སྨར་ཚངས་ཐིག
དྲི་མེད་འོ་མཚོ་འཁྱིལ་བའི་སྙིང་དབུས་སུ།།
ཞེན་པའི་རིགས་བརྒྱུད་གན་དུ་མེ་ཏོག་བཞད།།
འདབ་མ་ཕྱོཊ་མཐའ་བཀྲ་ཞིང་དགོད་ཅིང་འཛུམ།།
དུང་བའི་རྩེ་བཅུད་འཁྱེར་བའི་སྦྲང་མ་ཡིན།།
ལེ་བར་སྟོང་ཕྲག་བརྒལ་བའི་ཕ་རོལ་ན།།
བརྩེ་བ་གཞན་ལས་ཟབ་པའི་གཅེན་པོ་ཡོད།།
མཛའ་བརྩེ་འོ་ཇ་དཀར་པོའི་བྲོ་བ་དེ།།
སེམས་དང་བསམས་པའི་ཞིམ་མངར་རུས་ལ་ཐིམས།།
འཇིག་རྟེན་ལས་དབང་གཉོམ་པོའི་གྲུ་ཟུར་ནས།།
རང་རང་འགྲོ་སའི་གནས་རིགས་མི་གཅིག་མོད།།
དྭངས་བའི་མཛའ་བརྩེ་གཙང་མ་པང་དུ་བླངས།།
བསུབ་མེད་ཡིད་ལ་པར་བའི་ཨ་ཡིག་ཡིན།།
ང་ནི་རྒྱུས་མེད་རི་གྲོང་གཞན་ཡུལ་འགྲིམས།།
འདི་བསྒྲུབ་འདི་ཤེས་བྱ་བ་དབེན་ན་ཡང་།།
གཅེན་པོ་ཁྱེད་རང་ནད་མེད་ཚེ་རིང་ཆེད།།
དད་པའི་གནས་སུ་སླེབས་ཚེ་སྨོན་ལམ་བྱ།།
འདི་ནི་ཕ་ཡུལ་གངས་ལྗོངས་སུ་ཡོད་པའི་སྲས་མོ་སྨར་ཚངས་ཐིག་གིས་བདག་ལ་བྲིས་པའི་ལག་རྟགས་ཞིག་ཡིན། །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།