གབ་ཚིག་རིག་པའི་རྩེད་འཇོ།

གབ་ཚིག་རིག་པའི་རྩེད་འཇོ། 

སྤུན་མཆེད་ལྔ་ཡི་སྐྱེས་མགོ་ཡིན། །
མ་བསམས་ས་ནས་སྐུ་གཟུགས་ཐུང་། །
རྒྱལ་ཁའི་གཡུལ་ལས་རྒྱལ་རྟགས་ལ། །
ཀྲོང་ངེར་འགྱིང་བའི་དཔའ་བོ་གང་། །

ཕྱོགས་ཀྱི་མགྲོན་པོའི་དཀྱིལ་དབུས་ནས། །
བདེ་བདེ་ཅོག་གི་གཏམ་བཤད་སྐབས། །
དོན་ལྡན་གནས་ལུགས་ངས་སྟེར་ཞེས། །
སྔོན་དུ་འབུད་པའི་ནུ་བོ་གང་། །

ལྷན་སྐྱེས་ཉིད་ནས་ང་རིང་ཟེར། །
སྟེས་དབང་ཞིག་གིས་གཙོ་སྐུར་གྱུར། །
མཚན་སྙན་ལྡིར་བ་ཆུང་ན་ཡང་། །
ཀུན་གྱི་བར་ན་འཁོར་ཞིང་རྩེ། །

སྔོན་ཐོན་གྲས་ལ་མ་ཚུད་དེ། །
ཐ་མའི་གྲོགས་སུ་བསྐོས་ན་འང་། །
མིའི་ཐུང་གཞན་གྱིས་མི་དོ་བའི། །
ཁེངས་པའི་སེམས་པ་རྟག་པར་ཡོད། །

ཆུང་ངུ་ཞེས་བྱའི་བྱམས་སྐྱོང་མེད། །
ཐ་མལ་ཁྱོད་ཅེས་མིག་ལ་སྡང་། །
བཟང་ངན་སྐུགས་པ་ལ་གཞོལ་ཚེ། །
རབ་ཀྱི་རབ་དེ་ཟིལ་གྱིས་གནོན། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*