༢༠༡༨ལོའི་ཟླ་༡པོའི་ཚེས་༢༡ཉིན། འབར་མའི་མན་ཊི་ལི་ཆན་མེ་ཏ་ཞི་གྲོང་རྡལ་གྱི་གནམ་ཐང་རྙིང་པ་རུ། སངས་རྒྱས་ཆོས་ལུགས་ཀྱི་སྦྱིན་པ་གཏོང་པའི་ཚོགས་ཆེན་པོ་ཞིག་བསྡུས་པ་དང་། དེ་རུ་དགེ་འདུན་མང་ཚོགས་ཁྲི་༢ཙམ་ལ་སྐུ་འགྱེད་ཕུལ་ཡོད་པ་རེད།
༢༠༡༨ལོའི་ཟླ་༡པོའི་ཚེས་༢༡ཉིན། འབར་མའི་མན་ཊི་ལི་ཆན་མེ་ཏ་ཞི་གྲོང་རྡལ་ཁུལ་གྱི་གནམ་ཐང་རྙིང་པ་རུ། སངས་རྒྱས་ཆོས་ལུགས་ཀྱི་སྦྱིན་པ་གཏོང་པའི་ཚོགས་ཆེན་པོ་ཞིག་བསྡུས་ཤིང་། དེ་རུ་དགེ་འགུན་མང་ཚོགས་ཁྲི་༢ཙམ་ལ་སྐུ་འགྱེད་ཕུལ་ཡོད་པ་རེད།
ཐེངས་འདིའི་སྦྱིན་པ་གཏོང་བའི་ཚོགས་ཆེན་ནི་འབར་མ་དང་ཐེ་ལན་གཉིས་ནས་མཉམ་འབྲེལ་གྱིས་བསྒྲུབས་པ་ཞིག་ཡིན། སྦྱིན་པ་དང་ལེན་བྱེད་པའི་གྲྭ་པ་རྣམས་གཙོ་བོ་མན་ཊི་ལི་ས་ཁུལ་ནས་ཡིན་པ་དང་། གཞན་ཐེ་ལན་ནས་གྲྭ་པ་༦༠གདན་འདྲེན་ཞུས་ཡོད་པ་རེད།
འབར་པའི་དགེ་འདུན་པའི་རྩ་འཛུགས་ཀྱི་འགོ་འཛིན་དང་ཆོས་ལུགས་རིག་གནས་སྡེ་ཁག་གི་འགོ་གཙོ། དེ་བཞིན་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་བཅས་ཐེངས་འདིའི་སྦྱིན་པ་གཏོང་བའི་ཚོགས་ཆེན་དུ་ཞུགས་ཡོད་པ་རེད།
རྒྱུས་ལོན་བྱུང་པ་ལྟར་ན། སྦྱིན་པ་གཏོང་བའི་ཚོགས་ཆེན་ནི་ཉིན་དེའི་ཞོགས་པའི་ཆུ་ཚོད་༦པ་ནས་འགོ་ཚུགས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གྱི་སྦྱིན་གཏོང་གི་ཚོགས་ཆེན་པོ་འདིས་འབར་མ་དང་ཐེ་ལན་སོགས་ཀྱི་དད་ལྡན་པ་མང་པོ་སྦྱིན་པ་གཏོང་པར་བཀུག་ཡོད་པ་རེད། སྐུ་འགྱེད་དངུལ་དངོས་ནི་གྲྭ་པ་རེར་འབར་མའི་དངུལ་སྨར་ཁྲི་༣(དམངས་སྒོར་༡༤༤)དང་འབྲས། ཚོགས་ཐུག་དང་གྲྭ་པ་ཚོའི་འཚོ་བའི་མཁོ་ཆས་སོགས་ཡོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།