མི་ཞིག་ནུས་མེད་དུ་འགྱུར་བའི་འབྱུང་རྐྱེན་དགུ།


རྩོམ་པ་པོ།  གྲུ་ཆུང་།

ཧ་ཧྥོར་སློབ་ཆེན་གྱི་ཞིབ་འཇུག་སྟེ། མི་ཞིག་ནུས་མེད་དུ་འགྱུར་བའི་འབྱུང་རྐྱེན་དགུ། 

གཅིག ཐེ་ཚོམ་བྱས་ནས་ཐག་མི་ཆོད་པ། ཧོལ་རྒྱུག་ལས་ཀྱང་ཐབས་རྡུགས་པ་ནི་ཐེ་ཚོམ་བྱས་ནས་ཐག་མི་ཆོད་པ་དེ་ཡིན། གྱང་སྟེང་གི་རྩྭ་བཞིན་རང་ཚུགས་མེད་ཅིང་གཡོ་འགུལ་སྐྱེན་པའི་མི་དེ་ཕྱོགས་གཞན་ནས་ཇི་འདྲ་སྟོབས་ཆེ་ཡང་། ཚེ་སྲོག་གི་འགྲན་རྩོད་ཁྲོད་ནས་རྒྱུན་དུ་བརྟན་བརླིང་གི་མིས་ལོགས་སུ་འདེད་སླ་བོ་ཡིན། སྐྱེན་པོའི་ལས་ཀར་ནོར་འཁྲུལ་འབྱུང་བར་གཡོལ་ཐབས་མེད་ན་ཡང་། གཅིག་ཀྱང་བསྒྲུབ་མི་ཕོད་པ་ལས་བཟང་། ཧོན་ཐུ་ཧོས་ཌི་ཡིས”ནོར་འཁྲུལ་ལ་སྐྲག་པ་དེས་མདུན་སྐྱོད་བརླག་པ་ཡིན”ཞེས་གསུངས། གཉིས། ཕྱིར་འགྱངས། འཆར་གཞིས་བྱུར་བུ་གཏམས་ཀྱང་།ལག་བསྟར་དཀའ་ལས་ཆེ། ནམ་རྒྱུན་ཕྱིར་འགྱངས་ནི་གནད་དོན་ལ་གཡོལ་བ་དང་སྒྱིད་ལུག་ཅིག་ཡིན། མདུན་གྱི་དཀའ་ཁག་ཆེ་རུ་བཏང་ནས་བལྟས་ཏེ་འདུག་པ་དང་། ཉིན་གཅིག་ལ་ཕྱིར་འགྱངས་བྱེད་པ་ནི་ཉིན་གཅིག་གི་སེམས་ཁམས་ཡིན་པར་སྙམ་སྟེ་ཁ་གཡོར་ས་སྣ་ཚོགས་བཙལ་ནས་གཡོལ་ཐབས་བྱེད་པ་སྟེ། “དོན་སྙིང་མེད་པའི་བྱ་བ།” “མཐུན་པོ་མེད་པའི་སྦྱིན་བདག” “ང་ལ་བྲེལ་བ་ཆེ།” “སང་ཉིན་བསྒྲུབ་ནའང་ཆོག་་་་་་་་་་་”འདི་ལྟར་ཡོང་ན་ང་ཚོ”བྱ་བར་ཇེ་སུན་ནས་ཇེ་སུན”དང་”མི་ཚེར་དོན་སྙིང་ཇེ་མེད་ནས་ཇེ་མེད”ཡིན་པའི་འདམ་རྫིབ་ནང་ལྷུང་སྲིད། ཇི་ལྟར་སྒྱིད་ལུག་བྱས་ན་དེ་ལྟར་གནོད་པ་ཆེ་ལ། འདས་ཟིན་ལ་འགྱོད་པ་དང་མ་འོངས་ལ་འཕྲུལ་སྣང་འཆར་བའི་རྙི་རུ་ཚུད་ངེས། དུས་ཡུན་མང་པོ་བསགས་མཐར་འགྱོད་གདུང་དྲག་པོ་དང་རང་ལ་ཡིད་ཆེས་མེད་པ་དེས་སེམས་ཁྲེལ་ཇེ་ལྕི་རུ་གཏོང་བ་ཡིན། བསམ་བློ་པ་གྲགས་ཅན་ལོ་མན་ལོ་ལན་གྱིས “སྒྱུད་ལུག་ནི་དངོས་པོ་ཡ་མཚན་ཞིག་ཡིན་ཏེ། དེས་ཁྱོད་ལ་དེ་ནི་བག་ལྷོད་དང་། ངལ་གསོ། བསོད་ནམས་ཤིག་ཡིན་པར་སྙམ་དུ་འཇུག འོན་ཀྱང་དོན་དངོས་སུ་དེས་ཁྱོད་ལ་བྱིན་པ་ནི་དོན་སྙིང་མེད་པ་དང་། ངལ་དུབ། ཡིད་ཆད་དུ་འཇུག་པ་བཅས་ཡིན”ཞེས་གསུངས། གསུམ། སྐར་མ་གསུམ་གྱི་ངར་ཤུགས། འཇིག་རྟེན་གྱི་ཕམ་ཁ80%ནི་ཚང་མ་ལས་མཐའ་མ་འཁྱོལ་བ་ལས་བྱུང་། “སྐར་མ་གསུམ་གྱི་ངར་ཤུགས”ཅན་གྱི་མིས་ནམ་ཡང་རྒྱུན་འཁྱོངས་བྱས་ནས་དོན་དག་ལེགས་གྲུབ་བྱུང་རྗེས་ཀྱི་སྤྲོ་བ་དེ་མྱངས་མྱོང་མེད། རྒྱུ་མཚན་ནི་རྒྱུན་འཁྱོངས་ཀྱི་བརྒྱུད་རིམ་ནི་ནམ་རྒྱུན་བྲོ་བ་ཅི་ཡང་མེད་ཅིང་བར་ཆད་མང་བ་ཞིག་ཡིན་ལ། མིའི་རང་གཤིས་ནི་སྐྱིད་འདོད་ཀྱང་ལས་ཀར་གཡོལ་བ་ཞིག་ཡིན། “ལོ་རེ་འགོ་ཚུགས་མ་ཐག་པའི་ཟིན་བྲིས་ཀྱི་ཤོག་གྲངས་འགོ་མ་འགར་རླབས་ཆེན་གྱི་འཆར་གཞི་གང་བྲིས་ཡོད། རྗེས་ནས་ཕལ་ཆེར་ཡོད་ཚད་སྟོང་བ་ཡིན་་་་་་།” “དེབ་དགའ་བོ་ཞིག་ཉོས། ཡིད་སྐྱོ་བ་ཞིག་ནི་ད་ལྟ་ད་དུང་ཁ་ཕྱེས་ནས་ཀློག་འགོ་བརྩམས་མེད་་་་་་།” “ལུས་སྦྱོང་ཚོ་བྱིང་བྱ་རྒྱུར་ཐག་བཅད། ཉིན་ལྔ་མ་འགོར་བར་བར་ནས་ཆད། ཕལ་ཆེར་མི་ཚང་མས”ཕུགས་འདུན་ཆེན་པོ་བཅངས་ནས་འཆར་གཞི་བཀོད་རྗེས། བློ་ཕམ་ཡིད་སྐྱོ་བའི་ངང་ནས་སྐྱུར་བའི་བརྒྱུད་རིམ་ཡོད། བཞི། དང་ལེན་མི་བྱེད་པར་སྐྲག་པ། ཞིབ་ཅིང་ཉམས་ཞན་པའི་རང་བཀུར། ནམ་རྒྱུན། ང་ཚོར་མི་དང་མིའི་འབྲེལ་འདྲིས་ཁྲོད་དུ་”སྡུག་བསྔལ”སྐྱེས། དེ་ཡང་ཚང་མ”དང་ལེན་མ་བྱས་པ་ཚོར་བ”ལ་འབྲེལ་བ་ཡོད། མཚམས་ལན་རེར་དང་ལེན་མ་བྱས་པའི་རིགས་ཧ་ཅང་དངོན་གསལ་དོད་པོ་ཡིན་ཏེ། དཔེར་ན་སྙིང་གྲོགས་ཀྱི་གློ་བུར་བའི་གྱེས་བྲལ་དང་ཡང་ན་གྲོགས་པོའི་རྒྱབ་འགལ་དང་ཁ་ཐག་རིང་དུ་བྱིན་པའོ།། ཡིན་ཡང་སྐབས་ལན་རེར་དང་ལེན་མ་བྱས་པའི་རིགས་འདི་ནི་ཧ་ཅང་ཆུང་ངུ་ཞིག་ཡིན་ཆོག་སྟེ། དཔེར་ན་ཁྱོད་ཀྱིས་ཕ་རོལ་པོར་འཛུམ་མདངས་ཤིག་བསྟན་ན་ཕ་རོལ་པོའི་མིག་མདངས་གཞན་ལ་འཁོར་བ་དང་། ཡང་ན་ཁྱོད་ཀྱིས་སྤོབས་པ་བསྐྱེད་ནས་ཕ་རོལ་པོར་སྐད་འཕྲིན་ཞིག་བསྐུར་ན། ཕ་རོལ་པོས་ཡུན་རིང་འགོར་རྗེས་ལན་སྟབས་བདེ་ཞིག་བསྐུར་བ། རང་བཀུར་སྐྱུར་ནས་བྱ་བ་བསྒྲུབ་ཐུབ་པའི་མི་ནི་དམིགས་ཡུལ་གྲུབ་འབྲས་ལ་ཕྱོགས་པའི་མི་ཡིན་ཞིང་། རང་བཀུར་དང་པོར་འཇོག་པའི་མི་ནི་མི་དང་འབྲེལ་འདྲིས་བྱས་ནས་བྱ་བ་བསྒྲུབ་སྐབས། རྒྱུན་དུ་གཞན་གྱིས་རང་ལ་བཟུང་བའི་རྣམ་འགྱུར་ལ་དོ་སྣང་བྱེད། དེ་བས་གོ་མི་ཆོད་པའི་མི་དེས་བརྩི་མཐོང་བྱེད་རིན་མེད་པའི་དོན་དང་རང་བཀུར་ཙམ་ལ་འཐམས་སླ། ལྔ། རང་གིས་རང་ལ་ཚོད་འཛིན་བྱེད་པ། རང་ཉིད་ཀྱི་མི་མངོན་པའི་ནུས་པ་གསོད་པ། ཁོ་ཚོས་རྒྱུན་དུ་འདི་ལྟར་བཤད་དེ།”ངས་ཀ་པ་ལས་འདོད། འོན་ཀྱང་ངས་བསྒྲུབ་མི་ཐུབ་པར་སྐྲག རྒྱུ་མཚན་ནི་ཁ་བ་དང་ག་བ། ང་བ་སོགས་རྒྱུ་རྐྱེན་མང་པས”ཞེས་ཟེར། ཁོ་ཚོས་མ་བསྒྲུབ་པའི་སྔོན་ནས་རང་ཉིད་ལ་དགག་བཞག་བྱས་པར་མ་ཟད་རང་ཉིད་ལ་འབད་བརྩོན་མི་བྱེད་པའི་གནས་ལུགས་ལུང་བ་གང་བཙལ། སྤྱིར་བཏང་བ་དང་གྲུབ་འབྲས་དམའ་བ་ཐམས་ཅད་རང་གིས་རང་ལ་ཚོད་འཛིན་བྱས་པའི་མཇུག་འབྲས་ཡིན། རང་ཉིད་ཀྱི་སེམས་སུ”མཐོ་ཚད”ཅིག་ཁས་ལེན་དགོས། “སེམས་ཁམས་ཀྱི་མཐོ་ཚད”འདིས་རྒྱུན་དུ་རང་ལ་ལྐོག་བརྡ་བཏང་སྟེ།” ངས་དོན་དག་འདི་ཡག་པོ་བསྒྲུབ་མི་ཐུབ་པ་ཁོ་ཐག་རེད། འོན་ཀྱང་ཕལ་ཆེར་ཙམ་བསྒྲུབ་ཐུབ་ན་ཆོག སེམས་ཁམས་ཀྱི་བརྡ་འདི་རིགས་ཀྱིས་ཁྱོད་ཀྱི་ལས་འགན་གྱི་ཕམ་ཁས་བཟོས་པའི་ཕམ་སེམས་འགོག་པར་རོགས་བྱེད་ཐུབ་ལ། ཁྱོད་ཀྱི་རང་ཉིད་རིན་ཐང་ལྟ་ཚུལ་ལ་རེ་ཞིག་སྲུང་སྐྱོབ་བྱེད། ཡིན་ན་ཡང་ཁྱོད”ཡར་གོམ་གང་སྤོ་བའི་”ལེགས་གྲུབ་ཀྱི་གོ་སྐབས་འཕྲོག་སོང་བ་ཡིན། ལ་ལོ་ཧྲི་ཧྥུ་ཁུ་ཡིས”མི་ཕལ་བས་རྒྱུན་དུ་རང་ཉིད་ཀྱིས་མི་རྟོགས་པའི་དངོས་པོ་ལ་ལེ་བདའ་བྱེད”ཅེས་གསུངས། དྲུག དངོས་ཡོད་ལ་གཡོལ་བ། ཉིན་དཀར་རྨི་ལམ་རྨི་བའི་ནད་པ། དངོས་ཡོད་ལ་གཡོལ་བའི་མི་ལ་ཁྱད་ཆོས་ལྔ་ཡོད་དེ།༡ ནམ་རྒྱུན་ཉིན་དཀར་རྨི་ལམ་རྨི་བ་སྟེ། དངོས་ཡོད་ལ་གཡོལ་བའི་མིས་རང་ལ་དབང་བའི་འཇིག་རྟེན་ཆུང་ཆུང་ཞིག་བསྐྲུན་རྒྱུར་ལྷག་ཏུ་དགའ། ༢ རང་སྣང་གང་ཤར་བྱེད་རྒྱུ་དང་འཚེར་སྣང་མེད་པའི་འཚོ་བར་དགའ་སྟེ། གསལ་བོར་བཤད་ན་སྐྱིད་འདོད་ལས་གཡོལ་གྱི་འཚོ་བར་རེ་བ་ཡིན། ༣ རོལ་རྩེད་དང་སྒྱུ་འཕྲུལ་བརྩམས་སྒྲུང་ལ་མགོ་འཁོར་བ་སྟེ། དེ་དག་གིས་ཁྱོད་ཉིད་ཁྱད་མཚར་མོད་པའི་འཇིག་རྟེན་ལ་ཁྲིད་དེ་ཁྱོད་ཉིད་དངོས་ཡོད་འཚོ་བ་ལ་གཡོལ་དུ་འཇུག་ཐུབ་པས་སོ།། ༤ དངོས་ཡོད་འཚོ་བ་ཧ་ཅང་གདུག་རྩུབ་ཆེ་བར་འདོད་པ་སྟེ། འདི་ནི་དངོས་ཡོད་འཚོ་བར་གཡོལ་མཁན་གྱི་རྒྱུན་མཐོང་ཁྱད་ཆོས་ཤིག་ཡིན། ཉིན་དཀར་རྨི་ལམ་སྙེག་པའི་སྐབས་སུ་རྒྱུན་དུ་དངོས་ཡོད་འཚོ་བ་ནས་ཐོན་པའི་འཚོ་བའི་རྡུང་རྡེག་ཐེབས་ཀྱི་ཡོད། ༥ ངེས་གཏན་མེད་པའི་ཁོར་ཡུག་ལ་གདོང་གཏོད་ཐབས་མེད་པ་སྟེ། རྒྱུ་མཚན་ནི་ཁྱོད་ཀྱིས་བསྐྲུན་པའི་ཉིན་དཀར་རྨི་ལམ་དུ་ཁྱོད་ཀྱིས་ད་གཟོད་ངེས་གཏན་ཚོར་བ་དང་བདེ་འཇགས་ཀྱི་ཚོར་བ་བཙལ་ཐུབ་པས་སོ།། མིའི་སྐྱོ་གར་ནི་མིག་ལྟས་མཐོ་ཞིང་ལག་ལེན་ཉུང་བས་རེད། མི་མང་ཆེ་བ་ཁྲོ་དུས་སུས་བཀག་ན་སུ་གསོད་ཅིང་། འཕྲུལ་སྣང་ཁྲོད་ནས་གནམ་འོག་གི་མི་ལ་མིག་ལོག་གིས་ལྟ་ཞིང་། རྒྱུན་ལྡན་འཚོ་བའི་ཁྲོད་ནས་གཟའ་མཇུག་གི་ཞོགས་པར་གློག་གི་འབིགས་གསོར་གྱིས་གྱང་ཕུག་པའི་ཁྱིམ་མཚེས་ལ་སྤོབས་པ་བསྐྱེད་ནས་ཁ་བརྡ་ཙམ་ཡང་བྱེད་ཐུབ་ཀྱི་མེད། བདུན། ནམ་རྒྱུན་ཁ་གཡོར་ས་འཚོལ་བ། ནོར་འཆུག་ངའི་སྟེང་ན་མེད། མིས་ནོར་འཆུག་གཅིག་བཟོས་ཚེ། ཆེས་ཐོག་མར་རྒྱུན་དུ་རང་ལ་འགེབ་སྲུང་བྱེད།ངས་ལོ་སུམ་ཅུ་ལྷག་གི་རིང་ལ་ངོ་ཤེས་ཤིང་ཁ་གཡོར་ས་འཚོལ་རྒྱུར་དགའ་བའི་མི་དག་ཕྱིར་དྲན་ཞིག་བྱས་པ་ན། ཁོ་ཚོ་ཚང་མར་ཁྱད་ཆོས་གཅིག་ཡོད་པ་རྙེད། དེ་ནི་བྱ་སྒྲུབ་ཀྱི་སེམས་ཤུགས་དྲགས་པོ་མེད་པ་དང་། ཨུ་ཚུགས་ཀྱི་རེ་སྙེག་མེད་པ། མི་ཚེ་ལ་གཏན་བརླིང་གི་དད་སེམས་མེད་པ་བཅས་རེད། དེ་བས་མནོན་ཤུགས་དང་དཀའ་ཁག་ལ་འཕྲད་ཚེ། ཁོ་ཚོས་འགན་མི་ཁུར་ལ་འགན་ཁུར་འདོད་ཀྱང་མེད། ཉེན་ཁ་དང་འགྲན་སློང་ལ་འཕྲད་ཚེ་བག་འཁུམས་པར་བྱེད། འགན་མི་ཁུར་བར་བག་འཁུམས་པ་དེས་ཁོ་ཚོར་ཁ་གཡོར་ས་འཚོལ་དུ་འཇུག རྒྱུ་མཚན་ནི་ཁ་གཡོར་ས་འཚོལ་བ་ནི་ཆེས་སྒྲུབ་སླ་བའི་དོན་དག་དེ་ཡིན་ཞིང་། འདི་ནི་རང་ཉིད་ཀྱི་རྨོངས་པ་འགེབས་པའི་ཐབས་དང་། དེ་ནས་དེའི་ཁྲོད་ནས་རང་སེམས་རང་གིས་གསོ་བའི་ཐབས་བཙལ། བརྒྱད། འཇིགས་སྐྲག ཕྲ་གཟབ་ཆུང་ཟོན་གྱི་ཉམ་ཆུང་། བྱ་བའི་ཁྲོད་དུ་ཁོ་ཚོར་རྒྱུན་དུ་ཚོར་བ་འདི་འདྲ་ཡོད་དེ། འགོ་ཁྲིད་ཀྱིས་སྐྱོན་བརྗོད་བྱེད་པར་འཇིགས་པ། གཞན་གྱིས་རང་ཉིད་ནུས་མེད་དུ་འདོད་པར་འཇིགས་པ། གཞན་གྱིས་རང་གི་ཞན་ཆ་ཤེས་པར་འཇིགས་པ། གཞན་གྱི་གདེང་འཇོག་ལ་དོ་སྣང་བྱས་ཏེ་ནོར་འཆུག་བཟོ་བར་འཇིགས་པ། རང་ཉིད་ཀྱི་གཏོང་ཕོད་ལ་དྲིན་ལན་མེད་པར་འཇིགས་པ་བཅས་སོ།། ངས་སྐད་ཆ་ཞིག་དྲན་པ་ནི། ངས་དུས་ཚོད་བཏོན་ནས་རང་ལ་བསམ་གཞིགས་བྱ་མི་ཕོད་མཐར་རང་ཉིད་གཡུ་བྱུར་མིན་པ་རྟོགས་པར་སྐྲག ཡིན་ན་ཡང་སེམས་སུ་རེ་བ་ཉག་ཅིག་བཟུང་ནས་མ་རབས་ཐ་ཤལ་དང་འགྲོགས་མི་འདོད། དོན་དངོས་སུ་ཤེས་རབ་ཀྱི་སྟོབས་ཆུང་བས་འགལ་རྐྱེན་ལ་གདོང་གཏོད་མ་འདོད་པ་རེད། སྔོན་ཆད་ཝང་ཧྲོ་ཡིས་རང་གི་བུ་མོ་ལ”ཁུ་བ་གདུ་བ་ནི་སྙན་ངག་འབྲི་བ་ལས་གལ་ཆེ། རང་ཉིད་ཀྱི་ལག་རྩལ་དེ་སྐྱེས་པ་ལས་གལ་ཆེ། སྐྲ་དང་བྲང་སྐེད་པ། རྐུབ་བཅས་གདོང་ལས་གལ་ཆེ། ནང་སེམས་སྟོབས་ཆེན་ནས་ཐ་ཤལ་དུ་གྱུར་བ་དེ་གང་ལས་ཀྱང་གལ་ཆེ”ཅེས་གསུངས། དགུ། སློབ་སྦྱོང་དང་ལེན་མི་བྱེད་པ། ཁྱོད་ཁེར་ཆད་མ་ཡིན་པར། སློབ་སྦྱོང་བྱ་མ་འདོད་པ་རེད། སློབ་སྦྱོང་ལ་ཀླད་ཤུགས་བཀོལ་དགོས། རང་ཉིད་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པར་རང་དང་འཐབ་འཛིང་བྱ་དགོས། ཇི་འདྲའི་སྡུག་བསྔལ་ཆེ་བ་ཞིག་རེད་ཨང་། དེ་ལས་སྐྱིད་པོ་བདེ་མོའི་ངང་ཁྱིམ་དུ་འཛུལ་ནས་ཁ་པར་རྩེད་ཞོར་གློག་བརྙན་བལྟས། དེ་ནས་ན་ཚོད་མཉམ་པའི་མིའི་གླ་ཕོག་ཁྱོད་ལས་མཐོ་ཞིང་འཚོ་བ་རོལ་བ་ཁྱོད་ལས་བཟང་བ་མཐོང་དུས། ཡང་ཁྱོད་ཀྱིས་གྲོགས་ཚོམས་སུ་དངན་པ་འཐེན་ཞིང་ལས་ངན་རེད་ཟེར། “ངས་ཞོགས་པ་ནས་དགོང་མོ་བར་ལས་བྲེལ་ཆེ་བའི་མིས་ཐང་ཆད་པའི་ལུས་པོ་དྲེད་ནས་ཁྱིམ་ལ་ཐོན་རྗེས་སྟོང་བ་དང་ཁེར་ཆད་རེད་ཟེར་བ་ནམ་ཡང་མཐོང་མ་མྱོང་། མི་མང་ཆེ་བ་ཞིག་གི་སྟོང་བ་དང་ཁེར་རྐྱང་དེ་ནི་མ་གཞིར་ཟ་མས་རྒྱགས་རྗེས་བྱ་བ་མེད་པར་ཁོམ་པས་རེད།

རྩོམ་ཁུངས། ཁྲི་གཤོག་སྙེ་མ་ཚང་།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*