱེད་དང་སུམ་བརྒྱ་ཙམ་གསན་པའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། སངས་རྒྱས་སྐྱོང༌། སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། དྷརྨཱ་ཀ་ར་ཤཱནྟི། དེ་ལས་ཛྙཱ་ན་ཤྲཱི་དང༌། པུཎྱ་ཤྲཱི་གཉིས་ཀས་གསན། དེ་གཉིས་ཀ་ལས་པཎྜི་ཏ་སུ་མ་ཏི་ཀཱིརྟིས་གསན། དེ་ནས་རིམ་པར་བརྒྱུད་དེ། རོང་སྟོན་ཆོས་ཀྱི་བཟང་པོ། མངའ་བདག་ཉང་རིན་ཆེན་བཟང་པོ། མངའ་བདག་ཉང་རལ། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་སྒང་པ་གྲགས་རྒྱལ། ཤངས་པ་གྲགས་སེང༌། སྟག་སྟོན་ཤེས་རབ་འོད་ཟེར། གློ་ཆེན་སངས་རྒྱས་སྲས། བླ་མ་གཞོན་ཚུལ་བ་རྣམས་སོ། །ཡང་རྔོག་ལོའི་བུ་ཆེན་གྲོ་ལུང་པ་ཆེན་པོས། སྟེང་པ་ལོཙྪ་བ་རྒྱ་གར་དུ་མདོ་མང་གི་ལུང་ཚོལ་དུ་བཏང་ནས་གསན་པ་འདི་ལྟ་སྟེ། མདོའི་རྣམ་གྲངས་མི་འདྲ་བ་སུམ་བརྒྱ་སོ་བརྒྱད་ཙམ་གྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། ཨཱརྻ་དེ་བ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱནྟི། སེའུ་རི་པ། ཨ་བྷ་ཡཱ་ཀ་ར། དགེ་བའི་འབྱུང་གནས་སྦས་པ། རྡོ་རྗེ་གདན་པ། བར་པ། ཆུང་བ། པུཎྱ་ཤྲཱི། སྟེང་པ་ལོཙྪ་བ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོང་ནག་རལ་གྲི། ཤངས་པ་གྲགས་སེང༌། ཞང་ཀུན་དགའ་འབུམ། ཕག་ཁུར་དཀོན་ཡེ། ཕག་ཁུར་དཀོན་བླ། དེ་གཉིས་ཀ་ལས་བླ་མ་གཞོན་ཚུལ་བས་གསན་ནོ། །ཡང༌། ཐར་ལོས་བསྒྱུར་བའི་མདོ་བཅུ་གསུམ་གྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། སྨན་ཞབས། རྒྱལ་བས་བྱིན། རཏྣ་ཤྲཱི། ཤཱནྟི་བཛྲ། ཀརྨ་བཛྲ། པུཎྱ་ཤྲཱི། ཛ་ཡ་ཤྲཱི། བི་ཛ་ཡ་རཀྵ། ཐར་ལོ་ཉི་མ་རྒྱལ་མཚན། ཕག་ཁུར་དཀོན་བླ། བླ་མ་གཞོན་ནུ་ཚུལ་ཁྲིམས། བླ་མ་དྷརྨ་ཀཱིརྟི། ཆོས་རྗེ་མ་ཏི་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ། དགེ་བའི་བཤེས་གཉེན་བསྟེན་པའི་མདོ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པ། བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པ་རྣམས་ཀྱི་བརྒྱུད་པ་ནི། ཇོ་བོ་རྗེ། ནག་ཚོ་ལོཙྪ་བ། པུ་ཏོ་བ། ཤ་ར་བ། བྱ་ཡུལ་བ། མུས་སྨན་པ། སྣར་ཐང་པ་ཡབ་སྲས་རྣམས། བྱང་ཆེན་པ། བླ་མ་གཞོན་ནུ་ཚུལ་ཁྲིམས། ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ། ཆོས་རྗེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ཀུན་དགའ་བཟང་པོ་ལའོ། །དེ་ལྟར་བརྒྱུད་པ་མི་འདྲ་བའི་མདོ་རྣམས་ཀྱི་མཚན་ཐ་དད་དུ་བྲིས་པའང་སྣང་མོད། ཕལ་ཆེར་ཟློས་ནས་བྲིས་པར་སྣང་ཞིང༌། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་ཡིན་ལ། འདིར་ནི་མདོའི་མཚན་རྣམས་མ་ཆད་ཅིང༌། བརྒྱུད་ལུགས་སོ་སོའི་རྒྱུ་མཚན་རྣམས་དང༌། བརྒྱུད་པ་རྣམས་མ་ཆད་པས་དོན་འགྲུབ་པར་བསམས་ཏེ། འཁོར་ལོ་དང་པོ་སྟེ་མཆོག་ཏུ་གྱུར་པའི་ཁོངས་སུ་གཏོགས་པའི་ཆོས་ཀྱི་རྣམ་གྲངས་རྣམས་དང༌། འཁོར་ལོ་ཐ་མར་གཏོགས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མཚན་རྣམས་ཟིན་པར་བྱ་སྟེ། དེ་རྣམས་ཀྱི་བརྒྱུད་པའང་མདོ་དང་བརྒྱུད་ལུགས་ཕལ་ཆེར་མཐུན་པ་རྣམས་ཕྱོགས་གཅིག་ཏུ་བྱས་ཏེ་ཟློས་པ་མ་བྲིས་ལ། སོ་སོ་ནས་བརྒྱུད་ཚུལ་མི་འདྲ་བ་ནི། རྒྱུ་སྟོན་པ་དེ་བཞིན་གཤེགས་པའི་སྙིང་པོ། ལམ་སྟོན་པ་ལ་ཐབས་ཀྱི་ཆ་སྟོན་པ་གསང་ཆེན་ཐབས་ལ་མཁས་པ། ཤེས་རབ་ཀྱི་ཆ་སྟོན་པ་ཏིང་ངེ་འཛིན་གྱི་རྒྱལ་པོ། ས་ལམ་སྟོན་པ་མདོ་སྡེ་ས་བཅུ་པ། འབྲས་བུ་སྟོན་པ་སངས་རྒྱས་ཀྱི་ས་སྟེ། ཟབ་མོ་མདོ་ལྔའི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། པཎྜི་ཏ་ཆེན་པོ་རཏྣ་ཀ་ར་ཤཱནྟི་པ། བལ་པོ་པཎྜི་ཏ་ཤཱ་ན་ཏ་བྷ་དྲ། ལོཙྪ་བ་སེང་གེ་ཀར་ཤཱཀྱ་འོད། ཁྱུང་པོ་གྲགས་སེང༌། ཤེའུ་དགོན་པ་བ། བྱང་འཆད་དཀོན་ཤེ མང་དཀར་ཚ་ལུང་གི་སྟོད་སྟོན་དཀོན་མཆོག་སྐྱབས། གླང་ང་རིའི་བརྡ་སྟོན་བསོད་ནམས་ཡོན་ཏན། སེ་མོ་ར་བ་གྲུབ་ཐོབ་ཡོན་ཏན་དཔལ། བླ་མ་དམ་པ་ཆོས་རྒྱལ་འཕགས་པ། གནུར་ཡེ་ཤེས་རྒྱལ་མཚན། བླ་མ་གཞོན་ཚུལ། བླ་མ་དྷརྨ་ཀཱིརྟི་ཤྲཱི་བྷ་དྲ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །རྒྱན་སྟུག་པོ་བཀོད་པ། དགོངས་འགྲེལ། གསེར་འོད་ས་བཅུ་པ། ལང་ཀར་གཤེགས་པ་སྟེ། སེམས་ཙམ་མདོ་ལྔ་དང༌། རྒྱ་ཆེར་རོལ་པ། མྱ་ངན་འདས་ཆེན། སྤྲིན་ཆེན། སྤྲིན་ཆེན་མདོ་ལས་དགའ་སྟོན་ལ་བརྩེ་བ། ཆོས་ཡང་དག་པར་སྡུད་པ། འདི་ཆོས་འགྲོ་བ་དང་གཅིག་ཟེར། སངས་རྒྱས་འགྲོ་བ། དཀོན་མཆོག་སྤྲིན། ཐེག་ཆེན་མན་ངག ཡེ་ཤེས་སྣང་བ་རྒྱན། རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པ། རྡོ་རྗེ་སྙིང་པོའི་གཟུངས། བྱང་སེམས་སོ་ཐར་བཞི་པ་བསྒྲུབ་པ། སེང་གེའི་སྒྲ་སྒྲོགས་པ། དཔལ་སྦས། ངེས་པ་དང༌། མ་ངེས་པའི་ཕྱག་རྒྱ་ལ་འཇུག་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པ་མཐར་ཕྱིན་པ། སྣང་བ་བསམ་གྱིས་མི་ཁྱབ་པ། སྤྱན་རས་གཟིགས་ཞེས་བྱ་བའི་མདོ། བྱང་སེམས་ཀྱི་སྤྱོད་ཡུལ་ཐབས་ཀྱི་རྣམ་འཕྲུལ་བསྟན་པའི་མདོ། དཀོན་མཆོག་འབྱུང་གནས་དགེ་བའི་རྩ་བ་ཡོངས་འཛིན། བསྐལ་བཟང༌། བདུད་རྩི་བརྗོད་པ་སྟེ། ཉེར་བདུན་གྱི་བརྒྱུད་པ་ནི། བྱམས་པ། ཐོགས་མེད། དབྱིག་གཉེན། རྣམ་གྲོལ་སྡེ། སེང་བཟང༌། ཡེ་ཤེས་ཞབས། ཤཱནྟི་པ། པུཎྱ་ཤྲཱི། སྟེང་པ་ལོཙྪ་བ་ཚུལ་ཁྲིམས་འབྱུང་གནས། ཁྱུང་པོ་གྲགས་ཤེ། ལྷ་རྗེ་གྲགས་སྐྱོབས། སོ་མ་ཤྲཱི་བྷ་དྲ། འོར་སྟོན། ཆོས་སེང༌། སྟོན་ཆོས། དབུས་པ་སངས་རྒྱས་འབུམ། མཆོག་ལྡན། ར་ས་སྟོན་ཤག བླ་མ་གཞོན་ཚུལ་བ། བླ་མ་དྷརྨ་ཀཱིརྟི། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །འཇམ་དཔལ་རྣམ་རོལ། འཇམ་དཔལ་གནས་པ། འཇམ་དཔལ་གྱིས་དྲིས་པ། ནམ་མཁའ་མཛོད་ཀྱིས་ཞུས་པ། རྟོག་ཆེན། བཟང་སྤྱོད། ལྗོན་ཤིང༌། ལས་དགེ་སྡིག་བསྟན་པ། རིན་ཆེན་ཟླ་བས་ཞུས་པ། བློ་གྲོས་བཟང་མོས་ཞུས་པ། ཚངས་བྱིན་གྱིས་ཞུས་པ། བསམ་པ་ཡོངས་རྫོགས། དུས་ལྡན་མས་ཞུས་པ། སེང་གེས་ཞུས་པ། བདག་མེད་མས་དྲིས་པ། བཞི་པ་སྒྲུབ་པ། འཇིག་རྟེན་གྱི་རྗེས་སུ་མཐུན་པར་སྒྲུབ་པ། དགའ་བ་ཅན་གྱི་མདོ། བདེ་བ་ཅན་གྱི་བཀོད་པ། འཇམ་དཔལ་རྣམ་འཕྲུལ། འཇམ་དཔལ་གྱིས་བསྟན་པ། ལྷག་བསམ་བསྟན་པ། རིན་ཆེན་མཐའ། སུམ་ཅུ་རྩ་གསུམ་པའི་ལེའུ། ཀུན་རྫོབ་དང་དོན་དམ་པ་བསྟན་པ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ། འཇིག་རྟེན་འཛིན་གྱིས་དྲིས་པ། རབ་རྩལ་སེམས་ཀྱིས་ཞུས་པ། དམ་པའི་ཆོས་ཀྱི་རྒྱལ་པོ། རྒྱལ་པོ་ལ་གདམས་པ། དྲི་མ་མེད་པར་གྲགས་པས་བསྟན་པ་སྟེ། སོ་གཅིག་གི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཌོམྦི་པ། འཇམ་དཔལ་གྲགས་པ། སེའུ་རི་པ། རྡོ་རྗེ་གདན་པ་ཆེ་བ། བར་པ། ཆུང་བ། སོ་མ་ཤྲཱི་བྷ་དྲ། རྭ་ཧུ་ལ་བྷ་དྲ། བི་མ་ལ་ཤྲཱི། བྷེ་ན་དྷ་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོཙྪ་བ། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་སྒང་པ་གྲགས་རྒྱལ། ཤངས་པ་གྲགས་སེང༌། ཞལ་སྔ་བ་བསོད་རིན། ཐར་གླིང་བ་གཞོན་ཡེ། ཤེས་རབ་དཔལ། དགེ་སློང་ཀུན་ཉི། བླ་མ་གཞོན་ཚུལ། བླ་མ་དྷརྨ་ཀཱིརྟི། ཆོས་རྗེ་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །གཟུགས་ཅན་སྙིང་པོས་བསུ་བ། གསེར་གྱི་བྱེ་མ་ལྟ་བུ། དགའ་བོ་རབ་བྱུང༌། བཀྲ་ཤིས་བརྒྱད་པ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ། འགྱོད་ཚངས་ཀྱི་སྡིག་པ་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པ། དྲན་པ་ཉེར་གཞག ཚེའི་མཐའི་མདོ། བྱམས་པས་ཞུས་པ། ག་ཡ་གོ་རི། རྨད་དུ་བྱུང་བ། སྒྲ་ཆེན་པོ། སྤོབས་པའི་བློ་གྲོས་ཀྱིས་ཞུས་པ། རྒྱལ་མཚན་མཆོག ཆོས་དང་དོན་རྣམ་འབྱེད། དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས། ཏ་ཐཱ་ག་ཏའི་སྙིང་པོ། བདེ་ལེགས་ཀྱི་ཚིགས་བཅད་དེ་བཅུ་བདུན་གྱི་བརྒྱུད་པ་ནི། སངས་རྒྱས། སྤྱན་རས་གཟིགས། བྱམས་པ། གསེར་གླིང་པ། ཇོ་བོ་རྗེ། ནག་ཚོ། པུ་ཏོ་བ། ཤ་ར་བ། བྱ་ཡུལ་བ། མུས་སྨན་པ། མཆིམས་པ། བྱང་ཆེན་པ་བསོད་ནམས་འཕེལ་བ། བླ་མ་གཞོན་ཚུལ། བླ་མ་དྷརྨ་ཀཱིརྟི། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །མདོ་པད་དཀར་རྣམ་གསུམ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་པ། ཉི་མའི་སྙིང་པོ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ། ཡེ་ཤེས་སྣང་བ་རྒྱན། བུ་མོ་རིན་ཆེན་གྱིས་ཞུས་པ། སངས་རྒྱས་འགྲོ་བ། ལྷ་མོ་དྲི་མེད་འོད་ཀྱིས་ཞུས་པ། མཆོག་གི་སྤྱོད་པའི་སྨོན་ལམ། ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ། མདོ་ཆེན་པོ་འདུས་པ། གསེར་མདོག་གི་སྔོན་གྱི་སྦྱོར་བ། ཟས་ཀྱིས་འཚོ་བ། འདའ་ཀ་ཡེ་ཤེས། སྲིད་པ་འཕོ་བ། ཀུན་ལའི་རྟོགས་བརྗོད། དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག ཁམས་མང་པོ། ཚུལ་ཁྲིམས་ཡང་དག་པར་ལྡན་པ། ཆོས་བཞི་པ། ཆོས་བཞི་བསྟན་པའམ་ཆོས་བཞི་མི་བཏང་བ་ཡང་ཟེར། རྒྱལ་པོ་ཀུན་ཏུ་དགས་ཞུས་པ། ཕག་མོའི་རྟོགས་བརྗོད། འཁར་གསིལ། སྦྱིན་པའི་ཕན་ཡོན་བསྟན་པ། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས། གཞོན་ནུའི་དཔེ། དགོངས་པའི་རྒྱུད་ཀྱི་ཕྲེང་བ། ཡོངས་སུ་བསྔོ་བའི་འཁོར་ལོ། དཔལ་དབྱིག་གིས་ཞུས་པ། སངས་རྒྱས་མི་སྤང་བ། ལྔ་གསུམ་པ། སྒྱུ་མའི་དྲྭ་བ། རྒྱལ་མཚན་དམ་པ། ཡུལ་འཁོར་སྐྱོང༌། རྣམ་པར་འཕྲུལ་བའི་རྒྱལ་པོ། ཆོས་ཀྱི་ཚུལ། ཆོས་ཀྱི་རྒྱ་མཚོ། མཛངས་བླུན། ཕྱོགས་བཅུ་མུན་སེལ། དཀོན་མཆོག་ཟ་མ་ཏོག སངས་རྒྱས་ཀྱིས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། ཏིང་ངེ་འཛིན་མཆོག་དམ་པ། ཚངས་པས་ཞུས་པ། བྱམས་པ་ལུང་བསྟན། གྲོང་ཁྱེར་གྱིས་འཚོ་བ། ལྷའི་མདོ། སངས་རྒྱས་བཅུ་པ། གཎྜིའི་མདོ། མི་རྟག་པ་ཉིད་ཀྱི་མདོ། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོ། དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པ་མངོན་པར་ཐོབ་པའི་རྒྱུད། བྱང་སེམས་སྤྱོད་པ་དཔའ་བར་འགྲོ་བ་སྟེ་ལྔ་བཅུ་ང་བཞིའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཀླུ་སྒྲུབ། སྐལ་ལྡན་གྲགས། ཟླ་གྲགས། ཆོས་གྲགས། ཏཻ་ལོ་པ། ནཱ་རོ་པ། ཞི་བའི་བཤེས་གཉེན། ཛྙཱ་ན་ཤྲཱི། གཉན་ལོཙྪ་བ། ཁྱུང་པོ་གྲགས་ཤེ། འོར་སྟོན་ལྷ་དབང༌། སོ་ཆོས་ཤེ། ཞང་དར་སེང༌། ཆོས་མགོན་སངས་རྒྱས་འབུམ། མཆོག་ལྡན། བླ་མ་གཞོན་ཚུལ། བླ་མ་དྷརྨ་ཀཱིརྟི། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །མདོ་སྡེ་མིག་བཅུ་གཉིས་པ། སྟག་རྣའི་རྟོགས་པ་བརྗོད་པ། དྲང་སྲོང་གརྒས་ལྟས་བསྟན་པ། འཕགས་པ་བྱཱ་ཀ་ར་ཎའི་ནང་ནས་བྱུང་བ། གཟའ་དང་རྒྱུ་སྐར་གྱི་རང་བཞིན་བསྟན་པ། ཟླ་བའི་ཁྱིམ་རྒྱུ་སྐར་གྱི་རྩ་བ་མདོ་སྡེ་ལས་བྱུང་བ། གླང་རུ་ལུང་བསྟན་པ། བསོད་ནམས་བསྡུས་པའི་ཏིང་ངེ་འཛིན། ཡུལ་འཁོར་སྐྱོང་གིས་ཞུས་པ། གང་པོ་ལ་སོགས་པའི་རྟོགས་བརྗོད། ལས་རྣམ་པར་འབྱེད་པ། འདི་ལས་ཀྱི་རྣམ་པར་འགྱུར་བ་བསྡུས་པ་དང་གཅིག ཚངས་པའི་དཔལ་ལུང་བསྟན་པ། སྦྱིན་པའི་ལེགས་པ། ལས་བརྒྱ་པ། ཆེད་དུ་བརྗོད་པའི་ཚོམས། ཟ་མ་ཏོག་བཀོད་པ། ཡི་གེ་མེད་པའི་ཟ་མ་ཏོག མར་མེ་མཛད་ཀྱིས་ལུང་བསྟན་པ། དེ་བཞིན་གཤེགས་པ་འགྲོ་བ། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། དད་པའི་སྟོབས་བསྐྱེད་པ། ནམ་མཁའ་མཛོད་ཀྱིས་ཞུས་པ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ། ཏ་ཐཱ་ག་ཏའི་གཟུགས་བརྙན་བཞག་པའི་ཕན་ཡོན། སེན་རིང་གིས་ཞུས་པ། རྟེན་འབྲེལ་གྱི་མདོ། སངས་རྒྱས་ཀྱི་རྟོགས་བརྗོད། ཤེས་ལྡན་གྱི་མདོ། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ། ཆོས་ཀྱི་ཕྱག་རྒྱའི་མདོ། བགྲེས་མོས་ཞུས་པ། ཐེག་ཆེན་ལ་དད་པ་བསྒོམ་པ། སྦྱིན་པའི་ཕར་ཕྱིན། མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ། ཡང་དག་པར་སྤྱོད་པའི་ཚུལ། ནམ་མཁའ་མདོག་གི་འདུལ་བ་བཟོད་པའི་མདོ། བསོད་ནམས་སྟོབས་ཀྱི་རྟོགས་བརྗོད། རྒྱུ་གདགས་པ། རྒྱལ་བུ་དོན་གྲུབ་ཀྱི་མདོ། མངོན་པར་འབྱུང་བའི་མདོ། མདོ་ཆེན་པོ་སྟོང་པ་ཉིད། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ། བློ་གྲོས་མི་ཟད་པས་བསྟན་པ། དྲིན་ལན་བསབས་པ། གསལ་རྒྱལ་གྱི་ཚིགས་བཅད། མེ་ཏོག་གི་ཚོམས། ལས་ཀྱི་སྒྲིབ་པ་རྒྱུན་གཅོད། དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ། རྣམ་པར་འཐག་པ་ཐམས་ཅད་བསྡུས་པ། བུད་མེད་འགྱུར་བ་ལུང་བསྟན་པ། ཟླ་མཆོག་ལུང་བསྟན་པ། མར་མེ་འབུལ་བ། གླང་པོའི་རྩལ་ལྟ་བུའི་མདོ། སངས་རྒྱས་ཀྱི་དབུ་རྒྱན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན། ཆོས་ཀུན་འགྲོ་བ། སཱ་ལུ་ལྗང་བ། ཆོས་ཀྱི་ཕུང་པོ། བློ་གྲོས་རྒྱ་མཚོས་ཞུས་པ། མ་དྲོས་པས་ཞུས་པ། སའི་སྙིང་པོ་འཁོར་ལོ་བཅུ་པ། ཁྱེའུ་བཞིའི་ཏིང་ངེ་འཛིན། མ་སྐྱེས་དགྲའི་འགྱོད་པ་བསལ་བ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ། རྒྱ་མཚོས་ཞུས་པ་ཆུང་བ། རྐང་གའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཟུང་གི་ཡང་ཟེར། ལས་ཀྱི་སྒྲིབ་པ་རྣམ་པར་དག་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན། རྔ་བོ་ཆེ་ཆེན་པོའི་མདོ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན། འཕགས་པ་ཆོས་བཞི་པ། གནས་འཇོག སྐྱེས་བུ་དམ་པའི་མདོ། བསམ་གྱིས་མི་ཁྱབ་རྒྱལ་པོའི་མདོ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ། ཕར་ཕྱིན་དྲུག་བསྟན་པ། སྤྱོད་ཡུལ་ཡོངས་སུ་དག་པ་སྟེ། མདོ་དོན་ལྔའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། སྨན་ཞབས། རྒྱལ་བས་བྱིན། རཏྣ་ཤྲཱི། ཤཱནྟི་བཛྲ། ཀརྨ་བཛྲ། པུཎྱ་ཤྲཱི། བཛྲ་རཀྵི་ཏ། ཐར་ལོ་ཉི་རྒྱལ། ཕག་འགུར་དཀོན་བླ། བླ་མ་གཞོན་ཚུལ། བླ་མ་དྷརྨ་ཀཱིརྟི། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །རྒྱ་ནག་ལས་འགྱུར་བའི་སངས་རྒྱས་ཕལ་པོ་ཆེ། མྱ་ངན་འདས་ཆེན། གཙུག་ཏོར་བམ་དགུ་ལས་བདུད་ཀྱི་ལས་ཉི་ཚེ་ཕྱུང་བའི་ལེའུ་དང་པོ། ལེའུ་གཉིས་པ། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོའི་མདོ་ལས་བམ་པོ་གཉིས་པ། གསེར་འོད་དམ་ཆེན་ལེའུ་སོ་གཅིག་པ། ཐབས་ལ་མཁས་པ། དྲིན་ལན་བསབས་པ་བམ་པོ་བདུན། ཚེ་དཔག་མེད་རྒྱས་པ། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས་སངས་རྒྱས་ཀྱི་གསུང་གི་སྙིང་པོ། འདི་ལང་གཤེགས་རྒྱ་ནག་འགྱུར་དུ་གྲགས་པ་དེ་ཡིན། རི་བོ་ཆེན་པོའི་མདོ། འོད་ཟེར་ཅན་གྱི་མདོ་རྣམས་ཀྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། བྱང་ཆུབ་བཟང་པོ། འཇམ་དབྱངས་སྤྲུལ་པ། རྒྱ་ནག་ཞུ་ཞུན། གྱིམ་བཙུན་ཇ། ཏན་ཞིང་དུ་གོ་ཞི། ཚང་ལང་གོ་ཞི། ཧ་ཐི་ཐ། གོ་ཆེན་ཀྱིན། སིང་ཀ་ལང༌། གྱང་ཆུ། ལོཙྪ་བ་མཆོག་ལྡན། ར་ས་སྟོན་ཤཀ བླ་མ་གཞོན་ཚུལ། བླ་མ་དྷརྨ་ཀཱིརྟི། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་འཁོན་སྤྱིལ་ཕུ་བ། སྟག་སྟོན་ཤེས་རབ་འོད་ཟེར་ལ། བླ་མ་ཆོས་ཀྱི་རྒྱལ་པོའི་གསུང་གིས་མདོ་མང་གི་ལུང་དག་པ་གཅིག་ཚོལ་གསུངས་ནས་བཙལ་བ་ནི། ཤངས་པ་གྲགས་སེང་ལ། མངའ་བདག་ཉང་ལ་བརྒྱུད་པ་དག་པར་ཡོད་པ་གསན་ནས་བླངས་པ་དེ། བླ་མ་བློ་ཆེན་ལས་ཡོད་པ་གསན་པའི་མདོ་གྲངས་ནི། བསྟོད་པ་དགུ་ཐེ་བའི་མདོ་ཉིས་བརྒྱ་དང་ཉེར་ལྔའི་སྟེང་དུ། གསེར་འོད་དམ་པ། བཀླག་པ་ཚེའི་མདོ། བྱམས་པས་དམ་བཅས་པ། རྡོ་འཕང་བ། འཇིག་རྟེན་གྱི་ཆོས་ཀྱི་ཡི་གེ མཽངྒལ་གྱི་མདོ། མཛོད་དང་འཇིག་རྟེན་བརྗོད་པའི་མདོ། བར་མཚམས་མ་ལས་པར་འགྲོ་བའི་མདོ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད། ཆོས་ཀྱི་རྒྱལ་པོ། དགྲ་བཅོམ་པ་དགེ་འདུན་འཕེལ་ལུང་བསྟན་པ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྒྱ་མཚོ། འཇིག་རྟེན་བཞག་པ། ནོར་བུ་རིན་པོ་ཆེ་ཐབས་ལ་མཁས་པ། ཚངས་པའི་དྲྭ་བ། བྱམས་པས་ཞུས་པ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས། བྱང་ཆུབ་ཀྱི་ཕྱོགས་བསྟན་པ། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ། ཕྱག་འཚལ་བའི་བསྟོད་པ། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པ། རྒྱལ་བའི་བློ་གྲོས་ཀྱིས་ཞུས་པ། གནམ་དུ་སྐྱེ་བ་བླངས་པའི་མདོ། སངས་རྒྱས་རྗེས་དྲན་གྱི་མདོ། ལི་ཡུལ་ལུང་བསྟན་པ། ཐེག་ཆེན་ཆོས་ཀྱི་མཛོད། རྟེན་འབྲེལ་འབྱུང་བའི་དང་པོ་དང་རྣམ་དབྱེ་བསྟན་པ། སངས་རྒྱས་དབང་བསྐུར་བའི་བསྟོད་པ། ལས་གདགས་པ། བྱམས་པ་དགའ་ལྡན་ཏུ་སྐྱེ་བ་བླངས་པའི་མདོ། དམ་ཆོས་དྲན་པ་ཉེར་གཞག་གི་ཚིག་ལེའུར་བྱས་པ། ལྗོན་ཤིང༌། རྡོ་རྗེ་རྒྱལ་མཚན་བསྔོ་བ། མཚན་མོ་བཟང་པོ། གསུང་གི་སྙིང་པོ་ཞེས་བྱ་བའི་ལེའུ། ཐབས་ལ་མཁས་པ་ཆེན་པོའི་མདོ། ནོར་བུ་རིན་པོ་ཆེ་ཐབས་ལ་མཁས་པ་བསྔོ་བའི་རྒྱལ་པོ། སངས་རྒྱས་མཛོད་ཀྱི་ཆོས་ཀྱི་ཡི་གེ ཤེས་པ་མཐར་ཕྱིན་པ་གྲུབ་པའི་མཆོད་རྟེན་གྱི་གཟུངས། ཏིང་ངེ་འཛིན་མཆོག་དམ་པ། ཐེག་ཆེན་གཅིག་ཏུ་བསྟན་པ། དོན་དམ་སྒྲུབ་པའི་ལེའུ། ཆོས་བདུན་པའི་མདོ། སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པ། ཡོན་ཏན་མདོ་སྡེ་རྣམ་པར་གདོན་མི་ཟ་བའི་མདོ། ལས་བདེ་བ། དོན་ཐོབ་པ། ཡོངས་སུ་གདམས་པ་ཐེག་པ་ཆེན་པོའི་རྒྱ་མཚོ། མཽངྒལ་གྱི་མ་དམྱལ་བ་ནས་དྲངས་པ། ཆོས་ཐམས་ཅད་ཀྱིས་ཡོན་ཏན་བསྐྱེད་པ། སྤྱན་རས་གཟིགས་ཀྱིས་ཞུས་པའི་མདོ་སྡེ་ཞེ་དྲུག་དང་བཅས་པ་དྲིལ་བས་ཉིས་བརྒྱ་དོན་གཅིག་གི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། སངས་རྒྱས་སྐྱོང༌། སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། དྷརྨཱ་ཀ་ར་ཤཱནྟི། དེ་ལས་པཎྜི་ཏ་ཛྙཱ་ན་ཤྲཱི་དང༌། ཇོ་བོ་པུཎྱ་གཉིས་ཀྱིས་གསན། བརྒྱུད་པ་དེ་ལས་གྱེས་པ་དག་ཅེས་སྨྲའོ། །དེ་གཉིས་ཀ་ལས་པཎྜི་ཏ་སུ་མ་ཏི་ཀཱིརྟི། སྨྲྀ་ཏི་ཛྙཱ་ན་ཀཱིརྟི། རོང་ཟོམ་ཆོས་བཟང༌། མངའ་བདག་ཉང་ཏིང་ངེ་འཛིན་བཟང་པོ། མངའ་བདག་ཉང་རལ། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་སྒང་བ་གྲགས་རྒྱལ། ཤངས་པ་གྲགས་སེང༌། ག་སྟོན་ཤེས་རབ་འོད་ཟེར། གློ་ཆེན་སངས་རྒྱས་སྲས། བླ་མ་གཞོན་ཚུལ། བླ་མ་དྷརྨ་ཀཱིརྟི། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་རྔོག་ལོའི་བུ་ཆེན་གྲོ་ལུང་པ་ཆོས་རྗེས། སྟེང་པ་ལོཙྪ་བ་རྒྱ་གར་དུ་བཏང་ནས། བྱེ་བྲག་བཤད་མཛོད་དང༌། སྐྱེས་རབས་དཔག་བསམ་འཁྲི་ཤིང་ལ་སོགས་པ་སྔར་མ་འགྱུར་བ་རྣམས་དང༌། ཁྱད་པར་མདོ་མང་གི་ལུང་ཚང་བ་ཅིག་ཚོལ་གསུངས་ནས། སྟེང་ལོས། ཛྙཱ་ན་ཤྲཱི་དང༌། པུཎྱ་ཤྲཱི་གཉིས་ལ་མདོ་སུམ་བརྒྱ་སོ་དགུའི་ལུང་ཡོད། གཉིས་པོ་ཡང་པུཎྱ་ཤྲཱིས་མང་ཟེར་ནས། དེ་ལས་སྟེང་པ་ལོཙྪས་གསན། དེ་ལས་ལྷོ་པ་ཐམས་ཅད་མཁྱེན་པས་གསན། སྔར་མདོ་མང་གི་ལུང་ཡོད་ཀྱང་ཡིད་ཆེས་བསྐྱེད་པའི་ཕྱིར་དུ་བསྐྱར་ནས་གསན་པའི་བརྒྱུད་པ་ཕག་འགུར་བ་ལ་ཡོད་པ། བླ་མ་གཞོན་ཚུལ་བས་གསན་པའི་མདོ་གྲངས་ནི། སྔར་གྱི་ཉིས་བརྒྱ་དོན་གཅིག་པའི་སྟེང་དུ། ཁང་བུ་བརྩེགས་པ། ཡེ་ཤེས་ཅན་གྱི་མདོ། ཡེ་ཤེས་པད་དཀར། བཀོད་པའི་རྒྱལ་པོ། ཚེ་འཕོ་བ་ཇི་ལྟར་འགྱུར་བ་ལུང་བསྟན་པ། ཟླ་བའི་མདོ། དཀོན་མཆོག་ཏ་ལ་ལ། འགྲོ་བ་ཐམས་ཅད་སྐྱོབ་པ་བསྔོ་བའི་མདོ། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ། དཀྱིལ་འཁོར་བརྒྱད་པ། གནས་བརྟན་སྤྱན་དྲངས་པ། བ་ཚའི་ཆུ་ཀླུང་གི་མདོ། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ། སངས་རྒྱས་བརྒྱད་པའི་མདོ། སངས་རྒྱས་བཅུ་གཉིས་པའི་མདོ། ཆོས་གསུམ་པའི་མདོ། ཕ་མའི་མདོ། དགེ་སློང་ལ་གཅེས་པའི་མདོ། ལྟུང་བ་སྡེ་ལྔའི་དགེ་སྡིག་གི་འབྲས་བུ་བསྟན་པ། རྣམ་པར་གྲོལ་བའི་མདོ། སྦྱངས་པའི་ཡོན་ཏན་གྱི་མདོ། སིལ་འཆང་བའི་མདོ། གཎྜིའི་དུས་ཀྱི་མདོ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཀུན་ཏུ་བཟང་པོ། ཕྱག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་གྱི་མདོ། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བའི་མདོ། སྒྱུ་མ་ཡིན་པ་དང་མཐུན་པའི་མདོ། དཔལ་ཆེན་པོའི་མདོ། གསང་བ་རིང་བསྲེལ་གྱི་ཟ་མ་ཏོག དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བའི་མདོ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ། བདེན་བཞིའི་འཁོར་ལོ། བཅོམ་ལྡན་འདས་ཀྱི་གསུང་ཆེམས། གསེར་མདོག་གི་རྟོགས་བརྗོད། དཔལ་སྡེའི་རྟོགས་བརྗོད། མ་ག་དྷཱ་བཟང་མོའི་རྟོགས་བརྗོད། རིན་ཆེན་ཕུང་པོའི་མདོ། འཇིག་རྟེན་ལས་འདས་པའི་མདོ། འདི་ཕལ་ཆེན་གྱི་ཡིན་ཟེར་ཞིང་བཞི་བཅུ་ཞེ་གསུམ་དང་བཅས་པས་སུམ་བརྒྱ་བཅུ་བཞི་དང༌། ཡང་ག་གོན་བཟང་པོའི་བཀྲ་ཤིས། རབ་དགའ་ལྡན་གྱི་བསྟོད་པའི་བཀྲ་ཤིས། སངས་རྒྱས་ཉིད་ཀྱིས་གསུངས་པའི་བཀྲ་ཤིས། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས། བཀྲ་ཤིས་དྲུག་པ། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས། དཀོན་མཆོག་གསུམ་གྱི་བཀྲ་ཤིས། ཀླུ་སྒྲུབ་ཀྱི་བཀྲ་ཤིས། བཀྲ་ཤིས་བརྒྱད་པ་སྟེ། བཀྲ་ཤིས་དགུ་དང་བཅས་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། ཨཱརྻ་དེ་ཝ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱནྟི། སེའུ་རི་པ། ཨ་བྷ་ཡཱ་ཀ་ར། དགེ་བའི་འབྱུང་གནས་སྦས་པ། རྡོ་རྗེ་གདན་པ་ཆེ་བ། བར་པ། ཆུང་བ། པུཎྱ་ཤྲཱི། སྟེང་ལོ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོང་ནག་རལ་གྲི། གྲགས་སེང༌། ཞང་ཀུན་དགའ་འབུམ། ཕག་འགུར་དཀོན་ཡེ། དཀོན་བླ། བླ་མ་གཞོན་ཚུལ། བླ་མ་དྷརྨ་ཀཱིརྟི། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །ཡང་པད་དཀར་གསུམ། བསྐལ་བཟང༌། རྒྱ་ཆེར་རོལ་པ། གསེར་འོད་ལེའུ་ཉེར་དགུ་པ། མཆོག་ཏུ་རྣམ་པར་རྒྱལ་བ། གླང་པོའི་རྩལ་གྱི་མདོ། ལྷའི་མདོ་ཉུང་ངུ༌། བཟང་སྤྱོད། དེའི་འགྲེལ་པ། ཆོས་ཀྱི་རྒྱ་མཚོ། བསླབ་གསུམ་བསྟན་པ། མྱང་འདས་ཆུང་བ། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ། མུན་ནག་གི་ནགས་ཚལ་གྱི་སྒོ་ཞེས་བྱ་བ། ཐར་པ་ཆེན་པོའི་ཕྱོགས་སུ་རྒྱས་པའི་མདོ་ལ་སོགས་པ་མང་པོ་གསན་པའི་བརྒྱུད་པ་ནི། ཕག་འགུར་བའོ། །རིན་པོ་ཆེ་ཏོག་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་ལོཙྪ་བ། གཉེན་སྟོན་གྲགས་རྒྱལ། དཀོན་སེང༌། དེའི་སྲས་རྔོག་སངས་རྒྱས་འབུམ། མཆོག་ལྡན་བླ་མ་གཞོན་ཚུལ། བླ་མ་དྷརྨ་ཀཱིརྟི། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པར་བསྔགས་པ་ལས་བསྟོད་པར་མི་འགྱུར་བར་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། ཐམས་ཅད་མཁྱེན་པ་ཉིད་གྲུབ་པར་བསྟོད་པ། སྟོབས་དང་མི་འཇིགས་པ་ལ་བསྟོད་པ། གསུང་རྣམ་པར་དག་པ་ལ་བསྟོད་པ། རྩོད་པ་མི་མངའ་བར་བསྟོད་པ། ཚངས་པ་དང་མཐུན་པར་གསུངས་པར་བསྟོད་པ། ཕན་པ་མཛད་པར་བསྟོད་པ། ལན་མི་ལྡོན་པར་བསྟོད་པ། སྐུའི་ཕྱོགས་གཅིག་ལ་བསྟོད་པ། ལྗགས་ལ་བསྟོད་པ་རྣམས་མ་ཏི་ཙི་ཏྲས་མཛད་ཅིང༌། འདི་རྣམས་ཀྱི་བརྒྱུད་པ་ནི། མདོ་ཉིས་བརྒྱ་དགུ་ཙམ་ཡོད་པའི་བརྒྱུད་པ་དང་གཅིག་ཅེས་གསུང་བར་སྣང༌། འདི་རྣམས་མཛད་པ་པོ་ལ་ཐུག་པའི་བརྒྱུད་པ་དག་པ་ཅིག་ལོགས་སུ་བྱུང་ན་འཐད་པར་མངོན་ཞིང༌། སྔར་གྱི་མདོ་སྡེ་མང་པོའི་གསེབ་ཏུ་བྲིས་ནས་ལུང་དང་བརྒྱུད་པ་ཕྱོགས་གཅིག་ཏུ་ཞར་ལས་བྱུང་བའི་ཚུལ་གྱིས་སོང་བ་སྲིད་པས། མདོའི་གསེབ་ཏུ་བགྲང་བ་དང༌། བརྒྱུད་པ་སངས་རྒྱས་ལ་བསྙེགས་པ་ནི་འཐད་པར་མི་མངོན་ནོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས། གསེར་གྱི་མདོ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་སྙན་གྱི་གོང་རྒྱན། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་རྒྱལ་པོ། ཏིང་ངེ་འཛིན་གྱི་འཁོར་ལོ། དཔང་སྐོང་ཕྱག་བརྒྱ། སྐུ་གསུམ་པའི་མདོ། བྱང་ཆུབ་ལྟུང་བཤགས། མཆོག་ཏུ་གདགས་པ། འཇིག་རྟེན་དང་རྗེས་སུ་མཐུན་པར་འཇུག་པ། ཚིགས་སུ་བཅད་པ་གཅིག་པ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་རྗེས་དྲན། བྱམས་པའི་སྨོན་ལམ། འདི་དཀོན་བརྩེགས་སུ་འབྱུང༌། རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ། འདི་རྣམས་ཀྱི་བརྒྱུད་པ་ནི། མདོ་སྙན་གྱི་གོང་རྒྱན། བཀྲ་ཤིས་བརྩེགས་པ་ལ་སོགས་པའི་མདོ་མང་པོའི་ཐོར་བུ་རྣམས་ཕག་འགུར་བ་ལས། བླ་མ་གཞོན་ཚུལ་བས་ལེགས་པར་རྫོགས་པར་ཞུས་ཞེས་གསུངས་པ་དང༌། འདུ་ཤེས་བཅུ་གཅིག་པ། ཚིགས་སུ་བཅད་པ་གཅིག་པ། ཚིགས་སུ་བཅད་པ་བཞི་པ་ལ་སོགས་པ་ཀུན་དགའ་འོད་ཟེར་བ་དང༌། ཕག་འགུར་བ་ལ་སོགས་ལ་གསན་པ་ན་ཐམས་ཅད་ཆུད་བདོག་ཟེར་བས། ཕག་འགུར་བ་ལས་བརྒྱུད་དམ་སེམས་སོ། །འོན་ཀྱང་བླ་མ་གཞོན་ཚུལ་བའི་གསན་ཡིག་ཆེ་བ་ལ་གཏུགས་ནས་དག་པར་བྱ་དགོས་སོ། །ཞེས་བླ་མ་དམ་པ་འཕགས་པའི་གསན་ཡིག་ལས་འབྱུང་ངོ༌། །དེ་ལྟར་ཐེག་པ་ཆེན་པོའི་མདོ་སྣ་ཚོགས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལ་མདོ་སྡེ་ཞེས་བོད་ཀྱི་མཁས་པས་བརྡ་མཛད་པས་འདི་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། བླ་མ་གཞོན་ནུ་ཚུལ་ཁྲིམས། བླ་མ་དྷརྨ་ཀཱིརྟི། ཆོས་ཀྱི་རྗེ་ས་བཟང་པཎྜི་ཏ་བློ་གྲོས་རྒྱལ་མཚན། ཆོས་ཀྱི་རྗེ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། དེས་བདག་ལ་དགེས་བཞིན་དུ་གནང་བའོ། །མདོ་སྡེ་འཛམ་གླིང་རྒྱན་གྱི། ང་པ་ནས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ། མདོ་ཆེན་པོ་སྟོང་པ་ཉིད། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ། ཆེད་དུ་བརྗོད་པའི་ཚོམས། ཆ་པ་ནས་ཡེ་ཤེས་སྣང་བ་རྒྱན། ཇ་པ་ནས་ས་བཅུ་པ། ཏ་པ་ནས་ཕྱིར་མི་ལྡོག་པའི་འཁོར་ལོ། ཐ་པ་ནས་དགོངས་འགྲེལ། ད་པ་ནས་བློ་གྲོས་མི་ཟད་པས་བསྟན་པ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་རྣམས་ཉན་དགོས། སངས་རྒྱས་ཕལ་པོ་ཆེ་ལེའུ་བཞི་བཅུ་རྩ་ལྔ་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། ཨཱརྻ་དེ་ཝ། བྱང་ཆུབ་བཟང་པོ། འཇམ་དབྱངས་སྤྲུལ་པ། རྒྱ་ནག་ཞུ་ཞུན། གྱིམ་བཙུན་ཇ། ཏན་ཞི་དུ་གོ་ཞི། ཚང་ལོང་གོ་ཞི། གྱི་རྡེའུ། ཧཾ་སྭ་ཧོ་ཐི། ཚང་ལོང་ཏ་གོ་ཞི། ཧ་ཧི་ཐ། གྱི་ཇུ། སོང་ཆེན་གྱིན། གྱང་ཇུ། སཾ་གྱ་རུ། འདིས་བོད་སྐད་གསུངས་ནས། ལོཙྪ་བ་མཆོག་ལྡན། སློབ་དཔོན་ར་ས་པ་ཤཱཀྱ་བརྟན། བླ་མ་གཞོན་ཚུལ། བླ་མ་ཆོས་གྲགས་དཔལ་བཟང་པོ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེ་ལས་བདག་གིས་ཞུས་པ་ནི་རྒྱ་ནག་ནས་བརྒྱུད་པ་ཡིན་ནོ། །ཡང་ན་རྒྱ་གར་ནས་བརྒྱུད་པའི་ལུགས་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། པཎྜི་ཏ་གང་བ་སྤེལ། རཏྣ་ཨཱ་ཀ་ར་ཤཱནྟི། རྡོ་རྗེ་གདན་པ། བཻ་རོ་ཙ་ན་རཀྵི་ཏ། དོན་ཡོད་རྡོ་རྗེ། བ་རི་ལོཙྪ་བ། ལྷོ་པ་ཁྱུང་སྟོན། གཙང་པ་སྟོན་གྲགས། གཡོར་པོ་ཡུག་སྟོན། ཉང་བསོད་དབང༌། རྒྱ་སྟོན་དྷརྨ་ཤྲཱི། ཀོང་ནག་རལ་གྲི། ཤངས་པ་གྲགས་སེང༌། ཞང་ཀུན་དགའ་འབུམ། སློབ་དཔོན་དཀོན་མཆོག་བླ་མ། བླ་མ་ཤར་པ་ཀུན་དགའ་སེང་གེ སློབ་དཔོན་ར་ས་པ་སྟོན་ཤག བླ་མ་གཞོན་ཚུལ། བླ་མ་ཆོས་གྲགས་དཔལ་བཟང་པོ། པཎྜི་ཏ་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །གཉིས་པ་བསྟན་བཅོས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་བསྟོད་ཚོགས་ལ། ཆོས་ཀྱི་དབྱིངས་སུ་བསྟོད་པ། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ། ནམ་ལངས་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ་རྣམས་ནག་ཚོའི་འགྱུར། ཤེར་ཕྱིན་ལ་བསམ་གྱིས་མི་ཁྱབ་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པར་བསྟོད་པ། འཇམ་དཔལ་ལ་དོན་དམ་པར་བསྟོད་པ། སྙིང་རྗེ་ལ་བསྟོད་པ། གནས་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་གཉིས། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ་རྣམས་པ་ཚབ་ཀྱི་འགྱུར་གྱི་བརྒྱུད་པ་ནི། ལོཙྪ་བ་མཆོག་ལྡན། དཔང་ལོཙྪ་བ། ས་བཟང་ལོཙྪ་བ། ས་བཟང་འཕགས་པ། དེས་བདག་ལའོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དབུ་མ་སྒོམ་རིམ་བར་མའི་བརྒྱུད་པ་ནི། དཔང་ལོ། ས་བཟང་ལོཙྪ་བ་མན་འདྲ། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་ཀྱི་བརྒྱུད་པ་ནི། ལོཙྪ་བ་རིན་ཆེན་བཟང་པོ། པུ་རོང་ལོ་ཆུང༌། རྒྱ་ཟུར་ཁ་བ། ཁ་མོ་ཟེའུ་བ། གཙང་ནག་པ། གྲོ་མོ་ཆེ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། སྐྱི་སྟོན་ཤག་འབུམ། སྐྱི་སྟོན་གྲགས་རྒྱལ། ཆོས་རྗེ་ཀུན་མཁྱེན། ཆོས་རྗེ་པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །སློབ་དཔོན་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའི་བརྒྱུད་པ་ནི། ཞི་བ་ལྷ། ཨེ་ལ་དྷ་རི། དཔའ་བོའི་སྡེ། གསེར་གླིང་པ། དཱི་པཾ་ཀ་ར། འབྲོམ་སྟོན། པུ་ཏོ་བ་རིན་ཆེན་གསལ། ཤ་ར་བ། ཆོས་ལུང་པ། གཏུམ་སྟོན་བློ་གྲོས་གྲགས། གྲོ་མོ་ཆེ། ཞང་བཙུན་པ། ཞང་སྟོན་པ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་པུ་བ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །སྤྱོད་འཇུག་གི་བརྒྱུད་པ་ནི། འཇམ་པའི་དབྱངས། སློབ་དཔོན་ཞི་བ་ལྷ། པཎྜི་ཏ་མི་བརྗེད་གཟུངས་ཐོབ། ཛེ་ཏཱ་རི། ཟླ་གྲགས་ཆུང་བ། པུཎྱ་ཤྲཱི། བལ་པོ་ཀ་ན་ཀ པཎྜི་ཏ་སུ་མ་ཏི་ཀཱིརྟི། རྔོག་ལོ། ཞང་མཛེས། ཉང་རས་པ། གཙང་ནག་པ། ཡང་ན་རྔོག་ལོ། སློབ་དཔོན་བློ་གྲོས་འབྱུང་གནས། ཕྱྭ་པ་ཆོས་ཀྱི་སེང་གེ གཙང་ནག་པ། དཔལ་ལྡན་གྲོ། མཆིམས་ཆེན་པོ། སྐྱི་སྟོན་ཆེན་པོ། སྐྱི་སྟོན་ཤག་འབུམ། སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་དོལ་པོ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེ་ལས་བདག་གིས་ས་བཟང་པའི་ཊཱི་ཀ་དང་བཅས་པ་ཐོས། མདོ་སྡེ་རྒྱན་གྱི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། གང་བ་སྤེལ། རིན་ཆེན་རྡོ་རྗེ། སཛྫ་ན། པ་ར་ཧི་ཏ། བློ་གྲོས་གྲགས་པ། མར་པ་ཇོ་འཕན། མཆིམས་སྟོན་དོན་གྲུབ། མཆིམས་བརྩོན་སེང༌། མཆིམས་ནམ་མཁའ་གྲགས། སྐྱི་སྟོན་ཁུ་དབོན། ཆོས་རྗེ་ཀུན་མཁྱེན་པ། མ་ཏི་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། དེ་ལས་བདག་གིས་ས་བཟང་བའི་ཊཱི་ཀ་དང་བཅས་པ་ཐོས། རྒྱུད་བླ་མའི་བརྒྱུད་པ་ནི། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། གང་བ་སྤེལ། ཁ་ཆེ་རིན་ཆེན་རྡོ་རྗེ། སཛྫ་ན། ས་ར་ཧི་ཏ། བློ་གྲོས་གྲགས། མར་པ་ཇོ་འཕན། མཆིམས་སྟོན་དོན་གྲུབ། མཆིམས་སྟོན་བརྩོན་སེང༌། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། སྐྱི་སྟོན་འཇམ་དབྱངས། ཆོས་རྗེ་ཀུན་མཁྱེན་པ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེ་ལས་བདག་གིས་ས་བཟང་བའི་ཊཱི་ཀ་དང་བཅས་པ་ཐོས། མངོན་པ་ཀུན་ལས་བཏུས་ཀྱི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། གང་བ་སྤེལ། ཛི་ན་མི་ཏྲ། སྐ་ཅོག་ཞང་གསུམ། སྙ་ནམ་ཟླ་བའི་རྡོ་རྗེ། ལྷ་ལུང་དཔལ་གྱི་རྡོ་རྗེ། དབས་རྒྱལ་བའི་ཡེ་ཤེས། གྲུ་མཆོག་གི་ཡེ་ཤེས། སེ་བཙུན་གཞོན་ནུ་དབང་ཕྱུག གར་མི་ཡོན་ཏན་གཡུང་དྲུང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང༌། རྭ་ཁྲི་བཟང་འབར། རྒྱ་ཚུལ་སེང༌། ལི་ཆོས་གྲགས། བྲང་ཏི་དར་མ་སྙིང་པོ། ཀོ་ཡེ་འབྱུང༌། འཕན་དཀོན་མཆོག་རྡོ་རྗེ། ཐོ་ཀུན་དགའ་རྡོ་རྗེ། འཇད་པ་སྟོན་སྐྱབས། སློབ་དཔོན་གཞོན་བྱང༌། མཁན་པོ་འབྲིང་མཆམས་པ་ཞོང༌། བོ་དོང་རིན་རྩེ། སྟག་སྡེ་བ་སེང་གེ་རྒྱལ་མཚན། མཁན་ཆེན་དཔང་ལོ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེ་ལས་བདག་གིས་ས་བཟང་པའི་ཊཱི་ཀ་ཆེ་ཆུང་གཉིས་དང་བཅས་པ་ཐོས། བྱང་ཆུབ་གཞུང་ལམ་གྱི་བརྒྱུད་པ་ནི། ཨ་བྷ་ཡཱ་ཀ་ར་གུཔྟ། བི་ཁྱཱ་ཏ་དེ་ཝ། ཤཱཀྱ་ཤྲཱི་བྷ་དྲ། ཆག་དགྲ་བཅོམ། ཆག་ཆོས་རྗེ་དཔལ། པོཊྚ་པཎ་ཆེན། རི་འདབ་པ་དགེ་འདུན་བརྟན། དཔང་ལོ། ཡང་ན་ཨ་བྷ་ཡཱ། ནི་སྐ་ལཾ་ཀ་དེ་བ། རེ་ཝེནྡྲ། ཆག་གཉིས། མཆོག་ལྡན། མཁན་ཆེན་དཔང་ལོཙྪ་བ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེས་བདག་ལའོ། །ཆོས་རྗེ་ས་བཟང་པཎྜི་ཏ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་ཡོངས་སུ་རྫོགས་པར་ཐོས་པའི་བརྒྱུད་པ་ནི། ས་བཟང་པཎ་ཆེན། ས་བཟང་འཕགས་པ། དེས་བདག་ལའོ། །གནས་བརྟན་བཅུ་དྲུག་གི་ཆོ་གའི་བརྒྱུད་པ་ནི། ཇོ་བོ་རྗེ་བོད་དུ་བྱོན་པའི་ཕྱགས་ཕྱི་ལ། སེམས་ཙམ་རྣམ་བརྫུན་གྱི་གྲུབ་མཐའ་འཛིན་པའི་པཎྜི་ཏ་གཅིག་ལ། རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཞུས། དེ་ལས་དགེ་བཤེས་པུ་ཏོ་བ། ཤར་བ། འཆད་ཀ་བ། སེ་སྤྱིལ་བུ་པ། ལྷ་སྤྱིལ་བུ་པ། འདྲེ་ལྷས་པ། རྒན་མོ་ལྷས་བ། ཆོས་རྗེ་འཛིམ་པ་ཆེན་པོ། ཆོས་རྗེ་སྤང་སྒང་པ། ཆོས་རྗེ་མ་ཏི་པཎ་ཆེན། ཆོས་རྗེ་འཕགས་པ་གཞོན་ནུ་བློ་གྲོས། དེ་ལས་བདག་གིས་བླ་མ་ཉིད་ཀྱིས་མཛད་པའི་ཆོ་ག་ཤིན་ཏུ་རྒྱས་པའི་ལུང་དང་བཅས་པ་ལེགས་པར་ཞུས་སོ། །ཐོས་ཡིག་རྒྱ་མཚོ་ལས། ཆོས་ཀྱི་རྗེ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་སྐབས་ཏེ་ལྔ་པའོ།། །།སྡེ་སྣོད་དང་རྒྱུད་སྡེ་དུ་མའི་མངའ་བདག་བླ་མ་དམ་པ་བཀྲ་ཤིས་རིན་ཆེན་པའི་དྲུང་དུ། རྒྱུད་སྡེ་བཞི་དང་འབྲེལ་པའི་ཆོས་སྐོར་ཞུས་བ་ལ། རྣལ་འབྱོར་བླ་མེད་དང༌། རྣལ་འབྱོར་རྒྱུད་དང༌། བྱ་སྤྱོད་གསུམ་གྱི་དང་པོ་ལ། ཕ་རྒྱུད་དང༌། མ་རྒྱུད་དང༌། གཉིས་མེད་རྒྱུད་དང་གསུམ་གྱི་དང་པོ་ནི། དཔལ་གསང་བ་འདུས་པ་སྤྱན་རས་གཟིགས་གཙོ་བོར་གྱུར་པ་ལྷ་བཅུ་དགུ་མའི་དབང་གི་བརྒྱུད་པ་ནི། ཇོ་བོ་ཆེན་པོ་རྗེ།«་་་་་ལྷ་བྱང་ཆུབ་འོད། འམ་པ་ལྕགས་རི་བ་གཉིས་ཆད་པ་འདྲ། བུ་སྟོན་པའི་གསན་ཡིག་ནི། སྔ་མ་དེ་ལས་མི་སྣང་ཡང༌། རྒྱ་ལྕགས་རི་བས། ཇོ་བོ་མ་ཟིན་ནོ། »།རྒྱ་ལྕགས་རི་གོང་མ། རྫིང་བུ་ཁ་པ་ཤཱཀྱ་གྲགས། སྤེན་ཕུག་པ་དར་མ་ཤཱཀྱ། ཞང་ཡེ་བ། གཟེ་པ་དོན་གྲུབ། པར་ཐང་བ་ཡབ་སྲས། བསོད་ནམས་དབང་ཕྱུག ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། མཁས་གྲུབ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །བརྒྱུད་པ་གོང་མ་རྣམས་ཤཱནྟི་པ་ཡན། ཡེ་ཤེས་ཞབས་ལུགས་དང་འདྲའམ་བསམས་ཏེ། ཇོ་བོ་ཤཱནྟི་པའི་དངོས་སློབ་ཡིན་པས་སོ། །ཡང་ན་ཀུ་ས་ལི་ཆེ་ཆུང་ནས་འདོད་དམ་དཔྱད་པར་བྱའོ། །ཞེས་བུ་སྟོན་རིན་པོ་ཆེས་གསུངས་སོ། །སྒྲུབ་ཐབས་རྒྱས་པ་དང༌། བསྡུས་པ་ཇོ་བོས་མཛད་པ་དང༌། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་བསྟོད་པ་ཇོ་བོས་མཛད་པ་དང༌། སྒྲུབ་ཐབས་ཀུན་ཏུ་བཟང་པོ། དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ། གསང་འདུས་འཕགས་ལུགས་ཀྱི་གཏོར་ཆོག་ནག་པོ་པས་མཛད་པ། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པའི་མན་ངག བདུད་རྩི་གསང་བ་སྒྲ་དབྱངས་བཅུ་གཅིག་པས་མཛད་པ་རྣམས་ཐོས། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་གི་བརྒྱུད་པ་ནི། གཞན་གོང་དང་འདྲ་བ་ལས། དམར་ཆོས་ཀྱི་རྒྱལ་པོ། དམར་ཤཱཀྱ་གྲུབ། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་རིན་པོ་ཆེ། བླ་མ་རྒྱལ་མཚན་གྲགས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །རྒྱུད་ཀྱི་འགྲེལ་པ་བདུད་རྩི་མྱུ་གུ། སྒྲུབ་ཐབས་རྒྱལ་པ་འཁོར་ལོ་ཆེན་པོ། འབྲིང་པོ་བདུད་རྩི་ཐིགས་པ། སྒྲུབ་ཐབས་བསྡུས་པ། ཀླུ་རིགས་བཞིའི་སྒྲུབ་ཐབས། གནོད་སྦྱིན་གྱི་སྒྲུབ་ཐབས། བདུད་བཟློག་གི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་ཞི་དྲག་གཉིས། བདུད་རྩི་འོ་མའི་མཆོད་པ། རྨི་ལྟས་རིམ་པ་དྲུག་པ། གཟུངས་ཀྱི་གཏོར་ཆོག བསད་པ། བདུད་རྩིས་གསོ་བ། ཀླུ་ཁྲོ་བོ་བསད་པའི་ཕྲིན་ལས། ཀླུ་རིགས་བཞི་མནན་པའི་ཆོ་ག མཛེ་ནད་ཀྱི་མཚན་ཉིད། དཀྱིལ་འཁོར་གྱི་ཆོ་ག བསྟོད་པ་རྣམས་སློབ་དཔོན་ཆེན་པོ་ཛ་བ་རི་པས་མཛད་པ་འགར་ཆོས་ཀྱི་བཟང་པོའི་འགྱུར་དང༌། བཤད་རྒྱུད་དྲག་པོ་གསུམ་གྱི་འགྲེལ་པ། སྒྲུབ་ཐབས་ཆེ་བ་རྣམ་དག་འོད་ལྡན། སྒྲུབ་ཐབས་འབྲིང་པོ་གཏོར་ཆོག་དང་བཅས་པ། དཀྱིལ་ཆོག་རྫོགས་རིམ་བྱིན་རླབས་བཞི་ལྡན་རྣམ་དམར་ཆོས་རྒྱལ་གྱིས་མཛད་པ་ཐོས་པའི་བརྒྱུད་པ་ནི། གོང་མ་རྣམས་དབང་དང་འདྲ་བ་ལས། བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །བདེ་ཆེན་རལ་གཅིག་གི་དབང་བཞི་རེ་རེ་ལའང༌། དབང་བཞི་བཞི་སྦྱར་བའི་དབང་རྒྱས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མགོན་པོ་ཁ་སརྤཎི། བྱང་སེམས་བློ་གྲོས་རིན་ཆེན། ཏཻ་ལོ་པ། རོལ་པའི་རྡོ་རྗེ། གྲུབ་ཆེན་མི་ཏྲ་ཛོ་ཀི ཁྲོ་ཕུ་ལོཙྪ་བ་བྱམས་པའི་དཔལ། བསོད་ནམས་དབང་ཕྱུག རིན་པོ་ཆེ་ཁྲོ་ཕུ་བ། ཡང་ན་ཁྲོ་ཕུ་ལོཙྪ་བ། བླ་མ་དབོན་སྟོན། ཆོས་རྗེ་ཀུན་སྤངས་པ། བླ་མ་རིན་ཆེན་སེང་གེ བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས། རིན་ཆེན། དེས་བདག་ལའོ། །རལ་གཅིག་རྡོ་རྗེ་སློབ་དཔོན་གྱི་དབང་རྒྱས་པའི་བརྒྱུད་པ་ནི། ཁྲོ་ཕུ་ལོཙྪ་བ་ཡན་གོང་དང་འདྲ་བ་ལས། བླ་མ་དབོན་སྟོན། ཆོས་རྗེ་ཀུན་སྤངས་པ། ཡང་རྩེ་བ་རིན་ཆེན་སེང་གེ་མན་འདྲའོ། །རལ་གཅིག་ལྷ་ཉི་ཤུ་རྩ་ལྔ་མའི་སྒྲུབ་ཐབས། ལྷ་བཅུ་བདུན་མའི་སྒྲུབ་ཐབས། དབང་ཆོག བདུན་གསུམ་ཉེར་གཅིག་མ། ཟུར་འདེབས་ལྔ་གསུམ་བཅོ་ལྔ་མ། གྲོལ་ལམ་གཙོ་བོར་བྱེད་པའི་དབང་གོང་མ་བསྡུས་པ། ཕོ་ཉའི་ལམ་གཙོ་བོར་བྱེད་པའི་དབང་གོང་མ་རྒྱས་པ་རྣམས་ཁྲོ་ལོས་མཛད་པ། རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཆོག་རྣམས་ཐོས། རྫོགས་རིམ་ཟབ་མོ་སེམས་ཉིད་ངལ་གསོའི་བརྒྱུད་པ་ནི། བདེ་ཆེན་རལ་གཅིག་མའི་དབང་དང་འདྲ། ཡང་ན་ཁྲོ་ཕུ་ལོཙྪ་བ། བླ་ཆེན་འཛལ་ཕུ་བ། རིན་པོ་ཆེ་ཁྲོ་ཕུ་བ། གཉེན་མཁར་བ་བཀྲ་ཤིས་བཟང་པོ། མཁས་གྲུབ་གཞོན་ནུ་བསོད་ནམས་མན་འདྲ། ཡང་ན་རིན་པོ་ཆེ་ཁྲོ་ཕུ་བ། སློབ་དཔོན་ཚད་མའི་སྐྱེས་བུ། བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེ་ལས་བདག་གིས་སོ། །རང་གི་སེམས་ཉིད་ངལ་གསོ་བར་བྱེད་པའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ། དེའི་བསྡུས་དོན། འགྲེལ་པ་གནད་གྱི་སྒྲོན་མེ། ཟུར་འདེབས་གསལ་བའི་སྒྲོན་མེ། མི་ཏྲ་ཛོ་ཀིས་མཛད་པ་བཅོ་བརྒྱད་པ་རྣམས་ཁྲོ་ལོས་མཛད་པ། ངལ་བསོའི་རྒྱུད་ཀྱི་ལུང་སྦྱོར་བུ་སྟོན་རིན་པོ་ཆེས་མཛད་པ། སྔོན་འགྲོའི་ཁྲིད་ཡིག་ཡང་བརྩེ་བས་མཛད་པ་རྣམས་ཐོས། སྙིང་པོ་དོན་གསུམ་གྱི་མན་ངག་རྩ་འགྲེལ་གྱི་བརྒྱུད་པ་ནི། ཁྲོ་ཕུ་ལོཙྪ་བ། བླ་ཆེན་བསོད་དབང༌། ཁྲོ་ཕུ་རིན་པོ་ཆེ། ཚད་མའི་སྐྱེས་བུ། བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །ཤིན་ཏུ་སྤྲོས་མེད་ཀྱི་ཁྲིད། བྱིན་རླབས། འོད་གསལ་འཆར་བའི་བྱིན་རླབས། བདུད་རྩི་ལྔའི་བྱིན་རླབས། སྤྲོས་མེད་ཀྱི་ཁྲིད་ཡིག་གློ་བོ་ལོཙྪ་བས་མཛད་པ། རྩ་བ་རྡོ་རྗེའི་ཚིག་རྐང༌། འོད་གསལ་འཆར་བའི་གཞུང༌། སྤྲོས་མེད་བརྒྱུད་པའི་གསོལ་འདེབས་རིན་རྣམ་པས་མཛད་པ་རྣམས་ཐོས་པའི་བརྒྱུད་པ་ནི། གཞན་གོང་དང་འདྲ་བ་ལས། བུ་སྟོན་རིན་པོ་ཆེ། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་མངོན་རྟོགས་གཤིན་རྗེ་ཀུན་འཇོམས། དེའི་དཀྱིལ་ཆོག་བྱིན་རླབས་འཇུག་བདེ་རྣམ་གསལ། གཤེད་དམར་ལྷ་བཅུ་གསུམ་པའི་སྒྲུབ་ཐབས། དེའི་དཀྱིལ་ཆོག མཆོད་ཕྲེང༌། སྦྱིན་སྲེག གཏོར་མ་དྲུག་ཅུ་རྩ་བཞི་པ། ལས་གཤིན་གྱི་གཏོར་ཆོག འཇིགས་བྱེད་ཀྱི་དཀྱིལ་ཆོག འཁྲུལ་འཁོར་གནད་ཀྱི་མན་ངག་རྣམས་བུ་སྟོན་རིན་པོ་ཆེས་མཛད་པ། དགྲ་ནག འཇིགས་བྱེད། གདོང་དྲུག་རྣམས་ཀྱི་སྒྲུབ་ཐབས་རྣམས་ལོཙྪ་བ་རིན་རྣམ་པས་མཛད་པ་རྣམས་ཐོས། རྡོ་རྗེ་ཕག་མོའི་དབང་སྡུད། ཙརྩི་ཀའི་དྲག་བཟླས། དབྱངས་ཅན་མའི་ཤེས་རབ་བློ་འཕེལ། གཽ་རིའི་ཆར་འབེབས་ཏེ། ལས་ཚོགས་ཀྱི་སྒྲུབ་ཐབས་བཞི་དང༌། ཕྱིར་བཟློག་གི་འཁྲུལ་འཁོར། སྲུང་བའི་བྱིན་རླབས། རྫས། སྔགས། རླུང༌། ཏིང་ངེ་འཛིན་གྱི་ཕྱིར་བཟློག་སྟེ། དེ་རྣམས་བྲམ་ཟེ་དཔལ་འཛིན་གྱིས་མཛད་པའི་བརྒྱུད་པ་ནི། སློབ་དཔོན་དཔལ་འཛིན། མ་ཏི་པ། དར་པཎ་ཨཱ་ཙརྻ། གློ་བོ་ལོཙྪ་བ། སྤྲུལ་སྐུ་ས་པ། ལོ་མཆོག དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །གཉིས་པ་མ་རྒྱུད་ལ་འཁོར་ལོ་བདེ་མཆོག་སྦྱངས་པའི་ཡོན་ཏན་གྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ལུ་ཧི་པ། ཌེཾ་ཀི་པ། སློབ་དཔོན་ལ་བ་པ། ཨིནྡྲ་བྷཱུ་ཏི། ཀ་ཙ་ཊ་པ། དྲིལ་བུ་པ། ཛ་ལནྡྷ་རི་པ། ནག་པོ་པ། ཀུ་ཤ་ལ། ཏཻ་ལོ་པ། ནཱ་རོ་པ། མ་ཎི་ཀ་ཤྲཱི་ཛྙཱ་ན། བལ་པོ་བྷ་ཐཱནྟ། མར་པ་དོ་པ། གཟེ་པ་བློ་ལྡན། གཟེ་པ་ཇོ་བདེ། ལྷོ་ཚད་པ། ལོཙྪ་བ་མཆོག་ལྡན། དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །སློབ་དཔོན་ཆེན་པོ་ལྭ་བ་པས་མཛད་པའི་དཀྱིལ་ཆོག་ཀྱང་ཐོས། བདེ་མཆོག་བཅུ་གསུམ་མ་མཻ་ཏྲི་པའི་ལུགས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བློ་གྲོས་རིན་ཆེན། ཤ་བ་རི་པ། མཻ་ཏྲི་པ། རྒྱ་གར་ཕྱག་ན་རྡོ་རྗེ། བ་རེག་ལོཙྪ་བ། གཙང་ཤོད་པ། སུམ་པ་འཇམ་མགོན། བ་རེག་རིན་ཆེན་འབར། བ་རེག་འོད་ཟེར། བ་རེག་ཇོ་འབུམ། བྱང་ཆུབ་གླིང་པ། བ་རེག་བཀྲ་ཤིས། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །ཡང་ན་མཻ་ཏྲཻ་པ། ཏི་ཕུ་པ། རས་ཆུང་བ། སུམ་པ་གླིང་རས། རྒྱལ་བ་ལོ། དབུས་རས། རིན་ཆེན་དར་དབང༌། སངས་རྒྱས་འབུམ། ལོ་མཆོག་མན་འདྲ། ཡང་ན་བ་རེག་ལོཙྪ་བ། དམ་པ་རོང་ཆུང་བ། ལོཙྪ་བ་རྡོར་རྒྱལ། ཇོ་བཙུན་མེ་འབར། རྒྱལ་ཚ་རིན་ཆེན། ཀུན་ལྡན་རས་པ། ཁྲོ་ཕུ་ལོཙྪ་བ། བླ་ཆེན་བསོད་དབང༌། ཁྲོ་ཕུ་རིན་པོ་ཆེ། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་རིན་པོ་ཆེ་མན་འདྲའོ། །སྒྲུབ་ཐབས་མཻ་ཏྲི་པས་མཛད་པ། བ་རེག་དང་བ་རིའི་འགྱུར་ལ། ཁྲོ་ལོས་བཅོས་པ། རྟག་པའི་རྡོ་རྗེའི་ཆོས་གསུམ། ཡི་གེ་བདུན་པའི་སྒྲུབ་ཐབས། གཉིས་མེད་རྡོ་རྗེ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཇོ་བོས་མཛད་པ། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་བསྟོད་པ་ཆེ་ཆུང་གཉིས་རྣམས་ཐོས། ཡང་འཁོར་ལོ་བདེ་མཆོག་གི་སྤྱི་དོན་མ་རྒྱུད་དོན་གསལ། རྩ་རྒྱུད་དང་དེའི་འགྲེལ་པ་གསང་བའི་དེ་ཁོ་ན་ཉིད་གསལ་བ་རྣམས་ཀྱི་སྟེང་ནས། བཤད་བཀའ་ལེགས་པར་ཐོས་ནས། ས་ལུགས་ཀྱིས་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ་ཡན་དབང་དང་འདྲ། དེ་ནས་ནུབ་པ་རིག་འཛིན་གྲགས། དེ་གཉིས་ཀས་དམར་ཆོས་ཀྱི་རྒྱལ་པོ་ལ། དེས་བླ་མ་ཤཱཀྱ་གཞོན་ནུ། ལྕེ་བློ་ལྡན་སེང་གེ ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། ལོཙྪ་བ་རིན་ཆེན་རྣམ་རྒྱལ། རྒྱུད་སྡེའི་མངའ་བདག་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །ཡང་ན་ཇོ་བོ་ལུགས། པུ་རོང་ལུགས་ཀྱི་དབང་དང་འདྲའོ། །རྣལ་འབྱོར་མ་ཀུན་སྤྱོད། དེའི་ཊཱི་ཀ་དོན་གསལ་བའི་སྟེང་ནས་བཤད་བཀའ་ཐོབ་པའི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ་ཡན་འདྲ། དེ་ནས་བོ་དོང་རིན་པོ་ཆེ། ཁྲོ་ཕུ་བ། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན། ལོཙྪ་བ་རིན་ཆེན་རྣམ་རྒྱལ་མན་འདྲའོ། །བདེ་མཆོག་གི་སྒྲུབ་ཐབས། ནག་པོ་པས་མཛད་པའི་ཊཱི་ཀ་འཁྲུལ་པ་སྤོང་བ། ནག་པོ་པའི་མངོན་རྟོགས་འཁྲུལ་པའི་དྲི་བྲལ། བདེ་མཆོག་སྡོམ་འབྱུང་གི་མངོན་རྟོགས། དེའི་དཀྱིལ་མཆོག་རྣམས་བུ་སྟོན་རིན་པོ་ཆེས་མཛད་པ་རྣམས་ཐོས། བདེ་མཆོག་སྡོམ་འབྱུང་གི་འགྲེལ་པ་པཎྜི་ཏ་རཏྣ་ཤྲཱི་རཀྵི་ཏས་མཛད་པ་དང༌། དེའི་བསྡུས་དོན་ཤོང་ལོས་མཛད་པའི་བརྒྱུད་པ་ནི། རཏྣ་རཀྵི་ཏ། ཆག་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ། ཤོང་བློ་བརྟན། ཐར་པ་ལོཙྪ་བ། ཐམས་ཅད་མཁྱེན་པ་བུ་སྟོན། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །དཔལ་སམྦུ་ཊའི་རྒྱ་ཆེར་བཤད་པ་སྙིང་པོ་རབ་གསལ་ཐོས་ནས། ས་ལུགས་ཀྱི་བརྒྱུད་པ་ནི། གཞན་གོང་དང་འདྲ་བ་ལས། འཕགས་པ་རིན་པོ་ཆེ། འཇམ་སྐྱ་ནམ་མཁའ་དཔལ། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །དཔྱལ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཌཱ་ཀི་བསྐལ་བཟང༌། གུ་རུ་ཙརྻ་པ། ཏཻ་ལོ་པ། ནཱ་རོ་པ། འཇིགས་མེད་«་་་་་ཕམ་མཐིང་པ»་གྲགས་པ། དཔྱལ་བསོད་ནམས་རྒྱལ་མཚན། དཔྱལ་ཀུན་དགའ་རྡོ་རྗེ། ལྷ་ལུང་པ། དཔྱལ་ལོཙྪ་བ་ཆོས་ཀྱི་བཟང་པོ། དཔྱལ་ཨ་མོ་གྷ་ཆོས་འོད། འཕགས་འོད། བུ་སྟོན་རིན་པོ་ཆེ་མན་འདྲ། རྭ་ལུགས་«་་་་་རྭ་པ་ནས་བརྒྱུད་པའི་མན་ངག་རྔོག་པས་ཡི་གེར་བཀོད་པའི་བཤད་སྲོལ་ཟེར་རོ།། »ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་རྡོ་རྗེ་གྲགས། རྔོག་ཆོས་རྡོར། རྔོག་མདོ་སྡེ། རྔོག་ཐོགས་མེད་གྲགས། གཙང་སྨྲ་སེང༌། ལྕེ་མདོ་སྡེ་སེང་གེ ལྕེ་བློ་བརྟན། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ་མན་འདྲ། སམྦུ་ཊ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། སམྦུ་ཊ་ལ་བརྟེན་པའི་ཐོག་སྲུང་བའི་ཆོ་ག་རྣམས་བུ་སྟོན་རིན་པོ་ཆེས་མཛད་པ་ཐོས། རྡོ་རྗེ་གདན་བཞིའི་རྒྱུད་ཀྱི་འགྲེལ་པ། སློབ་དཔོན་བྷ་བ་པས་མཛད་པའི་བརྒྱུད་པ་ནི། ག་ཡ་དྷ་ར། འགོས་ལོཙྪ་བ། རྭ་རྡོ་རྗེ་གྲགས། རྒྱ་གླིང་པ། ལྕེ་དབོན་ཚ། སྤུག་སྟོན་ཇོ་འབུམ། སྤུག་བློ་ལྡན། ཇོ་ལྡན་སྒང་པ། དབེན་ས་གཞོན་བྱང༌། བླ་མ་ཆོས་འོད། བློ་ལྡན་སེང་གེ རྗེ་བཙུན་བསོད་ནམས་དཔལ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། དཀྱིལ་ཆོག་སྙིང་པོ་མདོར་བསགས། ཤིང་གཅིག་གི་དཀའ་འགྲེལ་རྣམས་ཨཱརྻ་དེ་བས་མཛད་པ། གདན་བཞིའི་སྒྲུབ་ཐབས་བྷ་ཝ་བྷ་དྲས་མཛད་པ། རྣམ་རྒྱལ་དཔའ་བོས་མཛད་པའི་སྒྲུབ་ཐབས། མཆན་ཁུང་སྦྱོར་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། གདན་བཞིའི་སྒྲུབ་ཐབས་བུ་སྟོན་རིན་པོ་ཆེས་མཛད་པ། ཞེ་སྡང་རྡོ་རྗེས་མཛད་པའི་དཀྱིལ་ཆོག་ལྡེ་མིག་དང་བཅས་པ་རྣམས་ཐོས། སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན། ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས་དཀྱིལ་མཆོག འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་རྣམས། ས་ར་ཧས་མཛད་པའི་བརྒྱུད་པ་ནི། ས་ར་ཧ། ཀླུ་སྒྲུབ། རི་ཁྲོད་དབང་ཕྱུག མཻ་ཏྲི་པ། མར་པ་ལོཙྪ་བ། རྒྱ་ཕོ་བ་ལུང་པ། རོ་མཉམ་རྡོ་རྗེ། ཡོན་ཏན་གྲགས། ཤཱཀྱ་རྡོ་རྗེ། ཁམ་པ་ཆོས་གྲགས། བྱང་ཆུབ་དཔལ། བྱང་ཆེན་པ་བསོད་ནམས་འཕེལ། བག་སྟོན། དུས་འཁོར་བྱང་ཆུབ་བློ་གྲོས། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །སངས་རྒྱས་ཐོད་པའི་རྒྱུད་ཀྱི་མི་འཇིགས་པའི་གཞུང་འགྲེལ། སློབ་དཔོན་ཀུ་ཀུ་རི་པས་མཛད་པའི་མ་ཧཱ་མཱ་ཡཱའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ། དཀྱིལ་ཆོག་རྫོགས་རིམ་དེ་ཁོ་ན་ཉིད་གསལ་བའི་རྩ་འགྲེལ། སྒྱུ་མ་ཆེན་མོའི་མངོན་རྟོགས་སྒྱུ་འཕྲུལ་མངོན་པར་འབྱུང་བ། དཀྱིལ་ཆོག རྡོ་རྗེ་བདུད་རྩི་གསུམ་གྱི་མངོན་རྟོགས། སྒྲོལ་མ་བརྩོན་འདོན་གྱི་ཆོ་ག་རྣམས་བུ་སྟོན་རིན་པོ་ཆེས་མཛད་པ་རྣམས་ཐོས། གསུམ་པ་གཉིས་མེད་རྒྱུད་ལ་དཔལ་དུས་ཀྱི་འཁོར་ལོ་རྭ་ལུགས་ཀྱི་དབང་གི་བརྒྱུད་པ་ནི། དམ་པ་དང་པོའི་སངས་རྒྱས། དུས་ཀྱི་འཁོར་ལོ། རྒྱལ་པོ་ཟླ་བ་བཟང་པོ། ལྷ་དབང༌། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན། འཇམ་དབྱངས་གྲགས་པ། པདྨ་དཀར་པོ། འཇམ་དབྱངས་སྤྲུལ་པ། ཙི་ལུ་ཨཱ་ཙརྻ། པཎྜི་ཏ་ཨཱ་ཙརྻ། དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། མཉྫུ་ཀཱིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། དུས་འཁོར་བ་ཆོས་ཀྱི་དཔལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །འབྲོ་ལུགས་ཀྱི་བརྒྱུད་པ་ནི། པད་དཀར། ཟླ་བ་བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་དམར། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང༌། རྒྱ་མཚོ། རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང༌། དཔལ་སྐྱོང༌། དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། ཁ་ཆེ་ཟླ་བ་མགོན། འབྲོ་ལོཙྪ་བ། སྒོམ་པ་དཀོན་མཆོག་བསྲུངས། སྤྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། སྲས་དྷརྨེ་ཤཱ་ར། གྲུབ་ཐོབ་ནམ་མཁའ་འོད། སེ་མོ་ཆེ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། བླ་མ་ཆོས་སྐུ་འོད་ཟེར། ཆོས་རྗེ་ཀུན་སྤངས་པ། བྱང་སེམས་རྒྱལ་ཡེ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། བུ་སྟོན་རིན་པོ་ཆེ། བླ་མ་ཆོས་ཀྱི་དཔལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །ཡང་ན་ཀུན་མཁན་ཆོས་སྐུ་འོད་ཟེར་གྱི་རྗེས་སུ་འཕགས་འོད་བཅུག་ཀྱང་ཆོག་ལ། འཇམ་གསར་ནས། རྒྭ་ལོ་བཞིན་བྱས་ཀྱང་རུང་ངོ༌། །ཤོང་ལུགས་ཀྱི་དབང་བཀའ་ནི། གྲུབ་ཐོབ་སེ་མོ་ཆེ་བ། བོ་དོང་རིན་རྩེ། སྟག་སྡེ་པ་སེང་གེ་རྒྱལ་མཚན། ཤོང་ལོཙྪ་བ་སྐུ་མཆེད། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ་མན་འདྲ། དེ་ལྟར་རྭ་འབྲོ་ཤོང་གསུམ་གྱི་ཕྱག་ལེན་གཅིག་ཏུ་བསྡུས་པའི་དབང་རྒྱས་པ་ཐོབ་ནས། དུས་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས། ཐུགས་དཀྱིལ་སོགས་ཀྱི་སྒྲུབ་ཐབས། ལྷན་སྐྱེས་ཀྱི་སྒྲུབ་ཐབས། དཀྱིལ་ཆོག དེའི་ལྷན་ཐབས། དབང་གོང་མ། མཆོད་ཕྲེང༌། བརྒྱུད་མཆོད། བསྟོད་པ་རྒྱས་པ། ཞི་བའི་སྦྱིན་སྲེག ལས་སོ་སོའི་སྦྱིན་སྲེག དུས་ཐ་མའི་ཆོ་ག རབ་གནས་བཀྲ་ཤིས་དཔལ་འབར། རྫོགས་རིམ་སྟོན་པ་དབང་མདོར་བསྟན་གྱི་ཊཱི་ཀ་རྣམས་ཐོས། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ། དེའི་མཆན་བུ། ཆོས་འབྱུང༌། རྒྱུད་འགྲེལ་གྱི་ས་བཅད། མདོར་བསྡུས་དང་པོའི་ཊཱི་ཀ བཤད་ཐབས་ཀྱི་མན་ངག་ངེས་དོན་སྙེ་མ། མཁན་ཆེན་དྷརྨ་ཤྲཱིའི་ཟིན་བྲིས་དང་བཅས་པའི་སྟེང་ནས་བཤད་བཀའ་ཐོབ་པའི་བརྒྱུད་པ་ནི། བླ་མ་ཤེར་སེང་ཡན་དབང་བཀའ་དང་འདྲ་བ་ལས། རོང་པ་རྡོ་རྗེ་རྒྱལ་མཚན། བུ་སྟོན་རིན་པོ་ཆེ་ལས་རྭ་ལུགས་དང༌། འབྲོ་ལུགས་ལ། འཇམ་གསར་ཡན་འདྲ་བ་ལས། རྒྭ་ལོ། ཤེར་སེང༌། རྡོ་རྗེ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། དུས་འཁོར་བ་ཆོས་ཀྱི་དཔལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེ་ལས་བདག་གིས་འབྲོ་ལུགས་ཀྱི་བཤད་པ་ཐོས། རྡོ་རྗེ་སྙིང་འགྲེལ་དང༌། ཕྱག་རྡོར་སྟོད་འགྲེལ་གཉིས་ཐོས་པའི་བརྒྱུད་པ་ནི་རྭ་ལུགས་ལྟར་རོ། །གཉིས་པ་རྣལ་འབྱོར་རྒྱུད་ལ། བཅོམ་ལྡན་འདས་རྡོ་རྗེ་དབྱིངས་འགྲེལ་པ་ལུགས་ཀྱི་དབང་རྒྱས་པ་དང༌། དེ་ཉིད་སྣང་བའི་སྟོད་འགྲེལ་གྱི་བརྒྱུད་པ་ནི། ལོངས་སྐུ་རྣམ་སྣང༌། སྤྲུལ་སྐུ་རྡོར་སེམས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན་བཟང་པོ། ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏ། དྷརྨ་པཱ་ལ། ལོ་ཆེན་རིན་བཟང༌། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་ཤེ། གནུར་ཉི་མ་འོད་ཟེར། བཛྲ་སིདྷ། གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། རྩ་སྐྱ་ཁྲི་བརྟན། གནུར་ཡེ་ཤེས་རྒྱལ་མཚན། ཆོས་འཕགས་རྒྱལ་མཚན། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །དཀྱིལ་ཆོག་རིན་ཆེན་བསམ་འཕེལ་གཞལ་ཡས་ཁང་གི་གནས་ལུགས་གསལ་བྱེད། ཡོ་གའི་མཆོད་ཕྲེང༌། དབང་ཆོག་རྒྱས་པའི་ཁ་སྐོང༌། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བཞི། བསྐལ་བཟང་སྟོང་གི་བསྟོད་པ། ཡོ་གའི་རབ་གནས་བཀྲ་ཤིས་རྒྱས་བྱེད། དེའི་སྡོམ་ཚིག རྡུལ་ཚོན་སྤྱན་དྲང་བའི་ཆོ་ག་རྣམས་ཐོས། ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། ལོངས་སྐུ་རྣམ་སྣང༌། སྤྲུལ་སྐུ་རྡོར་སེམས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན་བཟང་པོ། ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏ། དྷརྨ་པཱ་ལ། ལོ་ཆེན། གུར་ཤིང༌། གཉལ་པ་ཉི་ཤེ། གནུར་ཆེན་པོ། སྲས་བཛྲ་སིདྷ། གླན་ཆོས་འབྱུང༌། རྩ་སྐྱ་སྟོན་འབུམ། ཁྲི་བརྟན། ཡེ་ཤེས་རྒྱལ་མཚན། ཆོས་འཕགས་རྒྱལ་མཚན། རྒྱལ་སྲས་ཐོགས་མེད། ཆོས་རྗེ་བསོད་ནམས་རྒྱལ་མཚན། ཐམས་ཅད་མཁྱེན་པ་བུ་སྟོན། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེ་ལས་བདག་གིས་དཀྱིལ་ཆོག་འཇིག་རྟེན་གསུམ་རྒྱལ་འབྱུང་བའི་ལུང་དང་བཅས་པ་ཐོས། རྩེ་མོ་རིགས་བསྡུས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི་གསུམ། ཀླུ་སྒྲུབ། ཀླུ་བྱང༌། ཡེ་ཤེས་རྡོ་རྗེ། གཙུག་གི་ནོར་བུ། ཀུན་སྙིང༌། ཐ་ག་ན། ངག་དབང་གྲགས་པ། བྲམ་ཟེ་རིན་ཆེན་རྡོ་རྗེ། ཁ་ཆེ་ཛྙཱ་ན་ཤྲཱི། ཟངས་དཀར་ལོཙྪ་བ། ཡང་ན་ཕྱག་ན་རྡོ་རྗེ། རྡོ་རྗེ་ཆོས། ཨིནྡྲ་བྷཱུ་ཏི་ཆེ་བ། རྟ་མཆོག་བི་ན་ཤྲཱི། ཨིནྡྲ་བྷཱུ་ཏི་བར་པ། ཆུང་བ། ལྷ་ལྕམ་ལེགས་སྨིན་ཀ་ར། རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ། ལེགས་པའི་སྒྲོལ་མ། ཀླུ་སྒྲུབ། ཨཱརྻ་དེ་བ། ཀླུ་བྱང༌། དྷརྨ་བཛྲ། པདྨ་བཛྲ། ཛྙཱ་ན་བཛྲ། ཀུན་དགའ་སྙིང་པོ། དེ་ལས་རྒྱ་གར་ཤར་ཕྱོགས་དང༌། ལྷོ་ཕྱོགས་དང༌། དབུས་འགྱུར་དང་སྲོལ་གསུམ་བྱུང་བའི་དང་པོ། དགེ་སློང་ཨ་མོ་གྷ་བཛྲ། རྣལ་འབྱོར་མ་ཀ་པ་ལ་ཝ་ཏི། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། བི་ཀ་མ་ལ་ཝ་ཏི། བྲམ་ཟེ་རིན་ཆེན་རྡོ་རྗེ། ཁ་ཆེ་ཛྙཱ་ན་ཤྲཱི། ཟངས་དཀར་ལོཙྪ་བ། གཉིས་པ་ལྷོ་བརྒྱུད་ནི། པྲཛྙཱ་སིདྡྷི། པྲཛྙཱ་ཝ་ལི་ཏ། རབ་འབྱོར་སྐྱོང༌། ཤྲདྡྷཱ་ཀ་ར། པདྨ་ཀ་ར། ཛྙཱ་ན་ཤྲཱི། ཟངས་དཀར་ལོཙྪ་བ། གཉེན་སྟོན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། ཐོད་པ་འོད་ཟེར། བླ་མ་ཆོས་མགོན་དཔལ་བཟང་པོ། ལྕེ་བློ་བརྟན། བླ་མ་འཕགས་འོད། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེ་ལས་བདག་གིས་དཀྱིལ་ཆོག་མཁས་པའི་ཡིད་འཕྲོག རྩེ་མོའི་ས་ཆོག་རྒྱས་པ་དང་བཅས་པ་ཐོས། དཔལ་མཆོག་རིགས་བསྡུས་ཀྱི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཉི་མའི་དཔལ་ཞབས། རྡོ་རྗེ་གོ་ཆ། ཀུན་དགའ་སྙིང་པོ། འཇམ་དཔལ་དྲི་མེད་གྲགས་པ། རབ་འབྱོར་སྐྱོང༌། ཤྲདྡྷཱ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་ཤེ། རྐྱང་པོ་ཆོས་བློ། སུམ་སྟོན་ཡེ་འབར། ལྕེ་ཞར། སྐྲུ་སྟོན་འབར་ཐོག གཙང་ཡང་དག་རྡོ་རྗེ། གཙང་སྨྲ་སེང༌། ལྕེ་ཇོ་མདོ། བླ་མ་ཆོས་འོད། འཕགས་འོད། དཔལ་རྩེ་གཉིས་ལ་བུ་སྟོན་རིན་པོ་ཆེ་མི་དགོས་གསུང༌། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེ་ལས་བདག་གིས་དཀྱིལ་ཆོག་དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་གི་དཀྱིལ་འཁོར་འབྱུང་བ། བསྟོད་པ་རྒྱས་པ། ཐིག་རྩ་བཀྲ་ཤིས་རྣམས་ཐོས། དཔལ་མཆོག་རྡོར་སེམས་ཀྱི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རྒྱལ་པོ་རབ་གསལ་ཟླ་བ། དེ་ལས་སློབ་མ་བཞི་སྟེ། སྒྲ་གཅན་འཛིན། སྭ་སྟི་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི་དང་བཞི་ལས། ཀུན་སྙིང༌། དེ་ལ་པྲཛྙཱ་ཝ་ལི་ཏ། རབ་འབྱོར་སྐྱོང༌། པྲཛྙཱ་བོདྡྷི། མུ་ཏི་ཀོ་ཥ། དྷརྨ་པཱ་ལ། རིན་ཆེན་བཟང་པོ། རྒྱ་ཡེ་ཚུལ། གཉལ་པ་ཉི་ཤེ གནུར་ཉི་འོད། རྩ་སྐྱ་སྟོན་གྲགས། མཉམ་སྐད་པ་ཆེན་པོ། རྩ་སྐྱ་སྟོན་འབུམ། རྩ་སྐྱ་ཁྲི་བརྟན། གནུར་ཡེ་རྒྱལ། ལོཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེ་ལས་བདག་གིས་དཔལ་མཆོག་རྡོ་རྗེ་སེམས་དཔའི་ཞི་བའི་སྦྱིན་སྲེག སྒྲུབ་པ་རྗེས་སྒྲུབ་ཀྱི་ཆོ་ག་རྣམས་ཐོས། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་ཞུས་པ་ལ། སྟོད་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀུན་རིག ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་སྙིང༌། པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོ་དྷི། མུ་ཏི་ཀོ་ཥ། དྷརྨ་པཱ་ལ། དཱི་པཾ་ཀ་ར། ཤྲཱི་ཛྙཱ་ན། དོ་པ་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་ཤེ། གནུར་ཉི་འོད། སྲས་སིདྷ། གནུར་བྱང་ཆུབ་འོད། གནུར་ཉི་མ་རྒྱལ་མཚན། རིན་ཆེན་«འཛིམ་པ་་་་་་»ཤེས་རབ། རིན་ཆེན་«ཡང་རྩེ་བ་་་་་་»སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །སྨད་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་ཀུན་དགའ་སྙིང་པོ། དེ་བཞིན་གཤེགས་པའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ལོ་ཆེན། ལོ་ཆུང༌། སུམ་སྟོན་ཡེ་འབར། གཉན་སྟོན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། ཐོད་པ་འོད་ཟེར། རི་ལུང་ཕུག་པ་ཆོས་མགོན། བླ་མ་བློ་ལྡན་སེང་གེ བླ་མ་འཕགས་འོད། བུ་སྟོན་རིན་པོ་ཆེ་མན་གོང་བཞིན་ལས། ཀུན་རིག་གི་དཀྱིལ་ཆོག ཆོ་གའི་ཁ་སྐོང༌། སྦྱིན་སྲེག་གི་ཊཱི་ཀ ལས་བཞིའི་རྔ་བརྡུང་བའི་ཆོ་ག་རྣམས་ཐོས། གཙུག་དགུ་སྟོད་ལུགས་ཀྱི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ། པྲ་ཛྙཱ་ཝ་ལི་ཏ། གོ་མི་དགེ་བསྙེན། ཤཱཀྱ་ཛྙཱ་ན། ཇོ་བོ་རྗེ། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ། གནུར་ཆེན། ལྟུམ་སྟོན་སྟོན་གྲགས། རྩ་སྐྱའི་མཉམ་སྐད་པ། ཁྲི་བརྟན། སྲས་བསོད་ནམས་བཟང༌། དེ་གཉིས་ཀ་ལས་གསལ་བ་བློ་གྲོས་དཔལ། གྲགས་ཆེན་པ། འཕགས་འོད། བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །ཡང་ན་གནུར་ནས། སྐྲུ་སྟོན། གཙང་ཡང་དག་རྡོ་རྗེ། དེའི་སྲས་འབྱུང་གནས་སེང་གེ མདོ་སྡེ་སེང་གེ ཆོས་འོད། བློ་ལྡན་སེང་གེ འཕགས་འོད་མན་འདྲ། སྨད་ལུགས་ཀྱི་བརྒྱུད་པ་ནི། རབ་གསལ་ཟླ་བ་ལས་སློབ་མའི་མཆོག་བཞི་སྟེ། པད་དཀར། ཡེ་ཤེས་རྡོ་རྗེ། སྒྲ་གཅན་འཛིན་བཟང་པོ། ཉི་མའི་སྙིང་པོ་རྣམས་ལ། རྒྱལ་རིགས་ས་ར་པ། ཀུན་སྙིང༌། ཐ་ག་ན་པ། ངག་དབང་གྲགས་པ། བྷ་ལེནྡྲ་ཤཱནྟི། མི་བསྐྱོད་རྡོ་རྗེ། ཤྲདྡྷཱ། ལོ་ཆེན། ལོ་ཆུང༌། སུམ་སྟོན། གཉེན་སྟོན། ཐོད་པ་དབེན་ཚ་གྲགས། ཐོད་པ་འོད་ཟེར། རོང་པ་ཆོས་མགོན། བློ་ལྡན་སེང་གེ འཕགས་འོད། བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །དཀྱིལ་ཆོག་ངན་སོང་རྒྱུན་གཅོད་ཐོས། ཕྱག་རྡོར་འཆི་བདག་འཇོམས་པའི་དབང་གི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་སྙིང༌། པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོ་དྷི། མུ་ཏི་ཀོ་ཥ། དྷརྨ་པ་ལ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་ཉི། གནུར་ཆེན་ཉི་འོད། སྲས་བཛྲ་སིངྷ། གནུར་བྱང་ཆུབ་འོད། གནུར་ཉི་མ་རྒྱལ་མཚན། གནུར་ཡེ་རྒྱལ། གནུར་ཆོས་འཕགས་རྒྱལ་མཚན། བླ་མ་འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན།«་་་་་རིན་པོ་ཆེའི་ཞལ་ནས། ངས་ཀུན་མཁྱེན་འཕགས་འོད་ལ་ཕྱག་ན་རྡོ་རྗེ་ལ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གིས་བསྐོར་བའི་དབང་ཐོབ་མོད་གཞན་རྣམས་གཤའ་མ་མ་ཡིན་འདི་ལ་ཚིག་ཡིན་གསུང་ངོ༌། »།སློབ་དཔོན་རྒྱལ་མཚན་གྲགས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེ་ལས་བདག་གིས་དཀྱིལ་ཆོག་འཆི་མེད་གྲུབ་པ། བསྟོད་པ་རྣམས་ཐོས། མི་འཁྲུགས་པའི་དབང་གི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། ཀུན་དགའ་བོ། ཀླུ་སྒྲུབ། ཨཱརྻ་དེ་བ། ཨ་ཝ་དྷཱུ་ཏི་པ། ཨ་བྷ་ཡཱ་ཀ་ར། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན། པུ་ཏོ་བ། ཤ་ར་བ། རྒྱལ་ཡེ་སྒོམ། གྲུབ་ཐོབ་ཧཱུྃ་འབར། ཞང་དགེ་སློང༌། དགེ་སློང་དཀོན་མཆོག་ཡེ་ཤེས། བླ་མ་ཁུ་སྟོན། རོང་པ་དཀོན་མཆོག་འབར། མཁན་པོ་དབང་རིན། ཁམ་པ་ས་ཕུག་པ། དབུས་པ་སངས་འབུམ། ཆོས་འོད། འཕགས་འོད། ཡང་ན་ཁུ་སྟོན་ནས། འཕགས་པ། མཁན་པོ་འཕྲང་པ། རིན་ཆེན་བླ་མ། འོད་ཆུང་བ་གཞོན་ནུ་འོད། གྲགས་ཆེན། འཕགས་འོད། ཡང་ན་ཇོ་བོ་རྗེ། དབང་རིན། ཤཱཀ་རྡོར། སངས་འབུམ། ལོ་མཆོག འོད་ཆུང་བ་གཞོན་ནུ་འོད། གྲགས་ཆེན་འཕགས་འོད། ཡང་ན་ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། ས་ཆེན། རྗེ་བཙུན་པ། ནུབ་པ་རིག་འཛིན་གྲགས། «བྱ་རྒོད་གཤོང༌།་་་་་»བོ་དོང་ར་ལུང་པ། «ཤ་བ།་་་་་»ལུང་ཕུ་བ། ནམ་མཁའ་བསོད་ནམས། ནུབ་གོག་པ། དགེ་བཤེས་དར་ཞོན། སྟོན་པ་དོན་ཡོད། སློབ་དཔོན་རིན་རྒྱལ། གྲགས་ཆེན། འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །དཀྱིལ་ཆོག རོ་སྲེག་གི་ལུང་ཡང་ཐོས་སོ། །འཇམ་དཔལ་ནམ་མཁའ་དྲི་མེད་ཆུང་བའི་དབང་གི་བརྒྱུད་པ་ནི། འཇམ་དཔལ་བཤེས་གཉེན། སངས་རྒྱས་ཡེ་ཤེས་ཞབས། ནཱ་རོ་པ། ཀན་དབང་ཕྱུག་བློ་གྲོས། འགར་སྟོན་རྡོ་རྗེ་སྙིང་པོ། ཉང་སྟོད་ལྕེ་འབར། ལམ་ཆོག་པ། ཁྲི་སྟོན། མཁན་པོ་ཆོས་རིན། ཆོས་འོད། འཕགས་འོད། བུ་སྟོན་རིན་པོ་ཆེ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །དཀྱིལ་ཆོག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ཐོས། འཇམ་དཔལ་ཡོན་ཏན་ཀུན་འབྱུང་གི་དབང་གི་བརྒྱུད་པ་ནི། འཇམ་དབྱངས། འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། ཉི་མའི་སྙིང་པོ། སཱུརྻ་སིདྡྷི། ཆོས་ཀྱི་རྡོ་རྗེ། མུ་ཏྲ་སིདྡྷི། དེ་བེ་ཤྭ་ར། སྨྲྀ་ཏི་ཛྙཱ་ན་ཀཱིརྟི། ཚོང་སྡེ་ངག་གི་དབང་ཕྱུག ཁམ་པ་ཤེས་རབ་རྡོ་རྗེ། རྔོག་ཆོས་རྡོར། སྤ་སྦ་བ་ཅན། རྔོག་མདོ་སྡེ། སྨྲ་སེང༌། ལྕེ་མདོ་སེང༌། ཆོས་འོད། ཡང་ན་རྔོག་ཆོས་རྡོར། རྒྱ་འ་མ་ཅན། ཤཱཀྱ་སེང་གེ ཁྲི་སྟོན་ཀུན་དགའ་འོད། ཆོས་རིན་ཆོས་སྐུ་བ། འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །སྒྲུབ་ཐབས་གསང་ལྡན། དཀྱིལ་ཆོག་ཡོན་ཏན་ཀུན་འབྱུང༌། མཚན་བརྗོད་བཀླག་པའི་བསྒོམ་ཁོག སྦྱིན་སྲེག་རྣམས་བྱང་ཆུབ་མཆོག་གིས་མཛད་པའི་བརྒྱུད་པ་ནི། ཁམ་པ་ཤེས་རབ་རྡོ་རྗེ་ཡན་འདྲ་བ་ལས། དེ་ནས་རྔོག་ཆོས་རྡོར་རམ་རྩ་བ་ཅན། གཡར་དར་མ་བརྟན། དམར་ཇོ་བོ། མཁས་པ་བསོད་རྒྱལ། གེ་རེ་བླ་ཟུར་བ། གཡར་ནམ་མཁའི་མཚན་ཅན། བླ་མ་གཞོན་ནུ་སེང་གེ སློབ་དཔོན་ཆོས་མགོན། སློབ་དཔོན་སེང་རྒྱལ། བླ་མ་གཞོན་ནུ་བསོད་ནམས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །གསུམ་པ་བྱ་སྤྱོད་ལ། རྣམ་འཇོམས་དཀར་པོའི་རིག་གཏད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། ས་ཝ་རི་པ། ཛ་ཝ་རི་པ། དེ་ཝ་པུཎྱ་མ་ཏི། ལོཙྪ་བ་འགར་ཆོས་བཟང༌། རིན་ཆེན་དངོས་གྲུབ། དམར་ཆོས་རྒྱལ། སྒང་སྟོན་ཤེས་རབ་བླ་མ། ཤེས་རབ་འབུམ། གྲགས་པ་རྡོ་རྗེ། བོར་བ་དར་བྱང༌། ཡང་རྩེ་བ་རིན་ཆེན་སེང་གེ བླ་མ་རྒྱལ་མཚན་མགོན། དྷྭ་ཛ་ཀཱརྟི། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །ཛ་བ་རི་པས་མཛད་པའི་དཀྱིལ་ཆོག་རིན་ཆེན་སྣང་བ་དང༌། རིན་ཆེན་སེང་གེས་མཛད་པའི་ཡིག་ཆའི་ལུང་ཐོས། འཇམ་དབྱངས་ཡོན་ཏན་ཡེ་ཤེས་བཟང་པོའི་བསྟོད་སྒྲུབ་རིག་གཏད་ཀྱི་བརྒྱུད་པ་ནི། རྗེ་བཙུན་འཇམ་དབྱངས། པཎྜི་ཏ་འབུམ་ཕྲག་གསུམ་པ། རྔོག་ལོ། ཁྱུང་རིན་ཆེན་གྲགས། རྒྱ་དམར་བྱང་ཆུབ་གྲགས། ཕྱྭ་པ་ཆོས་སེང༌། གཙང་ནག་པ་བརྩོན་འགྲུས་སེང་གེ དན་ཕག་པ་དར་མ་སེང་གེ གཉལ་ཞིག་འཇམ་པའི་རྡོ་རྗེ། གཟད་རིང་དར་མ་ཚུལ་ཁྲིམས། གྲ་ཐང་བ། བླ་མ་བསོད་རྒྱལ་བ། ཡང་རྩེ་བ་རིན་ཆེན་སེང་གེ ཐམས་ཅད་མཁྱེན་པ་བུ་སྟོན། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །སྨན་བླའི་ཆོ་ག་འབྲིང་པོའི་ལུང་གི་བརྒྱུད་པ་ནི། ཐུབ་པ། འཇམ་དབྱངས། ཞི་བ་འཚོ། ཁྲི་སྲོང་ལྡེའུ་བཙན། སྲས་མུ་ནེ་བཙན། སད་ན་ལེགས་མཇིང་ཡོན། གཙང་མ། འོད་སྲུངས། དཔལ་འཁོར་བཙན། ཉི་མ་མགོན། ཁྲི་བཀྲ་ཤིས་མགོན། ཡེ་ཤེས་འོད། ལྷ་བྱང་ཆུབ་འོད། ཞི་བ་འོད། འོད་ལྡེ། རྩེ་ལྡེ། མངའ་རིས་དགྲ་བཅོམ་པ་ཞུ་ལྡན་པ། ཤེས་རབ་གྲགས། དར་མ་རྒྱལ་མཚན། རས་ཆུ་བཟད་པ། གྲོ་མོ་ཆེ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། ཚད་མའི་སྐྱེས་བུ། ཐམས་ཅད་མཁྱེན་པ་བུ་སྟོན། ལོཙྪ་བ་རིན་ཆེན་རྣམ་རྒྱལ། སྐྱིད་ལྡེ་བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །སྨན་བླའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། གྲོ་མོ་ཆེ་ཡན་ཆད་ཆོ་ག་དང་འདྲ། གྲོ་མོ་ཆེ་ལ། རྒྱང་མཁར་ཞུ་ཕུ་བ་ལྷ་འོད། དེ་ལ་སྐྱི་མཁར་སྡེ་ཁུད་པ་མཁན་པོ་སྟོན་ཡེ། དེ་ལས་མཁན་ཆེན་སངས་རྒྱས་དཔལ། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །དྲི་མེད་ཀྱི་ཆོ་ག་བཙན་པོའི་ཕྱག་ལེན་དུ་མཁན་པོས་བཏུས་པ། དྲི་མེད་ཀྱི་དཀྱིལ་ཆོག་ཁྱུང་ཆེན་པས་མཛད་པ། འོད་ཟེར་ཅན་ལྷ་ལྔའི་ཆོ་ག་དགའ་ལྡན་པ་བཀྲ་ཤིས་དཔལ་གྱིས་མཛད་པ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་རྒྱ་གཞུང༌། གཟུངས། ཆོ་ག བསྟོད་པ་རྣམས་ཐོས། ཡང་འཕགས་པ་འོད་ཟེར་དྲི་མ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ། གཙུག་ཏོར་རྣམ་པར་རྒྱལ་མའི་བསྟོད་པ་འདོད་དགུའི་ཆ་འབེབས། གཙུག་ཏོར་དྲི་མེད་ཀྱི་འགྲེལ་པ་ལ་བརྟེན་ནས་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ཆག་ཚད། དཔའ་བོ་གཅིག་གྲུབ་ལ་བརྟེན་པའི་གནོད་སྦྱིན་ཕོ་འཁོར་མོ་འཁོར་གྱི་བྲི་ཐབས་དང༌། ཐོག་སེར་བཟློག་ཐབས། བྱ་བའི་རྒྱུད་ཀྱི་པདྨའི་རིགས་ལ། དོན་ཞགས་ཀྱི་དཀྱིལ་འཁོར་གྱི་ཆོ་གའི་རྒྱུ་མཚན་ཡིད་ཆེས་པར་བྱེད་པའི་ཁུངས། དོན་ཡོད་ཞགས་པའི་གཟུངས་སྒྲུབ་འབྲིང་པོ། དོན་ཞགས་ཀྱི་གཟུངས་སྒྲུབ་ཆེན་མོའི་དཀྱིལ་ཆོག་ཡིད་བཞིན་གྱི་ནོར་བུ། དོན་ཞགས་ཀྱི་ཞི་རྒྱས་ཀྱི་སྦྱིན་སྲེག་གི་ཆོ་ག ནོར་བུའི་རིགས་གར་མཁན་མཆོག་གི་རྒྱུད་ལ་བརྟེན་པའི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས། ཞི་དྲག་གི་རྗེས་གནང༌། བསྟོད་པ་ཆེན་མོ། ཕྱག་རྡོར་ལ་སྤྲོ་བ་ལྔའི་བསྟོད་པ་རྣམས་བུ་སྟོན་རིན་པོ་ཆེས་མཛད་པ་ཐོས། ཤེས་རབ་སྙིང་པོ། མདོ་སྒྲུབ་མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པ་དང་བཅས་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ཇོ་བོ་རྗེ། དཱ་ན་«འདི་ཇོ་བོ་རྗེའི་དབོན་པོ་ཡིན།་་་་་»ཤཱི་ལ། བྱང་སེམས་ཟླ་བ་རྒྱལ་མཚན། དབང་བཀའ་བསྡམས་པ། སྐྱེར་སྒང་པ་ཡེ་ཤེས་སེང་གེ སངས་རྒྱས་སྒོམ་པ། ནམ་མཁའ་གྲགས། ཚད་མའི་སྐྱེས་བུ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །ཇོ་བོའི་ཐུགས་དམ་ཚ་དགུ་མ་ཡང་ཐོས། སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་གི་ལུང་ཐོས་པའི་བརྒྱུད་པ་ནི། ཐུབ་པ། ཀུན་དགའ་བོ། ཉི་མའི་གུང་པ། ཤ་ནའི་གོས་ཅན། ཁ་ཆེ་ཐམས་ཅད་མཁྱེན་པ། ཉེར་སྦས། རྒྱ་མཚོ་སྐྱོང༌། ཛེ་ཏཱ་རི། ངག་དབང་གྲགས་པ། ཁ་ཆེ་མ་ཎི་ཀ་ཤྲཱི། མལ་ཇོ། ལ་སྟོད་པ་དབང་རིན། མཆིམས་ཆོས་སེང༌། མཆིམས་བློ་བརྟན། ཆོས་རྗེ་འཇམ་གསར། བླ་མ་ཆོས་འོད། འཕགས་འོད། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། སློབ་དཔོན་དོན་གྲུབ་རྒྱལ་མགོན། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །སྒྲ་མི་སྙན་གྱི་རང་གཟུངས་ཀྱི་བརྒྱུད་པ་ནི། དགྲ་བཅོམ་པ་བློ་གྲོས་དཔལ། ཧ་ངུ༌། ཙནྡྲ། སློབ་དཔོན་དར་མ་གྲགས། བླ་མ་མངའ་རིས་པ། ཡེ་ཤེས་རྒྱལ་པོ། ཤེས་རབ་གྲགས། ཛྙཱ་ན་སིདྡྷི། དེའི་གཅུང་པོ་སློབ་དཔོན་བསོད་ནམས་མགོན། རིན་ཆེན་སེང་གེ བླ་མ་ཐམས་ཅད་མཁྱེན་པ་བུ་སྟོན། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །ཐུབ་པའི་རྨི་ལམ་བརྟག་ཐབས་བུདྡྷ་ཙུ་རུ་མའི་བརྒྱུད་པ་ནི། པཎྜི་ཏ་བི་ཁྱཱ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ། འཇམ་གསར། རྒྭ་ལོ། མངའ་རིས་པ་སངས་ཡེ། ཐམས་ཅད་མཁྱེན་པ་བུ་སྟོན། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། ཡང་ལས་དང་པོ་པའི་ཆོས་སྤྱོད་ཉམས་སུ་བླངས་པའི་ཆོ་ག་རྣམ་མཁྱེན་དུ་བགྲོད་པའི་བདེ་ལམ། དགས་པོ་སྦྲུམ་པས་ཞུས་པའི་དོན་དུ་གསོན་པོའི་བསྔོ་བ། སུ་གི་ཏི་བྷིའི་དབོན་པོས་ཞུས་པའི་དོན་དུ་གཤིན་པོའི་བསྔོ་བ་རྣམས་ཀྱང་ཐོས། གནས་བརྟན་ཕྱག་མཆོད་ཆུང་བའི་བརྒྱུད་པ་ནི། ཇོ་བོ་རྗེ། སེམས་ཙམ་རྣམ་བརྫུན་པའི་གྲུབ་མཐའ་འཛིན་པའི་པཎྜི་ཏ། རྔོག་བྱང་ཆུབ་འབྱུང་གནས། དགེ་བཤེས་པུ་ཏོ་བ། ཤ་ར་བ། འཆད་ཀ་བ་ཡེ་ཤེས་རྡོ་རྗེ། སེ་སྤྱིལ་ཕུ་བ་དར་མ་ཤེས་རབ། ལྷ་སྤྱིལ་ཕུ་བ་འོད་ཟེར་བླ་མ། སྙི་མོ་འདྲེ་ལྷས་པ་ཚུལ་ཁྲིམས་འོད་ཟེར། རྒན་མོ་ལྷས་པ་ཧཱུྃ་ཚུལ་ཁྲིམས་འབར། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་པ། འདུལ་འཛིན་པ། རྒྱང་རོ་པཎ་ཆེན། དེ་གཉིས་ལས། མཆིམས་བློ་བཟང་གྲགས་པ། ལོཙྪ་བ་བྱང་ཆུབ་རྩེ་མོ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེ་ལས་བདག་གིས་ཐོས། ཁྲོ་ཕུ་ལོཙྪ་བའི་མན་ངག་བརྒྱ་རྩ་བརྒྱད་པའི་བརྒྱུད་པ་ནི། པཎ་ཆེན་ཤཱཀྱ་ཤྲཱི། བུདྡྷ་ཤྲཱི། ཛྙཱ་ན་ཤྲཱི། ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྟ། ཨ་ནུ་ས་མ་ཏ། དེ་རྣམས་ལས་ཁྲོ་ཕུ་ལོཙྪ་བྱམས་པའི་དཔལ་གྱིས་ཞུས། དེ་ལས་བླ་མ་བསོད་ནམས་དབང་ཕྱུག ཁྲོ་ཕུ་རིན་པོ་ཆེ། ཚད་མའི་སྐྱེས་བུ་བསོད་ནམས་མགོན། བུ་སྟོན་ཐམས་ཅད་མཁྱེན་པ། ལོཙྪ་བ་རིན་ཆེན་རྣམ་རྒྱལ། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། དེས་བདག་ལའོ། །ཐོས་ཡིག་རྒྱ་མཚོ་ལས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན་པས་རྗེས་སུ་བཟུང་བའི་སྐབས་ཏེ་དྲུག་པའོ།། །།སྐད་གཉིས་སྨྲ་བའི་དབང་པོ་ཆོས་ཀྱི་རྗེ་སྐྱབས་མཆོག་དཔལ་བཟང་པོའི་དྲུང་དུ། བླ་མ་ལྔ་བཅུ་པའི་བཤད་པ། བརྟག་གཉིས་ཊཱིཀ་ཆེན་བླ་མ་དམ་པས་མཛད་པའི་བཤད་པ། གསང་འདུས་ཀྱི་སྤྱི་དོན་བཤད་པ། རྩ་ལྟུང་བཅུ་བཞིའི་བཤད་པ། ལམ་འབྲས་སྣང་བ་གསུམ་གྱི་ཁྲིད། བླ་མའི་རྣལ་འབྱོར། ཐུགས་རྗེ་ཆེན་པོའི་སྒོམ་བཟླས་རྣམས་ཐོས། བཀའ་གདམས་ལམ་རིམ་གྱི་ཁྲིད་རྒྱས་པ་ཐོབ་པའི་བརྒྱུད་པ་ནི། མཆིམས་བློ་བཟང་གྲགས་པ། མཁན་ཆེན་ཀུན་དགའ་རྒྱལ་མཚན། ལོཙྪ་བ་སྐྱབས་མཆོག་དཔལ་བཟང་པོ། དེས་བདག་ལའོ། །བློ་སྦྱོང་དོན་བདུན་མའི་ཁྲིད་ཀྱི་བརྒྱུད་པ་ནི། རྒྱལ་སྲས་ཐོགས་མེད། ལོཙྪ་བ་བྱང་ཆུབ་རྩེ་མོ། དེ་གཉིས་ཀ་ལས་ལོཙྪ་བ་སྐྱབས་མཆོག་དཔལ་བཟང་པོས་ཞུས། དེ་ལས་བདག་གིས་ཞུས། དབུ་མ་རྩ་བ་ཤེས་རབ། འགྲེལ་པ་ཚིག་གསལ་དང་བཅས་པའི་བཤད་པ། རིག་པ་དྲུག་ཅུ་པ་དང༌། རྒྱུད་བླ་མ་གཉིས་ཀྱི་ཊཱི་ཀ་ཆོས་ཀྱི་རྗེ་ཉིད་ཀྱིས་མཛད་པའི་བཤད་པ། སོ་སོར་ཐར་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། བཟང་པོ་སྤྱོད་པའི་སྨོན་ལམ། ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཉི་ཤུ་པ། སློབ་དཔོན་དཔའ་བོས་མཛད་པའི་སྨོན་ལམ་བདུན་ཅུ་པ་རྣམས་ཐོས་སོ། །ཐོས་ཡིག་རྒྱ་མཚོ་ལས་ལོཙྪ་བ་སྐྱབས་མཆོག་དཔལ་བཟང་པོས་རྗེས་སུ་བཟུང་བའི་སྐབས་ཏེ་བདུན་པའོ།། །།ཡོན་ཏན་རྒྱ་མཚོའི་མངའ་བདག་ཆོས་ཀྱི་རྗེ། །བཤེས་གཉེན་རྒྱ་མཚོའི་ཚོགས་ཀུན་ཉེར་བསྟེན་ནས། །དམ་ཆོས་རྒྱ་མཚོ་ལེགས་པར་ཐོས་པའི་ཚུལ། །ཐོས་ཡིག་རྒྱ་མཚོ་རྣམ་པར་བཀོད་པ་ལས། །དགེ་བ་རྒྱ་མཚོ་བདག་གིས་གང་ཐོབ་དེས། །སྲིད་པ་རྒྱ་མཚོར་འཁྱམས་པའི་འགྲོ་ཀུན་གྱི། །སྡུག་བསྔལ་རྒྱ་མཚོ་མཐའ་དག་ཉེར་ཞི་ནས། །བདེ་བ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །སངས་རྒྱས་རྒྱ་མཚོའི་ཚོགས་ཀྱིས་ལེགས་གསུངས་ཤིང༌། །ཕན་བདེ་རྒྱ་མཚོའི་གཞི་དང་རྟེན་གྱུར་པའི། །གསུང་རབ་རྒྱ་མཚོའི་ཚོགས་ཀུན་མ་ཉམས་པར། །བསྐལ་པ་རྒྱ་མཚོར་མི་ནུབ་གནས་པར་ཤོག །ཚུལ་ཁྲིམས་རྒྱ་མཚོ་རྣམ་པར་དག་པ་ཡིས། །དགེ་འདུན་རྒྱ་མཚོའི་ཚོགས་ཀུན་ཞབས་བརྟན་ཅིང༌། །དམ་ཆོས་རྒྱ་མཚོའི་སྒྲ་དབྱངས་ལེགས་བསྒྲགས་ནས། །བསྟན་པ་རྒྱ་མཚོ་ཡུན་རིང་གནས་པར་ཤོག །བདག་ཀྱང་དེང་ནས་བཟུང་སྟེ་བྱང་ཆུབ་བར། །རྣམ་དག་དལ་འབྱོར་ལུས་བཟང་རབ་ཐོབ་ནས། །དོན་མེད་འཇིག་རྟེན་བྱ་བས་མ་བཅིངས་པར། །དམ་ཆོས་ཚོལ་ལ་གཅིག་ཏུ་བརྩོན་པར་ཤོག །ཡོན་ཏན་ཀུན་ལྡན་དགེ་བའི་བཤེས་གཉེན་དེ། །རྙེད་དང་བཀུར་སྟི་སྒྲུབ་པའི་མཆོད་པ་དང༌། །ལུས་དང་སྲོག་གི་བར་གྱིས་མཉེས་བྱས་པས། །ཟབ་ཡངས་ཆོས་ཚུལ་ཟབ་མོ་འདོམས་པར་ཤོག །ཇི་ལྟར་ཐོས་པའི་དམ་ཆོས་ཟབ་མོ་རྣམས། །ལུང་རིགས་ཉི་མའི་འོད་ཟེར་ལ་བརྟེན་ནས། །ལམ་ལོག་མུན་པའི་ཚོགས་ཀུན་སུན་ཕྱུང་སྟེ། །མ་ནོར་ལམ་གྱི་སྣང་བ་རྒྱས་པར་ཤོག །ཐོས་དང་བསམ་པའི་ཤེས་རབ་མཐར་ཕྱིན་ནས། །དབེན་པའི་གནས་སུ་གཡེང་བ་ཀུན་སྤངས་ཏེ། །ཞི་གནས་ལྷག་མཐོང་ཟུང་དུ་འཇུག་པ་ཡིས། །ཏིང་འཛིན་ཟབ་མོ་བསྒོམ་ལ་བརྩོན་པར་ཤོག །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་ཕུན་སུམ་ཚོགས་པས་ལེགས་འབྱོར་ནས། །བདེ་གཤེགས་བསྟན་ལ་བྱ་བ་བྱེད་པ་དང༌། །གཅིག་ཏུ་འགྲོ་ལ་ཕན་པ་བྱེད་པར་ཤོག། །།ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ནོད་པའི་ཚུལ་གསལ་བར་བཤད་པ་ཐོས་ཡིག་རྒྱ་མཚོ་ཞེས་བྱ་བ་འདི་ནི། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས། བདེ་བར་གཤེགས་པའི་རིང་ལུགས་པ་མཐའ་དག་གི་གཙུག་གི་ནོར་བུར་གྱུར་པ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་དམ་པ་མང་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་ཤིང་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕྱོགས་གཅིག་ཏུ་བསྡེབས་པའི་ཡི་གེ་པ་ནི། མདོ་ཁམས་སྟོད་པ་བློ་གྲོས་སེང་གེ་ལ་སོགས་པས་བགྱིས་ཏེ་རེ་ཞིག་རྫོགས་སོ།། །།སརྦ་མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply