ཨ་མའི་རྫུན་གཏམ་དང་གསར་གཏོད་པའི་མི་ཚེ།

ཨ་མའི་རྫུན་གཏམ་དང་གསར་གཏོད་པའི་མི་ཚེ།

རྔ་བཟའ་བདེ་པོ་འཚོས་བསྒྱུར།

ཉིན་ཞིག་ལ་ཐོ་མཱ་སན-ཨ་ཌི་སན་( Thomas Edison ) ནང་ལ་ཡོང་སྟེ་ཤོག་བུ་ཞིག་ཨ་མར་སྤྲད་དེ། རྒན་ལགས་ཀྱིས་ཤོག་བུ་འདི་ང་ལ་སྤྲད་ནས། ” འདི་ཁྱེད་ཀྱི་ཨ་མར་སྤྲོད་ཤོག་ཅེས་གསུངས་སོང་” ཞེས་བརྗོད་དུས། ཨ་མས་དེའི་ཁ་ཕྱེས་ཏེ་བཀླགས་པ་དང་མིག་ཟུང་མཆི་མས་ཁེངས། ཁོས་ཤོག་བུ་དེའི་སྟེང་དུ་ཅི་ཞིག་བྲིས་འདུག་ཅེས་དྲིས་དུས། ཨ་མས་སྐད་གསང་མཐོན་པོས། ” ཁྱེད་ཀྱི་བུ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་ཅན་ཞིག་ཡིན་སྟབས། ང་ཚོའི་སློབ་གྲྭ་འདི་ཁོ་ལ་མཚོན་ན་ཆུང་དྲག་པ་མ་ཟད་སློབ་སྦྱོང་སྤྲོད་ཐུབ་པའི་ཤེས་ཡོན་ཅན་གྱི་དགེ་རྒན་དང་། མཐུན་རྐྱེན་སོགས་རན་པོ་ཞིག་མེད་པས། ཐུགས་རྗེ་གཟིགས། ཁྱེད་རང་ཉིད་ཀྱིས་ཁོ་ལ་སློབ་སྦྱོང་སྤྲོད་རོགས།”ཞེས་མགོ་ནས་མཇུག་བར་བཀླགས།

ལོ་མང་པོ་ཞིག་གི་རྗེས་ལ་ཁོ་ཡི་ཨ་མ་ཚེ་ལས་འདས་ཤིང་། ཁོ་ནི་འཛམ་གླིང་ལ་སྙན་གྲགས་ཡོད་པའི་གསར་གཏོད་པའི་གྲས་སུ་གྱུར། ཉིན་ཞིག་ཁོས་ཁྱིམ་ཀྱི་ཅ་དངོས་རྙིང་པ་རྣམས་སྔོག་འདོན་བྱེད་བཞིན་པའི་སྐབས་སུ། མདུན་ཅོག་གི་འཐེན་སྒམ་གྱི་ཟུར་ཞིག་ལ་ཤོག་བུ་ལྟེབ་རིལ་བྱས་པ་ཞིག་ཡོད་པ་མཐོང་བ་དང་། དེ་ཚུར་བླངས་ནས་ཁ་ཕྱེས་ཏེ་བཀླགས་པར། ཤོག་བུ་དེར་ ” ཁྱེད་ཀྱི་བུ་ནི་སེམས་ཁམས་བདེ་ཐང་མེད་པ་ཞིག་ཡིན་པས། ང་ཚོས་ནམ་ཡང་ཁོ་སློབ་གྲྭར་ཡོང་འཇུག་གི་མིན”ཞེས་འཁོད་ཡོད།

འཕྲིན་ཡིག་དེ་ནི་སྔོན་ཆད་སློབ་གྲྭ་ནས་དགེ་རྒན་གྱིས་ཁོའི་ལག་པར་བཞག་སྟེ། འདི་ཁྱེད་ཀྱི་ཨ་མར་སྤྲོད་ཅེས་པའི་ཡི་གེ་དེ་ཡིན་སྟབས། དེ་བཀླགས་རྗེས། ཁོ་རྒྱུན་རིང་ཞིག་ལ་ངུས་ཏེ། ཁོས་རང་གི་ཉིན་ཐོ་རུ་འདི་ལྟར་བྲིས་ཡོད། ” ཐོ་མཱ་སན-ཨལ-ཝལ-ཨ་ཌི་སན་ནི་རིག་པ་མི་གསལ་བའི་( སེམས་ཁམས་བདེ་ཐང་མིན་པའི)བྱིས་པ་ཞིག་ཡིན་ནའང་། ཁོ་ནི་ཕུལ་དུ་བྱུང་བའི་ཨ་མ་ཞིག་ལ་བརྟེན་ནས། ཆེས་རྣམ་དཔྱོད་ལྡན་པའི་དུས་རབས་ཀྱི་མི་སྣ་རླབས་ཆེན་ཞིག་ཏུ་གྱུར་” ཞེས་བྲིས་ཡོད།  ༢༠༡༨/༡/༥

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*