གྲྭ་ལོག་ལ་གཟེངས་སྟོད་མེད་ཀྱང་དམའ་འབེབས་དགོས་དོན་ཡོད་དམ།

གྲྭ་ལོག་ལ་གཟེངས་སྟོད་མེད་ཀྱང་དམའ་འབེབས་དགོས་དོན་ཡོད་དམ།
 

 རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ།  

སྤྱི་ཚོགས་ནང་ལ་དགེ་ཚུལ་སློང་གི་སྡོམ་པ་ཉམས་སོང་མཁན་དེ་ཚོ་ལ་གྲྭ་ལོག་རེད་ཟེར་ནས་ཐ་ཆད་པོ་ཆགས། ཁ་ཤས་གྲྭ་པ་ལོག་ཚར་བའི་གཞུག་ལ་ལ་མི་སྐྱ་རྐྱང་བྱས། ཆོས་ཀྱི་བྱ་བ་གཏན་ནས་མི་བྱེད། ཆོས་པའང་མིན་མཁན་ཆགས་འགྲོ་བ་དེ་འདྲ་མང་པོ་འདུག དེ་འདྲ་རེད་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ལ་སྤོབ་པ་མེད་མཁན། དྲང་པོ་བཤད་མི་ཐུབ་མཁན། འོན་ཀྱང་། ང་རྒྱལ་ནི་ཡོད་སྡོད་མཁན། ཚེ་ཕྱི་མའི་སྐོར་ལ་ཞེ་དྲག་བསམ་བློ་མི་གཏོང་བར། ཚེ་ད་ལྟའི་སྙན་གྲགས་རྐྱང་པ་ལ་བསམ་བློ་གཏོང་མཁན་གྱི་རིགས་དེ་ཚོས་སྡོམ་པ་ལ་ཉམས་རྒུད་ཤོར་ཡོད་ནའང་མི་ཁ་ལ་སྐྲག་ཅིང་འཛེམས་ནས་དངོས་སུ་ཕྱི་ལོགས་ལ་མ་བཤད་པར། ཆོས་གོས་རྣམས་གསུམ་གྱོན།
གསོ་སྦྱོང་སོགས་ལའང་ཚོགས། དགེ་ཚུལ་སློང་གི་སྡོམ་པའམ་འབོགས་པ་དེ་འདྲ་བྱས་པ་དེ་ཚོ་བོད་པའི་ནང་ལ་མེད་པའང་རེད་མི་འདུག སྤྱིར་སྟང་འདུལ་བའི་ནང་ལ་སྡོམ་པ་ཡར་འབུལ་བའི་ལུགས་སྲོལ་ཞིག་ཡོད་པ་དེ་ཕར་གསལ་བཤད་བྱས། གྲྭ་པ་ལོག་སོང་དུས་བྱ་དགའ་དང་གཟེངས་བསྟོད་ལ་སོགས་པ་མ་གནང་ནའང་། ངོ་ཚ་དམའ་འབེབས་ཧ་ཅང་གི་ཤུག་ཆེན་པོ་བྱེད་པ་མ་ཡིན་པ་དེ་འདྲ་གནང་བ་ཡིན་ན། ཕྱོགས་གཅིག་ནས་འདུལ་བའི་བསྟན་པ་དེ་ལ་རྨ་མེད་པ་ཞིག་ཆགས་སྲིད་ཀྱི་རེད་ཅེས་ང་རང་སྒེར་གྱིས་དེ་འདྲ་དྲན་གྱི་འདུག

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*