ཤཱི་རི་ལྕམ་མང་ཏྲ་ནཱ་དཱི་ཀཱི་ཤཱི་ཝར་དཱམ་བྱུང་རབས་སྙིང་བསྡུས།
ནང་བསྟན་ཆོས་ལུགས་ཀྱི་བཤད་སྲོལ་ལ་གནས་ཉེར་བཞི་་པཱུ་ལི་ར་མ་ལ་ཡ། ཛ་ལནྡྷ་ར། ཨཽ་ཊི་ཡ་ན། ཨ་རྦུ་ཏ། གཽ་ད་ཝ་རི། རྭ་མེ་ཤ་རི། དེ་ཝི་ཀོ་ཏྲི། མཱ་ལ་ཝ། ཀཱ་མ་རུ་པ། ཨོ་ཏྲི། ཏྲི་ཤ་ཀུ་ནེ། ཀོ་ས་ལ། ཀ་ལིངྐ། ། ལམ་པ་ཀ ཀཉྩི། ཧི་མ་ལ་ཡ། པྲེ་ཏཱ། གྲི་ཧ་དེ་ཝ་ཏ། སོ་ར་ཥྚྲྀ། སུ་ཝརྣ་དཱི་པ། ནཱ་ཀ་ར། སུན་དྷུ། མ་རུ། ཀུ་ལུ་ཏ་ཞེས་ཡོངས་སུ་གྲགས་པའི་ཛ་ལནྡྷ་རའི་ཡུལ་ཕྱོགས་སུ་བོད་སྐད་དུ་རྡོ་གནམ་བཏགས་ཞེས་པ་འདི་ངྷ་རམ་ས་ནས་སྤྱི་ལེ་བཅུ་བདུན་མཚམས་སུ་ལྕམ་མང་ཏྲ་ཞེས་པའི་རྒྱ་གར་ལོ་རྒྱུས་ནང་དུ་སྙན་གྲགས་ཅན་གྱི་ལྷ་མོ་ལྕམ་མང་ཏྲ་ཞེས་པའི་གཙུག་ལག་དང་གནས་དེ་ཡོད། ལྕམ་མང་ཏྲ་ཞེས་པ་ནི་ལྷ་མོ་ཞིག་གི་མིང་ཡིན་ལ་གནས་དེར་ལྷ་ཁང་གི་ནང་རྟེན་གཙོ་བོ་ཡང་ལྷ་མོ་ལྕམ་མང་ཏྲའི་སྐུ་བརྙན་དེ་རེད་འདུག ལྷ་མོ་དེའི་སྐུ་མདོག་ལྗང་ནག་དང་ཕྱག་བཞི་ཡོད་པ། ཕྱག་གཡས་སུ་རལ་གྲི་གནམ་དུ་འདེགས་པ་དང་གཡོན་དུ་གདོང་འདྲེ་རྗ་ལེན་རྡའི་མགོ་བཟུང་བ། གཡས་སུ་མདུང་རྩེ་གསུམ་པ་ཁུར་བ་དང་། གཡོན་དུ་ཐོད་པའི་ནང་དུ་ཁྲག་གི་བཀང་བཅས་བསྣམས་འདུག སྐེ་ལ་མི་མགོ་སྐམ་པོའི་ཕྲེང་མ་གྱོན་འདུག རྐང་དུ་འོག་ཏུ་གདོང་འདྲེ་མང་ཁྲ་གནོན་ནས་འདུག སྤྱིར་བཏང་ལྷ་མོ་ལྕམ་མང་ཏྲའི་སྐུ་བརྙན་མི་འདྲ་བ་རིགས་ཁ་ཤས་འདུག ཕྱག་བཞི་ཅན། ཕྱག་དྲུག་ཅན། ཕྱག་བཅུ་ཅན་བཅས་རྣམ་པ་མི་འདྲ་བ་ཁ་ཤས་འདུག ལྷ་ཁང་དུ་ཕྱི་རོལ་ཏུ་རྡོ་ནག་ལས་གྲུབ་པའི་རྡོ་གནམ་བཏགས་ཞེས་པ་དེ་མཇལ་རྒྱུ་འདུག རྡོ་འོག་ཏུ་ལྷ་དབང་ཕྱུག་གི་ལིང་ག་ཞིག་ལ་རྒྱ་གར་པས་མཆོད་པ་ཕུལ་བཞིན་འདུག རྡོ་གནམ་བཏགས་ལ་རྒྱ་གར་པས་དེ་ཙམ་མཆོད་ཕུལ་དང་རྩ་ཆེན་རྩིས་སྲོལ་མི་འདུག གཙོ་བོ་ལྷ་མོ་ལྕམ་མང་ཏྲ་རང་ལ་མཆོད་ཡུལ་རེད་འདུག དེ་ཡང་ལྕམ་མང་ཏྲའི་བྱུང་རིམ་མི་འདྲ་བ་གསུམ་ཙམ་འདུག དང་པོ། ཤཱི་བི་ཤཱ་ཏིའི་ལས་བྱུང་བའི་ལོ་རྒྱུས་ལ་གསལ་བ་ལྟར་ན་གནས་འདིར་དཔའ་བོ་མང་མོས་གཡུལ་ངོར་བརྟན་པའི་དགྲ་བོ་ལས་རྒྱལ་བའི་དཔའ་བའི་རྟོགས་པ་བརྗོད་ལས་ཡིན་ཚུལ་གསལ། གཉིས་པ། འདྲེ་རྗ་ལེན་རྡར(Jalandhara) དང་ལྷ་ཤཱི་ཝ་(shiva) གཉིས་དམག་འཐབ་བྱེད་པའི་སྐབས་སུ་ལྷ་མོ་ལྕམ་མང་ཏྲ་མཆོག་ལྷ་མོ་ཡོངས་ཀྱི་འགོ་དཔོན་བསྐོ་གཞག་གནང་བར་མ་ཟད་རོང་རྡུ་ར་ཞེས་པའི་གོ་གནས་ཡང་སྩལ། དེའི་ཕྱིར་ས་གནས་འདིར་སྙན་གྲགས་ཆེ་བའི་རོང་རྡུ་ར་( rude) ལྕམ་མང་ཏྲ་ཡང་ཟེར།
ཡོངས་གྲགས་སུ་གནས་འདིར་ལྕམ་མོ་ཏྲ་ཟེར། (Chumunda) གསུམ་པ། གཏམ་རྒྱུད་གཞན་ཞིག་གི་ནང་དུ་བཤད་སྲོལ་འདི་འདྲ་ཡང་འདུག ལྷ་མོ་ལྕམ་མང་ཏྲ་དང་གདོང་འདྲེ་བར་ལ་( Savarni. Manvantra ) སར་ཝའི་ནཱི་མཱ་ཝའི་རྡ་ར་ཞེས་པའི་དམག་འཁྲུག་ཞིག་བྱུང་བས་སྐབས་སུ་ལྷ་མོ་ལྕམ་མང་ཏྲ་མཆོག་གིས་ལྕམ་ཏཱི་ཀཱ་ལ་(Chandika) སྤྲུལ་ནས་ལྷ་མོ་ཀི་ཤཱི་ཀིའི(Kaushiki)་མིག་སྤུ་ནས་འཐོན་ཏེ་གདོང་འདྲེ་ལྕམ་ཁྲ་དང་མང་ཁྲ་(Chand and mund ) གཉིས་རྩ་མེད་བཟོ་ཆེད་དུ་ལྕམ་རྡི་ཀ་མཆོག་གིས་དམག་འཁྲུག་དྲག་པོ་ཞིག་འཐབ་ནས་ལྷ་མོ་ལྕམ་རྡི་ཀ་མཆོག་གིས་ཁོང་གཉིས་རྐེ་བཅད་ཏེ་ལྷ་མོ་ཀཱི་ཤཱི་ཀི་མཆོག་ཧ་ཅང་ཐུགས་མཉེས་
ནས་ལྷ་མོ་ལྕམ་རྡུ་ཀ་ལ་ནུས་པ་ཧ་ཅང་མང་པོ་གནང་བ་མ་ཟད་ལྷ་མོ་ལྕམ་རྡུ་ཀའི་གོ་གནས་ཀྱི་མིང་ལ་ལྷ་མོ་ལྕམ་མང་ཏྲ་དེ་བི་ཞེས་མཚན་གསོལ། དེ་ནས་ས་གནས་འདིར་ལྕམ་མང་ཏྲ་ཞེས་ཡོངས་སུ་གྲགས་མ་ཟད་འཛམ་གླིང་ཁྱོན་དུ་ཡང་སྙན་གྲགས་རྒྱས།
གདོང་མཁན་པས་ལྕམ་མང་ཏྲ་ལ་གནས་མཇལ་སྐབས་སུ་བྲིས། ༢༠༡༨/༡/༡༦
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།