༼ཇ༽༄༅། །འགྲེལ་པ་དོན་གསལ་གྱི་ངག་དོན་བཞུགས་སོ།།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་ངག་དོན་སྦས་དོན་ཟབ་མོའི་གནད་ཀྱི་སྒྲོན་མེ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་དག་ལྟ་བ་གང་ལ་ལྟ། །ཇི་ལྟར་ལྟ་བ་རྣམ་དག་ཀྱང་། །ཡང་དག་དོན་ལ་ལྟ་བའི་ཚུལ། །སྟོན་མཛད་བླ་མ་ལྷར་བཅས་མཆོད། །མཁའ་ལྟར་རྣམ་དག་ཉེར་ཞིའི་གོ་འཕང་མཆོག་བརྙེས་ཐོག་མ་མི་མངོན་ཡང་། །ཏིང་འཛིན་མངལ་ལྡན་སྟོང་ཉིད་ཡུམ་ལ་ཐབས་མཁས་ས་བོན་གྱིས་བསྐྲུན་ནས། །སྙིང་རྗེའི་མ་མས་བསྐྱངས་པའི་རྒྱལ་སྲས་ཚུལ་འཛིན་སླར་ཡང་མི་མཇེད་འདིར། །རྒྱལ་བའི་མཛད་པས་གྲངས་མེད་ཆོས་སྒོ་འབྱེད་མཛད་མི་ཕམ་མགོན་ལ་འདུད། །མགོན་པོ་གང་གི་གསུང་རབ་མཆོག་ལ་སྔོན་སྦྱང་བག་ཆགས་སད་པ་དང་། །ཚེ་འདིར་དམ་པའི་མགོན་གྱིས་བཟུང་ཞིང་བརྩོན་པ་དུ་མས་སྦྱངས་པའི་མཐུས། །ངེས་དོན་ཟབ་མོའི་དོན་ལ་མི་འཇིགས་སྤོབས་པ་ཐོབ་པ་ལས། །འདིར་ནི་ངག་དོན་གནད་ཀྱི་སྒྲོན་མེ་གཟུར་གནས་བློ་ལྡན་རྣམས་ལ་སྦྱིན། །འདི་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པའི་ཡན་ལག ཡན་ལག་ཅན་གྱི་བསྟན་བཅོས། བསྟན་བཅོས་ཇི་ལྟར་བསྒྱུར་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཐ་སྙད་རྟོགས་པའི་དོན་དུ་མཚན་གྱི་དོན། གཞུང་ཚད་རྟོགས་པའི་དོན་དུ་བམ་པོའི་གྲངས། གུས་པས་འཇུག་པའི་དོན་དུ་ཕྱག་འཚལ་བའོ། །དང་པོ་ནི། རྒྱཾ་གརཾ་རྔོག་ལོ་ཙཱ་བས་འགྲེལ་པ་དོན་གསལ་བསྒྱུར་བའི་ཐོག་མར་མཚན་དོན་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། འགྲེལ་པ་དོན་གསལ་གྱི་གླེགས་བམ་བཙལ་སླ་བའི་ཆེད་ཡིན་པའི་ཕྱིར། དེས་དེའི་ཐོག་མར་རྒྱ་སྐད་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་ཁུངས་བཙུན་པར་ཤེས་པ་དང་སཾ་སྐྲྀ་ཏའི་སྐད་ལ་བག་ཆགས་འཇོག་པའི་ཆེད་ཡོད་པའི་ཕྱིར། དེས་དེའི་ཐོག་མར་བོད་སྐད་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། དབང་རྟུལ་གྱིས་མིང་ཙམ་ཤེས་པ་དང་། དབང་རྣོན་གྱིས་བརྗོད་བྱར་རགས་པ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། བམ་པོ། དེས་དེའི་ཐོག་མར་བམ་གྲངས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། གཞུང་གྲངས་ལྷག་ཆད་སྤོང་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། སངསཾ་རྒྱསཾ་དེས་དེའི་ཐོག་མར་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། འགྱུར་གྱི་བར་ཆད་ཞི་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། བཤད་པ་ལ་འཇུག་པ། བཤད་པ་ཉིད་ཉེ་བར་འགོད་པ། བཤད་པ་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། མཆོད་པར་བརྗོད་པའི་དོན། སློབ་དཔོན་སྔ་མས་ཇི་ལྟར་ཕྱེ་བའི་ཚུལ། རང་ཉིད་ཀྱིས་འགྲེལ་པའི་རྒྱུའོ། །དང་པོ་ནི། ཤེསཾ་རབཾ་སློབ་དཔོན་སེང་གེ་བཟང་པོས་འགྲེལ་པ་དོན་གསལ་རྩོམ་པའི་ཐོག་མར་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། མངོན་པར་རྟོགས་པའི་རྒྱན་གཞུང་རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་དབྱེ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཐོགས་མེད་ཀྱིས་རྣམ་བཤད་མཛད་ཚུལ། དབྱིག་གཉེན་གྱིས་རྣམ་པར་བཀྲལ་ཚུལ། འཕགས་པ་གྲོལ་སྡེས་རྣམ་པར་ཕྱེ་ཚུལ། བཙུན་པ་གྲོལ་སྡེས་རྣམ་བཤད་བྱས་ཚུལ་ལོ། །དང་པོ་ནི། འགྲོ་ལ་བསམ་སྦྱོར་གྱི་ཡོན་ཏན་ཁྱད་པར་ཅན་གཉིས་དང་ལྡན་པའི་ཐོགས་མེད་ཆོས་ཅན། བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད་དེ། མི་ཕམ་མགོན་པོ་ལས་དངོས་སུ་གསན་པ་ལ་བརྟེན་ནས་དེ་ཉིད་རྣམ་ངེས་བརྩམས་པའི་ཕྱིར། གཉིས་པ་ནི། འགྲོཾ་དོནཾ་འགྲོ་དོན་མཆོག་ཏུ་གྱུར་པའི་དབྱིག་གཉེན་ཆོས་ཅན། བསྟན་བཅོས་ཆེན་པོ་རྣམ་པར་བཀྲོལ་ཏེ། སེམས་ཙམ་གྱི་གྲུབ་མཐའ་ལ་བརྟེན་ནས་གཞུང་འགྲེལ་བརྩམས་པའི་ཕྱིར། གསུམ་པ་ནི། འཕགསཾ་པའཾི་འཕགས་པའི་ས་བརྙེས་པའི་གྲོལ་སྡེ་ཆོས་ཅན། བསྟན་བཅོས་ཆེན་པོ་རྣམ་པར་ཕྱེ་སྟེ། དབུ་མ་པའི་གྲུབ་མཐའ་ལ་བརྟེན་ནས་ཉི་ཁྲི་སྣང་བ་བརྩམས་པའི་ཕྱིར། བཞི་པ་ནི། དེཾ་ཡིཾ་དད་པའི་ས་ལ་གནས་པའི་གྲོལ་སྡེ་ཆོས་ཅན། བསྟན་བཅོས་ཆེན་པོའི་རྣམ་བཤད་བྱས་ཏེ། རང་གི་རྟོགས་པ་དང་མཐུན་པར་ཉི་ཁྲི་རྣམ་འགྲེལ་བརྩམས་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། རང་གིས་རྟོགས་པ་གཞན་ལས་ཁྱད་པར་དུ་ཞུགས་པ། དབྱེ་བར་རིགས་པའི་རྒྱུ་མཚན། ཁེངས་པ་སྐྱུང་སྟེ་བརྩམས་པར་དམ་བཅའ་བའོ། །དང་པོ་ནི། དེཾ་ལྟརཾ་སེང་བཟང་ཆོས་ཅན། འགྲེལ་བྱེད་གཞན་ལས་ཡ་མཚན་ཆེ་སྟེ། དབྱིག་གཉེན་དང་བཙུན་གྲོལ་གྱིས་མ་རྙེད་པའི་རྒྱན་གྱི་ཚིག་དོན་རྙེད་པའི་ཕྱིར། གཉིས་པ་ནི། དེཾ་ལྟརཾ་ཡུམ་དོན་ཆོས་ཅན། ཁྱོད་ཕྱིན་ཅི་མ་ལོག་པར་རྙེད་པའི་མཁས་པས་དབྱེ་བར་རིགས་ཏེ། ཁྱོད་རྟོག་གེས་རྙེད་པར་དཀའ་ཞིང་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་རྙེད་དགོས་པས་ཟབ་མོའི་དོན་ཡིན་པའི་ཕྱིར། གསུམ་པ་ནི། རྣམཾ་པཾ་སེང་བཟང་ཆོས་ཅན། ཡུམ་དོན་ཁྱོད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་ཡང་འགྲེལ་པ་རྩོམ་པ་ལ་སྤྲོ་བ་བསྐྱེད་པའི་རྒྱུ་མཚན་ཡོད་དེ། འགྲེལ་པ་བརྩམས་པས་རང་གཞན་ལ་ཕན་འདོགས་པར་འདོད་པའི་སོ་སྐྱེ་ཡིན་པའི་ཕྱིར་རོ། །གཉིས་པ་བཤད་པ་ཉིད་ཉེ་བར་འགོད་པ་ལ་གསུམ་སྟེ། བརྗོད་བྱ་མངོན་རྟོགས་ལ་འཇུག་པའི་ཡན་ལག་མཆོད་བརྗོད། རྗོད་བྱེད་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་པར་རྟོགས་པའོ། །དང་པོ་ལ། མཚམས་སྦྱར། རྩ་བ། འགྲེལ་པ་དང་གསུམ་ལས། དང་པོ་ནི། འཕགཾས་པཾ་མགོན་པོ་བྱམས་པས་རྒྱན་བརྩམས་པའི་ཐོག་མར་ཡུམ་ལ་མཆོད་པར་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་རྩོམ་པ་པོ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པའི་སྒོ་ནས་གདུལ་བྱ་གཞན་ཡུམ་ལ་དྭང་བ་སྐྱེད་པའི་ཆེད་ཡིན་པའི་ཕྱིར། གདུལ་བྱ་གཞན་ཡུམ་ལ་དྭང་བ་སྐྱེད་པ་ཆོས་ཅན། དགོས་པ་ཡོད་དེ། ཡུམ་ལ་དོན་གྱིས་འཇུག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཉཾན་ཐོསཾ་བྱམས་མགོན་ཆོས་ཅན། ཡུམ་ལ་མཆོད་པར་བརྗོད་པ་ཡིན་ཏེ། བྱང་སེམས་ཀྱི་རྒྱུད་ཀྱི་སྐྱེ་མེད་གསུམ་རྟོགས་པའི་མཁྱེན་པས་སངས་རྒྱས་འཕགས་པ་སྐྱེད་བྱེད་ཀྱི་ཡུམ་བྱེད་པ་དང་། སངས་རྒྱས་འཕགས་པའི་སྐྱེ་མེད་གསུམ་རྟོགས་པའི་མཁྱེན་པས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་བདག་རྐྱེན་བྱེད་པ་དང་། འཕགས་པ་སོ་སོའི་སྐྱེ་མེད་གསུམ་རྟོགས་པའི་མཁྱེན་པས་འཕགས་པ་སོ་སོའི་བཞེད་དོན་སྒྲུབ་པའི་ཡུམ་བྱེད་པའི་ཡོན་ཏན་བརྗོད་པའི་སྒོ་ནས་ཡུམ་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར། ཆོས་ཅན་དེ་ཉིད་ཐུགས་དགྱེས་པར་གྱུར་ཅིག གསུམ་པ་ལ་བཞི་སྟེ། དགོས་དོན། བསྡུས་དོན། ཚིག་དོན། བརྒལ་ལན་ནོ། །དང་པོ་ལ་གཉིས་ཏེ། དགོས་པའི་རྐྱེན། དགོས་པ་དངོས་སོ། །དང་པོ་ནི། ཚིགཾས་སུཾ་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱིས་ཡུམ་གྱི་ཡོན་ཏན་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། མཆོད་བརྗོད་ངག་གི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ཡུམ་ལ་དྭང་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དགོས་པ་སོ་སོའི་རང་བཞིན། ཐུན་མོང་གི་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དངོས་ཀྱི་དགོས་པ། བརྒྱུད་པའི་དགོས་པའོ། །དང་པོ་ལ་གཉིས་ཏེ། དབང་རྟུལ་དྭང་བ་སྐྱེ་ཚུལ་དང་། དབང་རྣོན་དྭང་བ་སྐྱེ་ཚུལ་ལོ། །དང་པོ་ནི། དེཾ་ཐོཾས་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱི་ཚིགས་བཅད་ཆོས་ཅན། ཁྱོད་ལ་བརྟེན་ནས་མཆོད་བརྗོད་ངག་གི་གདུལ་བྱ་དབང་རྟུལ་དྭང་བ་བསྐྱེད་དེ། ཁྱོད་ལ་བརྟེན་ནས་ཡུམ་ལ་ཡོན་ཏན་ཡོད་མེད་མི་དཔྱོད་པར་མྱུར་དུ་དྭང་བ་སྐྱེ་བའི་ཕྱིར། གཉིས་པ་ནི། ཆོཾས་ཀྱིཾ་སྔ་མ་དེ་ཆོས་ཅན། ཁྱོད་ལ་བརྟེན་ནས་མཆོད་བརྗོད་ངག་གི་གདུལ་བྱ་དབང་རྣོན་ཡུམ་ལ་དྭང་བ་སྐྱེ་སྟེ། ཁྱོད་ལ་བརྟེན་ནས་དེ་མཁྱེན་གསུམ་གྱིས་འཕགས་བཞིའི་ཡུམ་བྱེད་ཚུལ་ལ་གནོད་པ་མ་མཐོང་ནས་དྭང་བ་སྐྱེ་བའི་ཕྱིར། གཉིས་པ་ནི། དེ་ལ་མཆོད་བརྗོད་ངག་གི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ཡུམ་ལ་དྭང་བ་ཆོས་ཅན། དགོས་པ་ཡོད་དེ། ཡུམ་བརྗོད་བྱར་སྟོན་པའི་གསུང་རབ་ལ་ཐོས་བསམ་གྱིས་འཇུག་པའི་ཆེད་ཡོད་པའི་ཕྱིར། དེ་གཉིས་དེ་ལ་འཇུག་པ་ཆོས་ཅན། དགོས་པ་ཡོད་དེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེཾའི་ཕྱིརཾ་འབྲས་ཡུམ་ལ་དྭང་བའི་དད་པ་ཆོས་ཅན། བྱང་ཆུབ་གསུམ་གྱི་རྟོགས་རིགས་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ཏེ། དེའི་ཐོག་མའི་བྱེད་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་ལཾ་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱི་ཚིགས་བཅད་ཆོས་ཅན། མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཡུམ་ལ་བསྟོད་པ་ཡིན་ཏེ། མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་ཤིང་། མངོན་རྟོགས་བརྒྱད་ལ་འཕགས་བཞིའི་བཞེད་དོན་བསྒྲུབ་པའི་རྟོགས་རིགས་ཚང་བ་རྒྱུ་མཚན་དུ་བྱས་ནས་མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་ཚིགས་བཅད་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པ། དོན་བསྡུས་ཏེ་འཕགས་བཞིའི་ཡུམ་དུ་བསྟན་པའོ། །དང་པོ་ལ་གསུམ་ལས། གཞི་ཤེས་ཀྱི་ཡོན་ཏན་བརྗོད་པ་ནི། ཉཾན་ཐོསཾ་གཞི་ཤེས་ཆོས་ཅན། ཉན་རང་གི་རིགས་ཅན་ཉེར་ཞི་གཉིས་སུ་འཁྲིད་པའི་ཡོན་ཏན་དང་ལྡན་ཏེ། ཉན་རང་གི་རིགས་ཅན་ཉེར་ཞི་གཉིས་སུ་འཁྲིད་པར་བྱེད་པའི་རྟོགས་རིགས་ཡིན་པའི་ཕྱིར་རོ། །ལམ་ཤེས་ཀྱི་ཡོན་ཏན་བརྗོད་པ་ནི། བྱངཾ་ཆུཾབ་ལམ་ཤེས་ཆོས་ཅན། བྱང་ཆུབ་སེམས་དཔས་གཞན་དོན་སྒྲུབ་པའི་ཡོན་ཏན་དང་ལྡན་ཏེ། བྱང་ཆུབ་སེམས་དཔས་གཞན་དོན་སྒྲུབ་པའི་ཐབས་སུ་གྱུར་པའི་རྟོགས་རིགས་ཡིན་པའི་ཕྱིར། རྣམ་མཁྱེན་གྱི་ཡོན་ཏན་བརྗོད་པ་ནི། རྣཾམ་པཾ་རྣམ་མཁྱེན་ཆོས་ཅན། སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་ཡོན་ཏན་དང་ལྡན་ཏེ། སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་བདག་རྐྱེན་བྱེད་པའི་རྟོགས་རིགས་ཡིན་པའི་ཕྱིར། གཉིས་པ་ནི། སཾངས་རྒྱསཾ་འབྲས་ཡུམ་ཆོས་ཅན། བྱམས་མགོན་གྱི་བསྟོད་ཕྱག་གི་ཡུལ་ཡིན་ཏེ། མཆོག་གི་སྤྲུལ་སྐུའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། བཞི་པ་ལ་གཉིས་ཏེ། བརྒལ་བ་དང་། ལན་ནོ། །དང་པོ་ནི། དེཾ་ལྟརཾ་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པས་དངོས་སུ་མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པས་ཤུགས་ལ་མཁྱེན་གསུམ་གྱི་རྒྱན་རྩོམ་པར་དམ་བཅས་ན་གཞི་ཁོ་ན་བརྗོད་བྱར་བསྡུས་པས་མཁྱེན་གསུམ་གྱི་རྒྱན་རྩོམ་མམ། ལམ་ཁོ་ན་བརྗོད་བྱར་བསྡུས་པས་དེའི་རྒྱན་རྩོམ་མམ། རྣམ་པ་ཁོ་ན་བརྗོད་བྱར་བསྡུས་པས་དེའི་རྒྱན་རྩོམ། དང་པོ་ལྟར་ན། ཆོས་མངོན་པ་དང་ཟློས་པའི་སྐྱོན་ཡོད། གཉིས་པ་ལྟར་ན། སྤང་བྱ་མི་རྟོགས་པའི་སྐྱོན་ཡོད། གསུམ་པ་ལྟར་ན། སྐྱེས་བུ་ལ་ཉེ་བར་མཁོ་བའི་དོན་མ་བཤད་པའི་སྐྱོན་ཡོད་དོ་ཅེ་ན། གཉིས་པ་ལ་གསུམ་སྟེ། གཏན་ཚིགས་འགོད། སྒྲུབ་བྱེད་བཤད། མཇུག་བསྡུ་བའོ། །དང་པོ་ནི། དེཾ་ནིཾ་རྒྱན་ཆོས་ཅན། གཞི་གཉེན་རྣམ་པ་གང་རུང་རེ་རེ་ཁོ་ན་བརྗོད་བྱར་བསྡུས་པ་ལ་བཀོད་པའི་སྐྱོན་ཡོད་པ་མ་ཡིན་ཏེ། གཞི་གཉེན་རྣམ་པའི་ཕྱོགས་གསུམ་ཆར་བརྗོད་བྱར་བསྡུས་པའི་ཕྱིར། དེས་ན་རྒྱན་ཆོས་ཅན། འཕགས་པ་བཞི་ཆར་གྱི་རྟོགས་རིགས་བརྗོད་བྱར་བསྡུས་ཏེ། མཁྱེན་གསུམ་བརྗོད་བྱར་བསྡུས་པ་གང་ཞིག མཁྱེན་གསུམ་གྱིས་འཕགས་པ་བཞི་ཆར་གྱི་རྟོགས་རིགས་བསྡུས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལུང་འགོད་པ། ལུང་གི་དོན་བཤད་པའོ། །དང་པོ་ལ་གསུམ་སྟེ། ཡུམ་བར་མའི་ལུང་འགོད། བསྡུས་པའི་ལུང་འགོད། རྒྱས་པའི་ལུང་ཁུངས་འགོད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། འདིཾ་ལྟརཾ་མཁྱེན་གསུམ་ཆོས་ཅན། ཁྱོད་ཀྱིས་འཕགས་བཞིའི་རྟོགས་རིགས་བསྡུས་པ་ཡིན་ཏེ། དེ་ལྟར་དུ་ཡུམ་བར་མ་ལས་དོན་མཐུན་དུ་གསུངས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། གཞི་ཤེས་ཉན་རང་གི་རྟོགས་རིགས་སུ་བསྟན་པ། ལམ་ཤེས་བྱང་སེམས་ཀྱི་རྟོགས་རིགས་སུ་བསྟན་པ། རྣམ་མཁྱེན་སངས་རྒྱས་ཀྱི་རྟོགས་རིགས་སུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་མཚན་དྲི་བ་དང་། རྒྱུ་མཚན་འགོད་པའོ། །དང་པོ་ནི། བཅོམཾ་ལྡཾན་ཅིའི་ཕྱིར་གཞི་ཤེས་ཉན་རང་གི་རྟོགས་རིགས་ཡིན་ཅེ་ན། གཉིས་པ་ནི། རབཾ་འབྱོརཾ་གཞི་ཤེས་ཆོས་ཅན། ཉན་རང་གི་རྟོགས་རིགས་ཡིན་ཏེ། གཞི་བདེན་པའི་སྐྱེ་མེད་དུ་རྟོགས་པའི་རྟོགས་རིགས་གང་ཞིག ལམ་ཤེས་ཀྱི་རྟོགས་རིགས་ཀྱང་མ་ཡིན། རྣམ་མཁྱེན་གྱི་རྟོགས་རིགས་ཀྱང་མ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྒྱུ་མཚན་དྲི་བ་དང་། རྒྱུ་མཚན་འགོད་པའོ། །དང་པོ་ནི། བཅོཾམ་ལྡནཾ་ཅིའི་ཕྱིར་ལམ་ཤེས་བྱང་སེམས་འཕགས་པའི་རྟོགས་རིགས་ཡིན་ཅེ་ན། གཉིས་པ་ནི། རཾབ་འབྱོརཾ་དེ་ཆོས་ཅན། དེ་ཡིན་ཏེ། ཐེག་པ་གསུམ་གྱི་ལམ་གསུམ་ཤེས་ཤིང་སྤངས་རྟོགས་རྫོགས་པར་བྱེད་པ་དང་། རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པའི་རྟོགས་རིགས་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྒྱུ་མཚན་དྲི་བ་དང་། རྒྱུ་མཚན་འགོད་པའོ། །དང་པོ་ནི། བཅོཾམ་ལྡཾན་ཅིའི་ཕྱིར་རྣམ་མཁྱེན་སངས་རྒྱས་འཕགས་པའི་རྟོགས་རིགས་ཡིན་ཅེ་ན། གཉིས་པ་ནི། རཾབ་འབྱོརཾ་དེ་ཆོས་ཅན། དེ་ཡིན་ཏེ། ངོ་བོ་རྒྱུ་འབྲས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་རྟོགས་རིགས་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་བཞིཾན་མཁྱེན་གསུམ་ཆོས་ཅན། འཕགས་བཞིའི་རྟོགས་རིགས་བསྡུས་ཏེ། དེ་བསྡུས་པར་བརྒྱད་སྟོང་པ་ལས་གསུངས་པའི་ཕྱིར། གསུམ་པ་ནི། རྒྱསཾ་པཾར་གཞན་སྔར་དང་འདྲ་བ་ལས་རྒྱས་པ་འབུམ་ལས་ཞེས་སྦྱར་རོ། །གཉིས་པ་ལུང་གི་དོན་བཤད་པ་ལ་གསུམ་སྟེ། གཞི་ཤེས་ཀྱི། ལམ་ཤེས་ཀྱི། རྣམ་མཁྱེན་གྱི་ལུང་གི་དོན་བཤད་པའོ། །དང་པོ་ནི། དེཾ་ལཾ་གཞི་ཤེས་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། དམིགས་རྣམ་འབྲས་བུའི་ཁྱད་པར་དང་ལྡན་པའི་ཕྱིར། གཉིས་པ་ནི། ལཾམ་ཤེསཾ་པཾ་ལམ་ཤེས་ཆོས་ཅན། ཆོས་རྟགས་འདྲ། གསུམ་པ་ནི། རྣཾམ་པཾ་རྣམ་མཁྱེན་ཆོས་ཅན། ཆོས་རྟགས་འདྲའོ། །གསུམ་པ་ནི། དེཾ་ལྟརཾ་རྒྱན་ཆོས་ཅན། འཕགས་བཞིའི་མངོན་རྟོགས་ཀྱི་རིགས་མ་ལུས་པར་བསྟན་ཏེ། གཞི་གཉེན་རྣམ་པ་གསུམ་ཆར་བརྗོད་བྱར་བསྡུས་པའི་སྒོ་ནས་མཁྱེན་གསུམ་གྱི་རྒྱན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །སྐབས་འདིའི་མཁྱེན་གསུམ་གྱི་མིང་ཅན་ཕལ་ཆེ་བ་ནི་གཞུང་འདིའི་བརྗོད་བྱའི་གཙོ་བོ་བྱང་སེམས་ཀྱི་རྒྱུད་ཀྱི་སྐྱེ་མེད་གསུམ་རྟོགས་པའི་རྟོགས་པ་ཡིན་ལ། འབྲས་ཡུམ་ལ་བཞག་པའི་ཚེ་ནི་སངས་རྒྱས་ཀྱི་ས་ལའང་ཤེས་པར་བྱའོ། །འདི་མན་ཆད་དུ་ས་བཅད་དམིགས་བསལ་མེད་པའི་གསུམ་ཞེས་པ་རྣམས་མཚམས་སྦྱར་རྩ་བ་འགྲེལ་པ་གསུམ་ཡིན་ལ། གཉིས་ཞེས་པ་རྣམས་མཚམས་སྦྱར་བ་དང་རྩ་འགྲེལ་ཕྱོགས་གཅིག་ཏུ་བཤད་པ་ཡིན་ཅིང་། དང་གིས་བར་དུ་ཆོད་པའི་མཚམས་གོང་འོག་ནི་རྩ་འགྲེལ་སྡེབས་པའི་གཞུང་གི་མགོ་གཉིས་ཡིན་ནོ། །རྩ་འགྲེལ་སྦྱོར་བ་འགོད་ཚུལ་མི་མཐུན་པ་རྣམས་ལ་རྩ་བའི་སྦྱོར་བ་ནི་རང་ལུགས་ཡིན་པས་འགལ་བར་མི་སེམས་སོ། །གཉིས་པ་རྗོད་བྱེད་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་ལ་གཉིས་ལས། དང་པོ་ནི། སྐྱེཾ་བོཾ་བྱམས་པས་རྒྱན་གྱི་དགོས་འགྲེལ་གྱི་ངག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱན་གྱི་གདུལ་བྱ་རྒྱན་ལ་དགོས་སོགས་ཆོས་བཞི་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའི་སྒོ་ནས་རྒྱན་ལ་འཇུག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་བཞི་ལས། བརྗོད་བྱ་ནི། རྣཾམ་དང་རྣཾམ་ཤེར་ཕྱིན་གྱིས་མདོའི་བརྗོད་བྱར་གྱུར་པའི་མངོན་པར་རྟོགས་པ་བརྒྱད་ཆོས་ཅན། རྒྱན་གྱི་བརྗོད་བྱ་ཡིན་ཏེ། རྒྱན་གྱི་བཤད་པར་བྱ་བ་ཡིན་པའི་ཕྱིར། འགྲེལ་པ་ནི། བརྗོཾད་པཾར་རྒྱན་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་རྗོད་བྱེད་ལ་ཐབས་ཐབས་བྱུང་གི་འབྲེལ་པ་གྲུབ་སྟེ། ཁྱོད་བསྟན་བཅོས་རྣམ་དག་ཡིན་པའི་ཕྱིར། ཉིང་དགོས་ནི། གཞཾན་དང་ཕྱིཾ་རྒྱན་ལ་བརྟེན་ནས་མངོན་པར་རྟོགས་པ་བརྒྱད་ཡོངས་སུ་རྫོགས་པར་མངོན་སུམ་དུ་རྟོགས་པ་ཆོས་ཅན། རྒྱན་གྱི་ཉིང་དགོས་ཡིན་ཏེ། རྒྱན་ལ་བརྟེན་ནས་ཐོབ་པའི་མཐར་ཐུག་གི་འབྲས་བུ་ཡིན་པའི་ཕྱིར། དགོས་པ་ནི། བདེཾ་དང་དགོཾས་རྒྱན་ལ་བརྟེན་ནས་ཤེར་ཕྱིན་གྱི་མདོའི་དོན་བདེ་བླག་དུ་རྟོགས་པ་དེ་ཆོས་ཅན། ཁྱོད་རྒྱན་གྱི་དགོས་པ་ཡིན་ཏེ། ཁྱོད་གང་གི་ཆེད་དུ་རྒྱན་རྩོམ་པའི་ཆེད་དུ་བྱ་བ་ཡིན་པའི་ཕྱིར། གསུམ་པ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་ལ་གསུམ་སྟེ། རྒྱས་པ་ལ་དད་པ་ལ་བརྒྱད་དུ་ཕྱེ། བར་པ་ལ་དད་པ་ལ་དྲུག་ཏུ་བསྟན། བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བསྡུས་དོན་ལུས་རྣམ་བཞག་དང་། ཚིགས་དོན་ཡན་ལག་བརྒྱད་བཤད་དོ། །དང་པོ་ལ་བཞི་སྟེ། དགོས་པའི་སྒོ་ནས་མཚམས་སྦྱར། བཤད་བྱའི་ངག་ཉེ་བར་དགོད། དེ་དག་གིས་བསྡུས་པའི་དོན། རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་ནོ། །དང་པོ་ནི། དེཾ་ལྟརཾ་མགོན་པོ་བྱམས་པས་རྒྱན་གྱི་ལུས་རྣམ་བཞག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱན་ཉན་པ་པོས་རྟོགས་སླ་བ་དང་། འཆད་པ་པོས་བཤད་སླ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལུས་མདོར་བསྟན། ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཇི་ལྟར་བཤད་པའི་ཚུལ། དངོས་པོ་བརྒྱད་དུ་ཕྱེ་བའོ། །དང་པོ་ནི། ཤེཾས་རཾབ་བྱམས་མགོན་ཆོས་ཅན། ཤེར་ཕྱིན་ཡང་དག་པར་བཤད་པ་ཡིན་ཏེ། ཤེར་ཕྱིན་དངོས་པོ་བརྒྱད་ཀྱི་སྒོ་ནས་མདོ་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར། གཉིས་པ་ནི། རྣཾམ་ཀུཾན་རྒྱན་གྱི་ལུས་ཆོས་ཅན། དངོས་པོ་བརྒྱད་དུ་ཡོད་དེ། ཡུལ་མཁྱེན་པ་གསུམ། ཡུལ་ཅན་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བརྒྱད་ལས་རྣམ་མཁྱེན་ནི། སེམཾས་བསྐྱེདཾ་བྱམས་མགོན་ཆོས་ཅན། རྣམ་མཁྱེན་ཡང་དག་པར་བཤད་དེ། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུའི་སྒོ་ནས་མདོ་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར། ལམ་ཤེས་ནི། མོཾག་མོཾག་ལམ་ཤེས་དང་། མཚོན་བྱེད་ཀྱི་ཆོས་བཅུ་གཅིག་སྦྱར་བ་གཞན་འགྲེ། གཞི་ཤེས་ནི། ཤེཾས་པཾ་དཾང་། གཞི་ཤེས་དང་། མཚོན་བྱེད་ཀྱི་ཆོས་དགུ་སྦྱར། རྣམ་ཀུན་ནི། རྣཾམ་པཾ་རྣམ་རྫོགས་སྦྱོར་བ་དང་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་སྦྱར། རྩེ་སྦྱོར་ནི། དེཾ་ཡིཾ། རྩེ་སྦྱོར་དང་མཚོན་བྱེད་ཀྱི་ཆོས་བརྒྱད་སྦྱར། མཐར་གྱིས་པ་ནི། མཐརཾ་གྱིསཾ་མཐར་གྱིས་སྦྱོར་བ་དང་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་སྦྱར། སྐད་ཅིག་མ་ནི། སྐདཾ་ཅིགཾ་སྐད་ཅིག་མའི་སྦྱོར་བ་དང་མཚོན་བྱེད་ཀྱི་ཆོས་བཞི་སྦྱར། འབྲས་བུ་ཆོས་སྐུ་ནི། ངོཾ་བོཾ་བྱམས་མགོན་ཆོས་ཅན། འབྲས་བུ་ཆོས་སྐུ་ཡང་དག་པར་བཤད་དེ། འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞིའི་སྒོ་ནས་མདོ་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར། གསུམ་པ་ནི། དེཾ་ལཾ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཞེས་སོགས་ཀྱི་ཚིགས་བཅད་གཉིས་ཆོས་ཅན། རྒྱན་གྱི་ལུས་མདོར་བསྟན་པ་ཡིན་ཏེ། རྒྱན་གྱི་ལུས་དངོས་པོ་བརྒྱད་དུ་བསྡུས་ནས་བསྟན་པའི་ཕྱིར། ཚིགཾ་ལེཾར་སེམས་བསྐྱེད་པ་དང་། གདམས་ངག་དང་ཞེས་སོགས་ཚིགས་བཅད་བཅུ་གསུམ་ཆོས་ཅན། རྒྱན་གྱི་ལུས་ཅུང་ཟད་བཤད་དེ། དོན་བདུན་ཅུའི་རྐང་གྲངས་ཙམ་དུ་ཕྱེ་ནས་བསྟན་པའི་ཕྱིར། དེཾ་ལྟརཾ་ལུས་རྣམ་བཞག་གི་ཚིགས་བཅད་བཅོ་ལྔ་ཆོས་ཅན། རྒྱན་གྱི་ལུས་ལེགས་པར་བཤད་པ་ཡིན་ཏེ། རྒྱན་གྱི་ལུས་དངོས་པོ་བརྒྱད་དུ་བསྡུས་པ་དང་དོན་བདུན་ཅུར་ཕྱེ་ནས་བསྟན་པའི་ཕྱིར། བཞི་པ་ནི། བསྡུསཾ་པཾའི་སེངྒེ་བཟང་པོ་ཆོས་ཅན། ཡན་ལག་རྒྱས་བཤད་ཀྱི་གོང་དུ་ལུས་རྣམ་གཞག་གི་ཚིག་དོན་རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་ཡོད་དེ། དེ་ལྟར་བཀྲོལ་ན་ཟློས་པའི་ཉེས་པར་འགྱུར་དུ་དོགས་པའི་ཕྱིར། གཉིས་པ་ཚིག་དོན་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐོས་བསམ་གྱིས་གཏན་ལ་དབབ་པའི་ཡུལ། ཉམས་སུ་ལེན་པའི་སྦྱོར་བ། ཉམས་སུ་བླངས་པའི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། འབྲས་བུ་རྣམ་མཁྱེན། རྒྱུ་ལམ་ཤེས། རྣམ་པར་དག་བྱེད་གཞི་ཤེས་སོ། །དང་པོ་ལ་གསུམ་སྟེ། འབྲེལ་དགོད་པས་མཚམས་སྦྱར་མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། དེཾ་ལྟརཾ་མགོན་པོ་བྱམས་པས་སྐབས་བརྒྱད་ཀྱི་དང་པོར་རྣམ་མཁྱེན་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱན་གྱི་གདུལ་བྱ་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བསམ་པ་སེམས་བསྐྱེད་པ། སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་ལོ། །དང་པོ་ལ་བཞི་སྟེ། ངོ་བོ་དམིགས་པའི་སྒོ་ནས་བསྟན། དམིགས་པ་རྒྱས་བསྡུས་མདོ་དང་སྦྱར། རྒྱས་བསྡུས་སྒོ་ནས་དབྱེ་བ་བསྟན། དབྱེ་བ་དེ་ཡི་ས་མཚམས་བཤད་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། སེཾམས་བཾསྐྱེད་བྱམས་མགོན་ཆོས་ཅན། རྣམ་མཁྱེན་གྱི་ཆོས་བཅུའི་དང་པོར་སེམས་བསྐྱེད་འཆད་པའི་རྒྱུ་མཚན་ཡོད་དེ། རྣམ་མཁྱེན་དོན་དུ་གཉེར་བས་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པའི་ཕྱིར། གཉིས་པ་ནི། སེམཾས་དང་སཾངས་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་འདུན་ལྡན་སེམས་བསྐྱེད་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཡིན་ཏེ། ཐེག་ཆེན་ལམ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་འདུན་པ་མཚུངས་ལྡན་དང་བཅས་པ་ཡིན་པའི་ཕྱིར། སློབ་དཔོན་ལྟར་ན། དེ་འདྲའི་འདུན་པ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་འགོད་དོ། །ཐེག་ཆེན་སེམས་བསྐྱེད་ཆོས་ཅན། རྣམ་པ་གཉིས་ཡོད་དེ། སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། ཡཾང་དཾག་ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་སྐབས་ཀྱི་འདོད་པ་ཆོས་ཅན། སེམས་བསྐྱེད་མིན་པར་ཐལ། སེམས་བྱུང་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། རྒྱུ་མིང་འབྲས་བུ་ལ་བཏགས། གྲོགས་མིང་གྲོགས་ཅན་ལ་བཏགས་པའོ། །དང་པོ། བདེཾན་མོཾད་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། ཁྱོད་ལ་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པའི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་དེ། ཁྱོད་རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པ་དེའི་འབྲས་བུ་ཡིན་པའི་ཕྱིར། དེ་ལ་དེའི་མིང་གིས་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། གཞན་དོན་དོན་གཉེར་གྱི་འདུན་པ་ཡོད་ན་དགེ་བའི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་རོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྣཾམ་པཾ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། ཁྱོད་ལ་རང་གི་གྲོགས་བྱང་ཆུབ་དོན་གཉེར་གྱི་སྨོན་ལམ་གྱི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་དེ། ཁྱོད་དེ་དང་མཚུངས་ལྡན་ཡིན་པའི་ཕྱིར། དེ་ལ་དེའི་མིང་གིས་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམས་ལ་སྨོན་ལམ་དང་མཚུངས་ལྡན་གྱི་སེམས་བསྐྱེད་སྐྱེའོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། འདི་དག་ནི་སློབ་དཔོན་སེམས་བསྐྱེད་གཙོ་སེམས་སུ་འདོད་པའི་རྩོད་ལན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། ཡཾང་གཾང་དེ་དང་དེ་ནི་མདོ་བཞིན་དུ་ཞེས་སོགས་ཚིག་རྐང་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སེམས་བསྐྱེད་ཀྱི་དམིགས་པ་བྱང་ཆུབ་དང་གཞན་དོན་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་དཾང་རྒྱན་གཞུང་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཀྱི་དམིགས་པ་ཡང་དག་པར་བཤད་པ་ཡིན་ཏེ། དེའི་དམིགས་པ་བྱང་ཆུབ་དང་གཞན་དོན་གཉིས་མདོར་བསྟན་དང་རྒྱས་བཤད་གཉིས་གཉིས་ཀྱི་སྒོ་ནས་མདོ་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། ཡུམ་གསུམ་ཆར་གྱི་ཁུངས་སྨོས་པ། ཡུམ་བར་མའི་མདོ་དང་སྦྱར་བ། རྒྱས་བསྡུས་གཉིས་ཀྱི་ལུང་ཚིག་མ་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ནི། རྒྱལཾ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། གཞན་དོན་དང་བྱང་ཆུབ་ལ་དམིགས་པ་ཡིན་ཏེ། དེ་ལ་དམིགས་པ་ཡུམ་གསུམ་ཆར་ལས་དོན་མཐུན་དུ་གསུངས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ལུང་དྲངས་པ། རྩ་བའི་ཚིག་དོན་བཤད་པ། དོན་བསྡུ་བའོ། །དང་པོ་ནི། ཤེཾས་རཾབ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པའི་མདོ་ཆོས་ཅན། བྱང་ཆུབ་མདོར་བསྟན་པ་ཡིན་ཏེ། བྱང་ཆུབ་ཀྱི་མིང་ཙམ་སྨོས་པའི་ཕྱིར། སྦྱིནཾ་པཾ་སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་གྱིས་ཞེས་སོགས་ཀྱི་མདོ་ཆོས་ཅན། བྱང་ཆུབ་རྒྱས་པར་བཤད་པ་ཡིན་ཏེ། བྱང་ཆུབ་ཀྱི་ངོ་བོ་ཕར་ཕྱིན་དྲུག་དུ་ཕྱེ་ནས་བཤད་པའི་ཕྱིར། སེཾམས་ཅཾན། བྱང་སེམས་ཆེན་པོ་ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་ཀླུང་གི་ཞེས་སོགས་ཀྱི་མདོ་ཆོས་ཅན། གཞན་དོན་མདོར་བསྟན་པ་ཡིན་ཏེ། གཞན་དོན་གྱི་ཐབས་མ་ཕྱེ་བར་བསྟན་པའི་ཕྱིར། སེཾར་སྣཾ་སེར་སྣ་ཅན་རྣམས་སྦྱིན་པ་ལ་འགོད་པར་འདོད་པས་ཞེས་སོགས་ཀྱི་མདོ་ཆོས་ཅན། གཞན་དོན་རྒྱས་པར་བཤད་པ་ཡིན་ཏེ། གཞན་དོན་གྱི་ཐབས་ཕྱེ་ནས་བསྟན་པའི་ཕྱིར། གཉིས་པ་ནི། ངཾག་གིཾས་རྒྱན་གྱི་ངག་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཀྱི་དམིགས་པ་ཡང་དག་པར་བརྗོད་པ་ཡིན་ཏེ། བྱང་ཆུབ་དང་གཞན་དོན་གཉིས་མདོ་བཞིན་དུ་རྒྱས་བསྡུས་གཉིས་གཉིས་ཀྱི་སྒོ་ནས་བསྟན་པའི་ཕྱིར། གསུམ་པ་ནི། དེཾ་ལྟརཾ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པ་ཡིན་ཏེ། དེ་ལྟར་དུ་མདོ་ལས་བསྟན་པའི་ཕྱིར། གསུམ་པ་ནི། གཙུགཾ་ལཾག་སེང་བཟང་ཆོས་ཅན། སེམས་བསྐྱེད་ཀྱི་དམིགས་པ་འཆད་པའི་འགྲེལ་པ་དོན་གསལ་གྱི་སྐབས་འདིར་རྒྱས་བསྡུས་གཉིས་ཀྱི་ལུང་དངོས་སུ་མ་བྲིས་པའི་རྒྱུ་མཚན་ཡོད་དེ། འགྲེལ་པ་དོན་གསལ་ཚིག་མང་དུ་དོགས་པའི་ཕྱིར། གསུམ་པ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་དེ་ཡང་ས་གསེར་ཟླ་བ་མེ་ཞེས་སོགས་ཚིགས་བཅད་གཉིས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་དབྱེ་བ་བདེ་བླག་ཏུ་རྟོགས་པའི་ཆེད་ཡོད་པའི་ཕྱིར། གཉིས་པ་ནི། དེཾ་ཡངཾ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། དམིགས་པའི་སྒོ་ནས་ཉེར་གཉིས་ཡོད་དེ། བྱང་ཆུབ་དང་གཞན་དོན་མདོར་བསྡུས་པ་ལ་དམིགས་པའི་སྒོ་ནས་གཅིག བྱང་ཆུབ་རྒྱས་པ་ལ་དམིགས་པའི་སྒོ་ནས་གསུམ། གཞན་དོན་རྒྱས་པ་ལ་དམིགས་པའི་སྒོ་ནས་བཅོ་བརྒྱད་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། སོ་སོར་བཤད་པ་དང་དོན་བསྡུ་བའོ། །དང་པོ་ནི། འདུཾན་པཾ་དེ་ཆོས་ཅན། མཚུངས་ལྡན་གྱི་སྒོ་ནས་ཉེར་གཉིས་ཡོད་དེ། དེའི་སྒོ་ནས་འདུན་པ་དང་མཚུངས་པར་ལྡན་པ་ནས་ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པའི་བར་རྣམས་སུ་ཡོད་པའི་ཕྱིར། སཾ་དཾང་དེ་ཆོས་ཅན། དཔེའི་སྒོ་ནས་ཉེར་གཉིས་ཡོད་དེ། དཔེའི་སྒོ་ནས་ས་ལྟ་བུ་ནས་སྤྲིན་ལྟ་བུའི་བར་རྣམས་སུ་ཡོད་པའི་ཕྱིར། ཆོསཾ་དཀཾར་དེ་ཆོས་ཅན། ཆོས་མཐུན་གྱི་སྒོ་ནས་ཉེར་གཉིས་ཡོད་དེ། དེའི་སྒོ་ནས་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོར་རུང་བ་ནས་མཛད་པ་བཅུ་གཉིས་སྟོན་པའི་བར་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། དེཾ་ལྟཾར་ས་གསེར་ཟླ་བ་མེ་ཞེས་སོགས་ཀྱི་ཚིགས་བཅད་གཉིས་ཆོས་ཅན། སེམས་བསྐྱེད་ཉི་ཤུ་རྩ་གཉིས་བཤད་དེ། དཔེའི་སྒོ་ནས་འདུན་ལྡན་སེམས་བསྐྱེད་སོགས་འཕངས་པའི་རྒྱན་ཚིག་ཡིན་པའི་ཕྱིར། བཞི་པ་ནི། དེཾ་ལཾ་ཐེག་ཆེན་གྱི་སེམས་བསྐྱེད་ཆོས་ཅན། ཐེག་ཆེན་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས། སངས་རྒྱས་ཀྱི་སའི་རྗེས་ཐོབ་ཀྱི་བར་དུ་ཡོད་པའི་ཕྱིར། གཉིས་པ་སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་ལ་གསུམ་སྟེ། ཐེག་ཆེན་གྱི་སྒྲུབ་པ་ཙམ་ལ་འཇུག་ཚུལ། ཕྱིར་མི་ལྡོག་པའི་སྒྲུབ་པ་ལ་འཇུག་ཚུལ། དེ་གཉིས་ཀའི་ཐུན་མོང་གི་ཆོས་བཤད་པའོ། །དང་པོ་ལ་གཉིསཾ་ཏེ། གདམས་ངག་བཅུ་སྤྱིར་བསྟན། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དབྱེཾ་བཾ་ཐེག་ཆེན་གྱི་སེམས་བསྐྱེད་ཀྱི་དབྱེ་བའི་འོག་ཏུ་ཐེག་ཆེན་གྱི་གདམས་ངག་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་སེམས་བསྐྱེད་ཀྱི་དབྱེ་བས་འཕངས་པའི་ཡོན་ཏན་མ་ཐོབ་པ་ཐོབ་པ་དང་ཐོབ་ཟིན་མངོན་པར་འཕེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྒྲུབཾ་དཾང་སྐབས་འདིར་བསྟན་གྱི་ཐེག་ཆེན་གྱི་གདམས་ངག་ཆོས་ཅན། རྣམ་པ་བཅུར་གྲངས་ངེས་ཏེ། གདམས་བྱའི་ཡུལ་བཅུར་གྲངས་ངེས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ་དང་། སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་འདོམས་པའོ། །དང་པོ་ནི། བྱངཾ་ཆུཾབ་ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པས་ནི་བྱང་ཆུབ་སེམས་དཔའ་ཡང་དག་པར་མི་མཐོང་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ཡིན་ཏེ། ཡུལ་བདེན་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་སྒྲུབ་པ་རང་གི་ངོ་བོ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། གཉིས་པ་ལ་བརྒྱད་ལས། དང་པོ་སྒྲུབ་པའི་དམིགས་པ་ལ་འདོམས་པ་ནི། སྡུགཾ་བསྔལཾ་ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོས་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། སྡུག་བསྔལ་བདེན་པ་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་ཞེས་པ་ཡན་ཆད་འགྲེ་སྡུག་བསྔལ་བདེན་པའི་སྟོང་ཉིད་དང་ཡུལ་ཅན་ཤེར་ཕྱིར་གཉིས། དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་གཅིག་པ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། ཀུནཾ་འཾབྱུང་གཟུགས་སྐྱེ་བའི་ཆོས་ཅན་དང་། འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། ཀུན་འབྱུང་བདེན་པ་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་ཀུན་འབྱུང་བདེན་པ་སྔར་མེད་གསར་དུ་ཀུན་འབྱུང་བ་སོགས་ཀྱི་སྤྲོས་པ་དང་བྲལ་བ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། འགོཾག་པཾ་ཤཱ་རིའི་བུ་སྟོང་པ་ཉིད་དེ་ནི་མི་སྐྱེ་མི་འགག་ཅིང་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། འགོག་བདེན་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་གློ་བུར་དྲི་བྲལ་གྱི་སྟོང་ཉིད་གཟུགས་ནས་བྱང་ཆུབ་ཀྱི་བར་གྱི་སྤྲོས་པ་དང་བྲལ་བ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། ལཾམ་ལཾ་ཤེར་ཕྱིན་ལ་སྤྱོད་པ་ན་བདག་ཉིད་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། ལམ་བདེན་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་དོན་དམ་པར་ཕན་ཚུན་བསྒོམ་བྱ་སྒོམ་བྱེད་ཀྱི་སྤྲོས་པ་དང་བྲལ་བ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། གཉིས་པ་སྒྲུབ་པའི་རྟེན་ལ་འདོམས་པ་ནི། སངས་རྒྱས་དེ་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་ལ་ཐཾམས་ཅད་མཁྱེན་པ་ཉིད་ཀྱིསཾ་སྦྱོར་བར་མི་བྱེད་དོ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། སངས་རྒྱས་དཀོན་མཆོག་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་སངས་རྒྱས་དང་བྱང་ཆུབ་དབྱིངས་དང་ཡེ་ཤེས་སུ་ཞེན་པ་བཀག་པ་སོགས་ཀྱི་སངས་རྒྱས་དཀོན་མཆོག་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། ཆོཾས་ལཾ་དེ་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། ཆོས་དཀོན་མཆོག་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་གཞི་གཉེན་རྣམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། དགེཾ་འདུཾན། བཅོམ་ལྡན་འདས་གང་ཞིག་ཤེར་ཕྱིན་གྱི་གནས་པ་འདིས་གནས་པའི་བྱང་ཆུབ་སེམས་དཔའ་དེ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་ནི་གང་དུ་སྐྱེ་བར་འགྱུར་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། དགེ་འདུན་དཀོན་མཆོག་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་རང་བཞིན་གྱི་སྐྱེ་བ་མེད་པ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། གསུམ་པ་སྒྲུབ་པ་ཁྱད་བར་དུ་འགྲོ་བའི་རྒྱུ་ལ་འདོམས་པ་ནི། བརྩོནཾ་འཾགྲུས། བཅོམ་ལྡན་འདས་བྱང་སེམས་ཆེན་པོའི་ལུས་ཀྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། མ་ཞེན་པའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོར་ལུས་སོགས་ངོ་བོ་ཉིད་མེད་པར་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། བཞི་པ་སྒྲུབ་པ་ཕྱིར་མི་ལྡོག་པར་འགྲོ་བའི་རྒྱུ་ལ་འདོམས་པ་ནི། དུཾས་ཡུཾན་གཟུགས་ལ་རློམ་སེམས་མེད་པ་དང་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་སྒྱིད་ལུག་པའི་ལེ་ལོའི་གཉེན་པོར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བདེན་པར་རློམ་པ་མེད་པ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། ལྔ་པ་སྒྲུབ་པ་ཐེག་པ་གཞན་གྱིས་མི་འགྲོ་བའི་རྒྱུ་ལ་འདོམས་པ་ནི། ཕྱོགཾས་བཾཅུ་ཤཱ་རིའི་བུ་བྱང་སེམས་ཆེན་པོ་ཡེ་ཤེས་གང་དག་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་སེམས་ཞུམ་པའི་ལེ་ལོའི་གཉེན་པོར་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། དྲུག་པ་སྒྲུབ་པ་གཞན་གྱི་དྲིང་མི་འཇོག་པར་འགྲོ་བའི་རྒྱུ་ལ་འདོམས་པ་ནི། ཤའིཾ་དངཾ་ཤཱ་རིའི་བུ་བྱང་སེམས་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དེ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། སྤྱན་ལྔ་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་སྤྱན་ལྔ་ཡུལ་ཡུལ་ཅན་རྣམས་དེ་བཞིན་ཉིད་དུ་གཅིག་པ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། བདུན་པ་སྒྲུབ་པ་རྣམ་མཁྱེན་རྫོགས་པའི་རྒྱུ་ལ་འདོམས་པ་ནི། རྫུཾ་འཕྲུཾལ་དེ་ནི་ས་ཆེན་པོ་འདིའང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། མངོན་ཤེས་དྲུག་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་མངོན་ཤེས་དྲུག་གཟོད་མ་ནས་ཞི་བ་ཉིད་དུ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། བརྒྱད་པ་སྒྲུབ་པ་མཐར་ཐུག་པའི་རྒྱུ་ལ་འདོམས་པ་ནི། མཐོཾང་བཾའི་རབ་འབྱོར་ཁྱོད་བྱང་སེམས་ཆེན་པོ་རྣམས་ལ་ཤེར་ཕྱིན་ལས་བརྩམས་ཏེ་སྤོབས་པ་སྐྱེད་ཅིག་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། མཐོང་ལམ་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་མཐོང་སྤང་གི་གཉེན་པོར་མཐོང་ལམ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། འདུཾས་བྱསཾ་རབ་འབྱོར་འདུས་བྱས་ཀྱི་དབྱིངས་མེད་པར་འདུས་མ་བྱས་ཀྱི་དབྱིངས་གདགས་པར་མི་ནུས་སོ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། སྒོམ་ལམ་ལ་འདོམས་པའི་གདམས་ངག་ཡིན་ཏེ། སྒོ་ནས་སྒོམ་སྤང་གི་གཉེན་པོར་སྒོམ་ལམ་ཉམས་སུ་ལེན་ཚུལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་ལྟརཾ་ཐེག་ཆེན་གྱི་གདམས་ངག་ཆོས་ཅན། ཁྱོད་ལ་རྣམ་པ་བཅུར་གྲངས་ངེས་ཏེ། ཁྱོད་ཀྱི་གདམས་བྱའི་ཡུལ་བཅུ་པོ་དེས་རྣམ་མཁྱེན་དོན་གཉེར་གྱི་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་ཏེ། ཁྱོད་ཀྱི་གདམས་བྱའི་ཡུལ་དེ་ལ་སྒྲུབ་པའི་རྣམ་པ་ནས། སྒྲུབ་པ་མཐར་ཐུག་པར་འགྲོ་བའི་རྒྱུའི་བར་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་རྟོགས་དཀའ་བ་བྱེ་བྲག་དུ་བཤད་པ་ལ་གསུམ་ལས། དང་པོ་ནི། དགེཾ་འཾདུན་དབང་པོ་རྟུལ་དང་རྣོན་པོ་དག་ཞེས་སོགས་ཚིགས་བཅད་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གི་རབ་དབྱེ་བདེ་བླག་དུ་རྟོགས་པའི་ཆེད་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཉན་ཐོས་ཀྱི་དགེ་འདུན་གྱི་མིང་ཅན་དང་། རང་རྒྱལ་གྱི་དགེ་འདུན་གྱི་མིང་ཅན་ནོ། །དང་པོ་ལ་གསུམ་སྟེ། ཞུགས་པའི་འབྲས་གནས་ཙམ་པོའི། འབྲས་གནས་ཁྱད་པར་ཅན་གྱི་མིང་ཅན་ནོ། །དང་པོ་ནི། དབཾང་པོཾ། བྱང་སེམས་འཕགས་པ་ཆོས་ཅན། ཁྱོད་ལ་ཞུགས་པའི་མིང་ཅན་གཉིས་ཡོད་དེ། ཁྱོད་ལ་དད་པའི་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་གི་མིང་ཅན་གཉིས་ཡོད་པའི་ཕྱིར། གཉིས་པ་ནི། དཾད་དཾང་དེ་ཆོས་ཅན། ཁྱོད་ལ་འབྲས་གནས་ཙམ་པོའི་མིང་ཅན་དྲུག་ཏུ་ཡོད་དེ། ཁྱོད་ལ་རྒྱུན་ཞུགས་འབྲས་གནས་ཙམ་པོ་དད་མོས་མཐོང་ཐོབ་གཉིས། ཕྱིར་འོང་འབྲས་གནས་ཙམ་པོ་དད་མོས་མཐོང་ཐོབ་གཉིས། ཕྱིར་མི་འོང་འབྲས་གནས་ཙམ་པོ་དད་མོས་མཐོང་ཐོབ་གཉིས་ཀྱི་མིང་ཅན་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། རིཾགས་ནཾས་དེ་ཆོས་ཅན། ཁྱོད་ལ་འབྲས་གནས་ཁྱད་པར་ཅན་གྱི་མིང་ཅན་བཅུ་གཅིག་ཡོད་དེ། ཁྱོད་ལ་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གཅིག ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གཅིག ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་དགུའི་མིང་ཅན་རྣམས་སུ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཕྱི་མ་དགུ་པོ་དེ་ཡོད་དེ། ཁྱོད་ལ་འདའ་བ་བཞི། འོག་མིན་མཐར་ཐུག་འགྲོ། སྲིད་རྩེའི་མཐར་ཐུག་འགྲོ། གཟུགས་ཀྱི་ཆགས་བཅོམ། མཐོང་ཆོས་ཞི། ལུས་མངོན་བྱེད་ཀྱི་མིང་ཅན་རྣམས་སུ་ཡོད་པའི་ཕྱིར། འདི་དག་རྩ་བ་དང་། ཉི་སྣང་གི་དགོངས་པ་ཡིན་ཚུལ་དོགས་གཅོད་དང་བཅས་པ་ངག་ལས་ཤེས་པར་བྱའོ། །གཉིས་པ་ནི། བསེཾ་རུཾ་དེ་ཆོས་ཅན། བསེ་རུ་ལྟ་བུའི་མིང་གིས་གདགས་སུ་རུང་སྟེ། སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་ཞིང་ཁམས་སུ་སྒྲ་མེད་ལུས་ཀྱིས་ཆོས་སྟོན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཉན་ཐོས་ཀྱི་དང་། རང་རྒྱལ་གྱི་དགེ་འདུན་གྱི་མིང་ཅན་ནོ། །དང་པོ་ལ་ཟུང་བཞི་ལས། དང་པོ་རྒྱུན་ཞུགས་ཀྱི་སྐོར་ལ་ཞུགས་པ་ནི། འཆཾད་པཾར་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་པའི་བྱང་སེམས་ཆོས་ཅན། རྒྱུན་ཞུགས་ཞུགས་པའི་མིང་གིས་གདགས་སུ་རུང་སྟེ། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་བྱང་སེམས་ཡིན་པའི་ཕྱིར། དེ་ལ་གནས་པའི་བྱང་སེམས་དབང་རྟུལ་ཆོས་ཅན། དད་པའི་རྗེས་འབྲང་གི་མིང་གིས་གདགས་སུ་རུང་སྟེ། དད་པ་ལྷག་པས་འབྲས་བུའི་རྗེས་སུ་སྦྱོང་བའི་བྱང་སེམས་ཡིན་པའི་ཕྱིར། དེ་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། ཆོས་ཀྱི་རྗེས་འབྲང་གི་མིང་གིས་གདགས་སུ་རུང་སྟེ། ཤེས་རབ་ལྷག་པས་འབྲས་བུའི་ཆེད་དུ་སྦྱོར་བའི་བྱང་སེམས་ཡིན་པའི་ཕྱིར། འབྲས་གནས་ལ་ཙམ་པོ་ནི། རྒྱུནཾ་དུཾ། སྔར་སྒོམ་སྤང་མ་སྤངས་པའི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་གནས་པའི་བྱང་སེམས་ཆོས་ཅན། རྒྱུན་དུ་ཞུགས་པའི་མིང་གིས་གདགས་སུ་རུང་སྟེ། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་བྱང་སེམས་ཡིན་པའི་ཕྱིར། ཁྱད་པར་ཅན་ནི། དེཾ་ཉིདཾ་འདོད་པའི་ལྷའི་སྐྱེ་བ་རིས་མཐུན་གཉིས་སམ་གསུམ་བླངས་ནས་སངས་རྒྱ་བའི་ཚུལ་སྟོན་པའི་བྱང་སེམས་ཆོས་ཅན། ལྷའི་རིགས་ནས་རིགས་སྐྱེའི་མིང་གིས་གདགས་སུ་རུང་སྟེ། དེ་དང་སྐྱེ་བ་ལེན་ཚུལ་མཚུངས་པའི་ཕྱིར། ཟུང་གཉིས་པ་ལ་ཞུགས་པ་ནི། དབངཾ་པོཾ། འདོད་པའི་སྒོམ་སྤང་ལྔ་པ་སྤངས་ནས་དྲུག་པ་སྤོང་བ་ལ་བརྩོན་པའི་བྱང་སེམས་ཆོས་ཅན། ཕྱིར་འོང་ཞུགས་པའི་མིང་གིས་གདགས་སུ་རུང་སྟེ། འདོད་པའི་སྒོམ་སྤངས་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཡིན་པའི་ཕྱིར། འབྲས་གནས་ལ་ཙམ་པོ་ནི། ལནཾ་གཅིཾག་འདོད་པའི་སྒོམ་སྤངས་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་སེམས་ཆོས་ཅན། ལན་གཅིག་ཕྱིར་འོང་གི་མིང་གིས་གདགས་སུ་རུང་སྟེ། འདོད་པའི་སྒོམ་སྤངས་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པ་ཡིན་པའི་ཕྱིར། ཁྱད་པར་ཅན་ནི། དེཾ་ཉིདཾ་འདོད་པ་ཁམས་སུ་སྐྱེ་བ་ལན་གཅིག་བླངས་ནས་སངས་རྒྱ་བའི་ཚུལ་སྟོན་པའི་བྱང་སེམས་ཆོས་ཅན། བར་ཆད་གཅིག་པའི་མིང་གིས་གདགས་སུ་རུང་སྟེ། དེ་དང་སྐྱེ་བ་ལེན་ཚུལ་མཚུངས་པའི་ཕྱིར། ཟུང་གསུམ་པ་ལ་ཞུགས་པ་ནི། སྔཾ་མཾ་འདོད་པའི་སྒོམ་སྤངས་དགུ་པ་སྤོང་བ་ལ་བརྩོན་པའི་བྱང་སེམས་ཆོས་ཅན། ཕྱིར་མི་འོང་ཞུགས་པའི་མིང་གིས་གདགས་སུ་རུང་སྟེ། འདོད་པའི་སྒོམ་སྤངས་དགུ་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱིས་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཡིན་པའི་ཕྱིར། འབྲས་གནས་ལ་ཙམ་པོ་ནི་མ་གསུངས་ལ། ཁྱད་པར་ཅན་ལ་འདའ་བ་ཞི། གོང་འཕོ་གསུམ། སྲིད་རྩེའི་མཐར་ཐུག་འགྲོ་གཉིས་ཏེ་ཚན་པ་གསུམ་ལས། དང་པོ་ནི། ཕྱིརཾ་མིཾ། གཟུགས་ཀྱི་བར་དོར་སངས་རྒྱ་བའི་ཚུལ་སྟོན་པ་དང་། གཟུགས་སུ་སྐྱེས་ཙམ་ནས་སངས་རྒྱ་བའི་ཚུལ་སྟོན་པ་དང་། གཟུགས་སུ་སྐྱེས་ནས་ལམ་ལ་འབད་རྩོལ་དང་བཅས་ཏེ་སངས་རྒྱ་བའི་ཚུལ་སྟོན་པ་དང་། ལམ་ལ་འབད་རྩོལ་མེད་པར་སངས་རྒྱ་བའི་ཚུལ་སྟོན་པའི་བྱང་སེམས་བཞི་པོ་ཆོས་ཅན། རིམ་པ་ལྟར་བར་འདའ་བ་དང་། སྐྱེས་འདའ་བ་དང་། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་དང་། མངོན་པར་འདུ་བྱེད་མེད་པར་འདའ་བའི་མིང་གིས་གདགས་སུ་རུང་སྟེ། དེ་དག་དང་སྐྱེ་བ་ལེན་ཚུལ་མཚུངས་པའི་ཕྱིར། གཉིས་པ་ནི། དེཾ་ཉིདཾ་ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེས་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བའི་ཚུལ་སྟོན་པའི་བྱང་སེམས་ཆོས་ཅན། འོག་མིན་མཐར་ཐུག་འགྲོའི་མིང་གིས་གདགས་སུ་རུང་སྟེ། དེ་དང་སྐྱེ་བ་ལེན་ཚུལ་མཚུངས་པའི་ཕྱིར། དབྱེ་ན་གསུམ་ལས། ཕྱི་མ་ཚངས་རིས་སུ་སྐྱེས་ཏེ། བར་གྱི་གནས་གཞན་རྣམས་དོར་བ་འོག་མིན་དུ་སངས་རྒྱ་བའི་ཚུལ་སྟོན་པ་དང་། ཚངས་རིས་ནས་གཙང་མའི་འོག་མ་གསུམ་གང་རུང་དུ་སྐྱེས་ནས་བར་གྱི་གནས་གཞན་རྣམས་བརྒལ་ཏེ། འོག་མིན་དུ་སྐྱེས་ནས་སངས་རྒྱ་བའི་ཚུལ་སྟོན་པ་དང་། ཚངས་རིས་ནས་འོག་མིན་གྱི་བར་དུ་རིམ་པ་བཞིན་དུ་སྐྱེས་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བའི་ཚུལ་སྟོན་པའི་བྱང་སེམས་ཆོས་ཅན། རིམ་པ་ལྟར་འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བའི་མིང་གིས་གདགས་སུ་རུང་སྟེ། དེ་དག་དང་སྐྱེ་བ་ལེན་ཚུལ་མཚུངས་པའི་ཕྱིར། གསུམ་པ་ནི། དེཾ་ཉིདཾ་གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་བྱང་སེམས་ཆོས་ཅན། སྲིད་རྩེའི་མཐར་ཐུག་འགྲོའི་མིང་གིས་གདགས་སུ་རུང་སྟེ། བཞེད་ན་གཟུགས་མེད་བཞི་ལ་འཇུག་ནུས་པའི་ཕྱིར། དབྱེ་ན་གཉིས་ལས། མཐོང་བའི་ཆོས་ལ་བྱང་ཆུབ་མངོན་དུ་བྱེད་པའི་བྱང་སེམས་ཆོས་ཅན། མཐོང་ཆོས་བཞིའི་མིང་གིས་གདགས་སུ་རུང་སྟེ། དེ་དང་བྱང་ཆུབ་ཐོབ་ཚུལ་མཚུངས་པའི་ཕྱིར། རྣམ་ཐར་བརྒྱད་ཀྱི་ཏིང་ངེ་འཛིན་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་བྱང་སེམས་ཆོས་ཅན། ལུས་མངོན་བྱེད་ཀྱི་མིང་གིས་གདགས་སུ་རུང་སྟེ། དེ་དང་ཡོན་ཏན་ཐོབ་ཚུལ་མཚུངས་པའི་ཕྱིར། ཟུང་བཞི་པ་ལ་ཞུགས་པ་ནི། དགྲཾ་བཅོཾམ་སྲིད་རྩེའི་སྒོམ་སྤངས་དགུ་པ་སྤོང་བ་ལ་བརྩོན་པའི་བྱང་སེམས་ཆོས་ཅན། དགྲ་བཅོམ་ཞུགས་པའི་མིང་གིས་གདགས་སུ་རུང་སྟེ། ཁམས་གསུམ་གྱི་སྒོམ་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་བྱང་སེམས་ཡིན་པའི་ཕྱིར། གཉིས་པ་ནི། རཾང་སཾངས་རྩ་བའི་ངག་དོན་འགོད། ཉན་ཐོས་ཀྱི་དགེ་འདུན་གྱི་མིང་ཅན་རྣམས་མདོ་ལས་སྐྱེ་བ་ལེན་ཚུལ་གྱི་ཆོས་མཐུན་འབའ་ཞིག་གསུངས་པས་སྐྱེ་བ་ལེན་ཚུལ་གསུངས་པའི་ཕྱིར་ཞེས་པ་འབའ་ཞིག་གིས་ཆོག་མོད་ཀྱི། འདིར་ཞུགས་པ་དང་། འབྲས་གནས་ཙམ་པོ་རྣམས་སྤངས་པའི་སྒོ་ནས་བཞག་པ་ནི་ཉི་སྣང་གི་རྗེས་སུ་འབྲང་བའོ། །གཉིས་པ་ཕྱིར་མི་ལྡོག་པའི་སྒྲུབ་པ་ལ་བཞི་སྟེ། སྒྲུབ་པ་སྐྱེས་པའི་གནས་སྐབས། སྒྲུབ་པའི་རྟེན། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། ལཾས་དཾང་བྱམས་མགོན་ཆོས་ཅན། ཐེག་ཆེན་གྱི་གདམས་ངག་གི་འོག་ཏུ་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་འཆད་པའི་རྒྱུ་མཚན་ཡོད་དེ། ལས་དང་པོ་པ་ཐེག་ཆེན་གྱི་གདམས་ངག་ཐོབ་པ་ལས། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་འབྱུང་བའི་ཕྱིར། གཉིས་པ་ནི། དམིཾགས་པཾ་རྟེན་དང་། ངོ་བོ་དང་། ལྡན་པ་དང་། དབྱེ་བའི་ཁྱད་པར་བཞི་དང་ལྡན་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། ཉན་རང་གི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་ཏེ། དེ་ལས་དམིགས་པ་དང་། རྣམ་པ་དང་། རྒྱུ་དང་། ཡོངས་འཛིན་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ཏེ། ཁྱད་པར་དུ་འཕགས་པའི་ཚུལ་དང་། ཁྱད་པར་དུ་འཕགས་པའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ་སྟེ། གང་དང་། གང་གིས་དང་། གང་ལས་ཁྱད་པར་དུ་འཕགས་པའོ། །དང་པོ་ལ་བཞི་སྟེ། རྒྱུ་དང་། འབྱུང་བའི་དུས་དང་། ངོ་བོ་དང་། དབྱེ་བའོ། །དང་པོ་ནི། བྱངཾ་ཆུབཾ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་ཉེ་རྒྱུ་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ཁྱད་པར་ཅན་གྱི་དད་སོགས་དེ་ཁྱོད་ཀྱི་ཉེ་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། དེའི་འོཾག་ཏུཾ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཁྱོད་འབྱུང་བའི་དུས་ཡོད་དེ། ཁྱོད་ཐེག་ཆེན་གྱི་ཚོགས་ལམ་ཁྱད་པར་ཅན་གྱི་དད་སོགས་རྫོགས་པའི་འོག་ཏུ་འབྱུང་བའི་ཕྱིར། གསུམ་པ་ནི། བདེཾན་པཾ་ཐེག་ཆེན་གྱི་དྲོད་སོགས་བཞི་པོ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་གྱི་ངོ་བོ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་དང་། དམིགས་རྣམ་རྗེས་སུ་མཐུན་པའི་འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པ་ཡིན་པའི་ཕྱིར། བཞི་པ་ནི། ཆུཾང་ངུཾ་ཐེག་ཆེན་གྱི་དྲོད་སོགས་བཞི་པོ་ཆོས་ཅན། རེ་རེ་ལ་གསུམ་གསུམ་ཡོད་དེ། རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་ཡོད་པའི་ཕྱིར། གཉིས་པ་ནི། འཆདཾ་པཾར་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་དྲོད་སོགས་བཞི་ཆོས་ཅན། ཁྱད་ཆོས་ལྔ་དང་ལྡན་ཏེ། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ལ་དམིགས་པ་དང་། མངོན་ཞེན་མེད་པ་སོགས་ཀྱི་རྣམ་པར་ཞུགས་པ་དང་། ཐེག་པ་གསུམ་ཆར་རྟོགས་པའི་མཐོང་ལམ་གྱི་རྒྱུ་དང་། ཐེག་ཆེན་གྱི་ཡོངས་འཛིན་གྱིས་ཡོངས་སུ་འཛིན་པ་དང་། རྣམ་རྟོག་བཞི་དང་འབྲེལ་བར་འབྱུང་བའི་སྦྱོར་ལམ་ཡིན་པའི་ཕྱིར། གསུམ་པ་ནི། ཉནཾ་ཐོསཾ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཉན་རང་གི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་ཏེ། ཁྱད་ཆོས་ལྔ་ལྡན་གྱི་བྱང་སེམས་ཀྱི་སྦྱོར་ལམ་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་དཾག་ཉན་རང་གི་སྦྱོར་ལམ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་ལས་དམན་ཏེ། ཁྱོད་ཆོས་ལྔ་དང་བྲལ་བའི་སྦྱོར་ལམ་ཡིན་པའི་ཕྱིར། གཉིས་པ་ཞར་ལས་བྱུང་བ་ལ་གསུམ་སྟེ། དམིགས་ཚུལ་སྣ་ཚོགས་སུ་བསྟན་པ། རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན། ལུང་གཞན་དང་འགལ་བ་སྤང་བའོ། །དང་པོ་ནི། བྱངཾ་ཆུཾབ་བྱང་སེམས་ཀྱི་ངེས་འབྱེད་ཆ་མཐུན་ཆོས་ཅན། བདེན་བཞིའི་དངོས་པོ་ལ་དམིགས་ཚུལ་སྣ་ཚོགས་ཀྱིས་དམིགས་ཏེ། དེ་ལ་རྒྱུ་འབྲས་ངོ་བོ་ཆོས་ཉིད་སོགས་ཀྱིས་དམིགས་པའི་ཕྱིར། དེ་ཆོས་ཅན། མི་རྟག་ལ་སོགས་བཅུ་དྲུག་གིས་ཀྱང་བདེན་བཞི་ལ་དམིགས་ཏེ། ཐེག་དམན་གྱི་རྟོགས་རིགས་ཀྱི་བདེན་བཞི་ལ་དམིགས་པའི་ཕྱིར། གཉིས་པ་ནི། མདོཾར་བསྡུསཾ་རྣམ་པ་གཞན་གྱིས་དམིགས་ཚུལ་བརྗོད་དགོས་སོ་ཞེ་ན། སེང་བཟང་ཆོས་ཅན། རྣམ་པ་གཞན་གྱིས་དམིགས་ཚུལ་སྐབས་འདིར་རྒྱས་པར་མ་བརྗོད་དེ། སྐབས་འདིར་དམིགས་ཚུལ་མདོར་བསྡུས་པ་ཙམ་བརྗོད་པར་འདོད་པའི་ཕྱིར། གསུམ་པ་ནི། གཾང་གིཾས་རྣམ་པ་མི་འདྲ་བ་དུ་མའི་དམིགས་ཚུལ་མི་འཐད་དེ། མཛོད་ལས། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཅེས་བཤད་པས་སོ་ཤེ་ན། ཐེག་པ་ཆེན་པོ་ཆོས་ཅན། ཁྱོད་ཀྱི་ལུགས་ཀྱིས་ཐེག་ཆེན་གྱི་སྦྱོར་ལམ་གྱི་དམིགས་རྣམ་བཞག་པ་ལ། ཐེག་པ་གཞན་གྱི་སུན་འབྱིན་བརྗོད་པར་མི་བྱ་སྟེ། ཁྱོད་ཀྱི་དེ་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དམིགས་རྣམ་རྒྱུ་གསུམ་རྒྱས་པར་བཤད། ལྡན་པ་རྣམ་རྟོག་རྒྱས་པར་བཤད། ཡོངས་འཛིན་དགེ་བཤེས་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། དྲི་བའི་སྒོ་ནས་མཚམས་སྦྱར། སོ་སོའི་རང་བཞིན་རྒྱས་པར་བཤད། ཆོས་ཅན་བརྗོད་པ་ཆད་པའི་རྩོད་སྤང་ངོ་། །དང་པོ་ནི། དམིཾགས་པཾ་དམིགས་པ་མི་རྟག་ལ་སོགས་པ་ཞེས་སོགས་ཚིགས་བཅད་བདུན་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་གྱི་དམིགས་རྣམ་གྱི་ཁྱད་པར་བདེ་བླག་ཏུ་རྟོགས་པའི་ཆེད་ཡོད་པའི་ཕྱིར། གཉིས་པ་ལ་དྲོད་སོགས་བཞི་ལས། དང་པོ་དྲོད་ལ་གཉིས་ཏེ། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། དམིཾགས་དང་དེཾ་བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཆུང་ངུ་ཆོས་ཅན། ཐེག་དམན་གྱི་དྲོད་ཆུང་ངུ་ལས་ཁྱད་པར་དུ་འཕགས་ཏེ། དེ་ལས་དམིགས་རྣམ་རྒྱུ་གསུམ་གྱིས་ཁྱད་པར་དུ་འཕགས་པའི་ཕྱིར། འོག་མ་ཀུན་ལ་འགྲེའོ། །གཟུགས་དང་འབྲིངཾ་དྲོད་འབྲིང་དང་སྦྱར་རོ། །གནཾས་དང་ཆེཾན་དྲོད་ཆེན་པོ་དང་སྦྱར་རོ། །གཉིས་པ་ནི། དེཾ་ལྟརཾ་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་དང་ལྡན་པའི་ཐེག་ཆེན་གྱི་སྦྱོར་ལམ་དང་པོ་ཆོས་ཅན། དྲོ་བར་གྱུར་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་སྐྱེ་བའི་སྔ་ལྟས་སུ་གྱུར་པ་ཡིན་པའི་ཕྱིར། གཉིས་པ་རྩེ་མོ་ལ་གཉིས་ཏེ། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། གཟུགས་དང་ཆུངཾ་རྩེ་མོ་ཆུང་ངུ་དང་སྦྱར་རོ། །དེཾ་རྣཾམས་དང་འབྲིངཾ་རྩེ་མོ་འབྲིང་དང་སྦྱར་རོ། །དེཾ་དཾག་དང་ཆེཾན་རྩེ་མོ་ཆེན་པོ་དང་སྦྱར་རོ། །གཉིས་པ་ནི། དེཾ་ལྟརཾ་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་དང་ལྡན་པའི་ཐེག་ཆེན་གྱི་སྦྱོར་ལམ་གཉིས་པ་ཆོས་ཅན། རྩེ་མོར་གྱུར་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དགེ་བའི་རྩ་བ་མི་མཐུན་ཕྱོགས་ཀྱིས་གཡོ་བ་རྣམས་ཀྱི་རྩེ་མོ་ཡིན་པའི་ཕྱིར། གསུམ་པ་བཟོད་པ་ལ་གཉིས་ཏེ། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། གཟུཾགས་དང་ཆུཾང་། བཟོད་པ་ཆུང་ངུ་སྦྱར་རོ། །དེཾ་དང་འབྲིངཾ་བཟོད་པ་འབྲིང་དང་སྦྱར་རོ། །དེཾ་དཾག་དང་ཆེནཾ་བཟོད་པ་ཆེན་པོ་དང་སྦྱར་རོ། །གཉིས་པ་ནི། དེཾ་ལྟརཾ་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་དང་ལྡན་པའི་ཐེག་ཆེན་གྱི་སྦྱོར་ལམ་གསུམ་པ་ཆོས་ཅན། བཟོད་པར་གྱུར་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་ཆེན་པོ་སྐྱེ་མེད་ཀྱི་དོན་ལ་མི་སྐྲག་པའི་བཟོད་པ་ཐོབ་པའི་ཕྱིར། བཞི་པ་ཆོས་མཆོག་ལ་གཉིས་ཏེ། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། ཏིངཾ་དང་ཆུཾང་ཆོས་མཆོག་ཆུང་ངུ་དང་སྦྱར་རོ། །ལུཾང་དང་འབྲིཾང་ཆོས་མཆོག་འབྲིང་དང་སྦྱར་རོ། །གསུམཾ་དང་ཆེནཾ་ཆོས་མཆོག་ཆེན་པོ་དང་སྦྱར་རོ། །གཉིས་པ་ནི། དེ་ལྟར་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་དང་ལྡན་པའི་ཐེག་ཆེན་གྱི་སྦྱོར་ལམ་བཞི་པ་ཆོས་ཅན། ཆོས་མཆོག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར། གསུམ་པ་ལ་རྩོད་པ་ནི། དམིགས་པ་མི་རྟག་ལ་སོགས་པ། བདེན་པའི་རྟེན་ཅན། ཞེས་པས་དམིགས་རྣམ་དང་པོ་བདེན་པའི་རྟེན་ཅན་དུ་བསྟན་པ་ལྟར། དམིགས་རྣམ་ལྷག་མ་རྣམས་ཀྱང་བདེན་པའི་རྟེན་ཅན་དུ་བསྟན་དགོས་པ་ལས་མ་བསྟན་པར་དམིགས་རྣམ་གྱི་ཆོས་འབའ་ཞིག་བརྗོད་པས་དམིགས་རྣམ་ལྷག་མ་རྣམས་སྟོན་པའི་གཞུང་ལ་ཐོས་བསམ་བྱས་ཀྱང་བདེན་བཞིའི་དོན་མི་རྟོགས་པར་འགྱུར་རོ་ཞེ་ན། ལན་ལ་གཉིས་ཏེ། སྒྲ་གཉིས་བརྗོད་བྱ་ཐ་དད་མེད་པས་ཆོས་ཅན་གོ་བའི་ལན། དོན་གྱི་ཤུགས་ཀྱིས་ཆོས་ཅན་གོ་བའི་ལན་ནོ། །དང་པོ་ནི། དམིཾགས་པཾ་དམིགས་རྣམ་ཕྱི་མ་རྣམས་སྟོན་པའི་རྒྱན་གཞུང་ཆོས་ཅན། ཁྱོད་ལ་བརྟེན་ནས་ཆོས་ཅན་བདེན་བཞི་མི་རྟོགས་པའི་སྐྱོན་མེད་དེ། ཁྱོད་ཀྱིས་བདེན་བཞིའི་ཆོས་དམིགས་རྣམ་བརྗོད་པ་གང་ཞིག ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་དོན་གཅིག་ཉིད་ཁྱད་པར་གཞན་སྤོང་མི་སྤོང་གི་ཚུལ་གྱིས་བརྗོད་པ་མ་གཏོགས་པར་བརྗོད་བྱའི་དོན་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ནི། རྣཾམ་པཾ་དམིགས་རྣམ་ཕྱི་མ་རྣམས་བདེན་བཞིའི་རྟེན་ཅན་དུ་མ་བསྟན་པས་བདེན་བཞིའི་ཆོས་མིན་པར་འགྱུར་རོ་ཞེ་ན། དམིགས་རྣམ་ཕྱི་མ་རྣམས་ཆོས་ཅན། བདེན་བཞིའི་ཆོས་མ་ཡིན་པའི་སྐྱོན་མེད་དེ། དམིགས་རྣམ་དང་པོའི་ཆོས་ཅན་བདེན་བཞི་དེ་ཁྱོད་ཀྱི་ཆོས་ཅན་ཡིན་པའི་ཕྱིར། གཉིས་པ་ལྡན་པ་རྣམ་རྟོག་རྒྱས་པར་བཤད་པ་ལ་གཉིས་ཏེ། མཚམས་སྦྱར། གཞུང་གི་དོན་འབྱེད་པའོ། །དང་པོ་ནི། རྣཾམ་པཾར་སོགས་སོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ལྡན་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གཟུང་རྟོག་མདོར་བསྟན། འཛིན་རྟོག་མདོར་བསྟན་པའོ། །དང་པོ་ནི། གཞིཾ་དང་གཟུཾང་གཟུང་རྟོག་ཆོས་ཅན། གཉིས་ཡོད་དེ། གཞིའི་རྟེན་ཅན་གྱི་གཟུང་བར་རྟོག་པ་དང་། གཉེན་པོའི་རྟེན་ཅན་གྱི་གཟུང་བར་རྟོག་པ་གཉིས་ཡོད་པའི་ཕྱིར། གཟུང་རྟོག་གཉིས་པོ་ཆོས་ཅན། རྣམ་པ་དགུ་དགུར་ཡོད་དེ། ཡུལ་དགུ་དགུ་ཡོད་པའི་དབྱེ་བས་ཕྱེ་བའི་ཕྱིར་རོ། །གཉིས་པ་ནི། རྫཾས་དང་གཾང་འཛིན་རྟོག་ཆོས་ཅན། གཉིས་ཡོད་དེ། གང་ཟག་རྫས་སུ་ཡོད་པ་ལ་དམིགས་པ་དང་། སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པ་གཉིས་ཡོད་པའི་ཕྱིར། འཛིན་རྟོག་གཉིས་པོ་ཆོས་ཅན། ཆོས་རྟགས་གཟུང་རྟོག་གི་སྐབས་དང་འདྲ། གཉིས་པ་ལ་གཉིས་ཏེ། མཚམས་སྦྱར་བ། རྒྱས་པར་བཤད་པའོ། །དང་པོ་ནི། དེཾ་སོགས་སོ། །གཉིས་པ་ལ་གཉིས་ཏེ། གཟུང་རྟོག་རྒྱས་པར་བཤད་པ། འཛིན་རྟོག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གཞི་དང་། གཉེན་པོའི་རྟེན་ཅན་གྱི་གཟུང་རྟོག་རྒྱས་པར་བཤད་པའོ། །དང་པོ་ནི། ཀུཾན་མ་རིག་པ་ལ་དམིགས་ནས་དོར་བྱའི་བཟུང་བར་མངོན་པར་ཞེན་པའི་བློ་ཆོས་ཅན། གཞིའི་རྟེན་ཅན་གྱི་གཟུང་བར་རྟོག་པ་ཡིན་ཏེ། རང་ཡུལ་དོར་བྱ་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། གཟུགས་ལ་སོགས་པའི་ཕུང་པོ་ནས་རྣམ་དག་སྐྱེ་བྱེད་སོགས་ཀྱི་བར་བརྒྱད་པོ་རེ་རེ་བཞིན་ཆོས་ཅན་དུ་བཟུང་ནས་ཆོས་རྟགས་འདྲའོ། །དེ་ལ་དང་པོ་བརྒྱད་རང་རྒྱལ་གྱི་སྤང་བྱའི་རིགས་སུ་གནས་པའི་ཀུན་ནས་ཉོན་མོངས་གཟུང་རྟོག་ཡིན་ལ། ཕྱི་མ་ནི་བྱང་སེམས་ཀྱི་སྤང་བྱའི་རིགས་སུ་གནས་པའི་གཟུང་རྟོག་སྟེ། འདི་ལ་སྐབས་ལྔ་པར་ལྡོག་པ་གཟུང་རྟོག་དགུར་ཕྱེ་ནས་གསུངས་སོ། །གཉིས་པ་ནི། གཉེནཾ་རྣམ་བྱང་གི་ཕུང་པོ་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ་ཆོས་ཅན། གཉེན་པོའི་རྟེན་ཅན་གྱི་གཟུང་བར་རྟོག་པ་ཡིན་ཏེ། རང་ཡུལ་བླང་བྱ་ལ་དམིགས་ནས་བླང་བྱའི་བཟུང་བར་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། རྣམ་བྱང་སྐྱེ་བའི་སྒོ་ནས་གཟུང་སྟེ་མི་སློབ་པའི་ལམ་ལ་བླང་བྱའི་བཟུང་བར་རྟོག་པའི་བར་བརྒྱད་པོ་རེ་རེ་བཞིན་ཆོས་ཅན་དུ་བཟུང་ནས་ཆོས་རྟགས་འདྲའོ། །དེ་ལ་གཟུང་རྟོག་དང་པོ་བཞི་དང་། ཕྱི་མ་གསུམ་ནི་རང་རྒྱལ་གྱི་སྤང་བྱའི་རིགས་སུ་གནས་པའི་རྣམ་བྱང་གཟུང་རྟོག་ཡིན་ལ། བར་པ་གཉིས་ནི་བྱང་སེམས་ཀྱི་སྤང་བྱའི་རིགས་སུ་གནས་པའི་གཟུང་རྟོག་སྟེ། འདི་ལ་སྐབས་ལྔ་པར་འཇུག་པ་གཟུང་རྟོག་དགུར་ཕྱེ་ནས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། རྫས་འཛིན་རྟོག་པ་རྒྱས་པར་བཤད། བཏགས་འཛིན་རྟོག་པ་རྒྱས་པར་བཤད་པའོ། །དང་པོ་ནི། གཾང་བདག་རང་དབང་ཅན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློ་དེ་ཆོས་ཅན། རྫས་འཛིན་རྟོག་པ་ཡིན་ཏེ། རང་ཡུལ་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། གཅིག་བུའི་བདག་ནས་བཟུང་སྟེ། མི་སློབ་ལམ་གྱི་རྟེན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བར་བརྒྱད་པོ་རེ་རེ་བཞིན་ཆོས་ཅན་དུ་བཟུང་ནས་ཆོས་རྟགས་འདྲའོ། །དེ་ལ་འཛིན་རྟོག་དང་པོ་བཞི་ནི་གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་སྟེ་ཉན་ཐོས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཉོན་སྒྲིབ་ཡིན་ལ། ཕྱི་མ་ལྔ་ནི་ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་སྟེ། འདི་ལ་སྐབས་ལྔ་པར་མཐོང་སྤངས་རྫས་འཛིན་རྟོག་པ་དགུར་ཕྱེ་ནས་གསུངས་སོ། །གཉིས་པ་ནི། སྐྱེསཾ་གང་ཟག་བཏགས་ཡོད་ཀྱི་གདགས་གཞིའི་ཕུང་པོ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་ཆོས་ཅན། བཏགས་འཛིན་རྟོག་པ་ཡིན་ཏེ། རང་ཡུལ་བཏགས་ཡོད་ཀྱི་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། དེ་བཞིན་དུ་གང་ཟག་བཏགས་ཡོད་ཀྱི་གདགས་གཞི་སེམས་བསྐྱེད་ནས་བཟུང་སྟེ་མི་སློབ་པའི་ལམ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློའི་བར་བརྒྱད་པོ་རེ་རེ་བཞིན་ཆོས་ཅན་དུ་བཟུང་ནས་ཆོས་རྟགས་འདྲའོ། །འདི་དག་ནི་བྱང་སེམས་ཀྱི་སྤང་བྱའི་རིགས་ཁོ་ན་སྟེ། ཉན་རང་གིས་བཏགས་འཛིན་རྟོག་པ་སྤང་བྱར་མི་བྱེད་པའི་ཕྱིར་རོ། །འདི་ལ་བཏགས་ཆོས་དགུ་ལ་བཏགས་ཡོད་དུ་འཛིན་པ་ནི་གང་ཟག་གི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་ཡིན་ཞིང་། གདགས་གཞི་དགུ་ལ་བཏགས་ཡོད་དུ་འཛིན་པ་ནི་ཆོས་ཀྱི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་སྟེ། སྐབས་ལྔ་པར་མཐོང་སྤངས་བཏགས་འཛིན་རྟོག་པ་དགུར་ཕྱེ་ནས་གསུངས་སོ། །གསུམ་པ་ནི། དེཾ་ཅི་སྐད་བཤད་པའི་རྟོག་པ་བཞི་པོ་ཆོས་ཅན། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་ལ་གྲངས་བཞིན་དུ་ལྡན་པ་ཡིན་ཏེ། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་རྗེས་ཐོབ་བཞིའི་ངོ་བོར་གྲངས་བཞིན་དུ་ལྡན་པའི་ཕྱིར། ཤུགས་བསྟན་དགག་རྟོག་དང་མཉམ་གཞག་བཞིའི་ལྡན་ཚུལ་ཡང་སྦྱར་རོ། །གསུམ་པ་ཡོངས་འཛིན་དགེ་བཤེས་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ནི། ཚིཾག་ངེས་འབྱེད་ཆ་མཐུན་མདོར་བསྟན་དུ་ཡོངས་འཛིན་རྟོག་པའི་གོང་དུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མདོར་བསྟན་གྱི་ཚིགས་བཅད་སྦྱར་བདེ་བའི་ཆེད་ཡིན་པའི་ཕྱིར། ངེས་འབྱེད་ཆ་མཐུན་རྒྱས་བཤད་དུ་ཡོངས་འཛིན་རྟོག་པའི་མཇུག་ཐོགས་སུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཡོངས་འཛིན་གྱི་སྟོབས་ཀྱིས་རྟོག་པ་ཁྱད་ཆོས་སུ་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སེཾམས་འཕགས་པ་ལྟར་ན་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། ཐེག་དམན་གྱི་རྟོགས་རིགས་རྒྱུན་ལྡན་དུ་བསྒོམས་ཀྱང་ཐེག་དམན་དུ་མི་ལྟུང་སྟེ། ཕྱི་ནང་གི་ཡོངས་འཛིན་ཁྱད་པར་ཅན་གཉིས་ཀྱིས་ཐེག་ཆེན་དུ་ཡོངས་སུ་འཛིན་པའི་ཕྱིར། གསུམ་པ་ནི། སེཾམས་ཁྱད་པར་གསུམ་ལྡན་གྱི་མཆོག་གི་སྤྲུལ་སྐུ་ཆོས་ཅན། བྱང་སེམས་སྦྱོར་ལམ་པའི་ཡོངས་འཛིན་ཡིན་ཏེ། དེ་ལ་ཐེག་ཆེན་གྱི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། གཉིས་པ་སྒྲུབ་པའི་རྟེན་ལ་གཉིས་ཏེ། རིགས་ཀྱི་དབྱེ་བ། རིགས་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་ལས། དང་པོ་ནི། སྒྲུབ་བྱམས་མགོན་ཆོས་ཅན། ངེས་འབྱེད་ཆ་མཐུན་གྱི་འོག་དུ་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་འཆད་པའི་རྒྱུ་མཚན་ཡོད་དེ། ཅི་སྐད་བཤད་པའི་རྟེན་ཆོས་སྒྲུབ་པ་དང་ལྡན་པ་ལ་ངེས་འབྱེད་ཆ་མཐུན་དང་མཐོང་ལམ་སོགས་གཞན་ཡང་འབྱུང་བའི་ཕྱིར། གཉིས་པ་ནི། རྟོགཾས་སྒྲུབ་པ་བཅུ་གསུམ་གྱི་རྟེན་དུ་འགྱུར་བའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། སངས་རྒྱས་ཀྱི་རིགས་ཡིན་ཏེ། ཐེག་ཆེན་སྒྲུབ་པའི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་དབྱིངས་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། གོ་རིམ་ངེས་པ། གྲངས་ངེས་པ། རིགས་སུ་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། རིགས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། ཆོས་རྟགས་འདྲ། དེ་བཞིན་སྦྱོར་ལམ་ཕྱི་མ་གསུམ་དང་། ཐེག་ཆེན་གྱི་མཐོང་ལམ་དང་། ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་གྱི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན་དུ་བཟུང་ནས་སྦྱོར་བ་དྲུག་གོ །དེཾའི་ས་བརྒྱད་པའི་བར་ཆད་མེད་ལམ་གྱི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། ཆོས་རྟགས་འདྲ། ས་བརྒྱད་པའི་བར་ཆད་མེད་ལམ་ཆོས་ཅན། ཁྱོད་ལ་ལྡོག་པའི་སྒོ་ནས་གཉེན་པོའི་སྒྲུབ་པ་དང་། སྤང་བའི་སྒྲུབ་པ་གཉིས་སུ་དབྱེར་རུང་སྟེ། ཁྱོད་སྐྱེ་བ་དང་། ཁྱོད་ཀྱི་ངོས་སྐལ་གྱི་སྤང་བྱ་འགག་པ་དུས་མཉམ། ཁྱོད་སྐྱེས་པ་དང་། ཁྱོད་ཀྱི་ངོ་སྐལ་གྱི་སྤང་བྱ་འགགས་པ་དུས་མཉམ་པའི་ཕྱིར། དཔེར་ན་རྐུན་པོ་ཕྱུང་བ་དང་། སྒོ་འཕར་བཅད་པ་ལྟར་རོ། །སྤང་བའི་སྒྲུབ་པ་རྣམ་གྲོལ་ལམ་འཇོག་ན་སྤོང་བ་དང་། སྤངས་པ་ཁྱད་མེད་དུ་ཐལ་བས་བར་ཆད་མེད་ལམ་ལ་བཞག་པ་གཞུང་གི་དགོངས་པ་སྟེ། ས་དང་པོ་ནས་ཀྱང་བཞག་ཏུ་རུང་བར་མངོན་ནོ། །དེཾའི་ས་བརྒྱད་པའི་རྣམ་གྲོལ་ལམ་གྱི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། ཆོས་རྟགས་འདྲ། དེཾའི་ས་བརྒྱད་པའི་ཁྱད་པར་ལམ་གྱི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། ཆོས་རྟགས་འདྲ། དེཾའི་ས་དགུ་པའི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། ཆོས་རྟགས་འདྲ། དེཾའི་ས་བཅུ་པའི་རྗེས་ཐོབ་ཀྱི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། ཆོས་རྟགས་འདྲ། དེཾའི་ས་བཅུ་རྒྱུན་མཐའི་སྒྲུབ་པའི་རྟེན་དུ་གྱུར་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། ཆོས་རྟགས་འདྲ། འདིཾ་སྒྲུབ་པ་བཅུ་གསུམ་ཆོས་ཅན། གོ་རིམ་བཞིན་དུ་བསྟན་པའི་རྒྱུ་མཚན་ཡོད་དེ། ཕར་ཆེར་རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་པའི་ཕྱིར། གཉིས་པ་ནི། འདིཾས་སྒྲུབ་པ་བཅུ་གསུམ་ཆོས་ཅན། ཁྱོད་ཀྱིས་རྣམ་མཁྱེན་དོན་གཉེར་གྱི་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ཏེ། ཁྱོད་ཀྱི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་ས་བཅུ་རྒྱུན་མཐའི་བར་གྱི་སྒྲུབ་པ་ཐམས་ཅད་བསྡུས་པའི་ཕྱིར། གསུམ་པ་ནི། སྒྲུབཾ་སྒྲུབ་པ་བཅུ་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ཆོས་ཅན། ཁྱོད་ཀྱི་སེམས་ཀྱི་ཆོས་དབྱིངས་ཁོ་ན་སྐབས་འདིར་རིགས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་ཁོ་ན་སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་སྒྲུབ་པའི་རྟེན་ཡིན་པའི་ཕྱིར། ཁོ་ནའི་དོན་འདི་ཡིན་པར་མངོན་ནོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གཾལ་ཆོས་དབྱིངས་ཁོ་ན་འཕགས་པའི་ཆོས་རྟོགས་པའི་རྒྱུ་ཡིན་པའི་ཕྱིར། དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་ཁོ་ན་སངས་རྒྱས་ཀྱི་རིགས་ཅན་ཡིན་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ལ་གནས་པར་ཐལ། ཆོས་དབྱིངས་སེམས་ཅན་ཐམས་ཅད་ལ་སྤྱིར་གནས་པའི་ཕྱིར། འདོད་ན། ཐེག་པ་གསུམ་གྱི་རིགས་ཐ་དད་པ་གསུམ་དུ་དབྱེར་མི་རུང་བར་འགྱུར་རོ་ཞེ་ན། གཉིས་པ་ལ་གཉིས་ཏེ། འཐད་པའི་སྒོ་ནས་རིགས་སུ་འཇོག་པ་དང་། དཔེའི་སྒོ་ནས་དབྱེ་བ་འཐད་པའི་ཚུལ་ལོ། །དང་པོ་ནི། ཇིཾ་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། རྒྱུའི་སྒོ་ནས་རིགས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། ཐེག་པ་གསུམ་གྱི་སྒྲུབ་པས་བདག་མེད་གསུམ་རྟོགས་པའི་རིམ་གྱིས་ཁྱོད་ལ་ཇི་ལྟར་དམིགས་པ་ལྟར་འཕགས་ཆོས་སོ་སོར་ཐོབ་པའི་གཞིར་གྱུར་པའི་ཆོས་དབྱིངས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། སྔཾ་ཆོས་དབྱིངས་ལ་རིགས་ཐ་དད་པ་གསུམ་དུ་དབྱེར་མི་རུང་བར་ཐལ་བ་ལ། དཔེའི་སྒོ་ནས་ལན་བཏབ་པ་ཆོས་ཅན། དགོས་པ་ཡོད་དེ། ལན་གོ་སླ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྟེཾན་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། རང་གི་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང་། ཐེག་པ་གསུམ་གྱི་རིགས་ཐ་དད་པ་གསུམ་དུ་དབྱེར་རུང་སྟེ། རང་གི་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང་ཐེག་པ་གསུམ་གྱི་སྒྲུབ་པའི་རྟེན་གཞི་སོ་སོར་བྱེད་དུ་རུང་བའི་ཆོས་དབྱིངས་ཡིན་པའི་ཕྱིར། དཔེར་ན་རྫའི་སྣོད་གསུམ་བཅུད་ཀྱི་སྒོ་ནས་སྦྲང་རྩི་དང་ལི་ཁ་ར་ལ་སོགས་པའི་སྣོད་ཀྱི་དབྱེ་བ་རུང་བ་བཞིན་ནོ། །འདི་དག་ལ་འཕགས་པས་རྩོད་ལན་ཚན་པ་གཉིས་སུ་གསུངས་པའི་ཚུལ་ནི་གཞན་དུ་བཤད་ཟིན་ཏོ།། །།གསུམ་པ་སྒྲུབ་པའི་དམིགས་པ་ལ་གསུམ་ལས། དང་པོ་ནི། ཇིཾ་སྐཾད་སོགས་སོ། །གཉིས་པ་ནི། དམིཾགས་པཾ་ཆོས་ཐམས་ཅད་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། ཐེག་ཆེན་སྒྲུབ་པས་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། སོ་སོའི་ངོ་བོ། གོ་རིམ་ངེས་པ། གྲངས་ངེས་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རེཾ་ཤིཾག་དགེ་མི་དགེ་ལུང་མ་བསྟན་གསུམ་པོ་ཆོས་ཅན། ཆོས་རྟགས་འདྲ། གཉིས་པ་ནི། དེའིཾ་འོཾག་སོ་སྐྱེའི་རྒྱུད་ཀྱི་ཕུང་པོ་ལྔ་སོགས་བརྒྱད་ཆོས་ཅན་དུ་བཟུང་ནས། ཆོས་རྟགས་འདྲ། གཉིས་པ་ནི། དེཾ་ལྟརཾ་དམིགས་པ་བཅུ་གཅིག་ཆོས་ཅན། ཁྱོད་གོ་རིམ་བཞིན་དུ་བསྟན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་གོ་རིམ་དེ་རྟོགས་པའི་གོ་རིམ་ཡིན་པའི་ཕྱིར། གསུམ་པ་ནི། དམིཾགས་པཾ་ཐེག་ཆེན་སྒྲུབ་པའི་དམིགས་པ་ཆོས་ཅན། ཁྱོད་ལ་བཅུ་གཅིག་ཏུ་གྲངས་ངེས་ཏེ། ཁྱོད་ལ་སྤྱི་གསུམ་དང་། བྱེ་བྲག་བརྒྱད་རྣམས་སུ་ངེས་པའི་ཕྱིར། བཞི་པ་བསྒྲུབ་པའི་ཆེད་དུ་བྱ་བ་ལ་གསུམ་ལས། དང་པོ་ནི། དམིཾགས་པཾ་སོགས་སོ། །གཉིས་པ་ནི། སེཾམས་ཅཾན་སངས་རྒྱས་ཀྱི་སའི་ཆེན་པོ་གསུམ་པོ་ཆོས་ཅན། ཐེག་ཆེན་བསྒྲུབ་པའི་ཆེད་དུ་བྱ་བ་ཡིན་ཏེ། གང་གིས་དབང་དུ་བྱས་ནས་ཐེག་ཆེན་གྱི་སྒྲུབ་པ་བྱེད་པར་འགྱུར་བའི་ཐེག་ཆེན་སྒྲུབ་པའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་ནི། རྣམཾ་པཾ་སངས་རྒྱས་སའི་སེམས་བསྐྱེད་ཆོས་ཅན། སེམས་ཆེན་པོ་ཡིན་ཏེ། རང་གང་གིས་འཐོབ་པའི་སེམས་ཅན་ཐམས་ཅད་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པའི་སེམས་བསྐྱེད་ཡིན་པའི་ཕྱིར། སངས་རྒྱས་སའི་སྤང་བ་ཆོས་ཅན། སྤང་བ་ཆེན་པོ་ཡིན་ཏེ། རྟགས་གཞན་འདྲ་བ་ལས་སྤང་བ་ཡིན་པའི་ཕྱིར། སངས་རྒྱས་སའི་བདག་མེད་གཉིས་རྟོགས་པའི་རྟོགས་པ་དེ་ཆོས་ཅན། རྟོགས་པ་ཆེན་པོ་ཡིན་ཏེ། རྟགས་གཞན་འདྲ་བ་ལས་རྟོགས་པ་ཡིན་པའི་ཕྱིར། གསུམ་པ་དེ་གཉིས་ཀའི་ཐུན་མོང་གི་ཆོས་བཤད་པ་ལ་གསུམ་སྟེ། དྲི་བའི་སྒོ་ནས་མཚམས་སྦྱར། ལན་གྱི་སྒོ་ནས་ངོ་བོ་ངོས་བཟུང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ལ་གཉིས་ཏེ། ཡུལ་མཁྱེན་གསུམ་གྱི་སྒྲུབ་པ། ཡུལ་ཅན་སྦྱོར་བའི་སྒྲུབ་པའོ། །དང་པོ་ནི། ཐཾམས་ཅདཾ་མཁྱེན་གསུམ་ལ་ཐོས་བསམ་གཙོ་བོར་གྱུར་པའི་བྱང་སེམས་ཚོགས་ལམ་པའི་ལྟ་བ་ཆོས་ཅན། ཡུལ་མཁྱེན་གསུམ་གྱི་སྒྲུབ་པ་ཡིན་ཏེ། མཁྱེན་གསུམ་ལ་ཐོབ་བྱ་ཐོབ་བྱེད་བླང་དོར་བྱ་བའི་ཡན་ལག་ཏུ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་སྤྱིར་དགེ་བའི་ཆོས་ཀྱི་རྟེན་ཅན་དུ་གྱུར་པའི་བྱང་སེམས་ལས་དང་པོ་པའི་མངོན་རྟོགས་ཡིན་པའི་ཕྱིར། ས་མཚམས་ཚོགས་ལམ་ཕལ་པའི་གནས་སྐབས་ཁོ་ན་ན་ཡོད། གཉིས་པ་ནི། རྣམཾ་མཁྱེན་གསུམ་ལ་ཐོས་བསམ་རབ་ཏུ་གྱུར་པའི་བྱང་སེམས་ཚོགས་ལམ་པའི་ལྟ་བ་ཆོས་ཅན། ཡུལ་ཅན་སྦྱོར་བའི་སྒྲུབ་པ་ཡིན་ཏེ། མངོན་རྟོགས་དྲུག་པོ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་དུ་བསྒྲུབ་པའི་ཚུལ་ལ་མཁས་པའི་བྱང་སེམས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ཁྱད་པར་ཅན་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད། སྤྱི་སྒྲུབ་པ་དང་བྱེ་བྲག་བསྒྲུབ་པ་ཞེས་པའི་ཐ་སྙད་སྦྱར་ན་ཡང་འདྲའོ། །གསུམ་པ་ལ་བཞི་སྟེ། བསམ་པས་གོ་བགོས་པ་གོ་ཆའི་སྒྲུབ་པ། སྦྱོར་བས་ཚུལ་བཞིན་དུ་ཞུགས་པ་འཇུག་པའི་སྒྲུབ་པ། འབྲས་བུ་ལ་མངོན་དུ་ཕྱོགས་པ་ཚོགས་ཀྱི་སྒྲུབ་པ། འབྲས་བུ་འབྱིན་པ་ལ་ཞུགས་པ་ངེས་འབྱུང་སྒྲུབ་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་བྱམས་མགོན་ཆོས་ཅན། སྒྲུབ་པ་བཞིའི་ནང་ནས་དང་པོར་གོ་སྒྲུབ་འཆད་པའི་རྒྱུ་མཚན་ཡོད་དེ། གོ་སྒྲུབ་དེ་ཐོག་མར་བསམ་པས་གོ་བགོས་པའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། སྒྲུབ་པ་བཞི་པོ་ཆོས་ཅན། ཁྱོད་ཀྱི་མ་མཐའི་ས་མཚམས་སོ་སོར་ཡོད་དེ། ཁྱོད་ཀྱི་མ་མཐའི་ས་མཚམས་རིམ་པ་ལྟར། ཐེག་ཆེན་གྱི་ཚོགས་ལམ་དང་། སྦྱོར་ལམ་དྲོད་དང་། ཆོས་མཆོག་ཆེན་པོ་དང་། ས་བརྒྱད་པ་ནས་ཡོད་པའི་ཕྱིར་རོ། །གཉིས་པ་ནི། དེཾ་དཾག་བྱང་སེམས་ཚོགས་ལམ་པའི་ལྟ་བ་ཆོས་ཅན། གོ་ཆའི་སྒྲུབ་པ་ཡིན་ཏེ། ཕར་ཕྱིན་རེ་རེ་ཞིང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ལ་འཁོར་གསུམ་མི་དམིགས་པའི་བསམ་པས་གོ་བགོས་པའི་བྱང་སེམས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྦྱིན་པའི་གོ་ཆ་བཤད་པ། དེ་ཚུལ་གཞན་ལ་བསྒྲེ་བའོ། །དང་པོ་ནི། ཆོསཾ་ཀྱི་བྱང་སེམས་ཚོགས་ལམ་པའི་ལྟ་བ་ཆོས་ཅན། སྦྱིན་པའི་གོ་སྒྲུབ་ཡིན་ཏེ། སྦྱིན་པའི་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ལ་སོགས་འགྲེ། གཉིས་པ་ནི། དེཾ་བཞིཾན་ཆོས་ཅན་སྔ་མ་བཟུང་ནས་ཚུལ་ཁྲིམས་ཀྱི་གོ་སྒྲུབ་ཡིན་ཏེ། སོགས་ལྔ་འགྲེའོ། །གཉིས་པ་ནི། དེཾ་ལྟརཾ་གོ་སྒྲུབ་ཆོས་ཅན་ཁྱོད་ལ་རྒྱས་པར་ཕྱེ་ན་སུམ་ཅུ་རྩ་དྲུག་ཡོད་ཀྱང་། བསྡུ་ན་དྲུག་ཏུ་འདུས་ཏེ། ཁྱོད་ལ་རྒྱས་པར་ཕྱེ་ན་སྦྱིན་སོགས་རེ་རེ་ལ་དྲུག་དྲུག་དུ་དབྱེར་ཡོད་ཀྱང་། བསྡུ་ན་བསྡུ་བྱ་དྲུག་དྲུག སྡུད་བྱེད་རེ་རེར་འདུས་པའི་ཕྱིར་རོ། །འདི་ཡང་སྦྱིན་པའི་བསྡུ་བྱ་དྲུག་སྦྱིན་པར་ཆོས་མཐུན་ཞེས་པ་ནི་མདོ་སྡེ་རྒྱན་གྱི་དགོངས་པ་ཡིན་པས་འགོག་དུ་མི་རུང་ངོ་། །གཉིས་པ་འཇུག་སྒྲུབ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སོགས་ཏེ། བྱམས་མགོན་ཆོས་ཅན། གོ་སྒྲུབ་ཀྱི་འོག་ཏུ་འཇུག་སྒྲུབ་འཆད་པའི་རྒྱུ་མཚན་ཡོད་དེ། བསམ་པས་གོ་བགོས་པ་ལས་སྦྱོར་བས་ཐེག་ཆེན་ལ་འཇུག་པ་འབྱུང་བའི་ཕྱིར། གཉིས་པ་ནི། བསཾམ་དང་བསཾམ་བྱང་སེམས་སྦྱོར་ལམ་པའི་བརྩོན་འགྲུས་ཆོས་ཅན། འཇུག་སྒྲུབ་ཡིན་ཏེ། རྒྱུ་དང་འབྲས་བུས་བསྡུས་པའི་ཐེག་ཆེན་སྒོམ་བྱུང་གཙོ་བོར་གྱུར་པའི་སྦྱོར་བའི་བརྩོན་འགྲུས་ཀྱིས་རྣམ་པར་གནོན་པའི་བྱང་སེམས་ཀྱི་ཉམས་ལེན་ཡིན་པའི་ཕྱིར། དགུ་པོ་སོ་སོར་ཕྲལ་ན་བསམ་གཏན་གཟུགས་མེད་ལ་འཇུག་པའི་བྱང་སེམས་སྦྱོར་ལམ་པའི་བརྩོན་འགྲུས་ཆོས་ཅན། བསམ་གཏན་གཟུགས་མེད་ལ་འཇུག་པའི་སྒྲུབ་པ་ཡིན་ཏེ། བསམ་གཏན་གཟུགས་མེད་སྒོམ་བྱུང་གཙོ་བོར་གྱུར་པའི་སྦྱོར་བའི་བརྩོན་འགྲུས་ཀྱིས་རྣམ་པར་གནོན་པའི་ཉམས་ལེན་ཡིན་པའི་ཕྱིར། ཞེས་སོགས་འགོད་དོ། །གསུམ་པ་ཚོགས་སྒྲུབ་ལ་གཉིས་ཏེ། ཚོགས་བཅུ་བདུན་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། བརྩེཾ་ཚོགས་སྒྲུབ་བཅུ་བདུན་ཆོས་ཅན། ཁྱོད་རིམ་བཞིན་དུ་བསྟན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་བསྒྲུབ་བྱ་ཚོགས་བཅུ་བདུན་པོ་རིམ་ཅན་དུ་འབྱུང་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ཚོགས་ཀྱི་དབྱེ་བ་དང་། ཚོགས་སྒྲུབ་ཏུ་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། སྙིངཾ་ཚོགས་ཆོས་ཅན། ཁྱོད་ལ་རྣམ་པ་བཅུ་བདུན་ཡོད་དེ། ཁྱོད་ལ་ཐེག་པ་ལ་གནས་ནས་གོ་ཆ་ཆེན་པོ་བགོས་པར་འཇོག་བྱེད་བཅུ། ཐེག་པ་རང་གི་ངོ་བོ་བདུན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། མིཾ་དམིཾགས་ཆོས་མཆོག་ཆེན་པོ་ཡན་ཆད་ཀྱི་ཚོགས་བཅུ་བདུན་པོ་ཆོས་ཅན། ཚོགས་ཀྱི་སྒྲུབ་པ་ཡིན་ཏེ། རང་འབྲས་དྲི་མ་གདོད་མ་ནས་ཟད་སྐྱེ་མེད་པ་མངོན་སུམ་དུ་རྟོགས་པའི་བྱང་ཆུབ་འབྱིན་པའི་རྒྱུ་ཚོགས་ནུས་པ་མཐུ་ཅན་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་ཚོགས་བྱེ་བྲག་ཏུ་བཤད་པ། སའི་ཚོགས་བྱེ་བྲག་ཏུ་བཤད་པ། གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡུལ་ཅན་ཡེ་ཤེས་བཤད་པ་དང་། ཡུལ་སྟོང་ཉིད་བཤད་པའོ། །དང་པོ་ནི། དེཾ་ལཾ་ཚོགས་སྒྲུབ་ཀྱི་སྐབས་འདིར་སྟོང་ཉིད་ཉི་ཤུ་སྟོན་པའི་མདོ་ཚིག་ཆོས་ཅན། ཁྱོད་ཀྱིས་སྦས་དོན་ཡུལ་ཅན་ཡེ་ཤེས་ཉི་ཤུ་བསྟན་པ་ཡིན་ཏེ། ཁྱོད་ཀྱིས་དེ་མ་བསྟན་ན་ཁྱོད་ཀྱིས་མངོན་རྟོགས་ཀྱི་རིམ་པ་མ་བསྟན་དགོས་པ་གང་ཞིག ཁྱོད་ཀྱིས་མངོན་རྟོགས་ཀྱི་རིམ་པ་བསྟན་པའི་ཕྱིར། གཉིས་པ་ནི། འདིར་སྟོང་ཉིད་ཆོས་ཅན། ཁྱོད་ལ་ཉི་ཤུ་ཡོད་དེ། ཁྱོད་ཀྱི་སྟོང་གཞིའི་ཆོས་ཅན་ཉི་ཤུ་པོ་རང་རང་ངོ་བོས་སྟོང་པའི་རྒྱུ་མཚན་གྱིས་ཁྱོད་ལ་ཉི་ཤུར་ཕྱེ་བའི་ཕྱིར། གཉིས་པ་སའི་ཚོགས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མཚམས་སྦྱར་བ་དང་། དོན་དངོས་སོ། །དང་པོ་ནི། སཾའི་སའི་ཚོགས་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སའི་ཡོངས་སྦྱོང་བདེ་བླག་ཏུ་རྟོགས་པའི་ཆེད་དུ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྒྱུ་སའི་ཡོངས་སྦྱོང་དང་། འབྲས་བུ་སའི་ངོ་བོའོ། །དང་པོ་ལ་དགུ་ལས། ས་དང་པོའི་ཡོངས་སྦྱོང་ནི། ཡོཾངས་དང་ཇིཾ་ས་དང་པོའི་རྗེས་ཐོབ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཡོངས་སྦྱོང་གི་ཆོས་བཅུ་ཡོངས་སུ་སྦྱོང་བ་ཆོས་ཅན། དགོས་པ་ཡོད་དེ། ས་དང་པོའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་རྫོགས་པའི་སྒོ་ནས་རྫོགས་པར་འཐོབ་པའི་ཆེད་ཡིན་པའི་ཕྱིར། ས་དང་པོའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ཡོངས་སྦྱོང་གི་ཆོས་བཅུ་པོ་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ཡོངས་སུ་སྦྱོང་བར་བྱེད་པའི་ཉམས་ལེན་དེ་ཆོས་ཅན། ས་དང་པོའི་ཡོངས་སྦྱོང་ཡིན་ཏེ། ས་དང་པོའི་མཉམ་གཞག་གི་སྐབས་སུ་སའི་ངོ་བོ་ཐོབ་པ་དེ་སྐྱོན་དང་ཡོན་ཏན་ཡོངས་སུ་སྦྱོང་བའི་སྒོ་ནས་རྫོགས་པར་བྱེད་པའི་ས་དང་པོའི་ཉམས་ལེན་ཡིན་པའི་ཕྱིར། གཉིས་པོ་འདི་འོག་མ་ཀུན་ལ་བསྒྲེའོ། །ས་གཉིས་པའི་ཡོངས་སྦྱོང་ནི། ཚུལཾ་དང་སྡོམཾ་ས་གཉིས་པའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཀྱི་ཡོངས་སྦྱོང་གི་ཆོས་བརྒྱད་པོ་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ཡོངས་སུ་སྦྱོང་བ་ཆོས་ཅན་སོགས་འགྲེའོ། །ས་གསུམ་པའི་ཡོངས་སྦྱོང་ནི། ཐོཾས་དང་དཾམ་ས་གསུམ་པའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཀྱིས་ཡོངས་སྦྱོང་གི་ཆོས་ལྔ་པོ་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ཡོངས་སུ་སྦྱོང་བ་ཆོས་ཅན་སོགས་འགྲེའོ། །ས་བཞི་པའི་ཡོངས་སྦྱོང་ནི། ནཾགས་དང་དགོཾན་ས་བཞི་པའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཀྱིས་ཡོངས་སྦྱོང་གི་ཆོས་བཅུ་པོ་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ཡོངས་སུ་སྦྱོང་བ་ཆོས་ཅན་སོགས་འགྲེའོ། །ས་ལྔ་པའི་ཡོངས་སྦྱོང་ནི། འདྲིཾས་དང་རྙེཾད་ཡོངས་སྦྱོང་གི་ཆོས་བཅུ་སྦྱར་གཞན་འགྲེ། ས་དྲུག་པའི་ཡོངས་སྦྱོང་ནི། སྦྱིནཾ་དང་ཕཾ་ཡོངས་སྦྱོང་གི་ཆོས་བཅུ་གཉིས་ཞེས་སྦྱར་གཞན་འགྲེ། ས་བདུན་པའི་ཡོངས་སྦྱོང་ལ་གཉིས་ཏེ། སྤང་བྱ་སྤངས་པ་དང་། གཉེན་པོ་རྫོགས་པའོ། །དང་པོ་ནི། བདཾག་དང་བདཾག་ས་བདུན་པའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཀྱིས་བདག་ཏུ་ལྟ་བ་སོགས་སྤང་བྱ་ཉི་ཤུ་བཀག་ནས་སྒོམ་པ་ཆོས་ཅན་སོགས་འགྲེའོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། དོཾན་གྱིཾ་སོགས་སོ། །གཉིས་པ་ནི། རྣཾམ་དང་རྣམཾ་ས་བདུན་པའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཀྱི་རྣམ་ཐར་སྒོ་གསུམ་ཤེས་པ་སོགས་གཉེན་པོ་ཉི་ཤུ་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ཡོངས་སུ་སྦྱོང་བ་ཆོས་ཅན་སོགས་འགྲེའོ། །ས་བརྒྱད་པའི་ཡོངས་སྦྱོང་ནི། སེཾམས་དང་སེཾམས་ཡོངས་སྦྱོང་གི་ཆོས་བརྒྱད་པོ་ཞེས་སྦྱར་གཞན་འགྲེ། ས་དགུ་པའི་ཡོངས་སྦྱོངས་ནི། སྨོནཾ་དང་སྨོཾན་ཡོངས་སྦྱོང་གི་ཆོས་བཅུ་གཉིས་ཞེས་སྦྱར་གཞན་འགྲེ། གཉིས་པ་འབྲས་བུ་སའི་མཚན་ཉིད་ལ་གསུམ་ལས། དང་པོ་ནི། རྒྱུའིཾ་སའི་ཚོགས་བྱེ་བྲག་ཏུ་བཤད་པའི་སྐབས་འདིར་ཆོས་ཅན། ས་བཅུ་པ་ཡོངས་སྦྱོང་གི་སྒོ་ནས་མ་བཤད་པའི་རྒྱུ་མཚན་ཡོད་དེ། ས་བཅུ་པ་ས་འོག་མའི་རྟོགས་རིགས་འདུས་པའི་མཚན་ཉིད་ཀྱི་སྒོ་ནས་བཤད་པ་སྐབས་སུ་བབ་པའི་ཕྱིར། གཉིས་པ་ནི། སཾ་ས་བཅུ་པའི་ཡེ་ཤེས་ཆོས་ཅན། སངས་རྒྱས་ཀྱི་ས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དམན་པ་ས་བརྒྱད་དང་། བྱང་སེམས་ཀྱི་ས་དགུ་གཅིག་ཏུ་བྱས་པ་རྣམས་ལས་འདས་པའི་ཡེ་ཤེས་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། འདས་ས་ས་དགུ་ངོས་བཟུང་བ་དང་། འབྲས་བུ་ས་བཅུ་པའི་མཚན་ཉིད་དོ། །དང་པོ་ནི། ཉནཾ་ཐོཾས་ས་བཅུ་པའི་ཡེ་ཤེས་གང་ལས་འདས་པའི་ས་དེ་ཆོས་ཅན། ཁྱོད་ལ་དགུ་ཡོད་དེ། ཁྱོད་ལ་ཉན་ཐོས་ཀྱི་ས་བདུན། རང་རྒྱལ་གྱི་ས་གཅིག བྱང་སེམས་ཀྱི་ས་དགུ་གཅིག་ཏུ་བྱས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སཾ་དཾགུ་སོགས་ལ་རྩ་བའི་ངག་འདོན་འགོད། གསུམ་པ་གཉེན་པོའི་ཚོགས་བྱེ་བྲག་དུ་བཤད་པ་ལ་གཉིས་ལས། དང་པོ་ནི། གཉེནཾ་པོཾའི་སོགས་སོ། །གཉིས་པ་ནི། མཐོཾང་དང་གཟུཾངས་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཐོང་སྤངས་གཉེན་པོའི་ཚོགས་སྒྲུབ་ཡིན་ཏེ། རང་གི་ངོས་སྐལ་གྱི་མཐོང་སྤངས་བཞིའི་གཉེན་པོར་གྱུར་པའི་བྱང་འཕགས་ཀྱི་མཉམ་གཞག་ཡིན་པའི་ཕྱིར། ས་གཉིས་པའི་བར་ཆད་མེད་ལམ་ཆོས་ཅན། སྒོམ་སྤངས་གཉེན་པོའི་ཚོགས་སྒྲུབ་ཡིན་ཏེ། རང་གི་ངོས་སྐལ་གྱི་སྒོམ་སྤངས་བཞིའི་གཉེན་པོར་གྱུར་པའི་བྱང་འཕགས་ཀྱི་མཉམ་གཞག་ཡིན་པའི་ཕྱིར། བཞི་པ་ངེས་འབྱུང་སྒྲུབ་པ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། ཆེདཾ་དང་ཆེདཾ་ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། ངེས་འབྱུང་སྒྲུབ་པ་ཡིན་ཏེ། རང་གི་ངེས་པར་འབྱུང་ས་བརྒྱད་དུ་བར་ཆད་མེད་པར་ངེས་པར་འབྱུང་བར་བྱེད་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། སོ་སོར་སྦྱར་ན་དེ་ཆོས་ཅན། ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པ་ཡིན་ཏེ། རང་གི་ངེས་པར་འབྱུང་ས་ཆེད་དུ་བྱ་བ་ཆེན་པོ་གསུམ་དུ་བར་ཆད་མེད་པར་ངེས་པར་འབྱུང་བའི་ཞེས་སོགས་བརྒྱད་འགོད་དོ། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི་ཤེཾས་རཾབ་སོགས་སོ།། །།གཉིས་པ་རྒྱུ་ལམ་ཤེས་ལ་གསུམ་སྟེ། འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། རྣམཾ་པཾ་བྱམས་མགོན་ཆོས་ཅན། རྣམ་མཁྱེན་གྱི་འོག་ཏུ་ལམ་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། རྣམ་མཁྱེན་དེ་རང་རྒྱུ་ལམ་ཤེས་མེད་པར་མི་འབྱུང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལམ་ཤེས་ཀྱི་ཡན་ལག་དང་། ཡན་ལག་ཅན་གྱི་ལམ་ཤེས་སོ། །དང་པོ་ལ་གཉིས་ལས། རྩ་བ་ནི། ལྷཾ་རྣམཾས་ལམ་ཤེས་ཆོས་ཅན། ཁྱོད་ཀྱི་ཡན་ལག་དེ་ལ་ལྔར་ཡོད་དེ། ཁྱོད་ཀྱི་རྟེན་གྱི་ཡན་ལག་གསུམ། རང་བཞིན་གྱི་ཡན་ལག་གཅིག བྱེད་ལས་ཀྱི་ཡན་ལག་གཅིག་རྣམས་སུ་ཡོད་པའི་ཕྱིར། འགྲེལ་པ་ལ་གསུམ་སྟེ། རྟེན་གྱི་ཡན་ལག རང་བཞིན་གྱི་ཡན་ལག བྱེད་ལས་ཀྱི་ཡན་ལག་གོ །དང་པོ་ལ་གཉིས་ཏེ། དངོས་སུ་སྐྱེ་བའི་རྟེན་དང་། བརྒྱུད་ནས་སྐྱེ་བའི་རྟེན་ནོ། །དང་པོ་ལ་གཉིས་ཏེ། འགལ་རྐྱེན་བྲལ་བའི་རྟེན་དང་། མཐུན་རྐྱེན་ཚང་བའི་རྟེན་ནོ། །དང་པོ་ནི། ལཾམ་ཤེསཾ་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷ་ལ་སོགས་པའི་རྣམ་སྨིན་གྱི་འོད་མོག་མོག་པོར་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། ལམ་ཤེས་དངོས་སུ་སྐྱེ་རུང་གི་རྟེན་སྒྲུབ་པའི་ཆེད་ཡོད་པའི་ཕྱིར། ངཾ་རྒྱལཾ་དེའི་འོད་ཀྱི་ཆེ་བ་སྟོན་པའི་ཚིག་ཟུར་ཆོས་ཅན། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་བརྗོད་པ་ཡིན་ཏེ། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་ལ་ང་རྒྱལ་དང་བྲལ་བ་དགོས་པར་བསྟན་པའི་ཕྱིར། གཉིས་པ་ནི། དེཾ་ཡཾང་ལམ་ཤེས་ཆོས་ཅན། ཁྱོད་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པ་ཡིན་ཏེ། ཁྱོད་དངོས་སུ་སྐྱེ་བའི་རྟེན་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཅིག་དགོས་པའི་ཕྱིར། གཉིས་པ་ནི། ཐེཾག་པཾ་ལམ་ཤེས་དངོས་སུ་མི་སྐྱེ་བའི་རྟེན་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་ཚང་བའི་ཉན་རང་དགྲ་བཅོམ་པ་དང་། ང་རྒྱལ་དང་བྲལ་བ་མ་ཚང་བའི་ཕྱི་རོལ་པའི་ཆགས་བྲལ་སོགས་ཆོས་ཅན། ལམ་ཤེས་བསྒོམ་པར་བྱ་བ་ཡིན་པས་ཁྱབ་སྟེ། ཁྱོད་སོགས་སྐྱེ་བོ་ཐམས་ཅད་སངས་རྒྱ་བ་ཡིན་པའི་ཕྱིར། གལ་ཏེ་ཉན་རང་ལྷག་མེད་དུ་མྱ་ངན་ལས་འདས་ནས་ཐེག་ཆེན་གྱི་ལམ་དུ་མི་འཇུག་པས་གཏན་ཚིགས་མ་གྲུབ་བོ་ཞེ་ན། དེ་ནི་མ་ཡིན་ཏེ། མཐར་ཐུག་ཐེག་པ་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། བྱངཾ་ཆུཾབ་བྱང་སེམས་འཕགས་པའི་རྒྱུད་ཉིད་ཀྱི་ལམ་ཤེས་ཆོས་ཅན། ཉོན་མོངས་པའི་མིང་ཅན་འདོད་སྲེད་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་ཡིན་ཏེ། ཁྱོད་རྒྱུད་ལྡན་གྱི་གང་ཟག་དེ་བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་དགོས་པའི་ཕྱིར། གསུམ་པ་ནི། དེཾའི་འོཾག་ལམ་ཤེས་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། རང་དོན་རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པ་དང་། གཞན་དོན་སེམས་ཅན་འཁོར་དུ་མ་སྡུས་པ་བསྡུད་པར་བྱེད་པའི་ཕྱིར། གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ་གསུམ་སྟེ། ཉན་ཐོས་ཀྱི། རང་རྒྱལ་གྱི། བྱང་སེམས་ཀྱི་ལམ་ཤེས་སོ། །དང་པོ་ལ་གཉིས་ཏེ། ལམ་ཤེས་དངོས་དང་། རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་བྱམས་མགོན་ཆོས་ཅན། ལམ་ཤེས་ཀྱི་ཡན་ལག་བཤད་ཟིན་པའི་འོག་ཏུ་ཤེས་བྱ་ཉན་ཐོས་ཀྱི་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། ལམ་ཤེས་ཀྱི་སྐབས་སུ་ཐེག་པ་གསུམ་གྱི་ལམ་རྫོགས་པར་ཤེས་དགོས་པའི་ཕྱིར། གཉིས་པ་ནི། ལཾམ་ཤེཾས་བྱང་སེམས་ཀྱི་མཐོང་ལམ་མཉམ་གཞག་ཆོས་ཅན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ཏེ། བདེན་བཞིའི་སྟེང་གི་མི་རྟག་སོགས་བཅུ་དྲུག་གི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཉན་ཐོས་ཀྱི་ལམ་གྱི་དམིགས་རྣམ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་བྱང་འཕགས་ཀྱི་མཉམ་གཞག་ཡིན་པའི་ཕྱིར། ཉན་ཐོས་ཀྱི་ལམ་གྱི་དམིགས་རྣམ་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་མངོན་སུམ་དུ་རྟོགས་པའི་ས་དང་པོའི་རྗེས་ཐོབ་ཀྱི་མཁྱེན་པ་ཆོས་ཅན། ཡང་དེ་ཡིན་ཏེ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ། ཉན་ཐོས་ཀྱི་ལམ་གྱི་དམིགས་རྣམ་འཁོར་གསུམ་མི་དམིགས་པའི་སྒོ་ནས་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཤེས་བྱའི་ལམ་གྱི་རྣམ་པ། དེ་ཇི་ལྟར་ཤེས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དོར་བྱའི་རྣམ་པ་དང་། བླང་བྱའི་རྣམ་པའོ། །དང་པོ་ལ་གཉིས་ཏེ། སྡུག་ཀུན་སོ་སོ་བའི་རྣམ་པ་དང་། སྡུག་ཀུན་ཐུན་མོང་བའི་རྣམ་པའོ། །དང་པོ་ལ་གཉིས་ཏེ། སྡུག་བསྔལ་བདེན་པའི་རྣམ་པ་དང་། ཀུན་འབྱུང་བདེན་པའི་རྣམ་པའོ། །དང་པོ་ནི། དེཾ་ལཾ་སྡུག་བསྔལ་བདེན་པའི་རྣམ་པ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁྱོད་ལ་ངོ་བོ་ཉིད་ཀྱི་རྣམ་པ་གཉིས། རྣམ་གྲངས་ཀྱི་རྣམ་པ་གཉིས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཀུཾན་འབྱུངཾ་ཀུན་འབྱུང་བདེན་པའི་རྣམ་པ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁྱོད་ལ་འགོག་པའི་རྣམ་གྲངས་ཀྱི་རྣམ་པ། ནད་ཀྱི་རྣམ་པ་སོགས་བཞི་ཡོད་པའི་ཕྱིར། གཉིས་པ་ནི། ཡིཾད་འབྱུངཾ་སྡུག་ཀུན་ཐུན་མོང་བའི་རྣམ་པ་ཆོས་ཅན། ཁྱོད་ལ་བདུན་ཡོད་དེ། ཁྱོད་ལ་ཡིད་འབྱུང་བའི་རྣམ་པ་གཉིས། འདོད་ཆགས་དང་བྲལ་བའི་རྣམ་པ་གཉིས། འགོག་པའི་རྣམ་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། འགོག་བདེན་གྱི་རྣམ་པ་དང་། ལམ་བདེན་གྱི་རྣམ་པའོ། །དང་པོ་ནི། འགོཾག་པཾའི་འགོག་བདེན་གྱི་རྣམ་པ་ཆོས་ཅན། ཁྱོད་ལ་བདུན་ཡོད་དེ། ཁྱོད་ལ་འགོག་པའི་རྣམ་གྲངས་ཀྱི་རྣམ་པ་བདག་མེད་པ་དང་། ངོ་བོ་ཉིད་ཀྱི་རྣམ་པ་ཞི་བ་དང་། གྱ་ནོམ་པའི་རྣམ་གྲངས་ཀྱི་རྣམ་པ་དབེན་པ་དང་། ངེས་འབྱུང་གི་རྣམ་གྲངས་ཀྱི་རྣམ་པ་བཞི་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ལཾམ་གྱིཾ་ལམ་བདེན་གྱི་རྣམ་པ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁྱོད་ལ་ངོ་བོ་ཉིད་ཀྱི་རྣམ་པ་ལམ་སོགས་བཞི་ཡོད་པའི་ཕྱིར། གཉིས་པ་ནི། ངོཾ་བོཾ་སོགས་ཏེ། རྩ་བའི་ངག་དོན་གཉིས་འགོད། གཉིས་པ་རྒྱུ་ངེས་འབྱེད་ཆ་མཐུན་ལ་གཉིས་ལས། དང་པོ་ནི། བདེཾན་པཾ་བྱམས་མགོན་ཆོས་ཅན། ཉན་ཐོས་ཀྱི་ལམ་ཤེས་ཀྱི་འོག་ཏུ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་འཆད་པའི་རྒྱུ་མཚན་ཡོད་དེ། དེ་དེ་མེད་པར་མི་འབྱུང་བའི་ཕྱིར། གཉིས་པ་ནི། འཕཾགས་དང་གཟུཾགས་ཉན་ཐོས་ཀྱི་རྟོགས་རིགས་སྒོམ་པར་བྱེད་པའི་བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་དེ་ཆོས་ཅན། དམིགས་རྣམ་ཁྱད་པར་ཅན་དང་ལྡན་ཏེ། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་སྟོང་པ་ཉིད་རྣམས་ཕན་ཚུན་དབྱེར་མེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར། དེཾ་དང་གཟུཾགས་དེ་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་རྩེ་མོ་ཆོས་ཅན། ཆོས་འདྲ། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་གཟུགས་སོགས་མི་དམིགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། དེཾ་དང་དེཾ་དེ་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་བཟོད་པ་ཆོས་ཅན། ཆོས་འདྲ། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་རྟག་མི་རྟག་སོགས་སུ་གནས་པ་བཀག་པའི་རྣམ་པ་ཅན་ཡིན་པའི་ཕྱིར། སཾ་དང་གཾང་དེ་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན། ཆོས་འདྲ། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་ས་བཅུ་ལ་མི་གནས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ་གཉིས་ཏེ། ཤེས་བྱའི་ལམ་གྱི་རྣམ་བཞག རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་གཉིས་ཏེ། འབྲས་བུའི་ཁྱད་པར་བྱེད་ཆོས། རྒྱུ་ལམ་གྱི་ངོ་བོའོ། །དང་པོ་ལ་གཉིས་ཏེ། དངོས་དང་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཉནཾ་ཉན་ཐོས་ཀྱི་ལམ་གྱི་མཇུག་ཐོགས་སུ་ཤེས་བྱ་རང་རྒྱལ་གྱི་ལམ་འཆད་པར་རིགས་ཀྱང་ཐོག་མར་འབྲས་བུ་རང་རྒྱལ་གྱི་ཡེ་ཤེས་ཀྱི་ཁྱད་པར་འཆད་པ་ཆོས་ཅན། དགོས་པ་ཡོད་དེ། འབྲས་བུ་རང་རྒྱལ་གྱི་ཡེ་ཤེས་ཀྱི་ཁྱད་པར་རྟོགས་པའི་སྒོ་ནས་རྒྱུ་ལམ་གྱི་ཁྱད་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཁྱད་པར་དུ་འཕགས་པའི་ཚུལ། ཁྱད་པར་དུ་འཕགས་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ལས། དང་པོ་ནི། རཾང་དང་རཾང་བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཉན་ཐོས་ལས་ལམ་བགྲོད་ཚུལ་གྱིས་ཁྱད་པར་འཕགས་ཏེ། འདོད་པ་ཁམས་ཀྱི་སྲིད་པ་ཐ་མ་པའི་རྟེན་ལ་སློབ་དཔོན་གཞན་གྱི་གདམས་ངག་ལ་མ་ལྟོས་པར་རང་བྱུང་གི་བྱང་ཆུབ་མངོན་དུ་བྱས་པའི་མི་སློབ་ལམ་ཡིན་པའི་ཕྱིར། གཉིས་པ་ནི། སྒྲརཾ་དེ་ཆོས་ཅན། ཉན་ཐོས་ལས་ཆོས་སྟོན་ཚུལ་གྱིས་ཁྱད་པར་འཕགས་ཏེ། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་སྒྲ་མེད་ལུས་ཀྱིས་ཆོས་སྟོན་པའི་བདག་རྐྱེན་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ནི། གོང་གི་ལུཾང་ལཾས་འདོད་པ་ཁམས་ཀྱི་སྲིད་པ་ཐ་མ་པའི་རྟེན་ལ་རང་བྱུང་གི་བྱང་ཆུབ་མངོན་དུ་བྱས་པ་དང་། གདུལ་བྱ་ལ་སྒྲ་མེད་ལུས་ཀྱིས་ཆོས་སྟོན་ན། ཉན་ཐོས་ལས་ཁྱད་པར་དུ་འཕགས་པས་ཁྱབ་སྟེ། དེ་གཉིས་ཉན་ཐོས་ལ་མེད་པར་ལུང་ལས་བཤད་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། ཡཾང་ཅིཾ་བསེ་རུ་ལྟ་བུའི་རང་སངས་རྒྱས་ཆོས་ཅན། ཆོས་སྟོན་པར་མི་འཐད་པར་ཐལ། ཆོས་སྟོན་པའི་སྒྲ་མེད་པའི་ཕྱིར་ཞེ་ན། གཉིས་པ་ནི། གཾང་དང་རྣམཾ་དེ་ཆོས་ཅན། སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ། སྔོན་གྱི་སྨོན་ལམ་ལ་སོགས་པའི་མཐུས་སྒྲ་མེད་ཀྱང་ལུས་ཀྱི་སྒོ་ནས་གདུལ་བྱའི་རྒྱུད་ལ་བདེན་བཞི་སོགས་ཀྱི་རྣམ་པ་སྐྱེད་ནུས་པའི་ཕྱིར། བསེ་རུ་ལྟ་བུའི་རང་སངས་རྒྱས་ཆོས་ཅན། སྒྲ་མེད་དུ་ཆོས་སྟོན་པར་གྱུར་ཅིག་ཅེས་སྔོན་སྨོན་ལམ་བཏབ་པའི་རྒྱུ་མཚན་ཡོད་དེ། ཚིག་ཏུ་བརྗོད་པའི་ཀུན་སློང་གི་རྟོག་དཔྱོད་ཀྱིས་ཏིང་ངེ་འཛིན་གྱི་རྒྱུད་འཁྲུག་པར་བྱེད་པར་དགོངས་ནས་སྔོན་སྨོན་ལམ་དེ་ལྟར་བཏབ་པའི་ཕྱིར། དཔེར་ན་བྱང་ཆུབ་སེམས་དཔས་སྒྲ་མེད་དུ་ཆོས་སྟོན་པས་འདུལ་བའི་དོན་དུ་སྔོན་སྨོན་ལམ་དེ་ལྟར་བཏབ་པ་བཞིན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་བྱམས་མགོན་ཆོས་ཅན། འབྲས་བུ་རང་རྒྱལ་གྱི་ཡེ་ཤེས་ཀྱི་ཁྱད་པར་བཤད་ཟིན་པའི་འོག་ཏུ་རྒྱུ་ལམ་གྱི་ཁྱད་པར་འཆད་པའི་རྒྱུ་མཚན་ཡོད་དེ། འབྲས་བུ་ལ་ཁྱད་པར་ཡོད་ན་རྒྱུ་ལ་ཁྱད་པར་ཡོད་པ་རིགས་པའི་ཚུལ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཟུཾངས་དང་རཾང་ཤེས་བྱ་རང་རྒྱལ་གྱི་ལམ་ཆོས་ཅན། ཉན་ཐོས་ཀྱི་ལམ་ལས་ཁྱད་པར་དུ་འཕགས་ཏེ། གཟུང་རྟོག་སྤོང་བའི་རྟོགས་རིགས་ཡིན་པའི་ཕྱིར། དེ་ཆོས་ཅན། ཐེག་ཆེན་གྱི་ལམ་ལས་རྟོགས་རིགས་ཀྱི་སྒོ་ནས་དམན་ཏེ། འཛིན་རྟོག་མི་སྤོང་བའི་རྟོགས་རིགས་ཡིན་པའི་ཕྱིར། དེ་ཆོས་ཅན། རྟེན་གྱི་ཁྱད་པར་དང་ལྡན་ཏེ། ཅི་སྐད་བཤད་པའི་རྟོག་རིགས་གཉིས་ཀྱི་རྟེན་ཆོས་དབྱིངས་དང་ལྡན་པའི་ཕྱིར། ཡུལ་ཅན་ལམ་ཤེས་ཀྱི་སྦྱོར་བ་གཉིས་པཾ་སྔ་མ་ལ་བསྒྲེས་ཏེ་འགོད་པར་བྱའོ། །གཉིས་པ་རྒྱུ་ངེས་འབྱེད་ཆ་མཐུན་ལ་གཉིས་ལས། དང་པོ་ནི། ངེཾས་སོགས་སོ། །གཉིས་པ་ནི། བཏགཾས་དང་གཟུགས་རང་རྒྱལ་གྱི་རྟོགས་རིགས་སྒོམ་པར་བྱེད་པའི་བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་དེ་ཆོས་ཅན། དམིགས་རྣམ་ཁྱད་པར་ཅན་དང་ལྡན་ཏེ། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་མིང་དུ་བཏགས་པའི་ཆོས་ཉིད་མི་འགལ་བར་སྟོན་པའི་རྣམ་པ་ཅན་ཡིན་པའི་ཕྱིར། རྩེཾ་དང་གཟུཾགས་དེ་འདྲའི་རྩེ་མོའི་ཡེ་ཤེས་ཆོས་ཅན། ཆོས་འདྲ། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་དོན་དམ་པར་འཕེལ་འགྲིབ་མེད་པ་སོགས་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། ནངཾ་དང་ངོཾ་དེ་འདྲའི་བཟོད་པའི་ཡེ་ཤེས་ཆོས་ཅན། ཆོས་འདྲ། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་ནང་སྟོང་པ་ཉིད་ལ་སོགས་པས་གཟུགས་སོགས་མི་འཛིན་པའི་རྣམ་པ་ཅན་ཡིན་པའི་ཕྱིར། གཟུཾགས་དང་གཟུཾགས་དེ་འདྲའི་ཆོས་མཆོག་གི་ཡེ་ཤེས་ཆོས་ཅན། ཆོས་འདྲ། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་སྐྱེ་འགག་མེད་པ་སོགས་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། གསུམ་པ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ་གཉིས་ཏེ། མཐོང་ལམ་དང་། བསྒོམ་ལམ་མོ། །དང་པོ་ལ་གསུམ་སྟེ། ཡེ་ཤེས་མདོར་བསྟན། རྣམ་པ་རྒྱས་པར་བཤད། གཞན་གྱི་ལོག་རྟོག་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། རཾང་བྱམས་མགོན་ཆོས་ཅན། ཤེས་བྱ་རང་རྒྱལ་གྱི་ལམ་གྱི་མཇུག་ཐོགས་སུ་ཤེས་བྱ་བྱང་སེམས་ཀྱི་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། དམན་མཆོག་གི་གོ་རིམ་ལ་དགོངས་ནས་དེ་ལྟར་འཆད་པའི་ཕྱིར། གཉིས་པ་ནི། བདེཾན་དང་རྣམཾ་བྱང་སེམས་ཀྱི་ཤེས་བཟོད་སྐད་ཅིག་བཅུ་དྲུག་པོ་ཆོས་ཅན། ལམ་ཤེས་འཆད་པའི་སྐབས་ནས་བསྟན་པའི་མཐོང་ལམ་ཡིན་ཏེ། འདི་ཕྱིའི་ཕན་ཡོན་ཁྱད་པར་ཅན་གཉིས་དང་ལྡན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། རྣམཾ་པཾ་སོགས་སོ། །གཉིས་པ་ནི། དེཾ་བཞིཾན་ལམ་ཤེས་འཆད་པའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཁྱོད་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་དེ། ཁྱོད་ལ་དེ་བཞིན་ཉིད་དང་སངས་རྒྱས་དག་ཕན་ཚུན་རྣམ་གྲངས་ཀྱིས་གནས་པ་ཁས་མི་ལེན་པ་སོགས་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་མཉམ་གཞག་སྐད་ཅིག་མ་བཅུ་དྲུག་ཡོད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་བཞི་ལས། དང་པོ་སྡུག་བསྔལ་བདེན་པའི་རྣམ་པ་ནི། དོཾན་དཾམ་བྱང་སེམས་ཀྱི་མཐོང་ལམ་མཉམ་གཞག་སྐད་ཅིག་མ་དང་པོ་ཆོས་ཅན། ལམ་ཤེས་འཆད་པའི་སྐབས་ནས་བསྟན་པའི་སྡུག་བསྔལ་ཆོས་བཟོད་ཡིན་ཏེ། བྱང་སེམས་ཀྱི་མཐོང་ལམ་མཉམ་གཞག་གང་ཞིག དེ་བཞིན་ཉིད་དང་སངས་རྒྱས་དག་ཕན་ཚུན་རྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། དེས་གཞན་གསུམ་ལ་འགྲེའོ། །གཉིས་པ་ཀུན་འབྱུང་བདེན་པ་ནི། གཟུགས་དེ་འདྲའི་ལྔ་པ་ཆོས་ཅན། ལམ་ཤེས་འཆད་པའི་སྐབས་ནས་བསྟན་པའི་ཀུན་འབྱུང་ཆོས་བཟོད་ཡིན་ཏེ། གང་ཞིག་གཟུགས་སོགས་རྟག་ཆད་མེད་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། དེས་གཞན་གསུམ་ལ་འགྲེའོ། །གསུམ་པ་འགོག་བདེན་གྱི་རྣམ་པ་ནི། གཟུཾགས་དེ་འདྲའི་དགུ་པ་ཆོས་ཅན། ལམ་ཤེས་འཆད་པའི་སྐབས་ནས་བསྟན་པའི་འགོག་པ་ལ་ཆོས་བཟོད་ཡིན་ཏེ། གང་ཞིག་གཟུགས་སོགས་རང་བཞིན་ཁོ་ནས་སྟོང་པ་ཉིད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། དེས་གཞན་གསུམ་ལ་འགྲེའོ། །བཞི་པ་ལམ་བདེན་གྱི་རྣམ་པ་ནི། ངོཾ་བོཾ་དེ་འདྲའི་སྐད་ཅིག་བཅུ་གསུམ་པ་ཆོས་ཅན། ལམ་ཤེས་འཆད་པའི་སྐབས་ནས་བསྟན་པའི་ལམ་ཆོས་བཟོད་ཡིན་ཏེ། གང་ཞིག་གཟུགས་སོགས་དང་། མྱང་འདས་ལ་མངོན་ཞེན་ཞི་བའི་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། དེས་གཞན་གསུམ་ལ་འགྲེའོ། །གཉིས་པ་ནི། དེཾ་ལྟརཾ་སོགས་སོ། །གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། ཁཾ་ཅིཾག་རྒྱན་གྱི་འགྲེལ་བྱེད་ཁ་ཅིག་ན་རེ། སྐབས་འདིར་མཐོང་ལམ་རྒྱས་བཤད་ཀྱི་གཞུང་གིས་རྣམ་པ་མ་བཤད་པར་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་རབ་དབྱེ་ཙམ་བསྟན་པ་ཡིན་ལ། སྐབས་དང་པོར་བཤད་པའི་ངེས་འབྱེད་ཆ་མཐུན་དང་། འོག་ནས་འཆད་པར་འགྱུར་བའི་ངེས་འབྱེད་ཆ་མཐུན་སྟོན་པའི་གཞུང་གིས་ཀྱང་རྣམ་པ་མ་བཤད་པར་དེ་དག་གི་རབ་དབྱེ་ཙམ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ནི། གཞཾན་དཾག་དེ་བཞིན་ཉིད་དང་སངས་རྒྱས་དག་ཞེས་སོགས་ཀྱི་གཞུང་ཆོས་ཅན། མཉམ་བཞག་དུ་སྒོམ་པའི་རིམ་པ་དང་རྗེས་ཐོབ་ཏུ་ཡིད་ལ་བྱ་བའི་རིམ་པ་མ་བསྟན་པར་ཐལ། རྣམ་པ་མ་བསྟན་པའི་ཕྱིར། འདོད་ན། མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པར་ཐལ། འདོད་པ་དེའི་ཕྱིར། གཞན་ཡང་དམིགས་པ་དང་ནི་རྣམ་པ་དང་ཞེས་སོགས་དང་། དྲོ་བ་རྣམས་ཀྱི་དམིགས་པ་འདིར་ཞེས་སོགས་ཀྱི་གཞུང་དྲང་དུ་མི་རུང་བར་ཐལ། གཞུང་དེ་དག་གིས་དམིགས་རྣམ་མ་བསྟན་པའི་ཕྱིར། གཉིས་པ་སྒོམ་ལམ་ལ་གཉིས་ཏེ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ལ་གསུམ་ལས། དང་པོ་ནི། མཐོཾང་བཾའི་སྐྱེ་བའི་རིམ་པ་དང་བསྟུན་ན་མཐོངཾ་ལམ་གྱི་རྗེས་སུ་སྒོམ་ལམ་བརྗོད་པར་བྱ་བ་ཡིན་ན་ཡང་བྱམས་མགོན་གྱིས་ཐོག་མར་སྒོམ་ལམ་གྱི་བྱེད་པ་བསྟན་པ་ཆོས་ཅན། རྒྱུ་མཚན་དང་དགོས་པ་ཡོད་དེ། གཞུང་ཉུང་བའི་ཕྱིར་དང་། གདུལ་བྱ་རྒྱུ་སྒོམ་ལམ་ལ་ཞུགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཀུཾན་ནཾས་ཐེག་ཆེན་གྱི་སྒོམ་ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་ཉོན་མོངས་ཀྱི་ནུས་པ་ཞི་བ་ལ་སོགས་པའི་ཡོན་ཏན་དྲུག་པོ་དེ་ཆོས་ཅན། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ཡིན་ཏེ། ཐེག་ཆེན་གྱི་སྒོམ་ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་ཡིན་པའི་ཕྱིར། གསུམ་པ་ནི། རྣཾམ་པཾ་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། སྐྱེས་བུ་བྱེད་པའི་འབྲས་བུ་བཞི་དང་ལྡན་ཏེ། ནང་གི་ཉེར་འཚེ་ཞི་བ་གསུམ། ཕྱིའི་ཉེར་འཚེ་ཞི་བ་གཅིག་དང་ལྡན་པའི་ཕྱིར། ཡང་དག་དེ་ཆོས་ཅན། རྣམ་སྨིན་གྱི་འབྲས་བུ་དང་ལྡན་ཏེ། རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའི་ཕྱིར། རྟེནཾ་གྱིཾ་དེ་ཆོས་ཅན། བདག་པོའི་འབྲས་བུ་དང་ལྡན་ཏེ། རང་རྒྱུད་ལྡན་གྱི་གང་ཟག་བཞུགས་པའི་ས་ཕྱོགས་མཆོད་པའི་ཡུལ་དུ་བྱེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དབྱེ་བ་བསྟན་ཏེ་མཚམས་སྦྱར། སོ་སོའི་རང་བཞིན་ཕྱེ་སྟེ་བཤད་པའོ། །དང་པོ་ནི། བྱེདཾ་པཾའི་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། ཁྱོད་ལ་ཟག་བཅས་དང་ཟག་མེད་སྒོམ་ལམ་གཉིས་ཡོད་དེ། ཁྱོད་ལ་གཟུང་འཛིན་གཉིས་སྣང་དང་བཅས་པའི་སྒོམ་ལམ་དང་། དེ་མེད་པའི་སྒོམ་ལམ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཟག་བཅས་སྒོམ་ལམ་དང་། ཟག་མེད་སྒོམ་ལམ་མོ། །དང་པོ་ལ་གསུམ་སྟེ། དབྱེ་བའི་སྒོ་ནས་མཚམས་སྦྱར། ཕྱེ་བ་སོ་སོའི་རང་བཞིན་བཤད། བྱེད་ལས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། དེཾའི་ཕྱིརཾ་ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ཆོས་ཅན། མོས་བསྔོ་རྗེས་སུ་ཡི་རང་བསྒོམ་ལམ་གསུམ་ཡོད་དེ། དགེ་རྩ་སོག་པར་བྱེད་པ་དང་། མི་ཟད་པར་བྱེད་པ་དང་། སྤེལ་བར་བྱེད་པའི་སྒོམ་ལམ་གསུམ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། མོས་སྒོམ་ལམ། བསྔོ་སྒོམ་ལམ། རྗེས་སུ་ཡི་རང་སྒོམ་ལམ་མོ། །དང་པོ་ལ་གཉིས་ཏེ། མོས་པའི་དབྱེ་བ་དང་། མོས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། དང་པོ་ནི། རྣམཾས་ཀྱིསཾ་བྱམས་མགོན་ཆོས་ཅན། ཟག་བཅས་སྒོམ་ལམ་གསུམ་གྱི་ནང་ནས་དང་པོར་མོས་པ་སྒོམ་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། ཟག་བཅས་སྒོམ་ལམ་གསུམ་གྱི་ནང་ནས་ཐོག་མར་དགེ་རྩ་སོག་པ་སྔོན་དུ་འགྲོ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། མོཾས་དང་ཇིཾ་ས་གཉིས་པའི་རྗེས་ཐོབ་ཀྱི་གནས་སྐབས་ཀྱི་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་མོས་པའི་སྒོམ་ལམ་དེ་ཆོས་ཅན། མོས་པ་སྒོམ་ལམ་ཡིན་ཏེ། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གང་ཞིག ཡུམ་དོན་གསུམ་གྱི་འབྱུང་གནས་སུ་མོས་པའི་མོས་པ་མཚུངས་ལྡན་དང་བཅས་པ་ཡིན་པའི་ཕྱིར། རང་དོན་ཕུན་སུམ་ཚོགས་པའི་འབྱུང་གནས་སུ་མོས་པའི་ཞེས་སོགས་སོ་སོར་ཕྲལ་ནས་རང་དོན་མོས་པ་སྒོམ་ལམ་སོགས་གསུམ་དུ་ཕྲལ་ནས་ཡང་འགོད་དོ། །གཉིས་པ་ནི། རྣཾམ་དང་དེཾ་མོས་པ་སྒོམ་ལམ་ཆོས་ཅན། ཉི་ཤུ་རྩ་བདུན་ཡོད་དེ། རང་དོན་མོས་པ་སྒོམ་ལམ་དགུ། གཉིས་དོན་མོས་པ་སྒོམ་ལམ་དགུ། གཞན་དོན་མོས་པ་སྒོམ་ལམ་དགུ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། དེཾ་བསྒོཾམ་ཤེས་རབ་ཕ་རོལ་ཕྱིན་པ་ལ་ཞེས་སོགས་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མོས་པ་སྒོམ་པའི་བྱང་སེམས་སྤྲོ་བ་བསྐྱེད་པའི་ཆེད་དུ་བསྟོད་བཀུར་བསྔགས་གསུམ་མཛད་ཚུལ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཤེཾས་དང་ཇིཾ་རྫོགས་པའི་སངས་རྒྱས་ཀྱིས་རང་དང་གཉིས་དོན་མོས་པའི་གནས་སྐབས་དགུ་ལ་བསྟོད་བཀུར་དགུ། གཞན་དོན་མོས་པའི་གནས་སྐབས་དགུ་ལ་བསྔགས་པ་དགུ་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། མོས་པ་སྒོམ་པའི་བྱང་སེམས་སྤྲོ་བ་སྐྱེད་པའི་ཆེད་ཡིན་པའི་ཕྱིར། དེཾས་ནཾ་མོས་པ་སྒོམ་པའི་བྱང་སེམས་ལ་སངས་རྒྱས་ཀྱིས་བསྟོད་བཀུར་བསྔགས་པ་མཛད་པ་ཆོས་ཅན། གཅམ་བུའི་ངོ་བོ་མ་ཡིན་ཏེ། ཡོན་ཏན་དང་འཚམས་པའི་བསྟོད་སོགས་ཡིན་པའི་ཕྱིར། གཉིས་པ་བསྔོ་བ་སྒོམ་ལམ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་བྱམས་མགོན་ཆོས་ཅན། མོས་པ་སྒོམ་ལམ་གྱི་འོག་ཏུ་བསྔོ་བ་སྒོམ་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། མོས་པས་བསགས་པའི་དགེ་རྩ་བསྔོ་བས་མི་ཟད་པར་བྱེད་དགོས་པའི་ཕྱིར། གཉིས་པ་ནི། ཡོཾངས་དང་ཇིཾ་ས་གཉིས་པའི་རྗེས་ཐོབ་ཀྱི་གནས་སྐབས་ཀྱི་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་སྒྱུར་བར་བྱེད་པའི་སྒོམ་ལམ་དེ་ཆོས་ཅན། བསྔོ་བ་སྒོམ་ལམ་ཡིན་ཏེ། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གང་ཞིག དགེ་རྩ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་ཡིན་པའི་ཕྱིར། བསྔོ་བ་སྒོམ་ལམ་ཆོས་ཅན། རྣམ་པ་བཅུ་གཉིས་ཡོད་དེ། སྤྱིའི་རང་བཞིན། མངོན་ཞེན་འགོག་པ་དྲུག ཟུང་འཇུག་གི་རྣམ་པ། མི་མཐུན་ཕྱོགས་དང་བྲལ་བ། རྣམ་པའི་རབ་དབྱེ་གསུམ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་རྗེས་སུ་ཡི་རང་སྒོམ་ལམ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་བྱམས་མགོན་ཆོས་ཅན། བསྔོ་བ་སྒོམ་ལམ་གྱི་འོག་ཏུ་རྗེས་སུ་ཡི་རང་སྒོམ་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། བསྔོ་བས་བསྔོས་པའི་དགེ་རྩ་ཡི་རང་གིས་མངོན་པར་སྤེལ་དགོས་པའི་ཕྱིར་རོ། །གཉིས་པ་ནི། ཐཾབས་དང་རཾབ་ས་གཉིས་པའི་རྗེས་ཐོབ་ཀྱི་གནས་སྐབས་ཀྱི་རང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་བའི་སྒོམ་ལམ་དེ་ཆོས་ཅན། རྗེས་སུ་ཡི་རང་བའི་སྒོམ་ལམ་ཡིན་ཏེ། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གང་ཞིག དགེ་རྩ་སྤེལ་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་ཡིན་པའི་ཕྱིར། གསུམ་པ་བྱེད་ལས་ཀྱི་སྒོ་ནས་དོན་བསྡུ་བ་ནི། དེཾ་ལཾ་མོས་པ་སྒོམ་ལམ་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། དགེ་རྩ་སོག་པར་བྱེད་པའི་ཕྱིར། བསྔོ་བ་སྒོམ་ལམ་ཆོས་ཅན། ཆོས་འདྲ། དགེ་རྩ་མི་ཟད་པར་བྱེད་པའི་ཕྱིར། རྗེས་སུ་ཡི་རང་སྒོམ་ལམ་ཆོས་ཅན། ཆོས་འདྲ། དགེ་རྩ་སྤེལ་བར་བྱེད་པའི་ཕྱིར། གཉིས་པ་ཟག་མེད་སྒོམ་ལམ་ལ་གཉིས་ཏེ། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་མོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཟཾག་པཾ་བྱམས་མགོན་ཆོས་ཅན། ཟག་བཅས་སྒོམ་ལམ་གྱི་འོག་ཏུ་ཟག་མེད་སྒོམ་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། དམན་མཆོག་གི་གོ་རིམ་ལ་དགོངས་ནས་དེ་ལྟར་བཤད་པའི་ཕྱིར། ཟག་མེད་སྒོམ་ལམ་ཆོས་ཅན། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས་ཡོད་དེ། སྤང་བྱའི་དངོས་གཉེན་དང་། རྣམ་གྲོལ་ལམ་གཉིས་ཡོད་པའི་ཕྱིར། གཉིས་པ་ནི། དེཾ་དང་གཟུཾགས་ས་གཉིས་པའི་བར་ཆད་མེད་ལམ་ཆོས་ཅན། སྒྲུབ་པ་སྒོམ་ལམ་གྱི་ངོ་བོ་ཡིན་ཏེ། གཟུགས་སོགས་ཀྱི་གནས་ཚུལ་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པའི་སྤང་བ་གཉེན་པོ་ཡིན་པའི་ཕྱིར། མཆོཾག་དང་གཞཾན་སྒྲུབ་པ་སྒོམ་ལམ་གྱིས་བསྡུས་པའི་ཤེར་ཕྱིར་ཆོས་ཅན། སྦྱིན་སོགས་གཞན་ལས་མཆོག་ཡིན་ཏེ། སྦྱིན་སོགས་གཞན་གྱིས་སངས་རྒྱས་ཐོབ་པ་ཁྱོད་ལ་རག་ལས་པའི་ཕྱིར། ཀུཾན་དང་ཆོཾས་སྒྲུབ་པ་སྒོམ་ལམ་ཆོས་ཅན། ཡུལ་ལ་མངོན་པར་ཞེན་པའི་ཚུལ་གྱིས་འདུ་མི་བྱེད་དེ། ཆོས་ཐམས་ཅད་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པའི་ངེས་ཤེས་འདྲེན་པར་བྱེད་པའི་ཕྱིར། ཆོསཾ་དང་དེཾ་སྒྲུབ་པ་སྒོམ་ལམ་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། རྣལ་འབྱོར་པའི་རྒྱུད་ལ་ཆོས་རྣམས་མི་དམིགས་པའི་རྟོགས་པ་སྐྱེད་པའི་ཕྱིར། དོཾན་དང་དོཾན་དེ་ཆོས་ཅན། དོན་ཆེན་པོ་དང་ལྡན་ཏེ། སངས་རྒྱས་ཉིད་དུ་བྱེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུ་དང་རྒྱུ་མ་ཡིན་པའི་རབ་དབྱེ་དང་། འབྲས་བུ་རྣམ་དག་སྒོམ་ལམ་དངོས་སོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾའི་འོཾག་སངས་རྒྱས་བརྟེན་དང་སྦྱིན་སོགས་དང་ཞེས་སོགས་ཚིགས་བཅད་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་དག་སྒོམ་ལམ་སྐྱེ་བའི་མཐུན་རྐྱེན་དང་། འགལ་རྐྱེན་བདེ་བླག་ཏུ་རྟོགས་པའི་ཆེད་ཡོད་པའི་ཕྱིར། གཉིས་པ་ནི། སཾངས་རྒྱསཾ་དང་སཾངས་རྒྱསཾ་སངས་རྒྱས་མཉེས་པར་བྱེད་པ་སོགས་གསུམ་པོ་ཆོས་ཅན། རང་འབྲས་རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་ཡིན་ཏེ་དེ་སྐྱེ་བ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། བདུཾད་དང་བཾདུད་བདུད་ཀྱིས་གནོད་པ་བྱས་པ་སོགས་བཞི་པོ་ཆོས་ཅན། རྣམ་དག་སྒོམ་ལམ་སྐྱེ་བའི་འགལ་རྐྱེན་ཡིན་ཏེ། དེ་སྐྱེ་བ་ལ་བར་དུ་གཅོད་བྱེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་དུ་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། འབྲཾས་དང་འཕཾགས་ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་དྲི་མས་རྣམ་པར་དག་པ་ན་ཁྱོད་ཀྱི་ཡུལ་གཟུགས་སོགས་ཀྱང་དེས་རྣམ་པར་དག་པ་ཡིན་ཏེ། ཁྱོད་དེས་དག་པའི་དག་པ་དང་། ཁྱོད་ཀྱི་ཡུལ་གཟུགས་སོགས་དེས་དག་པའི་དག་པ་གཉིས་རང་སྤྱི་གཉིས་ཆར་དུ་ཐ་དད་མེད་པར་དོན་གཅིག་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། འཕགས་བཞིའི་རྣམ་དག་སྤྱིར་བསྟན། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་སྒྲུབ། སྒྲུབ་བྱེད་ལ་ཀླན་ཀ་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། རྣམཾ་པཾར་སོགས་སོ། །གཉིས་པ་ནི། ཉོནཾ་དང་འདོཾད་ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་དེ་ཆོས་ཅན། ཉན་ཐོས་ཀྱི་རྣམ་དག་ཡིན་ཏེ། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཉོན་སྒྲིབ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཤེཾས་དང་དེཾ་བསེ་རུ་ལྟ་བུའི་རང་རྒྱལ་གྱི་མཐོང་ལམ་རྣམ་གྲོལ་ལམ་ཆོས་ཅན། རང་རྒྱལ་གྱི་རྣམ་དག་ཡིན་ཏེ། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཉོན་སྒྲིབ་དང་། ཤེས་སྒྲིབ་གཟུང་རྟོག་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ཡིན་པའི་ཕྱིར། ལཾམ་དང་ཐེཾག་ས་དང་པོའི་རྣམ་གྲོལ་ལམ་ཆོས་ཅན། བྱང་སེམས་ཀྱི་རྣམ་དག་ཡིན་ཏེ། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། འདི་དག་ནི་མ་མཐའ་ངོས་བཟུང་བའོ། །སཾངས་དང་ཉོནཾ་སངས་རྒྱས་སའི་རྣམ་གྲོལ་ལམ་ཆོས་ཅན། སངས་རྒྱས་ཀྱི་རྣམ་དག་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། ལཾམ་ཤེཾས་ས་དགུ་ལ་ནི་ཆེན་པོ་ཡི་ཞེས་སོགས་ཚིགས་བཅད་གཅིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་དག་ཤིན་ཏུ་བ་དང་ཤིན་ཏུ་བ་མ་ཡིན་པའི་ཁྱད་པར་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སཾ་དང་འདོཾད་སངས་རྒྱས་ཀྱི་རྣམ་དག་ཆོས་ཅན། རྣམ་དག་ཤིན་ཏུ་བ་ཡིན་ཏེ། རང་རྒྱུ་རྒྱུན་མཐའི་བར་ཆད་མེད་ལམ་དེས་ཁམས་གསུམ་གྱི་ཤེས་སྒྲིབ་མཐའ་དག་གི་གཉེན་པོ་བྱས་པ་ལས་བྱུང་བའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཉན་ཐོས་སོགས་ཀྱི་རྣམ་དག་གསུམ་པོ་ཆོས་ཅན། རྣམ་དག་ཤིན་ཏུ་བ་མ་ཡིན་ཏེ། རང་རྒྱུ་བར་ཆད་མེད་ལམ་དེས་ཁམས་གསུམ་གྱི་ཤེས་སྒྲིབ་མཐའ་དག་གི་གཉེན་པོ་མ་བྱས་པའི་ཕྱིར། གསུམ་པ་ལ་གསུམ་ལས། དང་པོ་ནི། ཇིཾ་ལྟརཾ་སོགས་སོ། །གཉིས་པ་ནི། དེཾ་ལཾ་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། ཁམས་གསུམ་གྱི་ཤེས་སྒྲིབ་མཐའ་དག་གི་གཉེན་པོར་གྲུབ་སྟེ། ཁམས་གསུམ་གྱི་གཟུང་འཛིན་མཉམ་པ་ཉིད་དུ་མངོན་སུམ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། བསལ་བྱ་ཀླན་ཀ སེལ་བྱེད་གཉེན་པོ། ཀླན་ཀ་བསལ་བས་གྲུབ་པའི་དོན་ནོ། །དང་པོ་ནི། དེཾ་ལཾ་གཉེན་པོ་ཆུང་རིམ་ནས་སྐྱེ་ཤིང་སྤང་བྱ་ཆེ་རིམ་ནས་འགགས་པ་མི་འཐད་དེ། གོ་རིམ་དེ་ལས་བཟློག་པ་འཐད་པའི་ཕྱིར་ཞེ་ན། གཉིས་པ་ནི། གོས་ལ་གཉེན་པོ་ཆུང་རིམ་ནས་སྐྱེ་ཤིང་། སྤང་བྱ་ཆེ་རིམ་ནས་འགགས་པའི་དཔེ་ཡོད་དེ། གོས་ལ་ཆགས་པའི་དྲི་མ་རགས་པ་འབད་པ་ཆུང་ངུས་སེལ་ཞིང་། ཕྲ་མོ་འབད་པ་ཆེན་པོས་སེལ་དགོས་པའི་ཕྱིར། གསུམ་པ་ནི། སྒོཾམ་ལཾམ་པཾའི་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་གྲུབ་སྟེ། ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་སོགས་དགུ་པོ་དེ་ཁམས་གསུམ་ས་དགུའི་སྒོམ་སྤངས་ཆེན་པོའི་ཆེན་པོ་སོགས་དགུའི་གཉེན་པོར་གྲུབ་པའི་ཕྱིར། གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི་ཤེས་རབ་སོགས་སོ།། །།གསུམ་པ་རྣམ་པར་དག་བྱེད་གཞི་ཤེས་ལ་གསུམ་སྟེ། འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། གཞི་ཐམཾས་ཅཾད་བྱམས་མགོན་ཆོས་ཅན། ལམ་ཤེས་ཀྱི་འོག་ཏུ་གཞི་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་འཕགས་པའི་རྗེས་ཐོབ་ཀྱིས་ལམ་ལེགས་པར་ཤེས་པ་མཚན་འཛིན་མི་མཐུན་པའི་ཕྱོགས་དང་། མཚན་མེད་རྟོགས་པའི་ཤེས་རབ་གཉེན་པོ་ཡིན་པའི་ཁྱད་པར་ཤེས་པ་ལ་རག་ལས་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ལམ་ཤེས་རྣམ་པར་དག་པར་བྱེད་པའི་གཞི་ཤེས། སྐབས་དོན་ཐེག་དམན་གྱི་རྟོགས་རིགས་སུ་གྱུར་པའི་གཞི་ཤེས་རྣམ་པ་དང་སྦྱར་བའི་ཆེད་དུ་མཁྱེན་གསུམ་གྱི་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། གཞི་ཤེས་ཀྱི་ངོ་བོ། ཉེ་རིང་གི་རྒྱུ་མཚན། མི་མཐུན་ཕྱོགས་དང་གཉེན་པོའི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། རྩ་བ་དང་། འགྲེལ་པའོ། །དང་པོ་ནི། ཚུ་རོལ་བྱང་སེམས་ཀྱི་མཐོང་སྒོམ་བར་ཆད་མེད་ལམ་ཆོས་ཅན། སྐབས་གསུམ་པ་འདིར་གཞི་ཤེས་ཀྱིས་བསྡུས་པའི་ཤེར་ཕྱིན་དུ་འདོད་དེ། ཁམས་གསུམ་གྱི་གཟུང་འཛིན་མཉམ་ཉིད་དུ་རྟོགས་པར་མ་ཟད་པར་འཁོར་འདས་བར་གསུམ་ལ་མི་གནས་ཤིང་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་བྱང་སེམས་ཀྱི་མཉམ་གཞག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས། ཤུགས་བསྟན་ཉན་རང་གི་གཞི་ཤེས་སོ། །དང་པོ་ནི། དུཾས་གསུཾམ་བྱང་སེམས་ཀྱི་གཞི་ཤེས་ཆོས་ཅན། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ཡིན་ཏེ། ཤེས་རབ་ཀྱིས་སྲིད་མཐའ་དང་། སྙིང་རྗེས་ཞི་མཐའ་གནོན་དུས་ཀྱི་གཞི་ཤེས་ཡིན་པའི་ཕྱིར་ཏེ། དུས་གསུམ་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་གཞི་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། ཀུཾན་ཤེཾས་ཐེག་དམན་གྱི་གཞི་ཤེས་ཆོས་ཅན། སྲིད་ཞི་ལ་གནས་པའི་གཞི་ཤེས་ཡིན་ཏེ། ཐབས་ཤེས་ཁྱད་པར་ཅན་དང་བྲལ་བའི་གཞི་ཤེས་ཡིན་པའི་ཕྱིར་ཏེ། དུས་གསུམ་མཉམ་པ་ཉིད་དུ་མ་རྟོགས་པའི་གཞི་ཤེས་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། ལུཾགས་ལཾས་ཉན་རང་གི་གཞི་ཤེས་ཤེར་ཕྱིན་ལ་རིང་བ་དང་། བྱང་སེམས་ཀྱི་གཞི་ཤེས་ཤེར་ཕྱིན་ལ་ཉེ་བའི་ཁྱད་པར་མི་འཐད་པར་ཐལ། དེ་གཉིས་ཀས་དུས་གསུམ་མཉམ་པ་ཉིད་དུ་ཤེས་པའི་ཕྱིར་ཏེ། དེ་གཉིས་ཀས་གཞི་རྟེན་འབྲེལ་གྱི་དོན་རྟོགས་པའི་ཕྱིར་ཞེ་ན། གཉིས་པ་ནི། དེཾ་ནིཾ་བྱང་སེམས་ཀྱི་གཞི་ཤེས་ཆོས་ཅན། རྗེས་ཐོབ་ཏུ་མཚན་མར་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་ན། རྣམ་མཁྱེན་ལ་རིང་བར་འགྱུར་ཏེ། རྗེས་ཐོབ་དུ་མཚན་མར་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་ན་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མི་མཁས་པའི་ཕྱིར། དེཾ་ནིཾ་དེ་ཆོས་ཅན། རྗེས་ཐོབ་དུ་མཚན་མར་མི་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་ན་རྣམ་མཁྱེན་ལ་ཉེ་བར་འགྱུར་ཏེ། དེ་ལྟར་སྤྱོད་ན་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མཁས་པའི་ཕྱིར། ཉེ་རིང་གི་ཡུལ་སྐབས་དང་པོའི་རྣམ་མཁྱེན་དང་། ཉེ་རིང་དུ་འགྲོ་བ་པོ་སྔར་བཤད་པའི་གཞི་ཤེས་ཀྱི་ངོ་བོ་ཡིན་པར་དེ་ནི་ཞེས་པའི་ཚིག་གོང་འོག་གཉིས་ཀྱིས་གསལ་ལོ། །གསུམ་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཉན་རང་གི་གཞི་ཤེས་འབྲས་ཡུམ་ལ་རིང་བའི་རྒྱུ་མཚན། བྱང་སེམས་ཀྱི་གཞི་ཤེས་འབྲས་ཡུམ་ལ་ཉེ་བའི་རྒྱུ་མཚན་ནོ། །དང་པོ་ནི། སྒྱུཾ་མཾ་ཐེག་དམན་གྱི་གཞི་ཤེས་ཆོས་ཅན། འབྲས་ཡུམ་ལ་རིང་བ་ཡིན་ཏེ། དུས་གསུམ་མཉམ་ཉིད་དུ་མི་ཤེས་པའི་གཞི་ཤེས་ཡིན་པའི་ཕྱིར་ཏེ། མཚན་འཛིན་གྱིས་བཅིངས་པའི་གཞི་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། བྱཾང་ཆུབཾ་བྱང་སེམས་ཀྱི་གཞི་ཤེས་ཆོས་ཅན། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཡིན་ཏེ། དུས་གསུམ་མཉམ་ཉིད་དུ་ཤེས་པའི་གཞི་ཤེས་ཡིན་པའི་ཕྱིར་ཏེ། མཚན་འཛིན་གྱིས་མ་བཅིངས་པའི་གཞི་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། ཐབཾས་མཾ་ཉན་ཐོས་ཀྱི་གཞི་ཤེས་དང་། བྱང་སེམས་ཀྱི་གཞི་ཤེས་གཉིས་ཆོས་ཅན། འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་ཡོད་དེ། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་མི་མཁས་ཀྱི་ཁྱད་པར་ཡོད་པའི་ཕྱིར། གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོའི་ཁྱད་པར་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གཞི་ལམ་ལ་མཚན་འཛིན་གྱི་སྤང་གཉེན། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་ནོ། །དང་པོ་ལ་གཉིས་ཏེ། སྤང་བྱ་དང་། གཉེན་པོའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་གཟུགས་སོགས་ཕུང་པོ་སྟོང་ཉིད་དང་ཞེས་སོགས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འབྲས་ཡུམ་ལ་རིང་བའི་གཞི་ཤེས་དེ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་སུ་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། གཟུགཾས་དང་གཟུགཾས་གཞིའི་ཆོས་ཉིད་དང་ཆོས་ཅན་ལ་མཚན་མར་འཛིན་པའི་མཚན་འཛིན་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། བྱང་སེམས་ལམ་གྱི་སྤང་བྱ་ཡིན་པའི་ཕྱིར། སྦྱིཾན་དང་ཟཾག་ལམ་ལ་མཚན་མར་འཛིན་པའི་མཚན་འཛིན་ཆོས་ཅན། ཆོས་རྟགས་འདྲ། གཉིས་པ་ལ་གཉིས་ལས། དང་པོ་ནི། བྱཾང་ཆུཾབ་སྦྱིན་ལ་སོགས་ལ་ངར་འཛིན་མེད་ཞེས་སོ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། བྱང་སེམས་ཀྱི་གཞི་ཤེས་དེ་གཉེན་པོ་གཞི་ཤེས་སུ་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྦྱིནཾ་དང་འཁོཾར་ས་བདུན་པ་མན་ཆད་ཀྱི་སྦྱིན་སོགས་ལ་འཁོར་གསུམ་མི་དམིགས་པའི་མཁྱེན་པ་དེ་ཆོས་ཅན། ལམ་ལ་མཚན་འཛིན་འགོག་བྱེད་ཡིན་ཏེ། སྦྱིན་སོགས་འཁོར་གསུམ་མི་དམིགས་པར་རྟོགས་པ་ལ་རང་གནས་ནས་གཞན་སྦྱོར་བར་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྤང་བྱ་མི་མཐུན་པའི་ཕྱོགས། སྤོང་བྱེད་གཉེན་པོ། ཡུལ་ཟབ་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མི་མཐུན་ཕྱོགས་སུ་བསྟན་པ། མི་མཐུན་ཕྱོགས་སུ་བསྒྲུབ་པའོ། །དང་པོ་ནི། རྒྱཾལ་དང་དེཾ་དེ་བཞིན་གཤེགས་པ་ལ་སྐྱབས་གནས་སུ་མཚན་མར་འཛིན་པའི་བློ་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། བྱང་སེམས་ལམ་གྱི་སྤང་བྱ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། ཡཾང་ཇིཾ་སོགས་སོ། །གཉིས་པ་ནི། ཆོཾས་དང་གཾང་དེ་བཞིན་གཤེགས་པ་ལ་སྐྱབས་གནས་སུ་མཚན་མར་འཛིན་པའི་བློ་ཆོས་ཅན། མི་མཐུན་ཕྱོགས་ཡིན་ཏེ། དེ་བཞིན་གཤེགས་པ་ཟབ་མོ་སྤྲོས་བྲལ་ཡིན་པ་ལ་མཚན་མར་བཟུང་བའི་བློ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། འོཾ་ནཾ་སོགས་སོ། །གཉིས་པ་ནི། ཆོཾས་དང་གཟུཾགས་མ་དག་ས་བདུན་གྱི་བར་ཆད་མེད་ལམ་ཆོས་ཅན། རང་གི་ངོས་སྐལ་གྱི་མཚན་འཛིན་སྤོང་བྱེད་ཡིན་ཏེ། གཟུང་འཛིན་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་པའི་ས་བདུན་པ་མན་ཆད་ཀྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར། གསུམ་པ་ཡུལ་ཟབ་པར་བསྟན་པ་ལ་གཉིས་ཏེ། རྟོགས་དཀའ་བར་བཤད་པ། བསམ་གྱིས་མི་ཁྱབ་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཡངཾ་ཇིཾ་སོགས་སོ། །གཉིས་པ་ནི། མཐོཾང་དང་གཾང་དེ་བཞིན་གཤེགས་པ་ཆོས་ཅན། དོན་དམ་པར་ཟབ་མོ་ཡིན་ཏེ། དོན་དམ་པར་རྟོགས་པར་དཀའ་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། ཡངཾ་དེཾ་སོགས་སོ། །གཉིས་པ་ནི། གཟུཾགས་དང་གཾང་དེ་ཆོས་ཅན། དོན་དམ་པར་རྟོགས་པར་དཀའ་བ་ཡིན་ཏེ། དོན་དམ་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་བ་ལ་གསུམ་ལས། དང་པོ་ནི། དེཾ་ལྟཾར་སོགས་སོ། །གཉིས་པ་ནི། དེཾ་ལྟཾར་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་མི་མཐུན་ཕྱོགས་དང་། མཚན་མེད་རྟོགས་པའི་ཤེས་རབ་གཉེན་པོ་ཡིན་པའི་ཁྱད་པར་དེ་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་འདིར་ཤེས་པར་བྱ་བ་ཡིན་ཏེ། གཞི་ཤེས་འཆད་པའི་སྐབས་འདིར་རྟོགས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། ཐམཾས་ཅཾད་ཉན་རང་གི་གཞི་ཤེས་མི་མཐུན་ཕྱོགས་དང་། བྱང་སེམས་ཀྱི་གཞི་ཤེས་གཉེན་པོ་ཡིན་པའི་ཁྱད་པར་ཆོས་ཅན། ཆོས་རྟགས་འདྲ། གཉིས་པ་སྐབས་དོན་ཐེག་དམན་གྱི་རྟོགས་རིགས་སུ་གྱུར་པའི་གཞི་ཤེས་ལ་གསུམ་སྟེ། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ། སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་དབྱེ་བ་དང་། སྦྱོར་བའི་མཉམ་ཉིད་དོ། །དང་པོ་ལ་གསུམ་ལས། དང་པོ་ནི་དེཾ་ལྟརཾ་གཟུགས་སོགས་དེ་མི་རྟག་སོགས་དང་ཞེས་སོགས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མཚན་འཛིན་གྱི་གཉེན་པོར་གཞི་ཤེས་ཀྱི་སྦྱོར་བ་སྒོམ་ཚུལ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། གཟུགཾས་སོཾགས་གཞི་ཤེས་ཀྱི་སྦྱོར་བ་ཆོས་ཅན། རྣམ་པ་བཅུ་ཡོད་དེ། རང་བཞིན་གྱི་སྦྱོར་བ་བཞི། གནས་སྐབས་ཀྱི་སྦྱོར་བ་དྲུག་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་སྦྱོར་བ། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་སྦྱོར་བའོ། །དང་པོ་ནི། གཟུཾགས་ལཾས་བྱང་སེམས་ཀྱི་སྦྱོར་ལམ་མཉམ་བཞག་ཆོས་ཅན། གཞིའི་ངོ་བོ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་ཏེ། གཞིའི་ངོ་བོ་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་གསལ་བའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེ་བཞིན་དུ་དེ་ཆོས་ཅན། གཞིའི་ཁྱད་པར་དང་། མཚན་ཉིད་གསུམ་དང་། ཆགས་པ་མེད་པ་དང་། གཞན་དུ་མི་འགྱུར་བ་དང་། བྱེད་པ་པོ་མེད་པ་དང་། བྱ་དཀའ་རྣམ་གསུམ་དང་། འབྲས་བུ་མི་གཏོང་བ་དང་། སྲུང་བྱེད་གཞན་ལ་རག་མ་ལས་པ་དང་། སྣང་བ་རྣམ་བདུན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་ཏེ། དེ་དག་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་གསལ་བའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། གཉིས་པ་ནི། ཤུགཾས་ཀྱིཾས་ཐེག་དམན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། ཞེན་སྤྱོད་དང་བཅས་པའི་སྦྱོར་བ་ཡིན་ཏེ། གཞིའི་ངོ་བོ་དང་ཁྱད་པར་སོགས་ལ་མངོན་པར་ཞེན་པའི་སྦྱོར་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། མཉཾམ་པཾ་སོགས་སོ། །གཉིས་པ་ནི། གཟུཾགས་དང་གཟུཾགས་བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཆོས་ཅན། སྦྱོར་བའི་མཉམ་པ་ཉིད་ཡིན་ཏེ། གཟུགས་སོགས་ཀྱི་ངོ་བོ་དང་། ཁྱད་པར་དང་། དབྱེ་བ་དང་། ཡུལ་ཅན་རྣམས་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། སྦྱོརཾ་བཾའི་བྱམས་མགོན་ཆོས་ཅན། གཞི་ཤེས་སྦྱོར་བའི་མཉམ་པ་ཉིད་ཀྱི་འོག་ཏུ་མཐོང་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། སྦྱོར་ལམ་གྱི་སྐབས་ཀྱི་སྦྱོར་བའི་མཉམ་པ་ཉིད་ལས་མཐོང་ལམ་འབྱུང་བའི་ཕྱིར། གཉིས་པ་ནི། སྡུཾག་དང་བདེཾན་བྱང་སེམས་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་ནས་དངོས་སུ་བསྟན་པའི་མཐོང་ལམ་ཡིན་ཏེ། རྟག་མི་རྟག་སོགས་ཀྱི་སྤྲོས་པ་སོ་གཉིས་དང་བྲལ་བའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། བདེནཾ་པཾའི་སོགས་སོ། །གཉིས་པ་ནི། གཟུཾགས་རྟགཾས་སོགས་སོ། །གསུམ་པ་ལ་གཉིས་ཏེ། དངོས་བསྟན་བྱང་སེམས་ཀྱི་མཐོང་ལམ། ཤུགས་བསྟན་ཐེག་དམན་གྱི་མཐོང་ལམ་མོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་བཞི་ལས། དང་པོ་སྡུག་བསྔལ་བའི་རྣམ་པ་ནི། ངོཾ་བོཾ་བྱང་སེམས་ཀྱི་མཐོང་ལམ་མཉམ་གཞག་སྐད་ཅིག་མ་དང་པོ་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་ནས་བསྟན་པའི་སྡུག་བསྔལ་ཆོས་བཟོད་ཡིན་ཏེ། གཟུགས་སོགས་རྟག་མི་རྟག་གི་སྤྲོས་བྲལ་ལ་གཙོ་བོར་ངེས་པ་འདྲེན་ནུས་ཀྱི་མཐོང་ལམ་མཉམ་གཞག་ཡིན་པའི་ཕྱིར། དེས་གཞན་གསུམ་ལ་འགྲེའོ། །གཉིས་པ་ཀུན་འབྱུང་བདེན་པའི་རྣམ་པ་ནི། རྒྱུཾ་དངཾ་དེ་འདྲའི་སྐད་ཅིག་ལྔ་པ་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་ནས་བསྟན་པའི་ཀུན་འབྱུང་ཆོས་བཟོད་ཡིན་ཏེ། ཀུན་འབྱུང་རྒྱུ་དང་རྒྱུ་མ་ཡིན་པའི་སྤྲོས་བྲལ་ལ་གཙོ་བོར་ངེས་པ་འདྲེན་ནུས་ཀྱི་མཐོང་ལམ་མཉམ་གཞག་ཡིན་པའི་ཕྱིར། དེས་གཞན་གསུམ་ལ་འགྲེའོ། །གསུམ་པ་འགོག་བདེན་གྱི་རྣམ་པ་ནི། གཾང་གིཾ་དེ་འདྲའི་སྐད་ཅིག་དགུ་པ་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་ནས་བསྟན་པའི་འགོག་པ་ཆོས་བཟོད་ཡིན་ཏེ། འགོག་བདེན་འགོག་པ་ཡིན་མ་ཡིན་གྱི་སྤྲོས་བྲལ་ལ་གཙོ་བོར་ངེས་པ་འདྲེན་ནུས་ཀྱི་མཐོང་ལམ་མཉམ་གཞག་ཡིན་པའི་ཕྱིར། དེས་གཞན་གསུམ་ལ་འགྲེའོ། །བཞི་པ་ལམ་བདེན་གྱི་རྣམ་པ་ནི། ལཾམ་དཾང་དེ་འདྲའི་སྐད་ཅིག་བཅུ་གསུམ་པ་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་ནས་བསྟན་པའི་ལམ་ཆོས་བཟོད་ཡིན་ཏེ། ལམ་བདེན་ལམ་ཡིན་མ་ཡིན་གྱི་སྤྲོས་བྲལ་ལ་གཙོ་བོར་ངེས་པ་འདྲེན་ནུས་ཀྱི་མཐོང་ལམ་མཉམ་གཞག་ཡིན་པའི་ཕྱིར། དེས་གཞན་གསུམ་ལ་འགྲེའོ། །གཉིས་པ་ནི། དེཾ་ལྟརཾ་མདོར་བསྟན་གྱི་ངག་དོན་འགོད། གཉིས་པ་ནི། ཉནཾ་ཐོསཾ་ཉན་ཐོས་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་ནས་ཤུགས་ལ་བསྟན་པའི་མཐོང་ལམ་ཡིན་ཏེ། རྟག་སོགས་བཅུ་དྲུག་གི་སྤྲོས་བྲལ་མངོན་སུམ་དུ་རྟོགས་ཤིང་མི་རྟག་ལ་སོགས་བཅུ་དྲུག་གི་སྤྲོས་བྲལ་མ་རྟོགས་པའི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་ནི། ཉནཾ་ཐོསཾ་བྱམས་མགོན་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་འདིར་མཐོང་ལམ་གྱི་རྗེས་སུ་སྒོམ་ལམ་མ་བསྟན་པའི་རྒྱུ་མཚན་ཡོད་དེ། ཉན་ཐོས་ཀྱི་རྟོགས་རིགས་དེ་བྱང་ཆུབ་སེམས་དཔས་གཞན་དོན་དུ་མངོན་སུམ་དུ་མཐོང་བར་བྱ་བ་ཡིན་གྱི་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱ་བ་མིན་པའི་ཕྱིར། གསུམ་པ་རྣམ་པ་དང་སྦྱོར་བའི་ཆེད་དུ་མཁྱེན་གསུམ་གྱི་མཇུག་བསྡུ་བ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་དེ་ལྟར་འདི་དང་ཡང་འདི་དང་ཞེས་སོགས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མཁྱེན་གསུམ་རྒྱས་པར་བསྟན་པའི་མཇུག་བསྡུ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་ལྟརཾ་རབ་འབྱོར་ཡུམ་འདི་ནི་ཆོས་གང་སྟོན་པར་བྱེད་པའམ་ཞེས་པ་ནས་གཟུགས་མེད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། གཞི་ཤེས་དང་པོར་བྱས་པའི་སྒོ་ནས་མཁྱེན་གསུམ་རྫོགས་པར་བསྟན་པ་ཡིན་ཏེ། ལེའུ་གསུམ་གྱི་བརྗོད་བྱ་མཁྱེན་པ་གསུམ་པོ་དེ་རྣམ་པར་བསྡུ་བའི་ཆེད་དུ་གཞི་ཤེས་དང་པོར་བྱས་པའི་སྒོ་ནས་བསྡུས་ཏེ་བསྟན་པའི་མདོ་ཚིག་ཡིན་པའི་ཕྱིར། གསུམ་པ་ནི། བཤདཾ་མཾ་རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན་འཕྲོགས་པར་བྱེད་པ་མ་ཡིན་ཞེས་སོགས་ཀྱི་མདོ་ཚིག་གསུམ་པ་ཆོས་ཅན། མཁྱེན་གསུམ་རྫོགས་པར་བསྟན་པ་ཡིན་ཏེ། མཁྱེན་གསུམ་རྒྱས་པར་བཤད་ཟིན་པའི་མཇུག་ཏུ་བསྡུས་ཏེ་བསྟན་པའི་མདོ་ཚིག་ཡིན་པའི་ཕྱིར། གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི་ཤེཾས་རཾབ་སོགས་སོ།། །།གཉིས་པ་ཉམས་སུ་ལེན་པའི་སྦྱོར་བ་ལ་བཞི་སྟེ། དབང་ཐོབ་པའི་དོན་དུ་བསྒོམ་པ་རྣམ་རྫོགས་སྦྱོར་བ། དབང་ཐོབ་པའི་ཚུལ་གྱིས་བསྒོམ་པ་རྩེ་མོའི་སྦྱོར་བ། བརྟན་པ་ཐོབ་པའི་དོན་དུ་བསྒོམ་པ་མཐར་གྱིས་པའི་སྦྱོར་བ། བརྟན་པ་ཐོབ་ནས་ཅིག་ཆར་དུ་བསྒོམ་པ་སྐད་ཅིག་མའི་སྦྱོར་བའོ། །དང་པོ་ལ་གསུམ་སྟེ། འབྲེལ་དགོད་པའི་སྒོ་ནས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། ཐམཾས་ཅཾད་བྱམས་མགོན་ཆོས་ཅན། མཁྱེན་གསུམ་གྱི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་བབ་པའི་དོན་རྣམ་པར་བསྡུས་ནས་སྦྱོར་བས་སྒོམ་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྦྱོར་བ་ལ་འཇུག་ཚུལ་གཏན་ལ་དབབ་པ། སྦྱོར་བ་སྐྱེས་པའི་གོ་རིམ་མོ། །དང་པོ་ལ་བཞི་སྟེ། བསྒོམ་བྱ་རྣམ་པ། སྦྱོར་བ་པོའི་གང་ཟག ཡུལ་ཅན་སྦྱོར་བའི་དབྱེ་བ། སྦྱོར་བའི་སྔོན་འགྲོའི་ཆོས་སོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། གཞིཾ་དང་རྟགཾ་བྱང་སེམས་འཕགས་པའི་རྒྱུད་ཀྱི་བདེན་བཞིའི་སྟེང་གི་རྟག་པར་མེད་པ་ལ་སོགས་པའི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཆོས་ཅན། ཁྱོད་ལས་བསྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་ཏེ། ཁྱོད་ཐེག་ཆེན་གྱི་སྦྱོར་བས་མཚོན་ཞིང་མངོན་དུ་བྱས་པ་ཡིན་པའི་ཕྱིར། མཚན་མཚོན་གཞི་གསུམ་གྱི་མཚན་མཚོན་ནི་མ་ཡིན་ནོ། །ཀུཾན་དང་དེཾ་འདིར་བསྟན་རྣམ་པ་ཆོས་ཅན། རྣམ་པ་གསུམ་ཡོད་དེ། མཁྱེན་པ་གསུམ་གྱི་རྣམ་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། གཞི་ཤེས་ཀྱི་རྣམ་པ། ལམ་ཤེས་ཀྱི་རྣམ་པ། རྣམ་མཁྱེན་གྱི་རྣམ་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། རྣམཾ་པཾ་སོགས་སོ། །གཉིས་པ་ནི། མེདཾ་པཾའི་གཞི་ཤེས་ཀྱི་རྣམ་པ་ཆོས་ཅན། ཉེར་བདུན་ཡོད་དེ། ཉན་ཐོས་ཀྱི་རྟོགས་རིགས་སུ་གྱུར་པའི་རྣམ་པ་བཅུ་དྲུག རང་རྒྱལ་གྱི་རྟོགས་རིགས་སུ་གྱུར་པའི་རྣམ་པ་བཅུ་གཅིག་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། བདེན་བཞིའི་རྣམ་པ་སོ་སོར་བཤད། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བདེན་པ་དང་པོ་གསུམ་གྱི་རྣམ་པ། ལམ་བདེན་གྱི་རྣམ་པའོ། །དང་པོ་ནི། དེཾ་ལཾ་སྡུག་བསྔལ་བདེན་པ་རྟག་པ་མེད་པར་རྟོགས་པ་སོགས་ཀྱི་རྣམ་པ་བཞི་པོ་ཆོས་ཅན། གཞི་ཤེས་ཀྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་བདེན་པའི་མི་རྟག་སོགས་བཞི་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གནཾས་མེཾད་དོན་དམ་པར་སྡུག་བསྔལ་སྐྱེ་བའི་གནས་མེད་པར་རྟོགས་པ་སོགས་ཀྱི་རྣམ་པ་བཞི་པོ་ཆོས་ཅན། ཆོས་འདྲ། ཀུན་འབྱུང་བདེན་པའི་རྒྱུ་སོགས་བཞི་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། འགྲོ་བ་དོན་དམ་པར་དམན་པ་ནས་མཆོག་ཏུ་འགྲོ་བ་མེད་པར་རྟོགས་པ་སོགས་རྣམ་པ་བཞི་པོ་ཆོས་ཅན། ཆོས་འདྲ། འགོག་བདེན་གྱི་འགོག་པ་སོགས་བཞི་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རྟེན་ལམ་གྱི་དབྱེ་བ། ལམ་སོ་སོའི་རྣམ་པ། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། ཉོནཾ་མོཾངས་བྱང་སེམས་འཕགས་པའི་རྒྱུད་ཀྱི་གཞི་ཤེས་ཀྱིས་བསྡུས་པའི་ལམ་བདེན་གྱི་རྣམ་པ་ཆོས་ཅན། གསུམ་ཡོད་དེ། ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ལམ་ཟག་མེད་ཀྱི་རྟོགས་རིག་གཅིག ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་བཅས་དང་། ཟག་མེད་ཀྱི་རྟོགས་རིགས་གཉིས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ལམ་དང་པོའི་རྣམ་པ། གཉིས་པའི་རྣམ་པ། གསུམ་པའི་རྣམ་པའོ། །དང་པོ་ནི། དེཾ་ལཾ་དོན་དམ་པར་བྱེད་པ་པོའི་བདག་མེད་རྟོགས་པ་སོགས་ཀྱི་རྣམ་པ་བཞི་པོ་ཆོས་ཅན། གཞི་ཤེས་ཀྱི་རྣམ་པ་ཡིན་ཏེ། ལམ་བདེན་གྱི་ལམ་སོགས་བཞི་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གཉིས་པ་ནི། གཉིཾས་པཾ་བྱང་སེམས་འཕགས་པའི་རྒྱུད་ཀྱི་གཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་པའི་རྣམ་པ་ཆོས་ཅན། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་བཅས་ཀྱི་རྟོགས་རིགས་ཡིན་ཏེ། ཕྱི་གཟུང་བའི་ཡུལ་ལ་བདེན་འཛིན་སྤོང་བྱེད་ཀྱི་གཉེན་པོའི་རིགས་ཡིན་པའི་ཕྱིར། གསུམ་པ་ནི། གསུཾམ་པཾ་བྱང་སེམས་འཕགས་པའི་རྒྱུད་ཀྱི་ཀུན་ནས་ཉོན་མོངས་ཀྱི་བཟུང་བ་སོགས་དྲུག་པོ་རང་བཞིན་མེད་པར་རྟོགས་པའི་རྣམ་པ་དེ་ཆོས་ཅན། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་མེད་ཀྱི་རྟོགས་རིགས་ཡིན་ཏེ། ཀུན་ནས་ཉོན་མོངས་ཀྱི་གཟུང་བར་རྣམ་པར་རྟོགས་པ་སོགས་དྲུག་གི་གཉེན་པོའི་རིགས་ཡིན་པའི་ཕྱིར། གསུམ་པ་ནི། དེཾ་ལྟཾར་སོགས་སོ། །གཉིས་པ་ནི། སྤྱིཾར་བསྟཾན་སོགས་སོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་ལ་གསུམ་སྟེ། དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེའིཾ་འོཾག་སོགས་སོ། །གཉིས་པ་ནི་རྒྱུཾ་དང་ཀུཾན་ལམ་ཤེས་ཀྱི་རྣམ་པ་ཆོས་ཅན། སུམ་ཅུ་རྩ་དྲུག་ཡོད་དེ། ཀུན་འབྱུང་བདེན་པའི་རྣམ་པ་བརྒྱད། ལམ་བདེན་གྱི་རྣམ་པ་བདུན། སྡུག་བསྔལ་བདེན་པའི་རྣམ་པ་ལྔ། འགོག་བདེན་གྱི་རྣམ་པ་བཅུ་དྲུག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཀུན་འབྱུང་བདེན་པ་སྤང་གཉེན་གྱི་སྒོ་ནས་བཤད། ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་བཤད། སྡུག་བདེན་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བཤད། འགོག་བདེན་དྲི་བྲལ་གྱི་སྒོ་ནས་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། དེཾ་དང་གོཾ་ལམ་ཤེས་ཀྱིས་འདོད་ཆགས་དང་བྲལ་བར་རྟོགས་པ་སོགས་ཀྱི་རྣམ་པ་གསུམ་པོ་ཆོས་ཅན། རྒྱུའི་རྣམ་པ་ཡིན་ཏེ། རྒྱུའི་གནས་ཚུལ་རྟོགས་པའི་སྒོ་ནས་འདོད་ཡོན་ལ་འདུན་པ་སོགས་ཀྱི་གཉེན་པོར་གྱུར་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། འདོཾད་དང་ཀུཾན་ལམ་ཤེས་ཀྱིས་དོན་དམ་པར་འདོད་ཆགས་མེད་པར་རྟོགས་པ་སོགས་ཀྱི་རྣམ་པ་གསུམ་པོ་ཆོས་ཅན། ཀུན་འབྱུང་གི་རྣམ་པ་ཡིན་ཏེ། ཀུན་འབྱུང་གི་གནས་ཚུལ་རྟོགས་པའི་སྒོ་ནས་དུག་གསུམ་གྱི་གཉེན་པོར་གྱུར་པའི་འཛིན་སྟངས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཉོཾན་དང་རབཾ་ལམ་ཤེས་ཀྱིས་དོན་དམ་པར་ཉོན་མོངས་མེད་པར་རྟོགས་པའི་རྣམ་པ་ཆོས་ཅན། རབ་ཏུ་སྐྱེ་བའི་རྣམ་པ་ཡིན་ཏེ། རབ་སྐྱེའི་གནས་ཚུལ་རྟོགས་པའི་སྒོ་ནས་ཀུན་རྟོག་གི་གཉེན་པོ་གྱུར་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། སེམཾས་དང་རྐྱེནཾ་ལཾམ་ཤེས་ཀྱིས་སེམས་ཅན་མེད་པར་རྟོགས་པའི་རྣམ་པ་ཆོས་ཅན། རྐྱེན་གྱི་རྣམ་པ་ཡིན་ཏེ། རྐྱེན་གྱི་གནས་ཚུལ་རྟོགས་པའི་སྒོ་ནས་སེམས་ཅན་དུ་མངོན་པར་ཞེན་པའི་གཉེན་པོར་གྱུར་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གཉིས་པ་ནི་དེཾ་རྣམཾས་སོགས་སོ། །གཉིས་པ་ནི། ཚདཾ་མེདཾ་ལམ་ཤེས་ཀྱིས་ཆོས་ཉིད་ཚད་མེད་པར་རྟོགས་པ་སོགས་ཀྱི་རྣམ་པ་བདུན་པོ་དེ་ཆོས་ཅན། ལམ་བདེན་གྱི་རྣམ་པ་ཡིན་ཏེ། ལམ་བདེན་གྱི་གནས་ཚུལ་རྟོགས་པའི་སོགས་འགྲེ། དེཾ་རྣམཾ་ལམ་བདེན་གྱི་རྣམ་པ་ཆོས་ཅན། བདུན་ཡོད་དེ། ལམ་གྱི་རྣམ་པ་གཉིས། རིགས་པའི་རྣམ་པ་གཉིས། སྒྲུབ་པའི་རྣམ་པ་གཉིས། ངེས་འབྱིན་གྱི་རྣམ་པ་གཅིག་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། མིཾ་རྟགཾ་ལམ་ཤེས་ཀྱིས་སྡུག་བསྔལ་གྱི་བདེན་པ་མི་རྟག་པར་རྟོགས་པ་སོགས་ཀྱི་རྣམ་པ་ལྔ་པོ་ཆོས་ཅན། སྡུག་བསྔལ་བདེན་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་བདེན་པའི་གནས་ཚུལ་རྟོགས་པའི་སོགས་འགྲེ། དེཾ་ལྟརཾ་སྡུག་བསྔལ་བདེན་པའི་རྣམ་པ་ཆོས་ཅན། ལྔ་ཡོད་དེ། རང་མཚན་གྱི་རྣམ་པ་བཞི། སྤྱི་མཚན་གྱི་རྣམ་པ་གཅིག་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ལ་གཉིས་ཏེ། སོ་སོར་བཤད་པ་དང་། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་བཞི་སྟེ། དངོས་པོའི་གྲངས་ངེས་དགག་པ། མངོན་ཞེན་གྱི་དྲི་མ་དགག་པ། བྱེད་པ་པོའི་རྟོགས་པས་དབེན་པ། འཁྲུལ་པའི་དྲི་མ་སེལ་བའི་ངེས་འབྱུང་ངོ་། །དང་པོ་ནི། འགོཾག་པཾའི་ལམ་ཤེས་ཀྱིས་དག་པ་གཉིས་ལྡན་གྱི་ནང་སྟོང་པ་ཉིད་ལ་སོགས་པ་གསུམ་རྟོགས་པའི་རྣམ་པ་ཆོས་ཅན། འགོག་བདེན་གྱི་འགོག་པའི་རྣམ་པ་ཡིན་ཏེ། འགོག་པའི་གནས་ཚུལ་རྟོགས་པའི་སོགས་འགྲེའོ། །གཉིས་པ་ནི། ཞིཾ་བཾའི་ལམ་ཤེས་ཀྱིས་དག་པ་གཉིས་ལྡན་གྱི་སྟོང་པ་ཉིད་སྟོང་པ་ཉིད་ལ་སོགས་པ་བརྒྱད་རྟོགས་པའི་རྣམ་པ་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། ཞི་བའི་གནས་ཚུལ་རྟོགས་པའི་སོགས་འགྲེ། གསུམ་པ་ནི། གྱཾ་ནོམཾ་ལམ་ཤེས་ཀྱིས་དག་པ་གཉིས་ལྡན་གྱི་རང་བཞིན་སྟོང་པ་ཉིད་རྟོགས་པའི་རྣམ་པ་ཆོས་ཅན། གྱ་ནོམ་པའི་རྣམ་པ་ཡིན་ཏེ། གྱ་ནོམ་གྱི་གནས་ཚུལ་རྟོགས་པའི་སོགས་འགྲེ། བཞི་པ་ནི། ངེསཾ་པཾར་ལམ་ཤེས་ཀྱིས་དག་པ་གཉིས་ལྡན་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པ་བཞི་རྟོགས་པའི་རྣམ་པ་ཆོས་ཅན། ངེས་འབྱུང་གི་རྣམ་པ་ཡིན་ཏེ། ངེས་འབྱུང་གི་གནས་ཚུལ་རྟོགས་པའི་སོགས་འགྲེ། གཉིས་པ་ནི། དེཾ་ལྟརཾ་འགོག་བདེན་གྱི་རྣམ་པ་ཆོས་ཅན། བཅུ་དྲུག་ཡོད་དེ། འགོག་པའི་རྣམ་པ་གསུམ། ཞི་བའི་རྣམ་པ་བརྒྱད། གྱ་ནོམ་གྱི་རྣམ་པ་གཅིག ངེས་འབྱུང་གི་རྣམ་པ་བཞི་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་གྲངས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། སྤྱིརཾ་བསྟཾན་སོགས་སོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེའི་འོཾག་སོགས་སོ། །གཉིས་པ་ནི། དྲནཾ་དང་དྲནཾ་རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། བརྒྱ་དང་བཅུ་ཡོད་དེ། ཉན་ཐོས་དང་ཐུན་མོང་བའི་གཞི་ཤེས་ཀྱི་རྣམ་པ་སུམ་ཅུ་སོ་བདུན། བྱང་སེམས་དང་ཐུན་མོང་བའི་ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་སོ་བཞི། སངས་རྒྱས་འཕགས་པའི་ཐུན་མོང་མ་ཡིན་པའི་རྣམ་པ་སུམ་ཅུ་རྩ་དགུ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཉན་ཐོས་དང་ཐུན་མོང་བའི་གཞི་ཤེས་ཀྱི་རྣམ་པ། བྱང་སེམས་དང་ཐུན་མོང་བའི་ལམ་ཤེས་ཀྱི་རྣམ་པ། སངས་རྒྱས་འཕགས་པའི་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་སྡེ་ཚན་བདུན་ལས། དང་པོ་དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་ནི། དེཾ་ལཾ་མཐུན་ཡུལ་གྱི་ངོས་ནས་འགོད་ན་ཚོགས་ལམ་ཆུང་ངུའི་གནས་སྐབས་ཀྱི་དྲན་པ་ཉེར་བཞག་གི་རྣམ་པ་བཞི་པོ་ཆོས་ཅན། དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་ཡིན་ཏེ། དམིགས་པ་ལུས་སོགས་ལ་དམིགས་ནས་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱིས་བརྟགས་ཏེ་གཅོད་པར་བྱེད་པའི་ཚོགས་ལམ་ཆུང་ངུ་བའི་མངོན་རྟོགས་ཡིན་པའི་ཕྱིར། མཐུན་ཆོས་ཀྱི་ངོས་ནས་འགོད་ན་སངས་རྒྱས་འཕགས་པའི་རྒྱུད་ཀྱི་དྲན་པ་ཉེར་གཞག་གི་རྣམ་པ་ཆོས་ཅན། ཉན་ཐོས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་ཡིན་ཏེ། རྣམ་མཁྱེན་གྱི་རྣམ་པ་གང་ཞིག དྲན་པ་ཉེ་བཞག་གི་རྟོགས་རིགས་ཡིན་པའི་ཕྱིར། གཉིས་པ་རྩོལ་བ་ལས་བྱུང་བའི་ལམ་ནི། དེའིཾ་འོགཾ་ཚོགས་ལམ་འབྲིང་པོ་བའི་རྒྱུད་ཀྱི་ཡང་དག་སྤོང་བའི་རྣམ་པ་བཞི་པོ་ཆོས་ཅན། རྩོལ་བ་ལས་བྱུང་བའི་ལམ་ཡིན་ཏེ། དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱེད་པའི་ཚོགས་ལམ་འབྲིང་པོས་བསྡུས་པའི་མངོན་རྟོགས་ཡིན་པའི་ཕྱིར། མཐུན་ཆོས་འགྲེ། གསུམ་པ་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ནི། བརྩོཾན་འགྲུཾས་ཚོགས་ལམ་ཆེན་པོའི་རྒྱུད་ཀྱི་རྫུ་འཕྲུལ་གྱི་རྐང་པའི་རྣམ་པ་བཞི་པོ་ཆོས་ཅན། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ཡིན་ཏེ། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ་ལས་བྱུང་ཞིང་སེམས་གནས་པ་ལས་རུང་དུ་བྱེད་པའི་ཚོགས་ལམ་ཆེན་པོས་བསྡུས་པའི་མངོན་རྟོགས་ཡིན་པའི་ཕྱིར། མཐུན་ཆོས་འགྲེ། བཞི་པ་མངོན་པར་རྟོགས་པར་སྦྱོར་བའི་ལམ་ནི། སེམཾས་ཡོངཾས་དྲོད་ཀྱི་གནས་སྐབས་ཀྱི་དབང་པོའི་རྣམ་པ་ལྔ་པོ་ཆོས་ཅན། མངོན་པར་རྟོགས་པར་སྦྱོར་བའི་ལམ་ཡིན་ཏེ། དྲོད་རྩེ་གང་རུང་གིས་བསྡུས་པའི་རྣམ་བྱང་གི་དབང་པོ་ཡིན་པའི་ཕྱིར། མཐུན་ཆོས་འགྲེ། ལྔ་པ་མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་ནི། དྲོཾ་བཾ་སྦྱོར་ལམ་བཟོད་པའི་གནས་སྐབས་ཀྱི་སྟོབས་ཀྱི་རྣམ་པ་ལྔ་པོ་ཆོས་ཅན། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ཡིན་ཏེ། བཟོད་མཆོག་གང་རུང་གིས་བསྡུས་པའི་རྣམ་བྱང་གི་སྟོབས་ཡིན་པའི་ཕྱིར། མཐུན་ཆོས་འགྲེ། དྲུག་པ་མངོན་པར་རྟོགས་པའི་ལམ་ནི། དྲོཾ་བཾ་མཐོང་ལམ་གྱི་གནས་སྐབས་ཀྱི་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་བདུན་པོ་ཆོས་ཅན། མངོན་པར་རྟོགས་པའི་ལམ་ཡིན་ཏེ། བདེན་པ་གསར་དུ་མངོན་སུམ་དུ་མཐོང་བའི་མཉམ་གཞག་གིས་བསྡུས་པའི་མངོན་རྟོགས་ཡིན་པའི་ཕྱིར། མཐུན་ཆོས་འགྲེ། བདུན་པ་རྣམ་དག་ངེས་འབྱིན་གྱི་ལམ་ནི། བདེཾན་པཾ་སྒོམ་ལམ་པའི་རྒྱུད་ཀྱི་འཕགས་པའི་ལམ་གྱི་ཡན་ལག་གི་རྣམ་པ་ཆོས་ཅན། རྣམ་དག་ངེས་འབྱིན་གྱི་ལམ་ཡིན་ཏེ། སྒོམ་སྤང་གི་གཉེན་པོའི་རིགས་སུ་གནས་པའི་སྒོམ་ལམ་གྱིས་བསྡུས་པའི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་ལྟཾར་སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཉན་ཐོས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། ཁྱོད་ལ་སུམ་ཅུ་རྩ་བདུན་ཡོད་དེ། ཁྱོད་ཀྱི་མཐུན་ཡུལ་སུམ་ཅུ་རྩ་བདུན་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་ལ་སུམ་ཅུ་རྩ་བདུན་དུ་ཕྱེ་བ་ཡིན་པའི་ཕྱིར། གཉིས་པ་བྱང་སེམས་དང་ཐུན་མོང་བའི་ལམ་ཤེས་ཀྱི་རྣམ་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་སྡེ་ཚན་དྲུག་ལས། དང་པོ་གཉེན་པོའི་ལམ་ནི། ལམཾ་ཤེསཾ་མཐུན་ཡུལ་གྱི་སྒོ་ནས་འགོད་ན་བྱང་སེམས་འཕགས་པའི་རྒྱུད་ཀྱི་རྣམ་ཐར་སྒོ་གསུམ་ཆོས་ཅན། གཉེན་པོའི་ལམ་ཡིན་ཏེ། བདག་ཏུ་ལྟ་བ་སོགས་ཀྱི་གཉེན་པོར་གྱུར་པའི་བྱང་སེམས་འཕགས་པའི་མངོན་རྟོགས་ཡིན་པའི་ཕྱིར། མཐུན་ཆོས་ཀྱི་སྒོ་ནས་འགོད་ན་སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་ཐར་སྒོ་གསུམ་ཆོས་ཅན། བྱང་སེམས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་ཡིན་ཏེ། རྣམ་མཁྱེན་གྱི་རྣམ་པ་གང་ཞིག རྣམ་ཐར་སྒོ་གསུམ་གྱི་རྟོགས་རིགས་ཡིན་པའི་ཕྱིར། དེཾ་ལྟརཾ་བྱང་སེམས་འཕགས་པའི་རྒྱུད་ཀྱི་རྣམ་པར་ཐར་བའི་སྒོ་ཆོས་ཅན། རྣམ་པ་གསུམ་ཡོད་དེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སོགས་གསུམ་དུ་ཡོད་པའི་ཕྱིར། གཉིས་པ་སྤྲུལ་པའི་ལམ་ནི། སྤྲུལཾ་པཾའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་གཟུགས་ཅན་གྱི་རྣམ་པར་ཐར་པ་དང་པོ་གཉིས་ཆོས་ཅན། སྤྲུལ་པའི་ལམ་ཡིན་ཏེ། གཞན་དོན་དུ་སྤྲུལ་པ་སྣ་ཚོགས་སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་པའི་གཉེན་པོར་གྱུར་པའི་འཕགས་རྒྱུད་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། གཟུགཾས་སྡུགཾ་པཾ་བྱང་སེམས་འཕགས་པའི་རྒྱུད་ཀྱི་སྡུག་པའི་རྣམ་ཐར་ཆོས་ཅན། སྤྲུལ་པའི་ལམ་ཡིན་ཏེ། གཟུགས་སྡུག་པ་དང་མི་སྡུག་པ་སྤྲུལ་པ་ལ་དགའ་མི་དགའི་རྣམ་རྟོག་གི་གཉེན་པོར་གྱུར་པའི་འཕགས་རྒྱུད་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་ཀ་ལ་མཐུན་ཆོས་འགྲེ། དེཾ་ལྟརཾ་གཟུགས་ཅན་གྱི་རྣམ་ཐར་ཆོས་ཅན། གསུམ་ཡོད་དེ། སྤྲུལ་པའི་སྒྲིབ་པའི་གཉེན་པོ་གཉིས། དགའ་མི་དགའི་རྣམ་རྟོག་གི་གཉེན་པོ་གཅིག་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ནི། མཐོངཾ་བཾའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་གཟུགས་མེད་ཀྱི་རྣམ་ཐར་བཞི་པོ་ཆོས་ཅན། ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ཡིན་ཏེ། གཟུགས་མེད་ཞི་བའི་རོ་མྱོང་གི་སྒྲིབ་པ་ལས་གྲོལ་བའི་གཟུགས་མེད་ཀྱི་རྣམ་ཐར་ཡིན་པའི་ཕྱིར། བྱང་སེམས་འཕགས་པའི་རྒྱུད་ཀྱི་འགོག་པའི་རྣམ་ཐར་ཆོས་ཅན། ཞི་བར་གནས་པའི་ལམ་ཡིན་ཏེ། ཚོར་འདུ་རགས་པ་ཞི་བའི་འཕགས་རྒྱུད་ཀྱི་རྣམ་ཐར་ཡིན་པའི་ཕྱིར། མཐུན་ཆོས་འགྲེ། དེཾ་ལྟཾར་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ཆོས་ཅན། རྣམ་པ་ལྔ་ཡོད་དེ། ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་བཞི། ཞི་བར་གནས་པའི་ལམ་གྱི་རང་བཞིན་གཅིག་རྣམས་སུ་ཡོད་པའི་ཕྱིར། བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ནི་འཇིཾག་རྟེནཾ་བྱང་སེམས་འཕགས་པའི་རྒྱུད་ཀྱི་མཐར་གནས་ཀྱི་སྙོམས་འཇུག་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་ཡིན་ཏེ། འཕགས་རྒྱུད་ཀྱི་ཟག་མེད་ཀྱི་སྙོམས་འཇུག་ཡིན་པའི་ཕྱིར། མཐུན་ཆོས་འགྲེ། ལྔ་པ་སྤོང་བའི་ལམ་ནི། སྤོངཾ་བཾའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་བདེན་བཞིའི་གནས་ཚུལ་རྟོགས་པའི་བར་ཆད་མེད་ལམ་ཆོས་ཅན། སྤོང་བའི་ལམ་ཡིན་ཏེ། བར་ཆད་མེད་པའི་ལམ་ཡིན་པའི་ཕྱིར། མཐུན་ཆོས་འགྲེ། དྲུག་པ་སངས་རྒྱས་ཉིད་ཀྱི་ལམ་ནི། སངཾས་རྒྱསཾ་བྱང་སེམས་འཕགས་པའི་རྒྱུད་ཀྱི་ཕར་ཕྱིན་བཅུ་ཆོས་ཅན། སངས་རྒྱས་ཉིད་ཀྱི་ལམ་ཡིན་ཏེ། རྫོགས་པའི་བྱང་ཆུབ་དུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་ཡིན་པའི་ཕྱིར། མཐུན་ཆོས་འགྲེ། གཉིས་པ་ནི། དེཾ་ལྟརཾ་སངས་རྒྱས་འཕགས་པའི་རྒྱུད་ཀྱི་བྱང་སེམས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། སུམ་ཅུ་རྩ་བཞི་ཡོད་དེ། ཁྱོད་ཀྱི་མཐུན་ཆོས་དེ་ལ་སུམ་ཅུ་རྩ་བཞི་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་ལ་སུམ་ཅུ་རྩ་བཞིར་ཕྱེ་བའི་ཕྱིར། གསུམ་པ་སངས་རྒྱས་འཕགས་པའི་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། རྣམཾ་པཾ་སྟོབས་བཅུ་ནས་སངས་རྒྱས་ཉིད་ཀྱི་རྣམ་པའི་བར་སུམ་ཅུ་རྩ་དགུ་ཆོས་ཅན། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་ཏེ། འཕགས་པ་འོག་མ་ལས་རྟོགས་རིགས་ཕུལ་དུ་བྱུང་བའི་སངས་རྒྱས་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བརྟེན་པ་ཡོན་ཏན་བཤད་པ། རྟེན་ཡེ་ཤེས་བཤད་པའོ། །དང་པོ་ལ་བཞི་སྟེ། སྟོབས་ཀྱི་རྣམ་པ། མི་འཇིགས་པའི་རྣམ་པ་སོ་སོ་ཡང་དག་རིག་པའི་རྣམ་པ། མ་འདྲེས་པའི་རྣམ་པའོ། །དང་པོ་ནི། དེཾ་ལཾ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། སྟོབས་ཀྱི་རྣམ་པ་ཡིན་ཏེ། གནས་དང་གནས་མ་ཡིན་པ་སོགས་ཤེས་བྱ་མཐའ་ཡས་པ་ལ་ཆགས་ཐོགས་མེད་པར་འཇུག་པའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ནི། ངཾ་ནིཾ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། མི་འཇིགས་པའི་རྣམ་པ་ཡིན་ཏེ། རང་དོན་ཕུན་ཚོགས་བརྙེས་པ་དང་། གཞན་དོན་ཕུན་ཚོགས་སྒྲུབ་པའི་ཐབས་དམ་བཅས་པ་ལ་ཆོས་མཐུན་པའི་རྒོལ་བ་མེད་ཅིང་། ཆོས་མི་མཐུན་གྱི་རྒོལ་བས་མི་བརྫི་བའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར། གསུམ་པ་ནི། རྣམཾ་གྲངཾས་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། སོ་སོ་ཡང་དག་པར་རིག་པའི་རྣམ་པ་ཡིན་ཏེ། བཤད་བྱ་འཆད་བྱེད་གཉིས་ལ་ཐོགས་མེད་དུ་འཇུག་པའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར། བཞི་པ་ལ་གཉིས་ཏེ། སོ་སོར་བཤད། དོན་བསྡུ་བའོ། །དང་པོ་ལ་བཞི་ལས། དང་པོ་སྤྱོད་པ་མ་འདྲེས་པ་ནི། འཁྲུཾལ་པཾ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། སྤྱོད་པ་མ་འདྲེས་པ་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་སྤྱོད་པ་ལ་ཉེས་པ་མི་མངའ་བའི་མཐར་ཐུག་གི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་རྟོགས་པ་མ་འདྲེས་པ་ནི། འདུཾན་པཾ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། རྟོགས་པ་མ་འདྲེས་པ་ཡིན་ཏེ། འདུན་པ་སོགས་ཉམས་པ་མི་མངའ་བའི་མཐར་ཐུག་གི་ཡེ་ཤེས་ཡིན་པའི་ཕྱིར། གསུམ་པ་ཕྲིན་ལས་མ་འདྲེས་པ་ནི། སྐུཾ་དཾང་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཕྲིན་ལས་མ་འདྲེས་པ་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའི་མཐར་ཐུག་གི་ཡེ་ཤེས་ཡིན་པའི་ཕྱིར། བཞི་པ་ཡེ་ཤེས་མ་འདྲེས་པ་ནི། འདསཾ་པཾ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཡེ་ཤེས་མ་འདྲེས་པ་ཡིན་ཏེ། དུས་གསུམ་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་ལྟརཾ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ཡེ་ཤེས་ཀྱི་རྣམ་པ་ཆོས་ཅན། བཅོ་བརྒྱད་ཡོད་དེ། སྤྱོད་པ་མ་འདྲེས་པ་དྲུག རྟོགས་པ་མ་འདྲེས་པ་དྲུག ཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་རྟེན་ཡེ་ཤེས་བཤད་པ་ནི། སངཾས་རྒྱསཾ་ཅི་ལྟ་བ་མཁྱེན་པའི་རྣམ་མཁྱེན་ཆོས་ཅན། དེ་བཞིན་ཉིད་ཀྱི་རྣམ་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་ཆོས་ཅན། རང་བྱུང་གི་རྣམ་པ་ཡིན་ཏེ། གཟུགས་སོགས་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། རྣམ་མཁྱེན་ཆོས་ཅན། སངས་རྒྱས་ཉིད་ཀྱི་རྣམ་པ་ཡིན་ཏེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྫོགས་པར་བྱང་ཆུབ་པའི་རྣམ་པ་ཡིན་པའི་ཕྱིར། གསུམ་པ་ནི། དེཾ་ལྟརཾ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། སུམ་ཅུ་རྩ་དགུ་ཡོད་དེ། སྟོབས་བཅུ་ནས་སངས་རྒྱས་ཉིད་ཀྱི་རྣམ་པའི་བར་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ངོ་བོའི་སྒོ་ནས་སོ་སོའི་དོན་བསྡུ་བ། གྲངས་ཀྱི་སྒོ་ནས་ཐུན་མོང་གི་དོན་བསྡུ་བའོ། །དང་པོ་ནི། དེཾ་ལཾ་ཉན་ཐོས་ཀྱི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཆོས་ཅན། ཟག་པ་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་དོན་དུ་མཉམ་གཞག་དུ་སྒོམ་པར་བྱ་བའི་རྣམ་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཆོས་ཅན། ཟག་བཅས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞན་དོན་དུ་རྗེས་ཐོབ་ཏུ་ཤེས་པར་བྱ་བའི་རྣམ་པ་ཡིན་པའི་ཕྱིར། ལམཾ་ཤེསཾ་བྱང་སེམས་འཕགས་པའི་རྒྱུད་ཀྱི་ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ཆོས་ཅན། ཟག་བཅས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉོན་སྒྲིབ་ཆེད་དུ་གཉེར་ནས་མི་སྤོང་བའི་རྟོགས་རིགས་ཡིན་པའི་ཕྱིར། རྣམཾ་པཾ་སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་པོ་ཆོས་ཅན། ཟག་པ་མེད་པ་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པར་སྤངས་པའི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ནི། རྣམཾ་པཾ་སྐབས་འདིར་བསྟན་གྱི་རྣམ་པ་ཆོས་ཅན། བརྒྱ་དང་བདུན་ཅུ་རྩ་གསུམ་ཡོད་དེ། གཞི་ཤེས་ཀྱི་རྣམ་པ་ཉི་ཤུ་རྩ་བདུན། ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སྦྱོར་བ་པོའི་གང་ཟག་ལ་གཉིས་ལས། དང་པོ་ནི། སྦྱོརཾ་བཾ་བྱམས་མགོན་ཆོས་ཅན། རྣམ་པའི་འོག་ཏུ་སྦྱོར་བ་པོའི་གང་ཟག་འཆད་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་སྦྱོར་བས་རྣམ་པ་སྒོམ་པ་ལ་སྦྱོར་བ་དེ་ཡང་སྦྱོར་བ་པོའི་གང་ཟག་བསྟན་པ་སྔོན་དུ་སོང་ན་གོ་སླ་བའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ནི། སངཾས་དང་འདཾས་བྱང་སེམས་ཚོགས་ལམ་པ་ཆོས་ཅན། ཡུམ་ཉན་པའི་སྣོད་ཡིན་ཏེ། ཡུམ་ཉན་པའི་ཕྱི་ནང་གི་མཐུན་རྐྱེན་ཁྱད་པར་གཉིས་དང་ལྡན་པའི་གང་ཟག་ཡིན་པའི་ཕྱིར། སངཾས་དང་དེཾ་དེ་ཆོས་ཅན། ཡུམ་གྱི་ཚིག་བློ་ལ་འཛིན་པ་དང་། དོན་མི་བརྗེད་པར་སེམས་པ་དང་། བསམ་བྱུང་གི་རིགས་པས་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཡིན་ཏེ། དེ་ལྟར་བྱེད་པའི་ཕྱི་ནང་གི་མཐུན་རྐྱེན་ཁྱད་པར་ཅན་གཉིས་དང་ལྡན་པའི་གང་ཟག་ཡིན་པའི་ཕྱིར། གསུམ་པ་ཡུལ་ཅན་སྦྱོར་བའི་དབྱེ་བ་ལ་གསུམ་ལས། དང་པོ་ནི། དེཾ་ལྟཾར་སོགས་སོ། །གཉིས་པ་ནི། གཟུཾགས་ལཾ་ཐེག་ཆེན་གྱི་སྦྱོར་བ་ཆོས་ཅན། རྣམ་པ་ཉི་ཤུ་ཡོད་དེ། རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔའོ། །དང་པོ་ནི། གཟུཾགས་ལཾ་བྱང་སེམས་ཀྱི་ཚོགས་ལམ་ཁྱད་པར་ཅན་གྱི་མངོན་པར་རྟོགས་པ་ཆོས་ཅན། མི་གནས་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་དོན་དམ་པར་གནས་བྱ་མ་ཡིན་པར་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེས་གཞན་བཞི་ལ་འགྲེའོ། །གཉིས་པ་ནི། ཤེསཾ་རབཾ་དེ་ཆོས་ཅན། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཡིན་ཏེ། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པ་མ་ཐོབ་པས་ཤེར་ཕྱིན་ལ་སྐྲག་པ་སྐྱེ་སྲིད་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཆོས་ཅན། ཁྱོད་ལ་མཁྱེན་གསུམ་གྱི་སྦྱོར་བ་གསུམ་དུ་ཡོད་དེ། ཁྱོད་ཀྱི་སྒོམ་བྱ་རྣམ་པ་དེ་ལ་མཁྱེན་གསུམ་གྱི་རྣམ་པ་གསུམ་དུ་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་ལ་མཁྱེན་གསུམ་གྱི་སྦྱོར་བ་གསུམ་དུ་ཡོད་པའི་ཕྱིར། དེས་ལྷག་མ་རྣམས་ལའང་འགྲེའོ། །བཞི་པ་སྦྱོར་བའི་སྔོན་འགྲོའི་ཆོས་ལ་གསུམ་སྟེ། ཐོབ་པར་བྱ་བ་ཡོན་ཏན། དོར་བར་བྱ་བ་སྐྱོན། ཤེས་པར་བྱ་བ་མཚན་ཉིད་དོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཡོནཾ་ཏནཾ་བྱམས་མགོན་ཆོས་ཅན། ཐེག་ཆེན་སྦྱོར་བའི་འོག་ཏུ་དེའི་ཡོན་ཏན་འཆད་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་སྦྱོར་བ་སྒོམ་པ་ལ་དེའི་ཡོན་ཏན་མཐོང་བ་སྔོན་དུ་འགྲོ་དགོས་པའི་ཕྱིར། གཉིས་པ་ནི། བདུཾད་དང་བདུཾད་ཐེག་ཆེན་གྱི་སྦྱོར་བ་སྒོམ་སྟོབས་ཀྱིས་ཐོབ་པའི་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་བཅུ་བཞི་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཡོན་ཏན་ཡིན་ཏེ། ཐེག་ཆེན་གྱི་སྦྱོར་བ་སྒོམ་པའི་གནས་སྐབས་ཀྱི་ཕན་ཡོན་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། དེའིཾ་འོགཾ་བྱམས་མགོན་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཡོན་ཏན་གྱི་འོག་ཏུ་ཐེག་ཆེན་སྦྱོར་བའི་སྐྱོན་འཆད་པའི་རྒྱུ་མཚན་ཡོད་དེ། ཡོན་ཏན་མཐོང་ནས་ཐེག་ཆེན་གྱི་སྦྱོར་བ་སྒོམ་པ་ལ་བར་ཆད་བྱེད་པའི་སྐྱོན་ཤེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། གཉིས་པ་ནི། སྐྱོནཾ་དང་ཚེགཾས་ཐེག་ཆེན་གྱི་སྦྱོར་བ་སྒོམ་པའི་གནས་སྐབས་སུ་ཚེགས་ཆེན་པོས་འཐོབ་པ་སོགས་བཞི་བཅུ་རྩ་དྲུག་ཆོས་ཅན། ཐེག་ཆེན་སྦྱོར་བའི་སྐྱོན་ཡིན་ཏེ། ཐེག་ཆེན་གྱི་སྦྱོར་བ་བསྒོམ་པ་ལ་བར་དུ་གཅོད་པའི་བདུད་ལས་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། རྒྱུ་མཚན་གྱི་སྒོ་ནས་མཚམས་སྦྱར། སོ་སོའི་རང་བཞིན་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། གོཾ་རིམཾ་བྱམས་མགོན་ཆོས་ཅན། ཐེག་ཆེན་སྦྱོར་བའི་སྐྱོན་གྱི་རྗེས་སུ་ཐེག་ཆེན་སྦྱོར་བའི་མཚན་ཉིད་འཆད་པའི་རྒྱུ་མཚན་ཡོད་དེ། ཡོན་ཏན་དང་སྐྱོན་ལ་བླང་དོར་བྱེད་པའི་སྒོ་ནས་ཐེག་ཆེན་གྱི་སྦྱོར་བ་སྒོམ་པ་ལ་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་ཕྱེ་སྟེ་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། གཾང་གིཾས་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཆོས་ཅན། རྣམ་པ་བཞི་ཡོད་དེ། བྱེད་སྒྲུབ་ཀྱི་དབང་དུ་བྱས་པ་གསུམ། ལས་སྒྲུབ་ཀྱི་དབང་དུ་བྱས་པ་གཅིག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། བྱེདཾ་པཾར་ཐེག་ཆེན་སྦྱོར་བའི་ཤེས་ཁྱད་བྱེད་གསུམ་ཆོས་ཅན། ཐེག་ཆེན་སྦྱོར་བའི་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་ཏེ། ངོ་བོ་ཉིད་མཚན་བཅུ་དྲུག་པོ་ཐེག་ཆེན་གྱི་སྦྱོར་བར་མཚོན་པར་བྱེད་པའི་ཆ་ཡིན་པའི་ཕྱིར། ལསཾ་སུ་ངོ་བོ་ཉིད་མཚན་བཅུ་དྲུག་པོ་ཆོས་ཅན། ཐེག་ཆེན་སྦྱོར་བའི་ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་ཏེ། ཐེག་ཆེན་གྱི་སྦྱོར་བ་མཚོན་པར་བྱ་བའི་གཞི་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཤེས་མཚན། ཁྱད་མཚན། བྱེད་མཚན། ངོ་བོ་ཉིད་མཚན་ནོ། །དང་པོ་ལ་གཉིས་ཏེ། དབྱེ་བའི་སྒོ་ནས་མཚམས་སྦྱར། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དེཾ་ལཾ་ཤེས་མཚན་ཆོས་ཅན། རྣམ་པ་གསུམ་ཡོད་དེ། མཁྱེན་གསུམ་གྱི་སྦྱོར་བའི་རྣམ་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། གཞི་ཤེས་སྦྱོར་བའི་ཤེས་མཚན། ལམ་ཤེས་སྦྱོར་བའི་ཤེས་མཚན། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་ནོ། །དང་པོ་ལ་གཉིས་ལས། དང་པོ་ནི། རེཾ་ཞིགཾ་སོགས་སོ། །གཉིས་པ་ནི། དེཾ་དང་དེཾ་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་ཤེས་མཚན་ཆོས་ཅན། ཁྱོད་ལ་རྣམ་པ་བཅུ་དྲུག་ཡོད་དེ། ཁྱོད་ཀྱི་ཡུལ་དེ་ལ་བཅུ་དྲུག་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་ལ་བཅུ་དྲུག་ཏུ་ཕྱེ་བ་ཡིན་པའི་ཕྱིར། ཐམཾས་དང་འདིཾ་གཞི་ཤེས་སྦྱོར་བས་ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་སོགས་ཀྱི་ཤེས་པ་བཅུ་དྲུག་ཆོས་ཅན། གཞི་ཤེས་སྦྱོར་བའི་ཤེས་མཚན་ཡིན་ཏེ། ཉོན་མོངས་ཀྱིས་དབེན་པ་སོགས་ཀྱི་ངོ་བོ་ཉིད་བཞི་པོ་ཐེག་ཆེན་གྱི་གཞི་ཤེས་ཀྱི་སྦྱོར་བར་མཚོན་པའི་བྱེད་པ་གསུམ་གྱི་ནང་ནས་ཤེས་པའི་ཆ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། དེའིཾ་འོགཾ་སོགས་སོ། །གཉིས་པ་ནི། སྟོངཾ་དང་སྟོངཾ་ལམ་ཤེས་སྦྱོར་བའི་ཤེས་མཚན་ཆོས་ཅན། ཁྱོད་ལ་རྣམ་པ་བཅུ་དྲུག་ཡོད་དེ། ཁྱོད་ཀྱི་ཡུལ་དེ་ལ་བཅུ་དྲུག་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་ལ་བཅུ་དྲུག་ཏུ་ཕྱེ་བའི་ཕྱིར། ལམཾ་དང་འདིཾ་ལམ་ཤེས་སྦྱོར་བས་སྟོང་པ་ཉིད་རྟོགས་པ་སོགས་ཀྱི་ཤེས་པ་བཅུ་དྲུག་པོ་ཆོས་ཅན། ལམ་ཤེས་སྦྱོར་བའི་ཤེས་མཚན་ཡིན་ཏེ། བྱ་དཀའ་བ་སོགས་ཀྱི་ངོ་བོ་ཉིད་ལྔ་པོ་ལམ་ཤེས་སྦྱོར་བར་མཚོན་པའི་བྱེད་པ་གསུམ་གྱི་ནང་ནས་ཤེས་པའི་ཆ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ལས། དང་པོ་ནི། དེཾའི་འོགཾ་སོགས་སོ། །གཉིས་པ་ནི། དེཾ་དང་དེཾ་རྣམ་མཁྱེན་སྦྱོར་བའི་ཤེས་མཚན་ཆོས་ཅན། ཁྱོད་ལ་རྣམ་པ་བཅུ་དྲུག་ཡོད་དེ། ཁྱོད་ཀྱི་ཡུལ་དེ་ལ་བཅུ་དྲུག་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་ལ་བཅུ་དྲུག་ཏུ་ཕྱེ་བ་ཡིན་པའི་ཕྱིར། རྣམཾ་དང་འདིཾ་རྣམ་མཁྱེན་སྦྱོར་བས་མཐོང་ཆོས་ལ་བདེར་གནས་རྟོགས་པ་སོགས་ཀྱི་ཤེས་པ་བཅུ་དྲུག་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་ཡིན་ཏེ། དམིགས་པ་ལ་སོགས་པའི་ངོ་བོ་ཉིད་བདུན་པོ་རྣམ་མཁྱེན་གྱི་སྦྱོར་བ་མཚོན་པའི་བྱེད་པ་གསུམ་གྱི་ནང་ནས་ཤེས་པའི་ཆ་ཡིན་པའི་ཕྱིར། གཉིས་པ་ཁྱད་མཚན་ལ་གཉིས་ཏེ། མཚམས་སྦྱར་བ་དང་། དོན་དངོས་སོ། །དང་པོ་ནི། དེཾ་ལྟཾར་བྱམས་མགོན་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཤེས་མཚན་གྱི་འོག་ཏུ་དེའི་ཁྱད་མཚན་འཆད་པའི་རྒྱུ་མཚན་ཡོད་དེ། ཤེས་མཚན་གྱི་སྐབས་སུ་སྦྱོར་བ་གསུམ་གྱི་ཤེས་མཚན་གསུམ་དུ་ཕྱེ་བའི་ཁྱད་པར་ཤེས་པར་བྱ་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། རྩ་བ་ནི། བསཾམ་མིཾ་ཐེག་ཆེན་སྦྱོར་བས་ཆོས་ཉིད་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པར་རྟོགས་པ་སོགས་ཀྱི་རྣམ་པ་བཅུ་དྲུག་པོ་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཁྱད་མཚན་ཡིན་ཏེ། ངོ་བོ་ཉིད་མཚན་བཅུ་དྲུག་པོ་ཐེག་ཆེན་གྱི་སྦྱོར་བར་མཚོན་པར་བྱེད་པ་གསུམ་གྱི་ནང་ནས་བྱེད་པའི་ཁྱད་པར་གྱི་ཆ་ཡིན་པའི་ཕྱིར། འགྲེལ་པ་ནི་བསཾམ་གྱིཾས་ཆོས་འདྲ། ངོ་བོ་ཉིད་མཚན་ཕྱི་མ་བཅུ་གཉིས་ལམ་ཤེས་དང་རྣམ་མཁྱེན་གྱི་སྦྱོར་བར་མཚོན་པར་བྱེད་པའི་ཁྱད་པར་གྱི་ཆ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། ཡངཾ་བསཾམ་སོགས་སོ། །གཉིས་པ་ལ་གཉིས་ཏེ། གང་ཁྱད་པར་དུ་འཕགས་པའི་ཆོས། གང་ལས་ཁྱད་པར་དུ་འཕགས་པའི་ཚུལ་ལོ། །དང་པོ་ནི། བསཾམ་མིཾ་ཐེག་ཆེན་སྦྱོར་བའི་ཁྱད་མཚན་ཆོས་ཅན། རྣམ་པ་བཅུ་དྲུག་ཡོད་དེ། ཡུལ་བདེན་བཞིའི་སྟེང་གི་ཁྱད་ཆོས་བཅུ་དྲུག་རྟོགས་པའི་སྐད་ཅིག་མ་བཅུ་དྲུག་ཡོད་པའི་ཕྱིར། གཉིས་པ་ནི། གཾང་གིཾས་ཐེག་ཆེན་སྦྱོར་བའི་ཁྱད་མཚན་བཅུ་དྲུག་པོ་ཆོས་ཅན། ཁྱོད་ལ་ཁྱད་མཚན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་རང་གང་ལ་ལྡན་པའི་སྦྱོར་བ་དེ་ཐེག་དམན་གྱི་སྦྱོར་བ་ལས་རྟོགས་རིགས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པར་མཚོན་ནུས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། མཚན་ཉིད་དངོས་དང་། དམན་ལམ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ཏེ། ཁྱད་པར་གྱི་དབྱེ་བ་དང་། ཁྱད་པར་དུ་འཕགས་པའི་ཚུལ་ལོ། །དང་པོ་ནི། ཡངཾ་དགཾ་སོགས་དང་། གཉིས་པ་ནི། གངཾ་གིཾས་སོགས་ཏེ། རྩ་བའི་ངག་དོན་འགོད་དོ། །གཉིས་པ་ནི། དེའིཾ་ཕྱིརཾ་བྱམས་མགོན་ཆོས་ཅན། ཁྱད་མཚན་འཆད་པའི་སྐབས་འདིར་གང་ལས་ཁྱད་པར་དུ་འཕགས་པའི་ལམ་དངོས་སུ་མི་སྟོན་པའི་རྒྱུ་མཚན་ཡོད་དེ། སྐབས་འདིར་དེ་ཤུགས་ཀྱིས་གོ་བ་ལ་དགོངས་པའི་ཕྱིར། གསུམ་པ་བྱེད་མཚན་ལ་གཉིས་ལས། དང་པོ་ནི། ཁྱདཾ་པརཾ། ཕན་དང་བདེ་དང་སྐྱོབ་པ་དང་ཞེས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་བྱེད་མཚན་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱད་མཚན་དང་ལྡན་པའི་སྦྱོར་བའི་བྱེད་པ་བདེ་བླག་ཏུ་རྟོག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མཚན་ཉིད་ཀྱི་དབྱེ་བ་དང་། མཚོན་པའི་ཚུལ་ལོ། །དང་པོ་ནི། ཕནཾ་དང་མཾ་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བས་མ་འོངས་པའི་ཕན་པ་སྒྲུབ་པ་སོགས་ཀྱི་བྱེད་པ་གསུམ་པོ་ཆོས་ཅན། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་བྱེད་མཚན་ཡིན་ཏེ། ཉོན་མོངས་ཀྱིས་དབེན་པ་ལ་སོགས་པའི་ངོ་བོ་ཉིད་བཞི་པོ་ཐེག་ཆེན་གྱི་གཞི་ཤེས་ཀྱི་སྦྱོར་བར་མཚོན་པའི་བྱེད་པ་གསུམ་གྱི་ནང་ནས་གཞན་དོན་སྒྲུབ་པའི་ཆ་ཡིན་པའི་ཕྱིར། མིཾ་དང་གཏནཾ་ལམཾ་ཤེས་སྦྱོར་བས་གཏན་དུ་ཕན་པ་སྒྲུབ་པ་སོགས་ཀྱི་བྱེད་པ་བདུན་པོ་ཆོས་ཅན། ལམ་ཤེས་སྦྱོར་བའི་བྱེད་མཚན་ཡིན་ཏེ། བྱ་དཀའ་བ་ལ་སོགས་པའི་ངོ་བོ་ཉིད་བདུན་པོ་ལམ་ཤེས་སྦྱོར་བར་མཚོན་པའི་བྱེད་པ་གསུམ་གྱི་ནང་ནས་གཞན་དོན་སྒྲུབ་པའི་ཆ་ཡིན་པའི་ཕྱིར། ཐཾ་དང་རྣམཾ་རྣམ་མཁྱེན་སྦྱོར་བས་ཆོས་ཐམས་ཅད་སྟོན་པ་ཉེ་བར་སྒྲུབ་པའི་བྱེད་པ་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་བྱེད་མཚན་ཡིན་ཏེ། དམིགས་པ་ལ་སོགས་པའི་ངོ་བོ་ཉིད་ལྔ་པོ་རྣམ་མཁྱེན་སྦྱོར་བར་མཚོན་པའི་བྱེད་པ་གསུམ་གྱི་ནང་ནས་གཞན་དོན་སྒྲུབ་པའི་ཆ་ཡིན་པའི་ཕྱིར། གཉིས་པ་ནི། འདིཾ་དང་དེཾ་ཕན་པ་ལ་སོགས་པའི་བྱེད་པ་བཅུ་གཅིག་ཆོས་ཅན། ཐེག་ཆེན་སྦྱོར་བའི་བྱེད་མཚན་ཡིན་ཏེ། ངོ་བོ་ཉིད་མཚན་བཅུ་དྲུག་པོ་ཐེག་ཆེན་གྱི་སྦྱོར་བར་མཚོན་པའི་བྱེད་པ་གསུམ་གྱི་ནང་ནས་གཞན་དོན་སྒྲུབ་པའི་ཆ་ཡིན་པའི་ཕྱིར། བཞི་པ་ངོ་བོ་ཉིད་མཚན་ལ་གཉིས་ལས། དང་པོ་ནི། བྱེདཾ་པཾའི་ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་སོགས་ཚིགས་བཅད་གསུམ་གྱིས་ངོ་བོ་ཉིད་མཚན་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། བྱེད་མཚན་དང་ལྡན་པའི་སྦྱོར་བའི་མཚན་གཞི་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མཚན་ཉིད་ཀྱི་དབྱེ་བ་དང་། མཚོན་པའི་ཚུལ་ལོ། །དང་པོ་ནི། ཉོནཾ་དང་འདོཾད་ཉོན་མོངས་ཀྱིས་དབེན་པ་ལ་སོགས་པའི་ངོ་བོ་ཉིད་བཞི་པོ་ཆོས་ཅན། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་མཚན་ཡིན་ཏེ། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་གང་ལ་མཚོན་པར་བྱ་བའི་མཚན་གཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར། དཀཾའ་དང་དོནཾ་བྱ་དཀའ་བ་ལ་སོགས་པའི་ངོ་བོ་ཉིད་ལྔ་པོ་ཆོས་ཅན། ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་མཚན་ཡིན་ཏེ། རྟགས་འགྲེ། དམིགཾས་དང་ཐམཾས་དམིགས་པ་ལ་སོགས་པའི་ངོ་བོ་ཉིད་བདུན་པོ་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་མཚན་ཡིན་ཏེ། རྟགས་འགྲེ། གཉིས་པ་ནི། ངོཾ་དང་དེཾ་ཉོན་མོངས་ཀྱིས་དབེན་པ་ལ་སོགས་པའི་ངོ་བོ་ཉིད་བཅུ་དྲུག་པོ་ཆོས་ཅན། ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་མཚན་ཡིན་ཏེ། རྟགས་འགྲེ། གསུམ་པ་ནི། དེཾ་ལྟརཾ་ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད་ཆོས་ཅན། ཕྱེ་ན་དགུ་བཅུ་རྩ་གཅིག་ཡོད་དེ། ཤེས་མཚན་བཞི་བཅུ་རྩ་བརྒྱད། ཁྱད་མཚན་བཅུ་དྲུག བྱེད་མཚན་བཅུ་གཅིག ངོ་བོ་ཉིད་མཚན་བཅུ་དྲུག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སྦྱོར་བ་སྐྱེས་པའི་གནས་སྐབས་ཀྱི་གོ་རིམ་ལ་གསུམ་སྟེ། ཐོགས་པ་མེད་པའི་སྒྲུབ་པས་བསྡུས་པའི་སྦྱོར་བ། འཛིན་པ་མེད་པའི་སྦྱོར་བས་བསྡུས་པའི་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཐཾར་པཾའི་བྱམས་མགོན་ཆོས་ཅན། སྦྱོར་བའི་མཚན་ཉིད་ཀྱི་འོག་ཏུ་ཐར་པ་ཆ་མཐུན་འཆད་པའི་རྒྱུ་མཚན་ཡོད་དེ། ཐར་པ་ཆ་མཐུན་གྱི་དགེ་རྩ་དང་ལྡན་པ་ལ་སྦྱོར་བའི་མཚན་ཉིད་ཤེས་པ་འབྱུང་བའི་ཕྱིར། འོན་ཀྱང་འགྱུར་བཟློག་ན་བདེའོ། །གཉིས་པ་ནི། མཚཾན་དང་མཚནཾ་ཐེག་ཆེན་གྱི་ཚོགས་ལམ་ཁྱད་པར་ཅན་གྱི་དད་སོགས་ལྔ་པོ་ཆོས་ཅན། རྣམ་རྫོགས་སྦྱོར་བས་བསྡུས་པའི་ཐར་པ་ཆ་མཐུན་ཡིན་ཏེ། མཚན་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སྦྱིན་སོགས་སྒྲུབ་པའི་ཐབས་ལ་མཁས་པའི་ཐེག་ཆེན་ལས་དང་པོ་པའི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། མཁཾས་པཾ་སོགས་སོ། །གཉིས་པ་ལ་གཉིས་ཏེ། དངོས་བསྟན་ཐེག་ཆེན་གྱི་ཐར་པ་ཆ་མཐུན། ཤུགས་བསྟན་ཐེག་དམན་གྱི་ཐར་པ་ཆ་མཐུན་ནོ། །དང་པོ་ལ་གཉིས་ཏེ། ཡུལ་གྱི་སྒོ་ནས་དབྱེ་བ་དང་། དབང་པོའི་སྒོ་ནས་དབྱེ་བའོ། །དང་པོ་ནི། སངཾས་དང་དཾད་ཐེག་ཆེན་གྱི་ཚོགས་ལམ་ཁྱད་པར་ཅན་དེ་ཆོས་ཅན། ཁྱོད་ལ་དད་སོགས་ལྔ་ཡོད་དེ། ཁྱོད་ཀྱི་མཁས་བྱའི་ཡུལ་དེ་ལ་སངས་རྒྱས་སོགས་ལྔ་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་ལ་དད་སོགས་ལྔར་ཕྱེ་བ་ཡིན་པའི་ཕྱིར། གཉིས་པ་ནི། རྫོགཾས་དང་དེཾ་ཐེག་ཆེན་གྱི་ཚོགས་ལམ་ཁྱད་པར་ཅན་གྱི་དད་སོགས་ལྔ་པོ་ཆོས་ཅན། ཁྱོད་ལ་རྣོ་རྟུལ་གཉིས་ཡོད་དེ། ཁྱོད་ལ་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་པའི་བྱང་ཆུབ་འཐོབ་པར་སླ་བ་དང་དཀའ་བ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤུགཾས་ཀྱིསཾ་རང་རྒྱལ་གྱི་རིགས་ཅན་ཚོགས་ལམ་པའི་དད་སོགས་ལྔ་པོ་ཆོས་ཅན། རང་རྒྱལ་གྱི་བྱང་ཆུབ་ཐོབ་པར་འགྱུར་ཏེ། རང་རྒྱལ་གྱི་བྱང་ཆུབ་སྒྲུབ་པའི་ཐབས་ལ་མཁས་པའི་རང་རྒྱལ་གྱི་སློབ་ལམ་ཡིན་པའི་ཕྱིར། ཉན་ཐོས་ཀྱི་ཚོགས་ལམ་ཁྱད་པར་ཅན་གྱི་དད་སོགས་ལྔ་པོ་ཆོས་ཅན། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་ཏེ། རྟགས་འགྲེ། གཉིས་པ་ལ་གསུམ་སྟེ། སྦྱོར་བ་སྐྱེས་པའི་གནས་སྐབས། རྟེན་ཕྱིར་མི་ལྡོག་པའི་གང་ཟག བསྒོམ་བྱ་སྦྱོར་བའི་ངོ་བོའོ། །དང་པོ་ལ་གསུམ་ལས། དང་པོ་ནི། ཐརཾ་པའིཾ་བྱམས་མགོན་ཆོས་ཅན། ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་འོག་ཏུ་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་འཆད་པའི་རྒྱུ་མཚན་ཡོད་དེ། དེ་ལས་དེ་འབྱུང་བའི་ཕྱིར། གཉིས་པ་ནི། དྲོཾ་བཾ་དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་སེམས་མཉམ་པ་ལ་སོགས་པའི་ངེས་འབྱེད་ཆ་མཐུན་དེ་ཆོས་ཅན། རྣམ་རྫོགས་སྦྱོར་བར་བསྟན་པའི་ངེས་འབྱེད་ཆ་མཐུན་ཡིན་ཏེ། སེམས་ཅན་ལ་དམིགས་པའི་བསམ་སྦྱོར་ཁྱད་པར་ཅན་དང་ལྡན་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་བཞི་ལས། དྲོད་ཀྱི་དམིགས་རྣམ་ནི། རྣམཾ་པཾ་དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་སེམས་མཉམ་པ་སོགས་བཅུ་དང་ལྡན་པའི་ངེས་འབྱེད་ཆ་མཐུན་ཆོས་ཅན། རྣམ་རྫོགས་སྦྱོར་བའི་འཆད་པའི་སྐབས་ནས་བསྟན་པའི་དྲོད་ཡིན་ཏེ། སེམས་ཅན་ལ་དམིགས་པའི་བསམ་སྦྱོར་ཁྱད་པར་ཅན་དང་ལྡན་པའི་རྗེས་ཐོབ་ཀྱིས་བསྡུས་པའི་དྲོད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། རྩེ་མོའི་དམིགས་རྣམ་ནི། མདོརཾ་ནཾ་དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་དགེ་སྡིག་གི་བླང་དོར་ལ་གཞན་འགོད་པ་སོགས་ཀྱི་ངེས་འབྱེད་ཆ་མཐུན་ཆོས་ཅན། རྣམ་རྫོགས་སྦྱོར་བ་འཆད་པའི་སྐབས་ནས་བསྟན་པའི་རྩེ་མོ་ཡིན་ཏེ། རྟགས་འགྲེ། བཟོད་པའི་དམིགས་རྣམ་ནི། རྩེཾ་མོརཾ་དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་བདེན་བཞི་ཤེས་པ་ལ་རང་གནས་ནས་གཞན་འགོད་པ་སོགས་ཀྱི་རྣམ་པ་དང་ལྡན་པའི་ངེས་འབྱེད་ཆ་མཐུན་ཆོས་ཅན། རྣམ་རྫོགས་སྦྱོར་བ་འཆད་པའི་སྐབས་ནས་བསྟན་པའི་བཟོད་པ་ཡིན་ཏེ། རྟགས་འགྲེ། ཆོས་མཆོག་གི་དམིགས་རྣམ་ནི། སྔཾ་མཾ་དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་རང་སྨིན་གྲོལ་ལ་གནས་ནས་གཞན་འགོད་པ་སོགས་ཀྱི་རྣམ་པ་དང་ལྡན་པའི་ངེས་འབྱེད་ཆ་མཐུན་ཆོས་ཅན། རྣམ་རྫོགས་སྦྱོར་བ་འཆད་པའི་སྐབས་ནས་བསྟན་པའི་ཆོས་མཆོག་ཡིན་ཏེ། སེམས་ཅན་ལ་དམིགས་པའི་བསམ་སྦྱོར་ཁྱད་པར་ཅན་དང་ལྡན་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཆོས་མཆོག་གི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ལ་གཉིས་ཏེ། མཁྱེན་པ་གསུམ་གྱི་སྐབས་སུ་ལམ་གསུམ་བསྟན་པའི་འདོད་ཚུལ། སྦྱོར་བ་གསུམ་གྱི་སྐབས་སུ་ལམ་གསུམ་བསྟན་པའི་འདོད་ཚུལ་ལོ། །དང་པོ་ནི། རྣམཾ་པཾ་བྱམས་མགོན་ཆོས་ཅན། མཁྱེན་པ་གསུམ་གྱི་སྐབས་སུ་སྦྱོར་མཐོང་སྒོམ་གསུམ་ལན་གསུམ་དུ་བསྟན་པ་ལ། ཟློས་པའི་སྐྱོན་མེད་དེ། རྣམ་པ་དང་། ལམ་དང་། གཞི་སྐྱེ་མེད་དུ་རྟོགས་པའི་ལྡོག་པ་ནས་མཁྱེན་པ་གསུམ་གྱི་སྐབས་སུ་སྦྱོར་མཐོང་སྒོམ་གསུམ་བསྟན་པ་ཡིན་པའི་ཕྱིར། གཉིས་པ་ནི། རྣམཾ་པཾ་བྱམས་མགོན་ཆོས་ཅན། སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་སྦྱོར་མཐོང་སྒོམ་གསུམ་ལན་གསུམ་དུ་བསྟན་པ་ལ་ཟློས་པའི་སྐྱོན་མེད་དེ། རྣམ་རྫོགས་སྦྱོར་བའི་སྐབས་སུ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་དང་། རྩེ་སྦྱོར་གྱི་སྐབས་སུ་ས་དགུ་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་དང་། མཐར་གྱིས་པའི་སྐབས་སུ་ས་བཅུ་པའི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་ལ་སྦྱོར་མཐོང་སྒོམ་གསུམ་གྱི་མིང་གིས་བཏགས་ནས་བསྟན་པའི་ཕྱིར། གཉིས་པ་བརྟེན་ཕྱིར་མི་ལྡོག་པའི་གང་ཟག་ལ་གསུམ་སྟེ། རྟེན་གྱི་སྒོ་ནས་མདོར་བསྟན། རྟགས་ཀྱི་སྒོ་ནས་རྒྱས་པར་བཤད། ངོ་བོའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཕྱིརཾ་མིཾ་བྱམས་མགོན་ཆོས་ཅན། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གྱི་འོག་ཏུ་ཕྱིར་མི་ལྡོག་པའི་དགེ་འདུན་འཆད་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ཐོབ་ནས་གང་ཟག་དེ་ཕྱིར་མི་ལྡོག་པའི་དགེ་འདུན་དུ་འགྱུར་བའི་ཕྱིར། འདིའི་རིགས་པ་སྔ་མའི་མཚམས་སྦྱར་ལ་ཡང་ཐོབ་བོ། །གཉིས་པ་ནི། ངེསཾ་དང་སཾ་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་ཆོས་ཅན། ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཐབས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་བྱང་སེམས་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾ་རྣམསཾ་སོགས་སོ། །གཉིས་པ་ནི། གཟུགསཾ་དང་གཟུགསཾ་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། ཁྱོད་གནས་སྐབས་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། དེའི་རྟགས་ཉི་ཤུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། ཡངཾ་ལྡོགཾ་སོགས་སོ། །གཉིས་པ་ལ་གཉིས་ཏེ། རྟགས་ཀྱི་དབྱེ་བ་དང་། རྟེན་ལ་སྦྱར་བའོ། །དང་པོ་ནི། གཟུགསཾ་དང་ངོཾ་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་བ་ལྡོག་པའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་དྲོད་ལ་གནས་པའི་སེམས་དཔའ་ཆོས་ཅན། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་སྔོན་དུ་སོང་བ་ཡིན་ཏེ། དེས་དྲངས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཞེས་འབྲས་རྟགས་འགོད། དེ་གྲུབ་ནས། དེ་ཆོས་ཅན། ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་པའི་བྱང་ཆུབ་འབྱུང་དུ་རུང་སྟེ། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་དང་སྙིང་རྗེ་ཆེན་པོ་ཚང་བའི་ཕྱིར་ཞེས་རང་བཞིན་གྱི་གཏན་ཚིགས་འགོད། དེ་གྲུབ་ནས་དེ་ཆོས་ཅན། གནས་སྐབས་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་པའི་བྱང་ཆུབ་འབྱུང་དུ་རུང་བའི་ཕྱིར། ཞེས་མ་དམིགས་པའི་གཏན་ཚིགས་འགོད་དེ། གསུམ་རྒྱུད་འདི་ནི་འགྲེལ་པ་ཆེ་ཆུང་གཉིས་ཀྱི་དགོངས་པ་ཡིན་ཞིང་། དེས་ལྷག་མ་བཅུ་ལ་ཡང་འགྲེའོ། །ལུསཾ་དང་དགེཾ་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་རྩེ་མོ་ལ་གནས་པའི་བྱང་སེམས་ཆོས་ཅན་དུ་བཟུང་ནས་གསུམ་རྒྱུད་འགོད། དེས་ལྷག་མ་ལྔ་ལ་འགྲེའོ། །གཞནཾ་དང་རྟོགསཾ་བདུད་ཀྱིས་ལམ་གཞན་དུ་དཀྲིར་མི་བཏུབ་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བཟོད་པ་ལ་གནས་པའི་བྱང་སེམས་ཆོས་ཅན་དུ་བཟུང་ནས་གསུམ་རྒྱུད་འགོད། དེས་འོག་མ་ལ་འགྲེའོ། །སངསཾ་དང་འཁོརཾ་སྤྱོད་པ་ཐམས་ཅད་ལ་སངས་རྒྱས་དགེས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཆོས་མཆོག་ལ་གནས་པའི་བྱང་སེམས་ཆོས་ཅན་དུ་བཟུང་ནས་གསུམ་རྒྱུད་དུ་འགོད། གཉིས་པ་ནི། དདཾ་བྱང་སེམས་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་ཆོས་ཅན། རྣམ་པ་ཉི་ཤུ་ཡོད་དེ། དྲོད་ཀྱི་རྟགས་བཅུ་གཅིག རྩེ་མོའི་རྟགས་དྲུག བཟོད་པའི་རྟགས་གཉིས། ཆོས་མཆོག་གི་རྟགས་གཅིག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ངེསཾ་པརཾ་བྱམས་མགོན་ཆོས་ཅན། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་འོག་ཏུ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་འཆད་པའི་རྒྱུ་མཚན་ཡོད་དེ། དེ་ལས་དེ་འབྱུང་བའི་ཕྱིར། གཉིས་པ་ནི། མཐོངཾ་དང་སྡུགཾ་བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་གནས་སྐབས་སུ་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གཏན་ཚིགས་ཡོད་དེ། དེའི་གཏན་ཚིགས་བྱང་སེམས་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། སྐདཾ་ཅིགཾ་སོགས་སོ། །གཉིས་པ་ནི། གཟུགསཾ་སོགས་བྱང་སེམས་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གིས་དྲངས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་བཅུ་དྲུག་ཆོས་ཅན། བྱང་སེམས་མཐོང་ལམ་པ་གཞན་ངོར་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་གྱིས་དྲངས་པའི་བྱང་སེམས་མཐོང་ལམ་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྟགས་ཀྱི་དབྱེ་བ་དང་། རྟགས་སུ་འགྱུར་བའི་ཚུལ་ལོ། །དང་པོ་ལ་བཞི་ལས་སྡུག་བསྔལ་བདེན་པའི་རྣམ་པ་ནི། རངཾ་གིཾ་གཟུགས་སོགས་ལ་མངོན་ཞེན་བཟློག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་སྔོན་དུ་སོང་བ་ཡིན་ཏེ། དེས་དྲངས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཞེས་འབྲས་རྟགས་བཀོད་ནས་རང་བཞིན་དང་མ་དམིགས་པའི་གཏན་ཚིགས་སྔ་མ་ལས་རིགས་བསྒྲེས་ཏེ་དེས་ལྷག་མ་གསུམ་ལ་ཡང་འགྲེའོ། །ཀུན་འབྱུང་བདེན་པའི་རྣམ་པ་ནི། མིཾ་དགེཾ་ལུས་སེམས་ཡང་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན་དུ་བཟུང་ནས་གསུམ་རྒྱུད་འགོད། དེས་ལྷག་མ་གསུམ་ལ་འགྲེའོ། །འགོག་བདེན་གྱི་རྣམ་པ་ནི། སྟོངཾ་པཾ་ཕུང་ཁམས་སྐྱེ་མཆེད་ལ་གནས་པ་བཀག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན་དུ་བཟུང་ནས་གསུམ་རྒྱུད་འགོད། དེས་ལྷག་མ་གསུམ་ལ་འགྲེའོ། །ལམ་བདེན་གྱི་རྣམ་པ་ནི། སྦྱིནཾ་པཾ་སེར་སྣ་སོགས་ལ་གནས་པ་བཀག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན་དུ་བཟུང་ནས་གསུམ་རྒྱུད་འགོད། དེས་ལྷག་མ་གསུམ་ལ་འགྲེའོ། །གཉིས་པ་ནི། དེཾ་ལྟརཾ་གཟུགས་སོགས་ལ་མངོན་ཞེན་བཟློག་པ་ལ་སོགས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་བཅུ་དྲུག་ཆོས་ཅན། ཁྱོད་ལ་བྱང་སེམས་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་དེ། ཁྱོད་དེའི་འབྲས་བུ་ཡིན་པའི་ཕྱིར། རྣལཾ་འབྱོརཾ་དེ་ལ་དེའི་མིང་གིས་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་ཉིད་མཐོང་བའི་རྣལ་འབྱོར་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་རྣམས་སེམས་ཅན་འདུལ་བའི་དགོས་པའི་དབང་མ་གཏོགས་པར་མཉམ་བཞག་གི་རྟོགས་པ་དང་མཐུན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། དེཾ་ལྟརཾ་བྱང་སེམས་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཆོས་ཅན། ཁྱོད་བྱང་སེམས་མཐོང་ལམ་པ་རང་ལས་རྟོགས་པ་དམའ་བའི་གང་ཟག་གི་ངོར་ཐོག་མར་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ། ཁྱོད་བྱང་སེམས་མཐོང་ལམ་པ་ལས་རྟོགས་པ་དམའ་བའི་གང་ཟག་གིས་ཐོག་མར་མི་རྟོགས་པའི་ཕྱིར་རོ། །གསུམ་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེའིཾ་འོགཾ་བྱམས་མགོན་ཆོས་ཅན། བྱང་སེམས་མཐོང་ལམ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་འོག་ཏུ། བྱང་སེམས་ཀྱི་སྒོམ་ལམ་གྱི་ཁྱད་པར་འཆད་པའི་རྒྱུ་མཚན་ཡོད་དེ། ཁྱད་པར་བཟུང་ནས་ཁྱད་པར་ཅན་གྱི་བློ་སྐྱེད་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ནི། སྒོམཾ་དང་སྟོངཾ་བྱང་སེམས་ཀྱི་སྒོམ་ལམ་ཆོས་ཅན། ཐེག་དམན་གྱི་སྒོམ་ལམ་ལས་རྟོགས་རིགས་ཀྱི་སྒོ་ནས་ཟབ་སྟེ། སྒྲོ་སྐུར་དང་བྲལ་བའི་ཟབ་མོ་སྟོང་ཉིད་ལ་སེམས་འཇལ་རྟོགས་གསུམ་བྱེད་པའི་སྒོམ་ལམ་ཡིན་པའི་ཕྱིར། དབུ་མ་པ་ཆོས་ཅན། སྒོམ་ལམ་གྱི་ངོ་བོའི་འདོད་ཚུལ་དངོས་སྨྲ་བའི་འདོད་ཚུལ་ལས་ཟབ་སྟེ། སྒོམ་ལམ་དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོར་འདོད་པའི་ཕྱིར། བྱང་སེམས་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཆོས་ཅན། ཟབ་མོ་ཡིན་ཏེ། སྒྲོ་སྐུར་དང་བྲལ་བའི་ཟབ་མོ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་གིས་དྲངས་པའི་གཏན་ཚིགས་ཁྱད་པར་ཅན་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རྟོགས་རིགས་ཟབ་པ་རྒྱས་པར་བཤད། ངོ་བོ་ཟབ་པ་རྒྱས་པར་བཤད། གཏན་ཚིགས་ཟབ་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྒོམ་ལམ་གྱི་ངོ་བོ་དང་། སྒོམ་ལམ་གྱི་དབྱེ་བའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་བྱམས་མགོན་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་གྱི་ཁྱད་པར་བསྟན་ནས་ཁྱད་གཞི་ཐེག་ཆེན་གྱི་སྒོམ་ལམ་གྱི་ཁྱད་པར་འཆད་པའི་རྒྱུ་མཚན་ཡོད་དེ། ཁྱད་པར་བཟུང་ནས་ཁྱད་པར་ཅན་གྱི་བློ་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི། ངེསཾ་ཤེསཾ་ས་གཉིས་པའི་མཉམ་གཞག་གིས་དྲངས་པའི་རྗེས་ཐོབ་ཀྱི་ངེས་ཤེས་ཁྱད་པར་ཅན་དེ་ཆོས་ཅན། སྐབས་འདིར་བསྟན་གྱི་སྒོམ་ལམ་ཡིན་ཏེ། སྦྱོར་མཐོང་སྒོམ་གསུམ་མཉམ་གཞག་གི་གནས་སྐབས་སུ་མཐོང་ཟིན་པའི་སྒྲོ་སྐུར་དང་བྲལ་བའི་ཟབ་མོ་སྟོང་ཉིད་ཀྱི་དོན་ལ་སེམས་འཇལ་རྟོག་གསུམ་བྱེད་པའི་སྒོམ་ལམ་ཡིན་པའི་ཕྱིར། གསུམ་པ་ནི། ཐོསཾ་པཾ་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། སྐབས་འདིར་བསྟན་གྱི་སྒོམ་ལམ་ཡིན་ཏེ། སྦྱོར་མཐོང་སྒོམ་གསུམ་མཉམ་གཞག་གི་གནས་སྐབས་སུ་མཐོང་བའི་ཟབ་མོ་སྟོང་ཉིད་ཀྱི་དོན་ལ་ཐོས་བསམ་སྒོམ་གསུམ་མམ། སྦྱོར་དངོས་རྗེས་གསུམ་གྱི་ཤེས་རབ་ཀྱིས་སེམས་འཇལ་རྟོག་གསུམ་བྱེད་པའི་སྒོམ་ལམ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། དེཾ་རྣམསཾ་སོགས་སོ། །གཉིས་པ་ནི། དེཾ་ནིཾ་ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་གིས་དྲངས་པའི་ངེས་ཤེས་དེ་ལ་དགུར་གྲངས་ངེས་ཏེ། ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་དེ་ལ་དགུར་གྲངས་ངེས་པའི་ཕྱིར། གསུམ་པ་ནི། བྱངཾ་ཆུབཾ་ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་ཆོས་ཅན། ཁྱོད་ལ་ཆུང་ངུའི་ཆུང་ངུ་སོགས་དགུར་གྲངས་ངེས་ཏེ། ཁྱོད་ཀྱི་སྤང་བྱ་རྣམ་རྟོག་དེ་ལ་ཆེན་པོའི་ཆེན་པོ་སོགས་དགུར་གྲངས་ངེས་པའི་ཕྱིར། དེཾ་ལྟརཾ་ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་ཆོས་ཅན། ཁྱོད་རྒྱུན་ཆགས་སུ་བྱུང་སྟེ། ཁམས་གསུམ་ས་དགུའི་རྣམ་རྟོག་ཆེན་པོའི་ཆེན་པོ་སོགས་དགུ་རྣམ་པས་ཅིག་ཆར་སྤོང་བའི་སྒོ་ནས་ཆུང་ངུའི་ཆུང་ངུ་སོགས་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར། གཉིས་པ་ངོ་བོ་ཟབ་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དོན་དམ་གྱི་བྱེད་པ་ལ་རྩོད་པ་སྤང་བ། ཀུན་རྫོབ་ཀྱི་བྱེད་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། འབྲས་བུ་སྐྱེད་པ་མི་འཐད་པར་ཐལ་བ་སྤང་བ། བྱ་བ་བྱེད་པ་མི་འཐད་པ་སྤང་བའོ། །དང་པོ་ལ་གསུམ་ལས། དང་པོ་ནི། རྒྱལཾ་བའིཾ་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། ཁྱོད་ལ་དགུར་གྲངས་མ་ངེས་པར་ཐལ། ཁྱོད་ཀྱི་འབྲས་བུ་དགུ་ལས་མང་བའི་ཕྱིར་ཏེ། ཁྱོད་རེ་རེས་ཀྱང་འབྲས་བུ་བསོད་ནམས་གྲངས་མེད་སོགས་བསྐྱེད་པ་རྒྱལ་བའི་ཡུམ་ལས་གསུངས་པའི་ཕྱིར་ཞེ་ན། གཉིས་པ་ནི། འཕགས་པ་ལྟར་ན་གཉིས་ལས། རྩོད་པ་ནི། གྲངསཾ་མེདཾ་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། འབྲས་བུ་བསོད་ནམས་གྲངས་མེད་སོགས་བསྐྱེད་པ་མི་འཐད་པར་ཐལ། དོན་དམ་པར་ཟབ་མོ་སྟོང་ཉིད་ཡིན་པའི་ཕྱིར་ཞེ་ན། ལན་ནི། ཀུནཾ་རྫོབཾ་དེ་ཆོས་ཅན། དོན་དམ་པར་ཟབ་མོ་སྟོང་ཉིད་ཡིན་ཡང་ཀུན་རྫོབ་ཏུ་བསོད་ནམས་གྲངས་མེད་སོགས་བསྐྱེད་པར་མི་འགལ་ཏེ། དོན་དམ་པར་ཟབ་མོ་སྟོང་ཉིད་ཡིན་ཀྱང་ཀུན་རྫོབ་དུ་བསོད་ནམས་གྲངས་མེད་སོགས་ཁྱོད་ཀྱི་ཐུགས་རྗེའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པའི་ཕྱིར། གསུམ་པ་ནི་མཚམས་སྦྱར་གྱི་ལན་དུ་སྦྱར་ཏེ། གྲངསཾ་མེདཾ་དེ་ཆོས་ཅན། དོན་དམ་པར་བསོད་ནམས་གྲངས་མེད་གཞལ་མེད་སོགས་བསྐྱེད་པའི་སྒོ་ནས་དགུར་གྲངས་མ་ངེས་པར་ཐལ་བའི་སྐྱོན་མེད་དེ། དོན་དམ་པར་བསོད་ནམས་གྲངས་མེད་སོགས་སྟོང་ཉིད་སོགསཾ་ཀྱི་ངོ་བོ་ཡིན་པས་ཐ་དད་དུ་མེད་པའི་ཕྱིར། ཀུནཾ་རྫོབཾ་དེ་ཆོས་ཅན། ཀུན་རྫོབ་ཏུ་འབྲས་བུ་བསོད་ནམས་གྲངས་མེད་སོགས་བསྐྱེད་པའི་རྒྱུ་མཚན་གྱིས་ཁྱོད་ལ་དགུར་གྲངས་མ་ངེས་པར་ཐལ་བའི་སྐྱོན་མེད་དེ། ཀུན་རྫོབ་ཏུ་ཁྱོད་ཀྱི་འབྲས་བུ་བསོད་ནམས་གྲངས་མེད་སོགས་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་གྱིས་ཚོགས་གཉིས་བསྒོམས་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་གྱི་ཁྱོད་ཀྱི་ངོ་བོ་མ་ཡིན་པས་ངོ་བོའི་གྲངས་ངེས་ལ་མི་གནོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ལ་གཉིས་ལས། དང་པོ་ནི། སྟོངཾ་པཾ་དངོས་པོ་བརྗོད་དུ་མེད་པ་ལ་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དོན་དམ་པར་སྟོང་ཉིད་ཡིན་ན། སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པར་མི་རུང་ངོ་སྙམ་པའི་དོགས་པ་བསུ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དངོསཾ་དང་ཆོསཾ་དེ་ཆོས་ཅན། སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པར་མི་རུང་བར་ཐལ། སྒོམ་པ་ཕུལ་དུ་བྱུང་བ་བྱར་མེད་པའི་ཕྱིར་ཏེ། དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། དེཾ་བསཾ་དེ་ཆོས་ཅན། སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པའི་ཆེད་དུ་ཁྱོད་སྟོན་པའི་གཞུང་ཉེ་བར་དགོད་པར་མི་བྱ་བ་ཁོ་ན་ཡིན་པར་ཐལ། སྤང་གཉེན་ཉམས་འཕེལ་གྱི་བྱ་བ་མི་བྱེད་པའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ་སྟེ། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། བྱངཾ་ཆུབཾ་ཐེག་པ་ཆེན་པོའི་སྒོམ་ལམ་ཆོས་ཅན། ཁྱོད་དོན་དམ་པར་སྟོང་ཉིད་ཡིན་ཡང་ཀུན་རྫོབ་དུ་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པའི་དཔེ་ཡང་དག་ཡོད་དེ། སྐུ་གསུམ་པོ་དོན་དམ་པར་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ཡང་ཀུན་རྫོབ་ཏུ་གཟུང་འཛིན་གྱི་སྤྲོས་པར་བསྟན་པའི་སྒོ་ནས་གདུལ་བྱའི་དོན་བྱེད་པ་དེ་ཁྱོད་དེ་ལྟར་བྱེད་པའི་དཔེ་ཡང་དག་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཀུན་རྫོབ་ཏུ་མ་ངེས་པའི་ལན་དང་། དོན་དམ་དུ་འདོད་པའི་ལན་ནོ། །དང་པོ་ལ་གཉིས་ཏེ། དཔེ་སྒྲུབ་པ་དང་། དོན་ལ་སྦྱར་བའོ། །དང་པོ་ནི། ཇིཾ་ལྟརཾ་སྐུ་གསུམ་པོ་ཆོས་ཅན། དོན་དམ་པར་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ཡང་ཀུན་རྫོབ་ཏུ་གཟུང་འཛིན་གྱི་སྤྲོས་པར་བསྟན་པའི་སྒོ་ནས་གདུལ་བྱའི་དོན་མཛད་པ་མི་འགལ་ཏེ། དོན་དམ་པར་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ཡང་། ཀུན་རྫོབ་ཏུ་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་ཚོགས་གཉིས་ཀྱི་རྗེས་སུ་མཐུན་པར་གཟུགས་སྐུ་ཁྱད་པར་ཅན་སྣང་བའི་སྒོ་ནས་གདུལ་བྱའི་དོན་མཛད་པའི་ཕྱིར། གཉིས་པ་ནི། སྒོམཾ་ལམཾ་པསཾ་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། དོན་དམ་པར་སྟོང་ཉིད་ཡིན་ཡང་ཀུན་རྫོབ་ཏུ་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པ་མི་འགལ་ཏེ། དེ་ལྟར་བྱེད་པའི་མཐུན་དཔེ་ཡང་དག་ཡོད་པའི་ཕྱིར། གཉིས་པ་ནི། དོནཾ་དམཾ་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། དོན་དམ་པར་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་མི་བྱེད་པར་ཐལ། དོན་དམ་པར་ཟབ་མོ་སྟོང་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་དབུ་མ་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། དབུ་མ་པས་ཁྱོད་ལ་འདོད་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། གཉིས་པ་ཀུན་རྫོབ་ཀྱི་བྱེད་པ་ལ་རྩོད་པ་སྤོང་བ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སེམས་ནི་སྔ་མས་ཞེས་སོགས་ཚིག་རྐང་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཐེག་པ་ཆེན་པོའི་སྒོམ་ལམ་དེས་ཀུན་རྫོབ་ཏུ་ཡང་བྱང་ཆུབ་སྐྱེད་པར་མི་རིགས་སོ་སྙམ་པའི་དོགས་པ་བསུ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སེམསཾ་དང་སྔཾ་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། སྐད་ཅིག་སྔ་ཕྱི་གང་རུང་རེ་རེ་ཁོ་ནས་བྱང་ཆུབ་བསྐྱེད་པར་རིགས་པ་མ་ཡིན་ཏེ། སྐད་ཅིག་སྔ་ཕྱི་གང་རུང་རེ་རེ་ཁོ་ན་ལ་བྱང་ཆུབ་བསྒྲུབ་པའི་རྒྱུ་ཚོགས་མ་ཚང་བའི་ཕྱིར། འདོདཾ་པའིཾ་ཐེག་ཆེན་གྱི་སྒོམ་ལམ་གྱི་སེམས་བསྐྱེད་ཆོས་ཅན། རིགས་མཐུན་དུ་མ་ཅིག་ཆར་འབྱུང་བས་བྱང་ཆུབ་བསྐྱེད་པར་རིགས་པ་མ་ཡིན་ཏེ། རིགས་མཐུན་དུ་མ་ཅིག་ཆར་འབྱུང་བ་མི་སྲིད་པའི་ཕྱིར་རོ། །བླཾ་ནཾ་དེ་ཆོས་ཅན། རིམ་གྱིས་འབྱུང་བ་དུ་མས་བྱང་ཆུབ་བསྐྱེད་པར་རིགས་པ་མ་ཡིན་ཏེ། སྔ་ཕྱི་ཕན་ཚུན་འབྲེལ་བ་མེད་པའི་ཕྱིར་ཏེ། ཕྱི་མ་བྱུང་མ་ཐག་ཏུ་སྔ་མ་འཇིག་པའི་ཕྱིར། དེཾ་བསཾ་བླ་ན་མེད་པའི་བྱང་ཆུབ་ཆོས་ཅན། ཁྱོད་ཀྱིས་དོན་ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་དོན་བྱེད་པ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུས་ཁྱོད་བསྐྱེད་པའི་ཚུལ་ལ་བརྟགས་ན་མི་འཐད་པའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ་ལས། དང་པོ་ནི། དེཾ་ནིཾ་སོགས་སོ། །གཉིས་པ་ནི། མརཾ་མེཾ་ཐེག་ཆེན་སྒོམ་ལམ་གྱི་སེམས་བསྐྱེད་ཆོས་ཅན། ཁྱོད་ཀྱིས་བྱང་ཆུབ་བསྐྱེད་ཚུལ་མཐའ་གསུམ་དུ་བརྟགས་ན་མི་འཐད་པའི་སྐྱོན་མེད་དེ། ཁྱོད་ཀྱིས་བྱང་ཆུབ་བསྐྱེད་ཚུལ་གྱི་མཐའ་ཕྱི་མའི་བསྒྲུབ་བྱེད་དེ་ལ་མར་མེས་སྡོང་བུ་སྣུམ་ལྡན་བསྲེག་པའི་དཔེས་ཁྱབ་པ་མ་ངེས་པའི་ལན་ཐེབས་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། དཔེ་སྒྲུབ་པ། དོན་ལ་སྦྱར་བ། དོན་གཞན་ཡང་མཚོན་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ལྟོས་མེད་དུ་མི་བསྲེག་པ། ལྟོས་ནས་བསྲེག་པ། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྐད་ཅིག་དང་པོས་ལྟོས་མེད་དུ་མི་བསྲེག་པ། དེ་གཉིས་པས་ལྟོས་མེད་དུ་མི་བསྲེག་པའོ། །དང་པོ་ནི། ཇིཾ་ལྟརཾ་མར་མེའི་མེ་ལྕེ་སྐད་ཅིག་དང་པོ་ཆོས་ཅན། མེ་ལྕེ་སྐད་ཅིག་གཉིས་པ་ལ་མ་ལྟོས་པར་སྡོང་བུ་སྣུམ་ལྡན་མི་བསྲེག་སྟེ། མེ་ལྕེ་སྐད་ཅིག་གཉིས་པ་ལ་མ་ལྟོས་པར་སྡོང་བུ་སྣུམ་ལྡན་བསྲེག་ནུས་ཀྱི་ནུས་པ་ཁྱད་པར་ཅན་དུ་མ་སྐྱེས་པའི་ཕྱིར། གཉིས་པ་ནི། དེཾ་ནིཾ་མར་མེའི་མེ་ལྕེ་སྐད་ཅིག་གཉིས་པ་ཆོས་ཅན། མར་མེའི་མེ་ལྕེ་སྐད་ཅིག་དང་པོ་ལ་མ་ལྟོས་པར་སྡོང་བུ་སྣུམ་ལྡན་མི་བསྲེག་སྟེ། མར་མེའི་མེ་ལྕེ་སྐད་ཅིག་གཉིས་པ་ལ་མ་ལྟོས་པར་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་པའི་ཕྱིར། གཉིས་པ་ནི། གངཾ་གིཾ་མར་མེའི་མེ་ལྕེ་ཆོས་ཅན། སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་སྡོང་བུ་སྣུམ་ལྡན་བསྲེག་སྟེ། སྐད་ཅིག་སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྡོང་བུ་སྣུམ་ལྡན་བསྲེག་ནུས་ཀྱི་ནུས་པ་ཁྱད་པར་ཅན་དུ་བྱས་པའི་ཕྱིར། གསུམ་པ་ནི། དེཾ་བསཾ་མར་མེའི་མེ་ལྕེ་ཆོས་ཅན། སྐད་ཅིག་སྔ་ཕྱི་ཕན་ཚུན་མ་ལྟོས་པར་སྡོང་བུ་སྣུམ་ལྡན་མི་བསྲེག་སྟེ། དེ་ལྟར་བསྒྲུབས་ཟིན་པའི་ཕྱིར། གཉིས་པ་ནི། སྐདཾ་ཅིགཾ་ཐེག་ཆེན་སྒོམ་ལམ་གྱི་སེམས་བསྐྱེད་ཆོས་ཅན། སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་བྱང་ཆུབ་ཐོབ་པར་རིགས་ཏེ། སྐད་ཅིག་སྔ་མ་སྔ་མས་ཕྱི་མ་ཕྱི་མ་བྱང་ཆུབ་ཐོབ་པའི་ནུས་པ་ཁྱད་པར་ཅན་དུ་བྱས་པའི་ཕྱིར། གསུམ་པ་ནི། ཇིཾ་སྐདཾ་མར་མེའི་མེ་ལྕེས་སྡོང་བུ་སྣུམ་ལྡན་བསྲེག་པའི་དཔེ་ཆོས་ཅན། དོན་གཞན་ཡང་མཚོན་ནུས་ཏེ། འོག་ནས་འཆད་པའི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་མི་འགལ་བར་མཚོན་ནུས་པའི་ཕྱིར། གསུམ་པ་གཏན་ཚིགས་ཟབ་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ནི། སྒོམཾ་པའིཾ་ཟབ་མོ་རྣམ་པ་བརྒྱད་གང་ལ་ཡོད་པའི་ཡུལ་དང་བཅས་པ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ཐེག་ཆེན་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྐྱེཾ་བཾ་ཐེག་ཆེན་སྒོམ་ལམ་པ་ཆོས་ཅན། ཁྱོད་ཕྱིར་མི་ལྡོག་པའི་གཏན་ཚིགས་ཟབ་མོ་རྣམ་པ་བརྒྱད་ཡོད་དེ། ཁྱོད་ཕྱིར་མི་ལྡོག་པར་བསྒྲུབ་པའི་གཏན་ཚིགས་ཟབ་མོ་ལ་ཡུལ་སྐྱེ་འགག་ཟབ་པ་གཉིས། ཆོས་ཉིད་དེ་བཞིན་ཉིད་ཟབ་པ་གཅིག སྤང་བྱ་གཟུང་འཛིན་ཟབ་པ་གཉིས། ཉམས་ལེན་སྤྱོད་པ་ཟབ་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། སྐདཾ་ཅིགཾ་ཐེག་ཆེན་སྒོམ་ལམ་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དེ་ཆོས་ཅན། སྐྱེ་བ་ཟབ་པ་ཡིན་ཏེ། སྐྱེ་བ་ཟབ་པ་རྟོགས་པའི་མཉམ་གཞག་གིས་དྲངས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ཡིན་པའི་ཕྱིར། དེས་འོག་མ་རྣམས་ལ་འགྲེའོ། །བསམཾ་གྱིསཾ་ཐེག་ཆེན་སྒོམ་ལམ་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ཆོས་ཅན། ཟབ་མོ་ཡིན་ཏེ། འགལ་བ་ལྟར་སྣང་ཡང་མི་འགལ་བའི་སྒོ་ནས་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། གསུམ་པ་ངོ་བོའི་སྒོ་ནས་དོན་བསྡུ་བ་ནི། སློབཾ་པཾ་སོགས་སོ། །གསུམ་པ་བསྒོམ་བྱ་སྦྱོར་བའི་ངོ་བོ་ལ་གསུམ་སྟེ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ། ཕྲིན་ལས་ཀྱི་རྒྱུ་ཐབས་ལ་མཁས་པའི་སྦྱོར་བའོ། །དང་པོ་ལ་གསུམ་ལས། དང་པོ་ནི། སློབཾ་པའིཾ་བྱམས་མགོན་ཆོས་ཅན། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་འོག་ཏུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། ས་བདུན་པ་མན་ཆད་ཀྱི་ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་སྒོམ་དགོས་པའི་ཕྱིར། གཉིས་པ་ནི། ཆོསཾ་རྣམསཾ་ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། རྗེས་ཐོབ་དུ་ཡང་འཁོར་འདས་ལ་བླང་དོར་ཐ་དད་དུ་མ་ིརྟོག་པར་མཉམ་པ་ཉིད་དུ་རྟོགས་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། ལཾས་མེཾད་འཁོར་འདས་ཀྱི་ཆོས་རྣམས་རྨི་ལམ་དང་འདྲ་བ་ཆོས་ཅན། ཁྱོད་ལ་ཆོས་མཐུན་གྱི་ཀླན་ཀ་མེད་དེ། ཁྱོད་ཀྱི་ཀླན་ཀའི་ལན་མདོ་ལས་བསལ་ཟིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། དངོས་དང་ཀླན་ཀ་སྤང་བའོ། །དང་པོ་ནི། འཁོརཾ་བཾ་རྩ་བའི་ངག་དོན་འགོད། གཉིས་པ་ལ་གཉིས་ཏེ། ཀླན་ཀ་དང་ལན་ནོ། །དང་པོ་ནི། རྨིཾ་ལམཾ་གཉིད་མ་ལོག་པའི་གནས་སྐབས་ན་ཆོས་ཅན། དགེ་མི་དགེའི་ལས་མེད་པར་ཐལ། རྨི་ལམ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ་སྟེ། རྟགས་མ་ངེས་པར་བསྟན་པ། དཔེ་མ་གྲུབ་པར་བསྟན་པ། ཀླན་ཀ་བསལ་བས་གྲུབ་པའི་དོན་ནོ། །དང་པོ་ལ་གཉིས་ཏེ། དཔེ་སྒྲུབ། དོན་ལ་སྦྱར་བའོ། །དང་པོ་ལ་གཉིས་ཏེ། དོན་དམ་སྐད་ཅིག་མ་ལ་དགེ་སྡིག་གི་ལས་མ་གྲུབ་པ། ཀུན་རྫོབ་རྒྱུན་ལ་ལྟོས་ནས་དགེ་སྡིག་གི་ལས་གྲུབ་པའོ། །དང་པོ་ནི། ཇིཾ་ལྟརཾ་ཉན་ཐོས་སྡེ་གཉིས་ཀྱི་ལུགས་ལ་ཡང་དོན་དམ་སྐད་ཅིག་མ་ལ་ཆོས་ཅན། སྲོག་གཅོད་ཀྱི་ལས་མེད་དེ། བསད་བྱའི་སྲོག་རང་རྒྱུ་ལས་རྒྱུ་གཞན་མེད་པར་རང་གི་ངང་གིས་འཇིགས་པའི་ཕྱིར་དང་། ལས་ཀྱི་དབང་གིས་བསད་བྱའི་སྲོག་འགག་པ་ཡིན་པའི་ཕྱིར། དེ་ཆོས་ཅན། སྲོག་གཅོད་སྤངས་པའི་དགེ་བ་ཡོད་པ་མིན་ཏེ། སྲོག་གཅོད་ཀྱི་ལས་མེད་པའི་ཕྱིར། གཉིས་པ་ནི། རྒྱུནཾ་འཇུགཾ་ཀུན་རྫོབ་རྒྱུན་ལ་ཆོས་ཅན། དགེ་སྡིག་གི་ལས་ཡོད་དེ། ཚུལ་མིན་ཡིད་བྱེད་ཀྱིས་ཀུན་ནས་བསླངས་ཏེ། སྲོག་གི་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལ་སྲོག་གཅོད་ཀྱི་ལས་དང་ཚུལ་བཞིན་ཡིད་བྱེད་ཀྱི་སྒོ་ནས་མི་དགེ་བའི་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལ་དགེ་བར་འཇོག་པའི་ཕྱིར། གཉིས་པ་ནི། དངོས་པོ་དབུ་མ་པ་ལའང་ཆོས་ཅན། དོན་དམ་པར་དགེ་སྡིག་གི་ལས་མེད་ཀྱང་ཀུན་རྫོབ་ཏུ་དགེ་སྡིག་གི་ལས་འཇོག་པ་མི་འགལ་ཏེ། དེ་ལྟར་འཇོག་པའི་མཐུན་དཔེ་ཡང་དག་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཉི་ཤུ་པའི་ལུང་གིས་མ་གྲུབ་པར་བསྟན་པ། ཤེར་ཕྱིན་གྱི་ལུང་གིས་མ་གྲུབ་པར་བསྟན་པའོ། །དང་པོ་ནི། གཞནཾ་ཡངཾ་རྨི་ལམ་ཆོས་ཅན། ཁྱོད་ཀུན་རྫོབ་ཏུ་ལས་མེད་པའི་དཔེར་མ་གྲུབ་སྟེ། ཉི་ཤུ་པ་ལས་ཁྱོད་ཀྱི་གནས་སྐབས་ན་ལས་དམན་པ་སོགས་པ་ཡོད་པར་གསུངས་པས་སོ། །གཉིས་པ་ནི། དེཾ་བཞིནཾ་ནིཾ་གཞི་ཆོས་འདྲ། ཤེར་ཕྱིན་གྱི་མདོ་ལས་ཁྱོད་ཀྱི་གནས་སྐབས་ན་ལས་སྤྱད་པར་རྨིས་པ་དེ་སད་པའི་གནས་སྐབས་སུ་གསོས་བཏབ་ན་ལས་སོགས་པར་གསུངས་པའི་ཕྱིར། གསུམ་པ་ནི། འཁོརཾ་བཾ་དོན་དམ་པར་འཁོར་འདས་མཉམ་པ་ཉིད་ཡིན་ཏེ། དོན་དམ་པར་འཁོར་འདས་མཉམ་པ་ཉིད་དུ་བསྟན་པ་ན་ཆོས་མཐུན་གྱི་ཀླན་ཀ་མེད་པའི་ཕྱིར། གཉིས་པ་གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ་ལ་གཉིས་ལས། དང་པོ་ནི། གཉིསཾ་ཀཾ་བྱམས་མགོན་ཆོས་ཅན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་འོག་ཏུ་ཞིང་དག་པའི་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། སྲིད་ཞི་མཉམ་ཉིད་དུ་སྒོམ་པའི་གང་ཟག་དེ་ཞིང་དག་པའི་སྦྱོར་བའི་འབྲས་བུ་མཐར་ཕྱིན་པར་འགྱུར་བའི་ཕྱིར། གཉིས་པ་ནི། སེམསཾ་དང་སེམསཾ་ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། ཞིང་དག་པའི་སྦྱོར་བ་ཡིན་ཏེ། སྣོད་བཅུད་ཀྱི་ཞིང་མ་དག་པའི་གཉེན་པོར་སྣོད་བཅུད་ཀྱི་ཞིང་དག་པ་སོ་སོར་སྒོམ་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། གསུམ་པ་ཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བ་ལ་གསུམ་ལས། དང་པོ་ནི། རངཾ་གིཾ་བྱམས་མགོན་ཆོས་ཅན། ཞིང་དག་སྦྱོར་གྱི་འོག་ཏུ་ཐབས་མཁས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། ཞིང་དག་པའི་སྦྱོར་བ་སྒོམ་པའི་གང་ཟག་དེ་ཐབས་མཁས་སྦྱོར་བའི་འབྲས་བུ་ལ་འཇུག་པར་འགྱུར་བའི་ཕྱིར། གཉིས་པ་ནི། ཡུལཾ་དངཾ་ཐབས་མཁས་སྦྱོར་བ་ཆོས་ཅན། ཁྱོད་ལ་རྣམ་པ་བཅུ་ཡོད་དེ། ཁྱོད་ཀྱི་ཡུལ་ཐབས་མཁས་དེ་ལ་བཅུ་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་ལ་ཡང་བཅུར་ཕྱེ་བ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཡུལ་ཐབས་མཁས་བཤད་པ་དང་། ཡུལ་ཅན་སྦྱོར་བ་བཤད་པའོ། །དང་པོ་ནི། བརཾ་ཆདཾ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། བདུད་ལས་འདས་པའི་ཐབས་ལ་མཁས་པ་ཡིན་ཏེ། བདུད་བཞི་མ་ལུས་པར་སྤངས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེས་འོག་མ་རྣམས་ལ་འགྲེའོ། །གཉིས་པ་ནི། ཤེསཾ་རབཾ་ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། ཐབས་ལ་མཁས་པའི་སྦྱོར་བ་ཡིན་ཏེ། ཡུལ་ཐབས་མཁས་བཅུ་པོ་མངོན་སུམ་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་ནས་དུས་ལ་མ་བབས་པ་ན་མངོན་དུ་མི་བྱེད་ཅིང་། དུས་ལ་བབས་པ་ན་མངོན་དུ་བྱེད་པའི་དག་སའི་རྣལ་འབྱོར་ཡིན་པའི་ཕྱིར། གསུམ་པ་སྐབས་ཀྱི་སྒོ་ནས་འཇུག་བསྡུ་བ་ནི། ཤེསཾ་རབཾ་སོགས་སོ།། །།གཉིས་པ་དབང་ཐོབ་པའི་ཚུལ་གྱིས་སྒོམ་པ་རྩེ་མོའི་སྦྱོར་བ་ལ་གསུམ་སྟེ། འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། རྣམཾ་པཾ་བྱམས་མགོན་ཆོས་ཅན། རྣམ་རྫོགས་སྦྱོར་བའི་འོག་ཏུ་རྩེ་སྦྱོར་འཆད་པའི་རྒྱུ་མཚན་ཡོད་དེ། རྣམ་རྫོགས་སྦྱོར་བ་བསྒོམས་པ་ལས་བསྒོམ་བྱའི་དོན་ལ་གསལ་སྣང་ཐོབ་པའི་རྩེ་སྦྱོར་འབྱུང་བའི་ཕྱིར། གཉིས་པ་ལ་བཞི་སྟེ། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་རོ། །དང་པོ་ལ་གཉིས་ཏེ། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། རྟགས་ཀྱིས་མཚོན་པའི་རྩེ་སྦྱོར། རྣམ་འཕེལ་གྱིས་མཚོན་པའི་རྩེ་སྦྱོར། བརྟན་པ་གཉིས་ཀྱིས་མཚོན་པའི་རྩེ་སྦྱོར། སེམས་ཀུན་ཏུ་གནས་པས་མཚོན་པའི་རྩེ་སྦྱོར་རོ། །དང་པོ་ལ་གཉིས་ལས། རྩ་བ་ནི། རྨིཾ་ལམཾ་བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཆོས་ཅན། སྦྱོར་ལམ་རྩེ་སྦྱོར་ཡིན་ཏེ། རྩེ་སྦྱོར་ཐོབ་པའི་རྟགས་བཅུ་གཉིས་ཀྱིས་མཚོན་ནས་མདོ་ལས་དངོས་སུ་བསྟན་པའི་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར། འགྲེལ་པ་ནི། ཤིནཾ་ཏུཾ་དྲོད་ལ་གནས་པའི་སེམས་དཔའ་ཆོས་ཅན། རྩེ་སྦྱོར་ཐོབ་པ་ཡིན་ཏེ། ཤིན་ཏུ་གོམས་པའི་དབང་གིས་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ལ་སོགས་པར་བལྟ་བའི་ཕྱིར། དེས་འོག་མ་ལྔ་ལ་འགྲེ། གྲོངཾ་ཁྱེརཾ་ཆོས་ཅན་དང་ཆོས་འདྲ། བདག་བྱང་ཆུབ་ཏུ་ལུང་བསྟན་ན་མེ་འདི་ཞི་བར་གྱུར་ཅིག་ཅེས་བརྗོད་པས་གྲོང་ཁྱེར་ལ་སོགས་པ་ཚིག་པ་ཞི་བར་བྱེད་པའི་བདེན་པའི་བྱིན་རླབས་གྲུབ་པ་ཡིན་པའི་ཕྱིར། དེས་འོག་མ་ལྔ་ལ་འགྲེ། ཞེསཾ་བྱཾ་དེ་ཆོས་ཅན། ཁྱོད་ཀྱིས་རྩེ་སྦྱོར་ཐོབ་པའི་རྟགས་བཅུ་གཉིས་ཡོད་དེ། ཁྱོད་ཀྱིས་རྩེ་སྦྱོར་ཐོབ་པའི་རྨི་ལམ་གྱི་རྟགས་དྲུག སད་པའི་རྟགས་དྲུག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། འཛམཾ་བཾུ་རྩེ་མོ་ལ་གནས་པའི་བྱང་སེམས་ཀྱི་མངོན་རྟོགས་ཆོས་ཅན། རྩེ་མོའི་རྩེ་སྦྱོར་ཡིན་ཏེ། བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་གིས་མཚོན་ནས་མདོ་ལས་དངོས་སུ་བསྟན་པའི་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར། གསུམ་པ་ནི། འཛམཾ་བུའིཾ་བྱང་སེམས་ཀྱི་སྦྱོར་ལམ་རྩེ་མོ་ཆོས་ཅན། བསོད་ནམས་རྣམ་པར་འཕེལ་བ་ཡིན་ཏེ། སྟོང་གསུམ་གྱི་འཇིག་རྟེན་གྱི་སེམས་ཅན་སྙེད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་ལས་ཁྱོད་ཀྱི་བསོད་ནམས་ལྷག་པའི་ཕྱིར། དེ་ཆོས་ཅན། བསོད་ནམས་རྣམ་པར་འཕེལ་བ་ཡིན་ཏེ། ཁྱད་པར་དུ་རྩེ་མོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར། དེས་འོག་མ་རྣམས་ལ་འགྲེའོ། །མེཾ་ཏོགཾ་སྦྱོར་ལམ་རྩེ་མོའི་བསོད་ནམས་རྣམ་པར་འཕེལ་བ་ཆོས་ཅན། ཁྱོད་ལ་བཅུ་དྲུག་ཡོད་དེ། ཁྱོད་ལ་ཕྱི་གཙོ་བོར་གྱུར་པའི་བསོད་ནམས་རྣམ་པར་འཕེལ་བ་བརྒྱད། ནང་གཙོ་བོར་གྱུར་པའི་བསོད་ནམས་རྣམ་པར་འཕེལ་བ་བརྒྱད་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་བྱམས་མགོན་ཆོས་ཅན། རྣམ་འཕེལ་གྱི་འོག་ཏུ་ངེས་པར་བརྟན་པ་འཆད་པའི་རྒྱུ་མཚན་ཡོད་དེ། རྣམ་འཕེལ་མཐར་ཕྱིན་པ་ལས་ངེས་པར་བརྟན་པ་འབྱུང་བའི་ཕྱིར། གཉིས་པ་ནི། ཀུནཾ་མཁྱེནཾ་བཟོད་པ་ལ་གནས་པའི་བྱང་སེམས་ཀྱི་མངོན་པར་རྟོགས་པ་ཆོས་ཅན། བརྟན་པའི་རྩེ་སྦྱོར་ཡིན་ཏེ། བརྟན་པ་གཉིས་ཀྱིས་མཚོན་ནས་མདོ་ལས་དངོས་སུ་བསྟན་པའི་བྱང་སེམས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་ནི། དེཾ་ལྟརཾ་བྱང་སེམས་ཀྱི་སྦྱོར་ལམ་བཟོད་པ་ཆོས་ཅན། གཞན་དོན་ཕྲིན་ལས་བརྟན་པ་ཡིན་ཏེ། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར། རྣམཾ་པཾ་དེ་ཆོས་ཅན། རང་དོན་རྟོགས་པ་བརྟན་པ་ཡིན་ཏེ། མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པར་བསྔོ་བ་བླ་ན་མེད་པའི་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར། བཞི་པ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་བྱམས་མགོན་ཆོས་ཅན། བརྟན་པའི་འོག་ཏུ་སེམས་ཀུན་ཏུ་གནས་པ་འཆད་པའི་རྒྱུ་མཚན་ཡོད་དེ། བརྟན་པ་གཉིས་པོ་མཐར་ཕྱིན་པ་ལས་སེམས་ཀུན་ཏུ་གནས་པར་འབྱུང་བའི་ཕྱིར། གཉིས་པ་ནི། གླིངཾ་དང་ཚདཾ་བྱང་སེམས་ཀྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན། སེམས་ཀུན་གནས་ཀྱི་རྩེ་སྦྱོར་ཡིན་ཏེ། སྟོང་གསུམ་གྱི་ས་རྡོའི་གྲངས་དང་། ཆུ་ཐིགས་ཀྱི་གྲངས་ལས་ཆེས་ཆེར་ཁྱད་པར་དུ་འཕགས་ཤིང་ཚད་ལས་འདས་པའི་བསོད་ནམས་མང་པོའི་སྒོ་ནས་མདོ་ལས་དངོས་སུ་བསྟན་པའི་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར། གཉིས་པ་དོན་བསྡུ་བ་ནི། རྟགསཾ་རྟགས་ཀྱི་རྩེ་སྦྱོར་སོགས་བཞི་པོ་ཆོས་ཅན། སྦྱོར་ལམ་རྩེ་སྦྱོར་ཡིན་ཏེ། མཐོང་ལམ་རྩེ་སྦྱོར་གྱི་སྔོན་དུ་བྱུང་བའི་རྩེ་སྦྱོར་ཡིན་པའི་ཕྱིར་རོ། །གཉིས་པ་མཐོང་ལམ་རྩེ་སྦྱོར་ལ་གཉིས་ཏེ། མཚམས་སྦྱར་བ་དང་། དོན་དངོས་སོ། །དང་པོ་ནི། ངེསཾ་པརཾ་བྱམས་མགོན་ཆོས་ཅན། སྦྱོར་ལམ་རྩེ་སྦྱོར་གྱི་འོག་ཏུ་མཐོང་ལམ་རྩེ་སྦྱོར་འཆད་པའི་རྒྱུ་མཚན་ཡོད་དེ། དེ་ལས་དེ་འབྱུང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྤང་བྱ་རྣམ་རྟོག གཉེན་པོ་མཐོང་ལམ་རྩེ་སྦྱོར་རོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། གཉེན་པོའི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། གཟུང་རྟོག་མདོར་བསྟན། འཛིན་རྟོག་མདོར་བསྟན་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾ་ལཾ་བྱམས་མགོན་ཆོས་ཅན། མཐོང་སྤངས་རྟོག་པ་བཞིའི་ནང་ནས་གཟུང་རྟོག་གཉིས་ཐོག་མར་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་སྟོན་པ་སྐབས་སུ་བབ་པའི་ཕྱིར། གཉིས་པ་ནི། འཇུགཾ་དང་འཇུགཾ་གཟུང་རྟོག་ཆོས་ཅན། རྣམ་པ་གཉིས་ཡོད་དེ། འཇུག་པ་གཟུང་རྟོག་དང་། ལྡོག་པ་གཟུང་རྟོག་གཉིས་ཡོད་པའི་ཕྱིར། ཉོནཾ་མོངསཾ་མཐོང་སྤང་གཟུང་རྟོག་གཉིས་པོ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེ་སྐྱེ་བའི་གེགས་བྱེད་པ་ཡིན་པའི་ཕྱིར། སོཾ་དང་ཡུལཾ་གཟུང་རྟོག་གཉིས་པོ་ཆོས་ཅན། སོ་སོར་དགུ་དགུ་ཡོད་དེ། ཡུལ་དགུ་དགུ་ཡོད་པའི་དབྱེ་བས་སོ་སོར་དགུ་དགུར་ཕྱེ་བ་ཡིན་པའི་ཕྱིར། ཇིཾ་དང་དངོསཾ་གཟུང་རྟོག་གཉིས་པོ་ཆོས་ཅན། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་རྟོགས་པ་མ་ཡིན་ཏེ། དེ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། སོཾ་དང་སོཾ་མཐོང་སྤངས་འཛིན་རྟོག་ཆོས་ཅན། རྣམ་པ་གཉིས་ཡོད་དེ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་དང་། འཕགས་པའི་གང་ཟག་གི་རྒྱུད་ཀྱི་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་གཉིས་ཡོད་པའི་ཕྱིར། གངཾ་མཐོང་སྤངས་འཛིན་རྟོག་གཉིས་ཆོས་ཅན། མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་པའི་ཕྱོགས་ཡིན་ཏེ། མཐོང་ལམ་རྩེ་སྦྱོར་སྐྱེ་བའི་གེགས་བྱེད་པའི་ཕྱིར། དེཾ་དང་ཡུལཾ་མཐོང་སྤངས་འཛིན་རྟོག་གཉིས་ཆོས་ཅན། སོ་སོར་དགུ་དགུ་ཡོད་དེ། ཡུལ་དགུ་དགུ་ཡོད་པའི་དབྱེ་བས་སོ་སོར་དགུ་དགུར་ཕྱེ་བ་ཡིན་པའི་ཕྱིར། གལཾ་དང་གངཾ་མཐོང་སྤངས་འཛིན་རྟོག་གཉིས་ཆོས་ཅན། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་རྟོགས་པ་མ་ཡིན་ཏེ། དེ་ཕྱིན་ཅི་ལོག་དུ་སྣང་བའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གཟུང་རྟོག་རྒྱས་པར་བཤད། འཛིན་རྟོག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། འཇུག་པ་གཟུང་རྟོག་རྒྱས་པར་བཤད། ལྡོག་པ་གཟུང་རྟོག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། གཟུངཾ་བའིཾ་སོགས་སོ། །གཉིས་པ་ནི། ངོཾ་བོཾ་བྱང་སེམས་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་འཇུག་བྱ་མངོན་པར་ཞེན་པའི་བློ་ཆོས་ཅན། འཇུག་པ་གཟུང་རྟོག་ཡིན་ཏེ། རང་ཡུལ་ཐེག་ཆེན་གྱི་འཇུག་བྱའི་གཟུང་བ་ལ་དམིགས་ནས་འཇུག་བྱའི་གཟུང་བར་མངོན་པར་ཞེན་པའི་སྤང་བྱ་རྣམ་རྟོག་ཡིན་པའི་ཕྱིར། གསུམ་པ་ནི། དབེནཾ་པསཾ་འཇུག་པ་གཟུང་རྟོག་གི་འཇུག་བྱའི་བཟུང་བ་ཆོས་ཅན། དགུ་ཡོད་དེ། བྱང་སེམས་ཀྱི་ལམ་གྱི་དབང་དུ་བྱས་པ་ལྔ་འབྲས་བུའི་དབང་དུ་བྱས་པ་བཞི་རྣམས་སུ་ཡོད་པའི་ཕྱིར། སྐྱོནཾ་མེདཾ་རྩ་བའི་ངག་དོན་འགོད། མཐོངཾ་བའིཾ་འཇུག་པ་གཟུང་རྟོག་དགུ་པོ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་གྱི་སྦྱོར་བའི་གནས་སྐབས་ཀྱི་སྤང་བྱ་ཡིན་ཏེ། དེའི་གཞོམ་བྱ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། གཟུངཾ་བའིཾ་སོགས་སོ། །གཉིས་པ་ནི། སྲིདཾ་དང་ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་ལ་དམིགས་ནས་དོར་བྱའི་གཟུང་བར་མངོན་པར་ཞེན་པའི་བློ་ཆོས་ཅན། ལྡོག་པ་གཟུང་རྟོག་ཡིན་ཏེ། རང་ཡུལ་ཐེག་དམན་གྱི་ལྡོག་བྱའི་གཟུང་བ་ལ་དམིགས་ནས་དོར་བྱར་མངོན་པར་ཞེན་པའི་སྤང་བྱ་རྣམ་རྟོག་ཡིན་པའི་ཕྱིར། གསུམ་པ་ནི། འཁོརཾ་བཾ་ལྡོག་པ་གཟུང་རྟོག་གི་ལྡོག་བྱའི་བཟུང་བ་ཆོས་ཅན། དགུ་ཡོད་དེ། ཐེག་དམན་གྱི་ལམ་གྱི་དབང་དུ་བྱས་པ་ལྔ། འབྲས་བུའི་དབང་དུ་བྱས་པ་བཞི་རྣམས་སུ་ཡོད་པའི་ཕྱིར། ཉེསཾ་པཾ་རྩ་བའི་ངག་དོན་འགོད། ཉནཾ་ཐོསཾ་ཇི་སྐད་བཤད་པའི་ཡུལ་དགུ་པོ་ཆོས་ཅན། ཉན་རང་ལ་ལྟོས་ནས་ལྡོག་བྱ་མ་ཡིན་ཏེ། དེ་ལ་ལྟོས་ནས་བླང་བྱ་ཡིན་པའི་ཕྱིར། བྱངཾ་ཆུབཾ་ལྡོག་པ་གཟུང་རྟོག་དགུ་པོ་ཆོས་ཅན། མཐོང་བའི་ལམ་གྱི་འཇུག་པའི་གནས་སྐབས་ཀྱི་སྤང་བྱ་ཡིན་ཏེ། དེའི་གཞོམ་བྱ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྫས་འཛིན་རྟོག་པ་རྒྱས་པར་བཤད། བཏགས་འཛིན་རྟོག་པ་རྒྱས་པར་བཤད་པའོ། །དང་པོ་གསུམ་ལས། དང་པོ་ནི། སོཾ་སོའིཾ་སོགས་སོ། །གཉིས་པ་ནི། འཛིཾན་པཾ་འཛིན་དོར་སོགས་ཡུལ་དགུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློ་ཆོས་ཅན། རྫས་འཛིན་རྟོག་པ་ཡིན་ཏེ། རང་ཡུལ་རྫས་ཡོད་ཀྱི་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། གསུམ་པ་ནི། ཀུནཾ་རྫོབཾ་རྫས་འཛིན་རྟོག་པའི་ཡུལ་དུ་གྱུར་པའི་འཛིན་པ་ཆོས་ཅན། དགུ་ཡོད་དེ། གཙོ་བོ་ཤེར་ཕྱིན་གྱི་དབང་དུ་བྱས་པ་བརྒྱད། ཕར་ཕྱིན་གཞན་ལྔའི་དབང་དུ་བྱས་པ་གཅིག་རྣམས་སུ་ཡོད་པའི་ཕྱིར། དོནཾ་དམཾ་རྩ་བའི་ངག་དོན་འགོད། མཐོཾང་བཾའི་ཅི་སྐད་བཤད་པའི་རྫས་འཛིན་རྟོག་པ་དགུ་ཆོས་ཅན། སྔ་མས་འགྲེ། གཉིས་པ་ལ་གསུམ་ལས། དང་པོ་ནི། འཛིཾན་པཾར་སོགས་སོ། །གཉིས་པ་ནི། ཆེདཾ་བཞིཾན་ཆེད་བཞིན་ངེས་པར་མི་འབྱུང་བ་སོགས་ཡུལ་དགུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་ཆོས་ཅན། བཏགས་འཛིན་རྟོག་པ་ཡིན་ཏེ། རང་ཡུལ་བཏགས་ཡོད་ཀྱི་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་སྤང་བྱ་རྣམ་རྟོག་ཡིན་པའི་ཕྱིར། གསུམ་པ་ནི། ཉཾན་ཐོསཾ་བཏགས་འཛིན་རྟོག་པའི་ཡུལ་དུ་གྱུར་པའི་འཛིན་པ་ཆོས་ཅན། དགུ་ཡོད་དེ། ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་པ་གཉིས། བྱང་སེམས་ཀྱི་ལམ་གྱི་དབང་དུ་བྱས་པ་དྲུག སོ་སོ་སྐྱེ་བོ་ཐ་མལ་པའི་དབང་དུ་བྱས་པ་གཅིག་རྣམས་སུ་ཡོད་པའི་ཕྱིར། བཏགཾས་པཾའི་རྩ་བའི་ངག་དོན་འགོད། མཐོཾང་བཾའི་ཅི་སྐད་བཤད་པའི་བཏགས་འཛིན་རྟོག་པ་དགུ་ཆོས་ཅན། སྔ་མས་འགྲེའོ། །གསུམ་པ་གཉེན་པོའི་དབྱེ་བ་ནི། དེཾ་ལྟཾར་མཐོང་སྤངས་རྟོག་པ་ཆོས་ཅན། ཁྱོད་ཀྱི་གཉེན་པོ་བཞི་པོ་རེ་རེ་ལ་ཡང་སྤང་བྱའི་སྒོ་ནས་དགུ་དགུར་དབྱེར་རུང་སྟེ། ཁྱོད་བཞི་པོ་རེ་རེ་ལ་ཡང་དགུ་དགུར་ཡོད་པས་དེ་ལྟར་དབྱེར་རུང་བའི་ཕྱིར། གཉིས་པ་གཉེན་པོ་མཐོང་ལམ་རྩེ་སྦྱོར་ལ་གཉིས་ཏེ། ཞར་ལས་བྱུང་བའི་དོན་དང་། རྣལ་མ་མཐོང་ལམ་རྩེ་སྦྱོར་དངོས་སོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་ཆེན་པོའི་རྒྱུ་དང་། འབྲས་བུ་བྱང་ཆུབ་ཆེན་པོའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེཾ་ལྟཾར་བྱང་ཆུབ་ལ་གཞན་སྟོན་པ་དང་ཞེས་སོགས་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། བྱང་ཆུབ་ཆེན་པོ་འགྲུབ་པར་བྱེད་པའི་རྒྱུ་གསུམ་བདེ་བླག་དུ་རྟོགས་པར་བྱེད་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བྱཾང་ཆཾུབ་བྱང་ཆུབ་ཆེན་པོའི་རྒྱུ་ཆོས་ཅན། རྣམ་པ་གསུམ་ཡོད་དེ། གཞན་འབྲས་བུ་རྟོགས་པའི་ཆ་ལ་འགོད་པ། རྒྱུ་ལུང་གི་ཆོས་ལ་འགོད་པ། རང་ཉིད་བྱང་ཆུབ་ཀྱི་རྒྱུ་ལ་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། འཆཾད་པཾར་གཞན་འབྲས་བུ་རྟོགས་པའི་ཆོས་ལ་འགོད་པ་ཆོས་ཅན། བྱང་ཆུབ་ཆེན་པོའི་རྒྱུ་ཡིན་ཏེ། བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་དགེ་རྩ་ཡིན་པའི་ཕྱིར། དེས་འོག་མ་གཉིས་ལ་འགྲེའོ། །གཉིས་པ་ལ་གསུམ་སྟེ། དབུ་མ་པའི་བྱང་ཆུབ་འདོད་ཚུལ་བརྗོད། དངོས་སྨྲ་བའི་བྱང་ཆུབ་འདོད་ཚུལ་དགག གྲོལ་བ་འདོད་པས་སྟོང་ཉིད་ལ་འཇུག་པར་གདམས་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། གཾང་གིཾ་དྲི་མ་ཟད་དང་མི་སྐྱེ་བའི་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱུ་གསུམ་ལས་བྱུང་བའི་བྱང་ཆེན་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དྲིཾ་མཾ་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། བྱང་ཆུབ་ཡིན་ཏེ། མཐོང་སྤང་རྣམ་པར་རྟོག་པའི་དྲི་མ་གདོད་མ་ནས་ཟད་པ་ལ་ཟད་པ་དང་མི་སྐྱེ་བ་ལ་མི་སྐྱེ་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཟདཾ་མེདཾ་མཐོང་སྤང་རྣམ་པར་རྟོག་པའི་དྲི་མ་ཆོས་ཅན། གདོད་མ་ནས་ཟད་པ་དང་། མི་སྐྱེ་བ་ཡིན་ཏེ། གདོད་མ་ནས་ཡོད་པ་གཉེན་པོས་གསར་དུ་ཟད་པ་མེད་པའི་ཕྱིར་དང་། སྔར་མེད་བདེན་པ་བ་གསར་དུ་སྐྱེ་བ་མེད་པའི་ཕྱིར། གསུམ་པ་ནི། ཉོནཾ་མོངཾས་མཐོང་སྤངས་སྒྲིབ་གཉིས་ཀྱི་དྲི་མ་ཆོས་ཅན་དུ་བཟུང་ནས། རྩ་བའི་ཆོས་རྟགས་ཕྱི་མ་འགོད། གོཾ་རིམཾ་སྐུ་གསུམ་པོ་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་ཏེ། སྒྲིབ་གཉིས་ཀྱི་དྲི་མ་གདོད་མ་ནས་ཟད་པ་ལ་ཟད་པ་དང་། མི་སྐྱེ་བ་ལ་མི་སྐྱེ་བར་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་བྱང་ཆུབ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དངོས་པོའི་རིགས་པས་དགག་པ་དང་། ཁས་བླངས་འགལ་བས་དགག་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། གཾང་གིཾ་འགོག་པ་མེད་པའི་རང་བཞིན་ལ་ལ་ཞེས་སོགས་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དྲི་མ་བདེན་གྲུབ་ཡོད་ན་ཟད་དང་མི་སྐྱེ་ཤེས་པའི་བྱང་ཆུབ་མི་རུང་ངོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། འགོཾག་དང་སྐྱེཾ་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཐོང་སྤང་རྟོག་པ་ཟད་པ་བདེན་གྲུབ་ཟད་པ་དང་། དེ་ཟད་པའི་འགོག་པ་ཐོབ་པ་མི་འཐད་པར་ཐལ། མཐོང་སྤངས་རྟོག་པ་བདེན་གྲུབ་མེད་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། དེཾ་ལྟཾར་གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དངོས་སྨྲ་བས་དྲི་མ་བདེན་གྲུབ་དུ་ཁས་ལེན་པ་དང་། བཅོམ་ལྡན་འདས་ཀྱི་སྒྲིབ་གཉིས་དྲི་མ་སྤངས་པར་ཁས་བླངས་པ་ལ་ཁས་བླངས་ནང་འགལ་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། གཞཾན་གྱིཾ་སེམས་ཙམ་པ་ཆོས་ཅན། དབུ་མ་པས་བཞད་གད་ཀྱི་གནས་ཡིན་ཏེ། དྲི་མ་བདེན་པར་གྲུབ་པ་དང་སྟོན་པས་སྒྲིབ་གཉིས་སྤངས་པར་ཁས་བླངས་པའི་རྒོལ་བ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། དབུ་མ་པ་ལ་དྲི་མ་སྤོང་བ་འཐད་པའི་ཚུལ། དངོས་སྨྲ་བ་ལ་དེ་མི་འཐད་པའི་ཚུལ། རྩ་བའི་ཚིག་དོན་དངོས་འཆད་པའོ། །དང་པོ་ལ་རྣལ་འབྱོར་གྱི་ས་བཞི་ལས། བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ནི། དེཾ་ལཾ་ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་གིས་སྟོང་པར་རྟོགས་ནས་སྒོམ་པའི་བྱང་སེམས་ཀྱི་རྣལ་འབྱོར་དེ་ཆོས་ཅན། བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ཡིན་ཏེ། གང་ཟག་གི་བདག་འཛིན་གཙོ་བོར་སྤོང་བར་བྱེད་པའི་བྱང་སེམས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་བཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ནི། སྔོནཾ་པོཾ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལས་བཟུང་བ་ཕྱི་རོལ་གྱི་དོན་མེད་པར་རྟོགས་ནས་སྒོམ་པའི་བྱང་སེམས་ཀྱི་རྣལ་འབྱོར་ཆོས་ཅན། བཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ཡིན་ཏེ། བཟུང་བ་ཕྱི་རོལ་གྱི་དོན་ལ་བདེན་འཛིན་གཙོ་བོར་སྤོང་བར་བྱེད་པའི་བྱང་སེམས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ནི། གཟུཾང་བཾ་བཟུང་བ་མེད་ན་དེ་ལ་ལྟོས་པའི་འཛིན་པ་མེད་པར་རྟོགས་ནས་སྒོམ་པའི་བྱང་སེམས་ཀྱི་རྣལ་འབྱོར་ཆོས་ཅན། འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ཡིན་ཏེ། ནང་འཛིན་པ་ལ་བདེན་འཛིན་གཙོ་བོར་སྤོང་བར་བྱེད་པའི་བྱང་སེམས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། བཞི་པ་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་ནི། དེཾ་ཡཾང་མཐའ་བཞིའི་སྤྲོས་བྲལ་རྟོགས་པའི་བྱང་སེམས་ཀྱི་བར་ཆད་མེད་ལམ་ཆོས་ཅན། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་ཡིན་ཏེ། རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་ལྟཾར་དེ་ལྟ་མ་ཡིན་པར་སྒྲིབ་གཉིས་བདེན་པར་གྲུབ་ན་སྒྲིབ་གཉིས་ཆོས་ཅན། ཁྱོད་གཉེན་པོ་བསྒོམས་པས་སྤོང་མི་ནུས་པར་ཐལ། ཁྱོད་རང་སྐྱེད་དུ་མེད་པ་དང་། གཉེན་པོས་སྤོང་དུ་མེད་པའི་རང་གི་ངོ་བོ་འཛིན་པའི་ཕྱིར། དཔེར་ན་ནམ་མཁའ་རྫས་མེད་པ་ཙམ་གྱི་ངོ་བོ་རྟག་དུ་འཛིན་པའི་རྫས་མེད་པ་ཙམ་གྱི་ངོ་བོ་འདོར་དུ་མི་རུང་བ་བཞིན་ནོ། །གསུམ་པ་ནི། དེའིཾ་ཕྱིརཾ་རྩ་བའི་ངག་དོན་འགོད་དོ། །གསུམ་པ་གྲོལ་བ་འདོད་པས་སྟོང་ཉིད་ལ་འཇུག་པར་གདམས་པ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་འདི་ལ་བསལ་བྱ་ཅི་ཡང་མེད་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཐེག་ཆེན་གྱི་ཐར་པ་འདོད་པ་རྣམས་ཀྱིས་དྲི་མ་གདོད་མ་ནས་ཟད་སྐྱེ་མེད་པ་ཁས་བླང་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། འདིཾ་ལཾ་དྲི་མ་གདོད་མ་ནས་ཡོད་པ་གཉེན་པོས་གསར་དུ་ཟད་པ་མེད་པ་དང་། དྲི་མ་སྤངས་པའི་འགོག་བདེན་གསར་དུ་བཞག་པར་བྱ་བ་མེད་པའི་ཡང་དག་པའི་ལྟ་བ་བསྒོམས་པ་ཆོས་ཅན། དགོས་པ་ཡོད་དེ། ཕྱིན་ཅི་ལོག་གི་འཆིང་བ་ལས་རྣམ་པར་གྲོལ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། གཾང་གིཾ་གཟུགས་སོགས་ཡང་དག་ཀུན་རྫོབ་ཆོས་ཅན། ཁྱོད་ལ་སྣང་བའི་ངོ་བོ་བསལ་བ་དང་། བདེན་པའི་ངོ་བོ་བཞག་པ་མ་བྱས་པར་ལྟ་དགོས་ཏེ། ཁྱོད་ལ་སྣང་བའི་ངོ་བོ་བསལ་བ་དང་། བདེན་པའི་ངོ་བོ་བཞག་པ་བྱས་ན་བདེན་འཛིན་ལས་མི་གྲོལ་བའི་ཕྱིར། རངཾ་བཞིནཾ་དེ་ཆོས་ཅན། ཁྱོད་ལ་རང་བཞིན་མེད་པ་ལ་སོགས་པར་བརྟག་པར་བྱ་བ་ཡིན་ཏེ། ཁྱོད་ལ་རང་བཞིན་མེད་པ་ལ་སོགས་པར་བརྟགས་པས་གནས་ལུགས་མཐོང་བར་འགྱུར་བའི་ཕྱིར་རོ། །དེཾ་ལྟཾར་གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་མཐོང་བ་ཆོས་ཅན། དགོས་པ་ཡོད་དེ། ཕྱིན་ཅི་ལོག་ལས་གྲོལ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་རྣལ་མ་མཐོང་ལམ་རྩེ་སྦྱོར་དངོས་ལ་གསུམ་སྟེ། བར་ཆད་མེད་ལམ་པའི་ལམ། རྣམ་གྲོལ་གྱི་ལམ། ཁྱད་པར་གྱི་ལམ་མོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། སྦྱིནཾ་དང་སྦྱིནཾ་ཕར་ཕྱིན་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། རྩེ་སྦྱོར་འཆད་པའི་སྐབས་ནས་དངོས་སུ་བསྟན་པའི་མཐོང་བའི་ལམ་ཡིན་ཏེ། མཐོང་སྤངས་སྒྲིབ་གཉིས་ཀྱི་དངོས་གཉེན་དུ་གྱུར་པའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་སྐྱེསཾ་བྱང་སེམས་ཀྱི་མཐོང་ལམ་སྐད་ཅིག་ཕྱི་མ་བཅོ་ལྔ་པོ་ཆོས་ཅན། མཐོང་ལམ་རྣམ་གྲོལ་ལམ་ཡིན་ཏེ། མཐོང་ལམ་མཉམ་གཞག་གང་ཞིག མཐོང་སྤངས་མ་ལུས་པར་སྤངས་པའི་ཕྱིར། གསུམ་པ་ལ་གཉིས་ལས། དང་པོ་ནི། དེཾ་ལཾ་དེ་ནས་སེང་གེ་རྣམ་བསྒྱིངས་པའི་ཞེས་སོགས་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མཐོང་ལམ་རྩེ་སྦྱོར་གྱི་གནས་སྐབས་སུ་ཐོབ་པའི་ཡོན་ཏན་ལ་དབང་དུ་བྱ་བའི་ཕྱིར་ཡང་དང་ཡང་དུ་བསྒོམ་པར་བྱེད་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་དང་མཐོངཾ་ས་དང་པོའི་བྱང་སེམས་ཀྱིས་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། སེང་གེ་རྣམ་བསྒྱིངས་ལ་དབང་ཐོབ་པའི་ཆེད་ཡིན་པའི་ཕྱིར། རྟེནཾ་དང་དུསཾ་ས་དང་པོའི་རྗེས་ཐོབ་ཀྱི་གནས་སྐབས་སུ་རྟེན་འབྲེལ་ལུགས་མཐུན་དང་ལུགས་བཟློག་ཏུ་བསྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། འཁོར་བ་རྒྱུ་འབྲས་སྡུག་ཀུན་གྱི་བདེན་པ་དང་། མྱང་འདས་རྒྱུ་འབྲས་འགོག་ལམ་གྱི་བདེན་པ་ལ་མཁས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་སྒོམ་ལམ་རྩེ་སྦྱོར་ལ་གསུམ་སྟེ། རྟེན་སྒོམ་ལམ། སྤང་བྱ་རྣམ་རྟོག བརྟེན་པ་ཡོན་ཏན་ནོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་འགོག་དང་བཅས་པའི་སྙོམས་འཇུག་དགུར་ཞེས་སོགས་ཚིགས་བཅད་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མི་མཐུན་ཕྱོགས་སྤོང་བའི་སྒོམ་ལམ་དང་། བརྟེན་པ་ཡོན་ཏན་གྱི་རྟེན་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། འགོཾག་དངཾ་བྱང་སེམས་སྒོམ་ལམ་པས་དངོས་གཞི་ཐོད་རྒལ་ཆུང་ངུ་དང་འབྲིང་གཉིས་བསྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། དངོས་གཞི་ཐོད་རྒལ་ཆེན་པོ་ཐོབ་པའི་ཆེད་ཡིན་པའི་ཕྱིར། འོངཾ་ནསཾ་བྱང་སེམས་སྒོམ་ལམ་པས་དངོས་གཞི་ཐོད་རྒལ་འབྲིང་པོའི་རྗེས་སུ་སྲིད་རྩེའི་ནུད་ཆུང་བྱེད་པ་ཆོས་ཅན། དགོས་པ་ཡོད་དེ། ཏིང་ངེ་འཛིན་གྱི་རྩལ་སྦྱང་བའི་ཆེད་ཡིན་པའི་ཕྱིར། འདོཾད་པཾར་བྱང་སེམས་སྒོམ་ལམ་པས་མཚམས་འཛིན་གྱི་འདོད་སེམས་མངོན་དུ་བྱེད་པ་ཆོས་ཅན། དགོས་པ་ཡོད་དེ། ཐོད་རྒལ་འབྲིང་པོའི་འགོག་པ་དང་ཐོད་རྒལ་ཆེན་པོའི་འགོག་པ་གཉིས་ཀྱི་མཚམས་ཕྱེད་པའི་ཆེད་ཡིན་པའི་ཕྱིར། ཐོདཾ་རྒཾལ་བྱང་སེམས་སྒོམ་ལམ་པས་དངོས་གཞི་ཐོད་རྒལ་ཆེན་པོ་སྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། སྒོམ་ལམ་མཉམ་གཞག་གི་རྩལ་སྦྱང་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། རྒྱས་པར་བཤད་པ་དང་། དོན་བསྡུས་ཏེ་ཐོད་རྒལ་གྱི་ངོ་བོར་བསྟན་པ་དང་། རྟེན་བསྒོམ་ལམ་གྱི་ངོ་བོར་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་གྱི་སྙོམས་འཇུག་གོ །དང་པོ་ནི། བྱངཾ་ཆུཾབ་བྱང་སེམས་སྒོམ་ལམ་པས་སྦྱོར་བ་སེང་གེ་རྣམ་བསྒྱིངས་སྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། དངོས་གཞི་ཐོད་རྒལ་ལ་སྙོམས་པར་འཇུག་ནུས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། དངོས་གཞི་ཐོད་རྒལ་འབྲིང་པོ། མཚམས་འཛིན་གྱི་འདོད་སེམས། དངོས་གཞི་ཐོད་རྒལ་ཆེན་པོའོ། །དང་པོ་ནི། ཡངཾ་བསཾམ་བྱང་སེམས་སྒོམ་ལམ་པས་མཐར་གནས་ཀྱི་སྙོམས་འཇུག་བརྒྱད་ལ་འགོག་པ་བརྒྱད་སྤེལ་ནས་བསྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་གཞན་སྤེལ་ནས་ལུགས་མཐུན་དུ་སྙོམས་པར་འཇུག་པའི་སྙོམས་འཇུག་གི་རིགས་ལ་དབང་ཐོབ་པའི་ཆེད་ཡིན་པའི་ཕྱིར། དེཾ་ལཾས་རྩ་བའི་ནུད་ཆུང་གི་སྦྱོར་བ་འགོད། གཉིས་པ་ནི། འདོཾད་པཾ་རྩ་བའི་མཚམས་འཛིན་གྱི་སྦྱོར་བ་འགོད། གསུམ་པ་ནི། དེཾའི་འོཾག་བྱང་སེམས་སྒོམ་ལམ་པས་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་འདོད་སེམས་དགུ་སྤེལ་ནས་ལུགས་བཟློག་ཏུ་སྙོམས་པར་འཇུག་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་གཞན་སྤེལ་ནས་ལུགས་བཟློག་ཏུ་སྙོམས་པར་འཇུག་པའི་སྙོམས་འཇུག་གི་རིགས་ལ་དབང་ཐོབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་ལྟཾར་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་འདོད་སེམས་དགུ་སྤེལ་ནས་ལུགས་བཟློག་ཏུ་སྙོམས་པར་འཇུག་པའི་སྙོམས་འཇུག་ཆོས་ཅན། ཐོད་རྒལ་གྱི་སྙོམས་འཇུག་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཉམ་རྗེས་རིགས་མི་འདྲ་བ་སྤེལ་བའི་སྒོ་ནས་ལུགས་བཟློག་ཏུ་སྙོམས་པར་འཇུག་པའི་སྙོམས་འཇུག་ཡིན་པའི་ཕྱིར། གསུམ་པ་ནི། དགཾ་པཾ་དངོས་གཞི་ཐོད་རྒལ་གྱི་སྙོམས་འཇུག་ཆོས་ཅན། རྟེན་བསྒོམ་ལམ་ཡིན་ཏེ། སྒོམ་སྤངས་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་སྒོམ་ལམ་མཉམ་གཞག་གི་རྟེན་གྲུབ་པའི་ཆེད་དུ་བསྒོམ་པའི་སྙོམས་འཇུག་ཡིན་པའི་ཕྱིར། གཉིས་པ་སྤང་བྱ་རྣམ་རྟོག་ལ་གསུམ་སྟེ། མཚམས་སྦྱར་བ། རྒྱས་པར་བཤད་པ། གཉེན་པོའི་དབྱེ་བའོ། །དང་པོ་ནི། དེཾ་ལྟཾར་སྒོམ་ལམ་རྩེ་སྦྱོར་གྱི་སྐབས་སུ་སྤང་བྱ་རྣམ་རྟོག་བཞི་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། སྒོམ་ལམ་རྩེ་སྦྱོར་གྱི་སྤང་བྱ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གཟུང་རྟོག་རྒྱས་པར་བཤད་པ། འཛིན་རྟོག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་ཡུལ་ཅན་གྱི་གཟུང་རྟོག་དང་། འཇུག་པའི་ཡུལ་ཅན་གྱི་གཟུང་རྟོག་གོ །དང་པོ་ལ་གསུམ་ལས། དང་པོ་ནི། རེཾ་ཞིཾག་སོགས་སོ། །གཉིས་པ་ནི། མདོཾར་དང་བསྡུཾས་བཟློག་པ་དང་རྣལ་མ་ཅི་རིགས་པར་སྦྱོར་བའི་ཡུལ་དགུ་ལ་དམིགས་ནས་འཇུག་བྱའི་གཟུང་བར་མངོན་པར་ཞེན་པའི་བློ་ཆོས་ཅན། སྦྱོར་བའི་ཡུལ་ཅན་གྱི་གཟུང་རྟོག་ཡིན་ཏེ། རང་ཡུལ་སྦྱོར་བའི་རྣམ་པ་ལ་དམིགས་ནས་འཇུག་བྱའི་གཟུང་བར་མངོན་པར་ཞེན་པའི་སྤང་བྱ་རྣམ་རྟོག་ཡིན་པའི་ཕྱིར། གསུམ་པ་ནི། མདོཾར་བསྡུཾས་སྦྱོར་བའི་ཡུལ་ཅན་གྱི་གཟུང་རྟོག་གི་ཡུལ་ཆོས་ཅན། རྣམ་པ་དགུ་ཡོད་དེ། རྣལ་མར་སྦྱོར་བ་གཉིས། བཟློག་པར་སྦྱོར་བ་བཞི། སླར་ཡང་རྣལ་མར་སྦྱོར་བ་གསུམ་རྣམས་སུ་ཡོད་པའི་ཕྱིར། བཟུཾང་བཾའི་རྩ་བའི་ངག་དོན་འགོད། གནཾས་སྐབཾས་སྦྱོར་བའི་ཡུལ་ཅན་གྱི་གཟུང་རྟོག་དགུ་པོ་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་སྤང་བྱ་ཡིན་ཏེ། དེའི་གཞོམ་བྱ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། གཉིཾས་པཾ་ཉན་རང་གི་སེམས་སེམས་བྱུང་གི་རྒྱུན་འཇུག་པ་ལ་དམིགས་ནས་ལྡོག་བྱའི་གཟུང་བར་མངོན་པར་ཞེན་པའི་བློ་ཆོས་ཅན། འཇུག་པའི་ཡུལ་ཅན་གྱི་གཟུང་རྟོག་ཡིན་ཏེ། རང་ཡུལ་འཇུག་པ་ལ་དམིགས་ནས་ལྡོག་བྱའི་བཟུང་བར་མངོན་པར་ཞེན་པའི་སྤང་བྱ་རྣམ་རྟོག་ཡིན་པའི་ཕྱིར། གསུམ་པ་ནི། དགེཾ་བཾའི་འཇུག་པའི་ཡུལ་ཅན་གྱི་གཟུང་རྟོག་གི་ཡུལ་ཆོས་ཅན། རྣམ་པ་དགུ་ཡོད་དེ། ཉན་རང་གི་ཚོགས་ཀྱི་དབང་དུ་བྱས་པ་གཉིས། སྦྱོར་ལམ་གྱི་དབང་དུ་བྱས་པ་གཉིས། མཐོང་སྒོམ་མི་སློབ་ལམ་གསུམ་གྱི་རེ་རེ་སྒོམ་མི་སྒོམ་ལས་བཟློག་པ་དང་། ཤེས་བྱ་མ་གཏོགས་པའི་དབང་དུ་བྱས་པ་རྣམས་སུ་ཡོད་པའི་ཕྱིར། བཟུཾང་བཾའི་རྩ་བའི་ངག་དོན་འགོད། གནཾས་སྐབཾས་འཇུག་པའི་ཡུལ་ཅན་གྱི་གཟུང་རྟོག་དགུ་པོ་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་གྱི་འཇུག་པ་བར་ཆད་མེད་ལམ་གྱི་སྤང་བྱ་ཡིན་ཏེ། དེའི་གཞོམ་བྱ་ཡིན་པའི་ཕྱིར། གཉིས་པ་འཛིན་རྟོག་རྒྱས་པར་བཤད་པ་ལ་གཉིས་ཏེ། སེམས་ཅན་དུ་གདགས་པ་ལ་བརྟེན་པ་དང་། གདགས་པའི་རྒྱུ་མཚན་ལ་བརྟེན་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། སེམཾས་ཅནཾ་སེམས་ཅན་དུ་བཏགས་པ་སོགས་ཡུལ་དགུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའི་བློ་ཆོས་ཅན། སེམས་ཅན་དུ་བཏགས་པ་ལ་བརྟེན་པའི་འཛིན་རྟོག་ཡིན་ཏེ། སྒོམ་སྤངས་རྟོག་པ་གང་ཞིག སེམས་ཅན་དུ་བཏགས་པ་སོགས་ཡུལ་དགུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། གསུམ་པ་ནི། རྫསཾ་སུཾ་སྒོམ་སྤངས་འཛིན་རྟོག་དང་པོའི་ཡུལ་ཆོས་ཅན། དགུ་ཡོད་དེ། ཤེས་བྱའི་དབང་དུ་བྱས་པ་གསུམ། ཉན་རང་དང་། བྱང་སེམས་ཀྱི་ཤེས་རབ་གཉིས། ཐབས་གཉིས། སོ་སོ་སྐྱེ་བོའི་ལྟ་སྤྱོད་གཉིས་རྣམས་སུ་ཡོད་པའི་ཕྱིར། སྔཾ་མཾ་རྩ་བའི་ངག་དོན་འགོད། སྒོམཾ་པཾའི་གཟུང་རྟོག་དང་པོས་འགྲེའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། སེམས་དང་མིཾ་མ་རིག་པ་དགུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའི་བློ་ཆོས་ཅན། སྒོམ་སྤངས་འཛིན་རྟོག་གཉིས་པ་ཡིན་ཏེ། སྒོམ་སྤངས་རྟོག་པ་གང་ཞིག སེམས་ཅན་དུ་གདགས་པའི་རྒྱུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། ཇིཾ་ལྟརཾ་སོགས་སོ། །གཉིས་པ་ནི། བདགཾ་ཉིདཾ་མདོར་བསྟན་གྱི་ངག་དོན་འགོད། གསུམ་པ་ནི། རྣམཾ་པཾ་སྒོམ་སྤངས་འཛིན་རྟོག་གཉིས་པའི་ཡུལ་ཆོས་ཅན། རྣམ་པ་དགུ་ཡོད་དེ། མཁྱེན་གསུམ་གྱི་སྒྲིབ་པ་ལ་རྨོངས་པ་སོགས་མ་རིག་པ་དགུ་ཡོད་པའི་ཕྱིར། སྔཾ་མཾ་མདོར་བསྟན་གྱི་ངག་དོན་འགོད། སྒོམཾ་པཾའི་བཟུང་རྟོག་གཉིས་པས་འགྲེའོ། །གསུམ་པ་གཉེན་པོའི་དབྱེ་བ་ནི། སྒོམཾ་པཾའི་སྒོམ་སྤངས་གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་ཆོས་ཅན། ཁྱོད་ཀྱི་གཉེན་པོ་བཞི་པོ་རེ་རེ་ལ་ཡང་སྤང་བྱའི་སྒོ་ནས་དགུ་དགུར་ཡོད་དེ། ཁྱོད་བཞི་པོ་རེ་རེ་ལ་ཡང་དགུ་དགུར་ཡོད་པས་དེ་ལྟར་དབྱེ་བ་ཡིན་པའི་ཕྱིར། གསུམ་པ་བརྟེན་པ་ཡོན་ཏན་ལ་གཉིས་ལས། དང་པོ་ནི། སྔཾ་མཾ་ཡམས་ནད་འདི་རྣམས་ཟད་ནས་ནི་ཞེས་སོགས་ཚིགས་བཅད་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སྒོམ་སྤངས་གཟུང་འཛིན་གྱི་རྣམ་པར་རྟོག་པ་མངོན་འགྱུར་བརྒྱ་རྩ་བརྒྱད་སྤངས་པ་ན་ཐེག་པ་གསུམ་གྱི་རྟོགས་རིགས་ཀྱི་ཡོན་ཏན་བར་མ་ཆད་དུ་བརྟེན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཡམཾས་དང་སྒོམཾ་དག་ས་ལ་གནས་པའི་བྱང་སེམས་ཆོས་ཅན། ཐེག་པ་གསུམ་གྱི་རྟོགས་རིགས་ཀྱི་ཡོན་ཏན་བར་མ་ཆད་དུ་བརྟེན་པ་ཡིན་ཏེ། དེ་བརྟེན་པ་ལ་གེགས་བྱེད་པའི་མཚན་འཛིན་སྤངས་པའི་བྱང་སེམས་ཡིན་པའི་ཕྱིར། བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་ལ་གཉིས་ཏེ། དངོས་དང་། དམིགས་རྣམ་མོ། །དང་པོ་ལ་གཉིས་ལས། དང་པོ་ནི། སྒོམ་པའི་བྱམས་མགོན་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱི་འོག་ཏུ་བར་ཆད་མེད་པའི་རྩེ་སྦྱོར་འཆད་པའི་རྒྱུ་མཚན་ཡོད་དེ། སྒོམ་ལམ་རྩེ་སྦྱོར་སྔོན་དུ་སོང་ནས་བར་ཆད་མེད་པའི་རྩེ་སྦྱོར་འབྱུང་བའི་ཕྱིར། གཉིས་པ་ནི། སྟོངཾ་དང་འགཾའ་ས་བཅུ་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་ཡིན་ཏེ། དངོས་འབྲས་རྣམ་མཁྱེན་བསོད་ནམས་མང་པོའི་སྒོ་ནས་མདོ་ལས་དངོས་སུ་བསྟན་པའི་སྦས་དོན་གྱི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དམིགས་རྣམ་དངོས་དང་། བསལ་བྱ་ལོག་པར་སྒྲུབ་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེའིཾ་དམིཾགས་འདི་ཡི་དམིགས་པ་དངོས་མེད་དེ། ཞེས་སོགས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། བར་ཆད་མེད་རྩེའི་དམིགས་རྣམ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། འདིཾ་དང་བཾར་ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པ་དེ་ཆོས་ཅན། བར་ཆད་མེད་རྩེའི་དམིགས་པའི་རྐྱེན་ཡིན་ཏེ། བར་ཆད་མེད་རྩེ་དེ་ཁྱོད་ལ་དམིགས་ནས་སྐྱེ་བའི་ཕྱིར། བདཾག་དང་བདཾག་རྒྱུན་མཐའ་མན་ཆད་ཀྱི་མཁྱེན་གསུམ་གྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་ཆོས་ཅན། བར་ཆད་མེད་རྩེའི་བདག་པོའི་རྐྱེན་ཡིན་ཏེ། དེ་རང་དབང་དུ་སྐྱེ་བྱེད་ཡིན་པའི་ཕྱིར། རྣམཾ་དང་རྣམཾ་བར་ཆད་མེད་རྩེ་ཆོས་ཅན། ཞི་བའི་རྣམ་པ་ཅན་ཡིན་ཏེ། སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར། གཉིས་པ་བསལ་བྱ་ལོག་པར་སྒྲུབ་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། འདིཾ་དང་གནསཾ་བར་ཆད་མེད་རྩེའི་དམིགས་རྣམ་ཆོས་ཅན། ཁྱོད་ལ་རྟོག་གེ་པ་རྣམས་ཀླན་ཀ་འབྱུང་བའི་རྒྱུ་མཚན་ཡོད་དེ། ཁྱོད་རྟོག་གེ་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཟབ་མོའི་གནས་ཡིན་པའི་ཕྱིར། ཐབཾས་ལཾ་བར་ཆད་མེད་རྩེའི་དམིགས་རྣམ་གྱི་གནས་ལ་ཀླན་ཀ་ཆོས་ཅན། ཁྱོད་ཐབས་ལ་མཁས་པས་བསལ་བར་བྱ་བ་ཡིན་ཏེ། ཁྱོད་ལ་ཐབས་ལ་མི་མཁས་པའི་ཀླན་ཀ་ཡིན་པའི་ཕྱིར། འདིསཾ་ནིཾ་བར་ཆད་མེད་རྩེའི་དམིགས་རྣམ་ལ་ཀླན་ཀ་འབྱུང་བར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། དེའི་དམིགས་རྣམ་ཟབ་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། བློའིཾ་ནོརཾ་བར་ཆད་མེད་རྩེའི་འོག་ཏུ་ལོག་རྟོག་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ལོག་རྟོག་བསལ་ནས་བར་ཆད་མེད་རྩེའི་ཏིང་ངེ་འཛིན་བསྐྱེད་ཚུལ་བདེ་བླག་དུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དམིགཾས་པཾ་བར་ཆད་མེད་རྩེའི་དམིགས་རྣམ་ལ་ལོག་པར་རྟོག་པའི་ལོག་རྟོག་ཆོས་ཅན། ཁྱོད་ལ་བཅུ་དྲུག་ཡོད་དེ། ཁྱོད་ཀྱི་ཡུལ་དེ་ལ་བཅུ་དྲུག་ཡོད་པའི་རྒྱུ་མཚན་གྱིས་ཁྱོད་ལ་བཅུ་དྲུག་དུ་ཕྱེ་བ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། བསལ་བྱ་ཀླན་ཀ་བསལ་ནས་ཏིང་ངེ་འཛིན་བསྐྱེད་པའི་ཚུལ་ལོ། །དང་པོ་ནི། འདུསཾ་བྱཾས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་བདེན་པའི་དངོས་པོར་མེད་པས་ཀུན་རྫོབ་དུ་རྣམ་མཁྱེན་གྱི་དམིགས་པ་མི་འཐད་སྙམ་པའི་ལོག་རྟོག་ཆོས་ཅན། ཁྱོད་བསལ་བྱ་ལོག་རྟོག་ཡིན་ཏེ། ཁྱོད་དོན་དམ་དུ་མེད་ན་ཀུན་རྫོབ་དུ་ཡང་མེད་དགོས་སོ་སྙམ་པའི་དོན་དམ་སྒོ་ཅན་གྱི་ལོག་རྟོག་ཡིན་པའི་ཕྱིར། ལོག་རྟོག་དེས་ཀུན་ནས་བསླངས་པའི་ཀླན་ཀ་ཆོས་ཅན། ཁྱོད་བསལ་བྱ་ཀླན་ཀ་ཡིན་ཏེ། ཁྱོད་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པའི་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་པའི་ཕྱིར། དེས་འོག་མ་རྣམས་ལ་འགྲེའོ། །སྐྱེཾ་བོཾ་སྐབས་འདིར་བསྟན་གྱི་ལོག་རྟོག་བཅུ་དྲུག་བསྟན་པའི་མདོ་ཆོས་ཅན། དངོས་རྒྱུ་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམ་ལ་བརྟེན་པའི་ལོག་རྟོག་ཤུགས་ལ་བསྟན་པ་ཡིན་ཏེ། དངོས་འབྲས་རྣམ་མཁྱེན་གྱི་དམིགས་རྣམ་ལ་ལོག་རྟོག་དངོས་སུ་བསྟན་པའི་ཕྱིར། གཉིས་པ་ནི། དེཾ་བཾས་བར་ཆད་མེད་རྩེའི་ཏིང་ངེ་འཛིན་འདོད་པའི་བྱང་སེམས་ཆོས་ཅན། བར་ཆད་མེད་རྩེའི་དམིགས་རྣམ་ལ་ལོག་པར་རྟོག་པའི་ལོག་རྟོག་བསལ་དགོས་ཏེ། བར་ཆད་མེད་རྩེའི་དམིགས་རྣམ་ལ་ངེས་པ་སྐྱེད་པའི་སྒོ་ནས་བར་ཆད་མེད་རྩེའི་ཏིང་ངེ་འཛིན་བསྐྱེད་དགོས་པའི་ཕྱིར། གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི་ཤེསཾ་རབཾ་སོགས་སོ།། །།གསུམ་པ་བརྟན་པ་ཐོབ་པའི་དོན་དུ་བསྒོམ་པ་མཐར་གྱིས་པའི་སྦྱོར་བ་ལ་གསུམ་སྟེ། འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། རྩེཾ་མོཾའི་བྱམས་མགོན་ཆོས་ཅན། རྩེ་སྦྱོར་གྱི་འོག་དུ་མཐར་གྱིས་པའི་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། རྩེ་སྦྱོར་གྱི་གནས་སྐབས་སུ་རྟོགས་པའི་མཁྱེན་གསུམ་གྱི་རྣམ་པ་མཐར་གྱིས་པས་གོ་རིམ་དུ་བསྒོམ་དགོས་པའི་ཕྱིར། གཉིས་པ་ལ་རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། སྦྱིཾན་པཾ་སྦྱིན་པའི་ཕར་ཕྱིན་ནས་དངོས་མེད་ངོ་བོ་ཉིད་ཀྱི་བར་བཅུ་གསུམ་པོ་ཆོས་ཅན། ཚོགས་ལམ་དུ་མཐར་གྱིས་པའི་བྱ་བ་ཡིན་ཏེ། དེར་ཐོས་བསམ་གྱིས་གཏན་ལ་ཕབ་པར་བྱ་བ་ཡིན་པས་མཐར་གྱིས་པར་འཇོག་པ་ཡིན་པའི་ཕྱིར། དེ་ཆོས་ཅན། སྦྱོར་ལམ་དུ་མཐར་གྱིས་པ་སློབ་པ་ཡིན་ཏེ། དེར་རྒྱུན་ལྡན་དུ་སྒོམ་པར་བྱ་བ་ཡིན་པས་མཐར་གྱིས་པར་འཇོག་པ་ཡིན་པའི་ཕྱིར་རོ། །དེ་ཆོས་ཅན། མཐོང་སྒོམ་གྱི་གནས་སྐབས་སུ་མཐར་གྱིས་སྒྲུབ་པ་ཡིན་ཏེ། དེར་མངོན་སུམ་དུ་རྟོགས་པར་བྱ་བ་ཡིན་པས་མཐར་གྱིས་པར་འཇོག་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། སྦྱོར་བ་ཕུན་སུམ་ཚོགས་པ། བསམ་པ་ཕུན་སུམ་ཚོགས་པ། རྣམ་པར་དག་བྱེད་ཀྱི་ཆོས་སོ། །དང་པོ་ནི། ཕཾ་རོལཾ་ས་དང་པོའི་རྗེས་ཐོབ་ཀྱི་གནས་སྐབས་སུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་བཞིན་དུ་སྒོམ་པའི་རྣལ་འབྱོར་ཆོས་ཅན། སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་ཡིན་ཏེ། སྦྱིན་པའི་ཕར་ཕྱིན་གྱིས་ཟིན་པའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་བཞིན་དུ་བཀླགས་ནས་བརྟན་པོར་བྱ་བའི་ཕྱིར་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེས་གཞན་ལྔ་ལ་འགྲེའོ། །གཉིས་པ་ནི། དྲནཾ་པཾ་དེ་ཆོས་ཅན། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་ཡིན་ཏེ། སངས་རྒྱས་རྗེས་སུ་དྲན་པས་ཟིན་པའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་བཞིན་དུ་བཀླགས་ནས་བརྟན་པོར་བྱ་བའི་ཕྱིར་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེས་གཞན་ལྔ་ལ་འགྲེའོ། །གསུམ་པ་ནི། གཟཾུགས་ལཾས་དེ་ཆོས་ཅན། དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པའི་སྦྱོར་བ་ཡིན་ཏེ། ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པར་རྟོགས་པས་ཟིན་པའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་བཞིན་དུ་བཀླགས་ནས་བརྟན་པོར་བྱ་བའི་ཕྱིར། སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། འདི་དག་ལས་མཐར་གྱིས་པ་དང་། མཐར་གྱིས་པའི་སྦྱོར་བའི་ཁྱད་པར་ནི། མཐར་གྱིས་བྱ་བ་སོགས་ཚོགས་ལམ་ནས་འཇོག་ཀྱང་མཐར་གྱིས་པའི་སྦྱོར་བ་ས་དང་པོ་ནས་འཇོག་ཚུལ་ཤེས་པ་གལ་ཆེ་བས་དེ་བློ་ཡུལ་དུ་མ་ཤར་བར་དུ་རང་གི་རྣ་བ་ཚད་མར་མི་བྱའོ། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི་ཤེསཾ་རབཾ་སོགས་སོ།། །།བཞི་པ་བརྟན་པ་ཐོབ་ནས་ཅིག་ཆར་བསྒོམ་པ་སྐད་ཅིག་མའི་སྦྱོར་བ་ལ་གསུམ་སྟེ། འགྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། མཐཾར་གྱིསཾ་བྱམས་མགོན་ཆོས་ཅན། མཐར་གྱིས་པའི་སྦྱོར་བའི་འོག་ཏུ་སྐད་ཅིག་མའི་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། མཐར་གྱིས་པའི་སྦྱོར་བས་བསྒོམས་པའི་རྣམ་པ་སྐད་ཅིག་མའི་སྦྱོར་བས་ཅིག་ཆར་དུ་སྒོམ་དགོས་པའི་ཕྱིར། གཉིས་པ་ལ་བཞི་སྟེ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བའོ། །དང་པོ་ལ་གཉིས་ཏེ། དངོས་དང་། དེའི་དཔེའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾ་ཡངཾ་བྱམས་མགོན་ཆོས་ཅན། སྐད་ཅིག་མའི་སྦྱོར་བ་བཞིའི་ནང་ནས་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་དང་པོར་འཆད་པའི་རྒྱུ་མཚན་ཡོད་དེ། དེ་འཆད་པ་བཤད་པའི་རིམ་པ་ཡིན་པའི་ཕྱིར། དེས་འོག་མ་གསུམ་ལའང་འགྲེའོ། །གཉིས་པ་ནི། སྦྱིནཾ་དང་ལུཾགས་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་སྒོམ་པའི་ཚེ་དེ་དང་རིས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་ཅིག་ཆར་བསྒོམ་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། ཡངཾ་ཇིཾ་ལྟཾར་སོགས་སོ། །གཉིས་པ་ནི། ཇིཾ་ལྟརཾ་དང་དཔེཾར་རྒྱུན་མཐའི་ཡེ་ཤེས་ཀྱིས་ཟག་མེད་ཀྱི་རྟོགས་རིགས་གཅིག་བསྒོམས་པའི་ཚེ་དེ་དང་རིས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་སྒོམ་ནུས་པ་ཆོས་ཅན། ཁྱོད་ཀྱི་མཐུན་དཔེ་ཡང་དག་ཡོད་དེ། སྐྱེས་བུའི་རྡོག་ཐབས་གཅིག་གིས་སྐྱོད་པ་ན་ཟོ་ཆུན་གྱི་རྒྱུད་ཐམས་ཅད་ཅིག་ཆར་འགུལ་བ་དེ་ཁྱོད་ཀྱི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། གངཾ་དང་གངཾ་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་བསྒོམ་པ་ན་དེ་དང་རིས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་སྒོམ་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། སྦྱིནཾ་དང་སྔོནཾ་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པར་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། བཞི་པ་ལ་གཉིས་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ནི། རྨིཾ་དང་ཡུལཾ་ཅནཾ་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་གཟུང་འཛིན་གཉིས་སུ་མེད་པར་སྐད་ཅིག་མ་གཅིག་ཁོ་ན་ལ་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི་ཤེསཾ་རབཾ་སོགས་སོ།། །།གསུམ་པ་འབྲས་བུ་ཆོས་ཀྱི་སྐུ་ལ་གསུམ་སྟེ། འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། དེཾ་ལྟརཾ་བྱམས་མགོན་ཆོས་ཅན། སྐད་ཅིག་མའི་སྦྱོར་བའི་འོག་དུ་འབྲས་བུ་ཆོས་ཀྱི་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་མའི་སྦྱོར་བ་རྣམ་པར་བསྒོམ་པའི་སྐད་ཅིག་མ་གཉིས་པ་ལ་འབྲས་བུ་ཆོས་སྐུ་འབྱུང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྟེན་སྐུ་བཤད་པ། བརྟེན་པ་ཕྲིན་ལས་བཤད་པའོ། །དང་པོ་ལ་བཞི་སྟེ། ངོ་བོ་ཉིད་ཀྱི་སྐུ། ཡེ་ཤེས་ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེཾ་ཡངཾ་བྱམས་མགོན་ཆོས་ཅན། སྐུ་བཞིའི་ནང་ནས་དང་པོར་ངོ་བོ་ཉིད་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། ངོ་བོ་ཉིད་ཀྱི་སྐུ་དེ་སྐུ་གཞན་གསུམ་གྱི་རྟེན་ཡིན་པའི་ཕྱིར། གཉིས་པ་ནི། ཐུབཾ་པཾའི་སངས་རྒྱས་སའི་ཆོས་ཉིད་ཀྱི་སྐུ་དེ་ཆོས་ཅན། ངོ་བོ་ཉིད་སྐུ་ཡིན་ཏེ། ཟག་མེད་ཀྱི་ཡེ་ཤེས་དང་། དག་པ་གཉིས་ལྡན་གྱི་དབྱིངས་དབྱེར་མེད་པའི་འདུས་མ་བྱས་ཀྱི་སྐུ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ངོ་བོ་ཉིད་སྐུའི་རང་བཞིན། སྐུ་ལྷག་མ་གསུམ་པོ་ཐ་དད་དུ་བསྟན་པའི་དགོས་པའོ། །དང་པོ་ནི། ཐུབཾ་པ་དྲན་པ་ཉེར་བཞག་སོགས་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ཆོས་ཉིད་ཆོས་ཅན། ངོ་བོ་ཉིད་སྐུ་ཡིན་ཏེ། དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་པ་ཡིན་པའི་ཕྱིར། བཅོཾས་མཾ་ངོ་བོ་ཉིད་སྐུ་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་བསྒོམས་པའི་སྟོབས་ཀྱིས་འཐོབ་པ་ཡིན་གྱི་ངོ་བོ་གསར་དུ་བྱས་པ་མ་ཡིན་ཏེ། རྒྱུ་རྐྱེན་གྱིས་མ་བཅོས་པའི་མཐར་ཐུག་གི་ཡོན་ཏན་ཡིན་པའི་ཕྱིར། གཉིས་པ་ནི། སྐུ་ལྷག་ཆོས་ཅན་གྱི་སྐུ་གསུམ་པོ་ཆོས་ཅན། དོན་དམ་པར་ངོ་བོ་ཉིད་ཀྱི་སྐུ་དང་ཐ་མི་དད་ཀྱང་ཀུན་རྫོབ་དུ་ཐ་དད་དུ་རྣམ་པར་བཞག་པ་ཆོས་ཅན། དགོས་པ་ཡོད་དེ། སངས་རྒྱས་དང་། བྱང་སེམས་དང་། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་སོ་སོར་སྣང་བའི་སངས་རྒྱས་ཀྱི་སྐུ་ལ་སྐུ་གསུམ་སོ་སོར་བཞག་པ་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཆོས་ཀྱི་སྐུའི་རང་བཞིན། ཡོན་ཏན་གྱི་ཁྱད་པར། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། ཡེ་ཤེས་དང་སྐུ་ཐ་དད་དུ་བསྟན་པ། ཐ་མི་དད་དུ་འདོད་པ་དགག་པ། ཐ་དད་དུ་བསྟན་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེཾ་ལྟཾར་བྱམས་མགོན་ཆོས་ཅན། ངོ་བོ་ཉིད་སྐུའི་འོག་ཏུ་ཡེ་ཤེས་ཆོས་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། ཡེ་ཤེས་ཆོས་སྐུ་དེ་གཟུགས་སྐུ་གཉིས་སུ་སྣང་བའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། བྱཾང་ཆུཾབ་བྱང་ཕྱོགས་སོ་བདུན་སོགས་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ཆོས་ཅན། ངོ་བོ་ཉིད་སྐུའི་ཡོན་ཏན་ཡིན་ཏེ། ངོ་བོ་ཉིད་སྐུའི་མཚན་ཉིད་གསུམ་གྱི་ནང་ནས་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་དང་དབྱེར་མེད་པའི་ཟག་མེད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། འཕགས་པའི་འོ། །གསུམ་པ་ལ་གཉིས་ཏེ། ཡོན་ཏན་སོ་སོར་བཤད་པ། ཐམས་ཅད་ཆོས་སྐུར་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་གི་ཡོན་ཏན་གྱི་སྡེ་ཚན། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་སྡེ་ཚན་ནོ། །དང་པོ་ནི། དྲཾན་པཾ་སངས་རྒྱས་སའི་བྱང་ཕྱོགས་སོ་བདུན་ཆོས་ཅན། ཡེ་ཤེས་ཆོས་སྐུ་ཡིན་ཏེ། གནས་ཡོངས་སུ་གྱུར་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། མངོན་པར་ཤེས་པ་དྲུག་གི་བར་ལ་འགྲེ་སྟེ། ཆོས་ཅན་ལ་སངས་རྒྱས་སའི་ཞེས་སྦྱར་རོ། །གཉིས་པ་ནི། སོཾ་སོཾ་སོ་སོ་ཡང་དག་རིག་པ་བཞི་ཆོས་ཅན། ཡེ་ཤེས་ཆོས་སྐུ་ཡིན་ཏེ། གནས་ཡོངས་སུ་གྱུར་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགྲེ་སྟེ། ཆོས་ཅན་རང་ལྡོག་ནས་བཟུང་བས་ཆོག་གོ །གཉིས་པ་ནི། བྱཾང་ཆཾུབ་སངས་རྒྱས་སའི་བྱང་ཕྱོགས་སོ་བདུན་སོགས་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ཆོས་ཅན། ཆོས་རྟགས་འགྲེ། གཉིས་པ་ཐ་མི་དད་དུ་འདོད་པ་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད། དེ་དགག་པའོ། །དང་པོ་ནི། གཞཾན་དཾག་སྐུ་གསུམ་དུ་འདོད་པ་དག་ན་རེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི་ཞེས་པ་ནས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་པའི་བར་གྱི་ཚིགས་བཅད་དྲུག་པོ་ཆོས་ཅན། ཁྱོད་ཀྱིས་ངོ་བོ་ཉིད་སྐུ་སྟོན་པ་ཡིན་ཏེ། ཁྱོད་ཀྱི་ཚིགས་བཅད་དང་པོས་ངོ་བོ་ཉིད་སྐུ་མཚན་ཉིད་གསུམ་ལྡན་དུ་བསྟན། ཚིགས་བཅད་ཕྱི་མ་རྣམས་ཀྱིས་མཚན་ཉིད་གསུམ་གྱི་ནང་ནས་ཟག་མེད་ཀྱི་ཆོས་རྒྱས་པར་བཤད་པའི་ཕྱིར་ཞེས་ཟེར། གཉིས་པ་ནི། གཞཾན་དཾག་སྐུ་བཞིར་འདོད་པ་དག་ན་རེ། སངས་རྒྱས་ཀྱི་སྐུ་ཐམས་ཅད་སྐུ་གསུམ་དུ་བསྡུས་ན་སངས་རྒྱས་ཀྱི་སའི་གཟུང་འཛིན་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་དེ་ཆོས་ཅན། སངས་རྒྱས་ཀྱི་སྐུས་མ་བསྡུས་པར་ཐལ། སྐུ་གསུམ་པོ་གང་རུང་མ་ཡིན་པའི་ཕྱིར་ཞེས་ཟེར་རོ། །གསུམ་པ་ཐ་དད་དུ་བསྟན་པ་ལ་རྩོད་པ་སྤོང་བ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། ཁཾ་ཅིགཾ་སྐུ་གསུམ་དུ་འདོད་པ་དག་ན་རེ། སངས་རྒྱས་ཀྱི་སྐུ་ཆོས་ཅན། ཁྱོད་ལ་གསུམ་ཁོ་ནར་གྲངས་ངེས་ཏེ། ཁྱོད་གསུམ་དུ་གྲངས་ངེས་པའམ། བཞིར་གྲངས་ངེས་པ་གང་རུང་གང་ཞིག ཁྱོད་བཞིར་གྲངས་ངེས་ན། ལུས་རྣམ་གཞག་ཏུ་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོབ་དེ་མ་ཐག་དུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་འབྱུང་རིགས་པ་ལས་དེ་མི་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །གཉིས་པ་ནི། གཞནཾ་དག་ལུས་རྣམ་བཞག་ཏུ་ཆོས་སྐུ་མཛད་པ་བཅས་པ་སྟེ་ཞེས་ཆོས་སྐུ་མཇུག་དུ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ལུས་རྣམ་བཞག་གི་ཚིགས་བཅད་སྦྱར་བདེ་བའི་ཆེད་ཡིན་པའི་ཕྱིར་དང་། ཡེ་ཤེས་ཁོ་ན་དང་མཛད་པ་སྦྱར་བའི་ཆེད་ཡིན་པའི་ཕྱིར། དེཾའི་ཕྱིཾར་བསྟན་བཅོས་འདིར་ཆོས་ཅན། སྐུ་བཞིར་གྲངས་ངེས་པ་ལ་ཕྱོགས་མཐུན་གྱི་ལུང་ཡོད་དེ། སྔགས་ཀྱི་ཐེག་པ་ནས་ཀྱང་སྐུ་བཞིར་གསུངས་པའི་ཕྱིར། གཉིས་པ་ཡོན་ཏན་གྱི་ཁྱད་པར་ལ་གཉིས་ཏེ། ཉོན་མོངས་མེད་པའི་ཁྱད་པར། སྨོན་གནས་ཤེས་པའི་ཁྱད་པར་རོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཉཾན་ཐོཾས་ཉན་ཐོས་ཉོན་མོངས་མེད་པའི་ལྟ་ཞེས་སོགས་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སངས་རྒྱས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཉཾན་དང་ཉཾན་ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དེ་ཆོས་ཅན། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་དམན་ཏེ། མིའི་རྒྱུད་ཀྱི་ཉོན་མོངས་པ་སྐྱེ་རུང་འགོག་པ་ཙམ་གྱི་བྱེད་ལས་ཅན་ཡིན་གྱི་ཉོན་མོངས་ཀྱི་རྒྱུན་དྲུང་ནས་འབྱིན་མི་ནུས་པའི་ཕྱིར། གྲོཾང་དང་དེཾ་སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དེ་ཆོས་ཅན། ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ཁྱད་པར་དུ་འཕགས་ཏེ། ཆོས་སྟོན་པའི་སྒོ་ནས་གཞན་རྒྱུད་ཀྱི་ཉོན་མོངས་པའི་རྒྱུན་དྲུང་ནས་འབྱིན་ནུས་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། ཉཾན་ཐོཾས་སངས་རྒྱས་སྨོན་གནས་མཁྱེན་པ་ནི་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སངས་རྒྱས་ཀྱི་སྨོན་གནས་མཁྱེན་པའི་ཁྱད་པར་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སངཾས་དང་དེཾ་སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ཆོས་ཅན། ཉན་ཐོས་ཀྱི་སྨོན་གནས་ཤེས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ལྷུན་གྱིས་གྲུབ་པ་སོགས་ཁྱད་ཆོས་ལྔ་ལྡན་གྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར། ཉཾན་ཐོཾས་ཉན་ཐོས་ཀྱི་སྨོན་གནས་ཤེས་པ་ཆོས་ཅན། སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ལས་དམན་ཏེ། ལྷུན་གྱིས་གྲུབ་པ་སོགས་ཁྱད་ཆོས་ལྔ་ལས་ལྡོག་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། ཆོས་སྐུ་རྟག་པ་ལ་རྩོད་པ་སྤོང་བ། ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། སྐལ་ལྡན་ལ་སྣང་བ། སྐལ་མེད་ལ་མི་སྣང་བ་དཔེས་བསྟན་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། རྟགཾ་ཏུཾ་རྒྱུད་ནི་ཡོངས་སུ་སྨིན་གྱུར་ནས་ཞེས་སོགས་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་སྐུ་རྟག་པ་ཡིན་ན། རྟག་ཏུ་ཇི་ལྟར་དོན་མི་མཛད་ཅེས་པའི་ལན་གདབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྒྱུཾ་དང་དེཾ་དགེཾ་ཆོས་སྐུ་ཆོས་ཅན། སྐལ་ལྡན་ལ་རྟག་ཏུ་དོན་མཛད་དེ། སྐལ་ལྡན་ལ་རྟག་ཏུ་དོན་མཛད་པའི་སྨོན་ལམ་གྲུབ་པའི་ཕྱིར། རངཾ་གིཾ་ཆོས་སྐུ་ཆོས་ཅན། སྐལ་མེད་ལ་དངོས་སུ་མི་སྣང་སྟེ། སྐལ་མེད་ལ་དངོས་སུ་སྣང་བའི་རྒྱུ་མ་ཚང་བའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། དེཾ་ཇིཾ་སོགས་སོ། །གཉིས་པ་ནི། ལྷཾ་དང་དཔེཾར་ཆོས་སྐུ་སྐལ་མེད་ལ་དངོས་སུ་མི་སྣང་བ་ཆོས་ཅན། ཁྱོད་ཀྱི་དཔེ་ཡོད་དེ། ལྷའི་དབང་པོས་ཆར་ཕབ་ཀྱང་ས་བོན་རུལ་བ་ལས་མྱུ་གུ་མི་འབྱུང་བ་དེ་ཁྱོད་ཀྱི་དཔེ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། དང་པོ་ནི། ཡེཾ་ཤེཾས་དེ་ལྟར་མཛད་པ་རྒྱ་ཆེ་བའི་ཕྱིར་ཞེས་སོགས་ཚིགས་བཅད་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་སྐུ་རྟག་པ་ཡིན་ན། སྐད་ཅིག་རེ་རེ་ལ་འབྱུང་བ་དང་། ཁྱབ་པ་ཡིན་ན་རྒྱུད་སོ་སོར་ངེས་པ་མི་འཐད་ཅེས་པའི་ལན་བཏབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེཾ་དང་དེཾ་ཆོས་སྐུ་ཆོས་ཅན། ཁྱབ་པ་ཞེས་བརྗོད་དེ། གཞན་དོན་རྒྱ་ཆེ་བའི་ཕྱིར། དེ་ཆོས་ཅན། རྟག་པ་ཞེས་བརྗོད་དེ། འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པའི་ཕྱིར། གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དེཾ་ལྟཾར་བྱམས་མགོན་ཆོས་ཅན། ཆོས་སྐུའི་འོག་ཏུ་ལོངས་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། ཆོས་སྐུ་དེ་བྱང་སེམས་འཕགས་པ་ལ་ལོངས་སྐུར་སྣང་བ་སྟོན་པའི་ཕྱིར། གཉིས་པ་ནི། མཚཾན་དང་མཚཾན་ས་བཅུ་པ་ལ་བཞུགས་པའི་བྱང་སེམས་ཁོ་ན་ལ་སྣང་བའི་སངས་རྒྱས་ཀྱི་གཟུགས་སྐུ་ཆོས་ཅན། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མཚན་བཤད་པ། དཔེ་བྱད་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་དངོས་དང་། མཚན་གྱི་རྒྱུའོ། །དང་པོ་ལ་གཉིས་ལས། དང་པོ་ནི། མཚཾན་གསུཾམ་སོགས་སོ། །གཉིས་པ་ནི། ཕྱཾག་དང་བླཾ་ལོངས་སྐུའི་ཕྱག་དང་ཞབས་ཀྱི་འཁོར་ལོའི་མཚན་ཆོས་ཅན། ལོངས་སྐུའི་མཚན་ཡིན་ཏེ། ལོངས་སྐུ་དེ་གཞན་ངོར་སྐྱེས་བུ་ཆེན་པོར་མཚོན་ཞིང་མཐོང་བ་ཙམ་གྱིས་དྭང་བར་མཛད་པའི་ལོངས་སྐུའི་ཡོན་ཏན་ཡིན་པའི་ཕྱིར། དེས་གཞན་རྣམས་ལ་འགྲེའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། རྒྱུཾ་གྲུབཾ་སོགས་སོ། །གཉིས་པ་ནི། འདིཾ་དང་མཚཾན་བླ་མ་རྣམས་ལ་བསུ་བ་དང་སྐྱེལ་བ་སོགས་སུམ་ཅུ་སོ་གཉིས་ཆོས་ཅན། མཚན་གྱི་རྒྱུ་ཡིན་ཏེ། མཚན་སྐྱེད་བྱེད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་ལས། དང་པོ་ནི། རྒྱུཾ་དེཾ་སོགས་སོ། །གཉིས་པ་ནི། བླཾ་མཾ་མཚན་སྒྲུབ་བྱེད་ཀྱི་རྒྱུ་སུམ་ཅུ་སོ་གཉིས་པོའི་ལྷག་མ་རྣམས་ཆོས་ཅན། ཁྱོད་སྐབས་འདིར་དངོས་སུ་མ་བསྟན་ཀྱང་མི་རྟོགས་པའི་སྐྱོན་མེད་དེ། ཁྱོད་སྐབས་འདིར་དངོས་སུ་མ་བསྟན་ཀྱང་མདོ་ལས་རྟོགས་ནུས་པའི་ཕྱིར། གསུམ་པ་ནི། ཚིཾག་ལེཾ་བླ་མ་སྐྱེལ་ལ་སོགས་པ་དང་ཞེས་སོགས་ཚིགས་བཅད་གཉིས་ཆོས་ཅན། ཁྱོད་ཀྱི་འགྲེལ་པ་སྐབས་འདིར་དངོས་སུ་མི་འབྲི་བའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་འགྲེལ་པ་གོང་དུ་མཚན་བཤད་པར་བྲིས་ཟིན་པའི་ཕྱིར། གཉིས་པ་དཔེ་བྱད་བཤད་པ་ལ་གསུམ་ལས། དང་པོ་ནི། དེཾ་ལྟརཾ་སོགས་སོ། །གཉིས་པ་ལ་སྡེ་ཚན་བཅུ་སྟེ། སེན་མོའི་དབང་དུ་བྱས་པ། སོར་མོའི་རྩེའི། རྩའི། ཞབས་ཀྱི། གཤེགས་ཚུལ་གྱི། སྐུའི་དཀྱིལ་འཁོར་གྱི། ཕྱག་གི ཞལ་གྱི་དཀྱིལ་འཁོར་གྱི། དབུ་འཁོར་དང་བཅས་པའི། དགེ་མཚན་གྱི་དབང་དུ་བྱས་པའོ། །དང་པོ་ནི། ཐུབཾ་པཾའི་སོགས་སོ། །གཉིས་པ་ནི། སོརཾ་མོཾ་སོགས་སོ། །གསུམ་པ་ནི། རྩཾ་མིཾ་སོགས་སོ། །བཞི་པ་ནི། ལོཾང་བུཾ་སོགས་སོ། །ལྔ་པ་ནི། སེངཾ་གེཾ་སོགས་སོ། །དྲུག་པ་ནི། འཁྲིཾལ་བཾག་སོགས་སོ། །བདུན་པ་ནི། ཕྱཾག་ནིཾ་སོགས་སོ། །བརྒྱད་པ་ལ་དྲུག་སྟེ། ཞལ་གྱི་དབང་དུ་བྱས་པ། ལྗགས་གསུང་དང་བཅས་པའི། མཆེ་བའི། ཤངས་ཀྱི། སྤྱན་འཁོར་དང་བཅས་པའི། སྙན་གྱི་དབང་དུ་བྱས་པའོ། །དང་པོ་ནི། ཞཾལ་ནིཾ་སོགས་སོ། །གཉིས་པ་ནི། ལྗཾགས་མཉེཾན་སོགས་སོ། །གསུམ་པ་ནི། མཆེཾ་བཾ་སོགས་སོ། །བཞི་པ་ནི། ཤངཾས་མཐོཾ་སོགས་སོ། །ལྔ་པ་ནི། སྤྱཾན་ཡངཾས་སོགས་སོ། །དྲུག་པ་ནི། ཕྱཾག་རིངཾ་སོགས་སོ། །དགུ་པ་ནི། དཔྲཾལ་བཾ་སོགས་སོ། །བཅུ་པ་ནི། དཔཾལ་གྱིཾ་སོགས་སོ། །གསུམ་པ་ནི། འདུཾ་བྱེཾད་ལོངས་སྐུའི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཆོས་ཅན། ལོངས་སྐུའི་དཔེ་བྱད་ཡིན་ཏེ། ཆོས་རྟགས་མཚན་གྱི་སྐབས་དང་འདྲ། དེས་འོག་མ་རྣམས་ལ་འགྲེའོ། །དེས་ན་མདོ་སྡེ་རྒྱན་ལས་ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་སྔ་ཕྱི་གཉིས་གཉིས་མཚན་དང་དཔེ་བྱད་སོ་སོ་ལ་སྦྱར་བ་ནི་དགོངས་པ་མིན་ཏེ། འགྲེལ་པར་གཉིས་ཀ་ལ་གཉིས་ཀ་སྦྱར་བའི་ཕྱིར་རོ། །དེ་ཡང་མཚན་དང་དཔེ་བྱད་གཉིས་ཀའི་སྐད་དོད་ལ། ལཀྵ་མི་ཞེས་པ་ཡོད་ལ། དེ་ནི་མཚན་ཉིད་དང་། མཚོན་བྱ་དང་། བྱ་བ་དང་། བྱེད་པ་དང་། མཚན་དང་། དཔེ་བྱད་རྣམས་ལ་འཇུག་པས་ཚིག་རྐང་དང་པོ་གཉིས་ཀྱིས་མཚན་ཉིད་བསྟན་ཞིང་། ཕྱི་མ་གཉིས་ཀྱིས་བྱེད་ལས་བསྟན་པ་ནི་གཉིས་ཀ་ལ་འདྲ་བའི་དབང་དུ་བྱས་པའོ། །བཞི་པ་སྤྲུལ་པའི་སྐུ་ལ་གཉིས་ལས། དང་པོ་ནི། དེཾ་ལྟཾར་བྱམས་མགོན་ཆོས་ཅན། ལོངས་སྐུའི་འོག་ཏུ་སྤྲུལ་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། ལོངས་སྐུ་དེ་སྤྲུལ་སྐུར་སྣང་བའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། གཾང་དང་ཤཱཾཀྱཾ་ཤཱཀྱ་ཐུབ་པ་ཆོས་ཅན། སྤྲུལ་བའི་སྐུ་ཡིན་ཏེ། གདུལ་བྱ་རིགས་ཅན་གསུམ་གྱི་དོན་མཉམ་དུ་མཛད་པའི་སངས་རྒྱས་ཀྱི་གཟུགས་སྐུ་ཡིན་པའི་ཕྱིར། གཉིས་པ་བརྟེན་པ་ཕྲིན་ལས་ལ་གསུམ་ལས། དང་པོ་ནི། དེཾ་ལྟཾར་བྱམས་མགོན་ཆོས་ཅན། ཁྱད་པར་བཞི་ལྡན་གྱི་སྐུ་གསུམ་བསྟན་ཟིན་ནས་ཕྲིན་ལས་འཆད་པའི་རྒྱུ་མཚན་ཡོད་དེ། ཀུན་རྫོབ་དུ་ཆོས་སྐུ་དེ་ལོངས་སྐུར་སྣང་བ་བསྐྱེད། ལོངས་སྐུ་དེ་སྤྲུལ་སྐུར་སྣང་བ་བསྐྱེད་པའི་སྒོ་ནས་ཕྲིན་ལས་མཛད་པ་ཡིན་པའི་ཕྱིར། གདུཾལ་བྱཾའི་ཕྲིན་ལས་ཉེར་བདུན་ཆོས་ཅན། ཆོས་སྐུའི་ཕྲིན་ལས་ཡིན་ཏེ། ཆོས་སྐུའི་བདག་རྐྱེན་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ལས་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཕྲིན་ལས་ཀྱི་དུས། ཕྲིན་ལས་ཀྱི་དབྱེ་བ། ཕྲིན་ལས་ཀྱི་གྲངས་ངེས་སོ། །དང་པོ་ནི། དེཾ་བཞིཾན་སོགས་སོ། །གཉིས་པ་ལ་གསུམ་སྟེ། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ། ལམ་ལ་འགོད་པ། ལམ་གྱི་འབྲས་བུ་ལ་འགོད་པའོ། །དང་པོ་ནི། འགྲོཾ་རྣམཾས་སོགས་སོ། །གཉིས་པ་ལ་ཚོགས་ལམ་ལ་འགོད་པ། སྦྱོར་ལམ་ལ། མཐོང་ལམ་ལ། སྒོམ་ལམ་ལ་འགོད་པའོ། །དང་པོ་ནི། བསྡུཾ་རྣམཾས་སོགས་སོ། །གཉིས་པ་ནི། རངཾ་བཞིནཾ་སོགས་སོ། །གསུམ་པ་ནི། གཉིསཾ་ཟདཾ་དཾང་སོགས་སོ། །བཞི་པ་ནི། བརྡཾ་དཾང་སོགས་སོ། །གསུམ་པ་ནི། མྱཾ་ངནཾ་སོགས་སོ། །གསུམ་པ་ནི། ཆོསཾ་ཀྱིཾ་སོགས་སོ། །གསུམ་པ་ལ་གསུམ་སྟེ། ཕྲིན་ལས་ཀྱི་དབྱེ་བ། ཕྲིན་ལས་ཀྱི་དུས། ཕྲིན་ལས་ཀྱི་ས་མཚམས་སོ། །དང་པོ་ནི། དཾང་པོཾར་ཆོས་སྐུ་ཆོས་ཅན། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པར་མཛད་དེ། གདུལ་བྱ་ངེས་འབྱུང་གི་བསམ་པ་ལ་འགོད་པར་མཛད་པའི་ཕྱིར། སྦྱིཾན་པཾ་ཆོས་སྐུ་ཆོས་ཅན། གདུལ་བྱ་ཚོགས་ལམ་ལ་འགོད་པར་མཛད་དེ། གདུལ་བྱ་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལ་འགོད་པར་མཛད་པའི་ཕྱིར། དེཾ་ནཾས་ཆོཾས་ཆོས་སྐུ་ཆོས་ཅན། གདུལ་བྱ་སྦྱོར་ལམ་ལ་འགོད་པར་མཛད་དེ། གདུལ་བྱ་རང་བཞིན་སྟོང་པ་ཉིད་གོམས་པ་ལ་འགོད་པར་མཛད་པའི་ཕྱིར། དེའིཾ་རྗེསཾ་ཆོས་སྐུ་ཆོས་ཅན། གདུལ་བྱ་ས་དང་པོ་ལ་འགོད་པར་མཛད་དེ། གདུལ་བྱ་སྦྱིན་པའི་ཕར་ཕྱིན་ལ་བརྟེན་ནས་ཆོས་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ལ་འགོད་པར་མཛད་པའི་ཕྱིར། དེཾ་ནསཾ་ཚོགཾས་ཆོས་སྐུ་ཆོས་ཅན། གདུལ་བྱ་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པར་མཛད་དེ། གདུལ་བྱ་ཚུལ་ཁྲིམས་ལ་སོགས་པའི་ཆོས་ཐམས་ཅད་བརྡར་བཏགས་པ་ཙམ་དུ་ཤེས་པ་ལ་འགོད་པའི་ཕྱིར། དེས་འོག་མ་རྣམས་ལ་འགྲེའོ། །གཉིས་པ་ནི། དེཾ་ལྟརཾ་ཆོས་སྐུའི་ཕྲིན་ལས་ཉེར་བདུན་ཆོས་ཅན། རྒྱུན་མི་ཆད་པར་འཇུག་པ་ཡིན་ཏེ། འཁོར་བ་ཇི་སྲིད་པར་འཇུག་པའི་ཕྱིར། གསུམ་པ་ནི། སེམཾས་བཾསྐྱེད། དང་པོ་སེམས་བསྐྱེད་དང་ཐ་མ་ཆོས་སྐུའི་ཕྲིན་ལས་ཀྱི་ས་མཚམས་བསྟན་པའི་གཞུང་ཆོས་ཅན། ཁྱོད་ལ་བརྟེན་ནས་ལྷག་མ་བར་གྱི་ཚིག་རྣམས་ཀྱི་ས་མཚམས་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། ཁྱོད་ལ་བརྟེན་ནས་ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་ས་མཚམས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཚིགཾ་མངཾ་སེང་གེ་བཟང་པོ་ཆོས་ཅན། ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་ས་མཚམས་འགྲེལ་པ་འདིར་དངོས་སུ་མ་བྲིས་པའི་རྒྱུ་མཚན་ཡོད་དེ། འགྲེལ་པ་ཚིག་མང་དུ་དོགས་པའི་ཕྱིར། གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི་ཤེསཾ་རཾབ་སོགས་སོ།། །།གཉིས་པ་བར་པ་ལ་དད་པ་ལ་དྲུག་ཏུ་བསྟན་པ་ལ་གསུམ་ལས། དང་པོ་ནི། རྒྱསཾ་པཾ་བྱམས་མགོན་ཆོས་ཅན། ཡུམ་དོན་དངོས་པོ་བརྒྱད་ཀྱི་སྒོ་ནས་བཤད་པའི་འོག་ཏུ་ཡུམ་དོན་དངོས་པོ་དྲུག་གི་སྒོ་ནས་བཤད་པའི་རྒྱུ་མཚན་ཡོད་དེ། རྒྱས་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་འཛིན་པའི་འོག་ཏུ་བར་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་འཛིན་དགོས་པའི་ཕྱིར། གཉིས་པ་ནི། མཚཾན་ཉིདཾ་བྱམས་མགོན་ཆོས་ཅན། ཤེར་ཕྱིན་ཡང་དག་པར་བཤད་པ་ཡིན་ཏེ། ཤེར་ཕྱིན་དངོས་པོ་དྲུག་གི་སྒོ་ནས་མདོ་ཇི་ལྟ་བ་བཞིན་བཤད་པའི་ཕྱིར། གསུམ་པ་ནི། དངཾ་པོརཾ་སྐབས་དང་པོ་གསུམ་དུ་བསྟན་པའི་མཁྱེན་གསུམ་ཆོས་ཅན། མཁྱེན་གསུམ་གྱི་ལས་གྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་ཏེ། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུས་མཚོན་པར་བྱ་བ་ཡིན་པའི་ཕྱིར། དེཾ་ནཾས་རྣམ་རྫོགས་སྦྱོར་བ་ཆོས་ཅན། མཁྱེན་གསུམ་གྱི་སྦྱོར་བ་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལ་སྦྱོར་བའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེཾ་ནཾས་རྩེ་སྦྱོར་ཆོས་ཅན། མཁྱེན་གསུམ་གྱི་རབ་ཀྱི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལས་རྟོགས་པ་ཕུལ་བྱུང་ཐོབ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེཾ་ནཾས་མཐར་གྱིས་པའི་སྦྱོར་བ་ཆོས་ཅན། མཁྱེན་གསུམ་གྱི་གོ་རིམ་གྱི་གནས་སྐབས་ཡིན་ཏེ། སོ་སོ་བ་དང་མཐའ་དག་ཏུ་རྟོགས་པའི་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེཾ་ནཾས་སྐད་ཅིག་མའི་སྦྱོར་བ་ཆོས་ཅན། མཁྱེན་གསུམ་གྱི་མཐར་ཐུག་པའི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་ཅིག་ཆར་སྒོམ་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། དེཾ་ནཾས་ཆོས་སྐུ་མཛད་པ་དང་བཅས་པ་ཆོས་ཅན། དེའི་རྣམ་སྨིན་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་རྣམ་སྨིན་མཐར་ཐུག་ཡིན་པའི་ཕྱིར། དེཾ་ལྟཾར་ཡུམ་དོན་ཆོས་ཅན། དངོས་པོ་དྲུག་ཏུ་བསྡུས་ཀྱང་། མཚོན་བྱེད་ཀྱི་ཆོས་ལ་ཁྱད་པར་མེད་དེ། དངོས་པོ་དྲུག་ཏུ་བསྡུས་ཀྱང་མཚོན་བྱེད་ཀྱི་ཆོས་བདུན་ཅུའི་སྒོ་ནས་བཤད་དགོས་པའི་ཕྱིར།། །།གསུམ་པ་བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བ་ལ་གསུམ་ལས། དང་པོ་ནི། བཾར་པཾ་བྱམས་མགོན་ཆོས་ཅན། ཡུམ་དོན་དངོས་པོ་དྲུག་གི་བཤད་པའི་འོག་ཏུ་དངོས་པོ་གསུམ་གྱི་སྒོ་ནས་འཆད་པ་ལ་རྒྱུ་མཚན་ཡོད་དེ། བཾར་མཾ་ལ་དགའ་བའི་གདུལ་བྱ་རྗེས་སུ་འཛིན་པའི་འོག་ཏུ་བསྡུས་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་འཛིན་དགོས་པའི་ཕྱིར། གཉིས་པ་ནི། ཡུཾལ་ནིཾ་རྣམཾ་པཾ་བྱམས་མགོན་ཆོས་ཅན། ཡུམ་དོན་ཡང་དག་པར་བཤད་པ་ཡིན་ཏེ། ཡུམ་དོན་དངོས་པོ་གསུམ་གྱི་སྒོ་ནས་མདོ་ཇི་ལྟ་བ་བཞིན་བཤད་པའི་ཕྱིར། གསུམ་པ་ནི། དཾང་པོཾར་སྐབས་དང་པོ་གསུམ་དུ་བསྟན་པའི་མཁྱེན་གསུམ་ཆོས་ཅན། འཇུག་པའི་ཡུལ་གྱི་རྒྱུ་ཡིན་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་པར་བྱ་བའི་ཆ་ནས་མངོན་རྟོགས་སུ་བཞག་པ་ཡིན་པའི་ཕྱིར། དེཾ་ཇིཾ་སྦྱོར་བ་བཞི་པོ་ཆོས་ཅན། སྦྱོར་བ་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལ་སྦྱོར་བའི་ཆ་ནས་མངོན་རྟོགས་སུ་བཞག་པ་ཡིན་པའི་ཕྱིར། སྦྱོཾར་བཾ་ཆོས་སྐུ་ཕྲིན་ལས་དང་བཅས་པ་ཆོས་ཅན། འབྲས་བུ་ཡིན་ཏེ། སྦྱོར་བཞི་བསྒོམས་པའི་རྣམ་སྨིན་ཡིན་པའི་ཆ་ནས་མངོན་རྟོགས་སུ་བཞག་པ་ཡིན་པའི་ཕྱིར། རྒྱཾལ་བཾའི་ཡུམ་དོན་ཆོས་ཅན། དངོས་པོ་གསུམ་དུ་བསྡུས་ཀྱང་མཚོན་བྱེད་ཀྱི་ཆོས་ལ་ཁྱད་པར་མེད་དེ། དངོས་པོ་གསུམ་དུ་བསྡུས་ཀྱང་མཚོན་བྱེད་ཀྱི་ཆོས་བདུན་ཅུས་བཤད་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ལ་ལྔ་སྟེ། ཡུམ་གསུམ་བརྗོད་བྱ་གཅིག་ཏུ་བསྟན། འགྲེལ་པ་ཇི་ལྟར་བརྩམས་པའི་ཚུལ། བརྩམས་པའི་དགེ་བ་བྱང་ཆུབ་བསྔོ། ནོངས་པའི་དོན་ལ་བཟོད་པར་གསོལ། ཡུམ་དོན་རྟོགས་པའི་དུས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། ལགཾས་ཡུམ་རྒྱས་འབྲིང་བསྡུས་གསུམ་ཆོས་ཅན། བརྗོད་བྱ་ཁྱད་པར་མེད་དེ། མངོན་པར་རྟོགས་པ་བརྒྱད་ཚིག་རྒྱས་འབྲིང་བསྡུས་གསུམ་གྱི་སྒོ་ནས་བསྟན་པར་ཟད་པའི་ཕྱིར། དེཾ་ལྟཾར་རྒྱན་ཆོས་ཅན། ཡུམ་གསུམ་ཆར་གྱི་རྒྱན་ཡིན་ཏེ། ཡུམ་གསུམ་ཆར་གྱིས་མངོན་པར་རྟོགས་པ་བརྒྱད་བརྗོད་བྱར་བསྡུས་པ་གང་ཞིག ཁྱོད་ཀྱིས་ཀྱང་མངོན་པར་རྟོགས་པ་བརྒྱད་ཀྱི་སྒོ་ནས་ཡུམ་གྱི་རྒྱན་དུ་བྱེད་པའི་ཕྱིར་རོ། །དེཾ་ལཾ་ཡུམ་གསུམ་པོ་ཆོས་ཅན། ཚིག་རྒྱས་བསྡུས་ཀྱི་ཁྱད་པར་ཡོད་དེ། མངོན་པར་རྟོགས་པ་བརྒྱད་པོ་ཚིགས་བསྡུས་པ་དང་། འབྲིང་དང་། རྒྱས་པའི་སྒོ་ནས་སོ་སོར་བསྟན་པའི་ཕྱིར། གཉིས་པ་ནི། འཕཾགས་པཾ་སེང་གེ་བཟང་པོས་འཕགས་པ་གྲོལ་སྡེའི་ལེགས་བཤད་ཀྱི་མཐུ་ལ་བརྟེན་ནས་བླ་མ་ལ་གནང་བ་ནོས་ཏེ། བསྟན་བཅོས་ཀྱི་ཚིག་རེ་རེ་ཞིང་མདོ་དང་སྦྱོར་བའི་ལུང་སྦྱོར་རྒྱས་པར་མ་བྱས་པར་དོན་ཡང་དག་པར་བླངས་པའི་འགྲེལ་པ་དོན་གསལ་བརྩམས་པ་ཆོས་ཅན། དགོས་པ་ཡོད་དེ། གོ་སླ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། དེཾ་བསྡེཾབས་སློབ་དཔོན་སེང་གེ་བཟང་པོས་འགྲེལ་པ་དོན་གསལ་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོས་པ་ཆོས་ཅན། དགོས་པ་ཡོད་དེ། དགེ་རྩ་ཆུད་མི་ཟ་བའི་ཆེད་ཡིན་པའི་ཕྱིར། བཞི་པ་ནི། ཤེཾས་རཾབ་འགྲེལ་པ་དོན་གསལ་ཆོས་ཅན། ནོངས་པ་མཆིས་ན་མཁས་པ་རྣམས་ཀྱི་བཟོད་པ་མཛད་རིགས་ཏེ། ཚུ་རོལ་མཐོང་བས་བརྩམས་པའི་བསྟན་བཅོས་གང་ཞིག རང་གཞན་ལ་ཕན་པའི་བསམ་པ་རྣམ་དག་གིས་བརྩམས་པ་ཡིན་པའི་ཕྱིར། ལྔ་པ་ནི། ཀྱེཾ་མཾ་སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཡུམ་དོན་ཕྱིན་ཅི་མ་ལོག་པར་མཐོང་བ་ཡིན་ཏེ། ཡུམ་དོན་ལ་ཡུན་རིང་དུ་སྦྱངས་པ་ལ་བརྟེན་ནས་མགོན་པོ་བྱམས་པའི་བྱིན་རླབས་ཞུགས་པའི་སྟོབས་ཀྱིས་ཡུམ་དོན་མཐོང་ཞིང་མཐོང་ནས་བསྟན་པ་རྣམས་རྒྱ་བོད་ཐམས་ཅད་དུ་ཉི་མའི་འོད་ལྟར་ཀུན་ལ་སྙོམས་པར་ཕན་པ་ཡིན་པའི་ཕྱིར། ཤེཾས་རབཾ་འགྲེལ་པ་དོན་གསལ་ཆོས་ཅན། ཁྱོད་རྩོམ་པ་པོའི་གང་ཟག་ཡོད་དེ། ཁྱོད་སློབ་དཔོན་སེང་གེ་བཟང་པོས་རྩོམ་པར་ཀུན་ལ་གྲགས་པའི་ཕྱིར་རོ། །གསུམ་པ་བསྟན་བཅོས་ཇི་ལྟར་བསྒྱུར་བའི་ཚུལ་ནི་རྒྱཾ་གརཾ་གྱཾི། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་དཔལ་བརྩེགས་དང་། ལོ་ཙྪ་བ་བློ་ལྡན་ཤེས་རབ་ཀྱིས་འགྲེལ་པ་དོན་གསལ་བསྒྱུར་བ་ཆོས་ཅན། དགོས་པ་ཡོད་དེ། བོད་ལ་ཕན་པའི་ཆེད་ཡིན་པའི་ཕྱིར། གཞུང་ལུགས་པདྨོ་ཁ་ཕྱེ་ནས། །མངོན་རྟོགས་གེ་སར་ཕྲེང་མཛེས་ཤིང་། །ཟབ་དོན་སྦྲང་རྩི་འབྱུང་བྱེད་པའི། །ངག་དོན་ཡིད་ཀྱི་ཉི་མ་འདི། །ཤེས་པར་འདོད་པའི་ཤེས་རབ་དང་། །དོན་ལ་སྦྱོར་བའི་དོན་གཉེར་དང་། །གཟུ་བོར་སྤྱོད་པའི་གཟུ་བོའི་བློ། །གསུམ་ལྡན་དེ་ལ་སྦྱིན་པར་བྱ། །དེ་ལས་བྱུང་བའི་དགེ་བའི་ཚོགས། །གངས་རིའི་ཕྲེང་མཛེས་ལྟར་གསལ་བ། །བདག་གི་རྒྱུད་ལ་གང་ཐོབ་དེས། །འགྲོ་སེམས་བདེ་ལ་འགོད་པར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དོན་གསལ་དང་བཅས་པའི་ངག་དོན། སྦས་དོན་རབ་གསལ་ཞེས་བྱ་བ་འདི་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་ལྕགས་མོ་གླང་གི་སྨིན་དྲུག་ཟླ་བའི་ཡར་ཚེས་གཉིས་ལ་དཔལ་ཨེ་ཝྃ་ཆོས་ལྡན་ཀྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ།། །།མདྒ་ལཾ།། ༈ །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། །།དགེའོ། །དགེའོ། །དགེའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply