གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ

བོད་ཀྱི་རྒྱལ་ས་ལྷ་ལྡན་ཡུལ་གྱི་དབུས་སུ་ཆགས་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་རྡོ་རིང་དེ་ནི་རྒྱ་ནག་གཞུང་ནས་གང་མགྱོགས་རྩ་བསྐོག་བཏང་སྟེ་མིག་གི་མཐོང་རྒྱུ་མེད་པར་བཟོ་འཆར་འདུག རྡོ་རིང་དེར་ཐང་བོད་འབྲེལ་བ་ཙམ་མ་ཟད། བོད་མི་རིགས་ཀྱི་ལོ་རྒྱུས་རིན་ཐང་ཅན་ ཞིག་རེད། ད་ཤོག་བུའི་སྟེང་བཞག་ན་མ་གཏོགས་ལྷག་མ་སོང་། ཚང་མས་ཐུགས་སྣང་གནང་རོགས། ཉེ་ཆར་མི་དམངས་དྲ་བ་ཞེས་པའི་ཐོག་གསར་འགྱུར་ཞིག་ནང་ཐོན་འདུག་པས་ལོ་རྒྱུས་སྨྲ་བ་ཚོས་བོད་རིགས་པ་ཡིན་མདོག་མ་བྱས་པར་དེ་ལ་ལྟ་རོགས་གནང་།

ཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེའམ་ཐང་བོད་དབོན་ཞང་གཉིས་མཇལ་དུམ་མཛད་པའི་རྡོ་རིང་གི་ཡི་གེ་ཡང་ཟེར། ཕྱི་ལོ་བརྒྱད་བརྒྱ་ཉེར་གསུམ་ལོར་རྡོ་རིང་འདི་ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་ཇོ་བོའི་དབུ་སྐྲ་ཟེར་བའི་ལྕང་སྡོང་གི་འཁྲིས་སུ་བཙུགས་ཏེ་བོད་བཙན་པོའི་རྒྱལ་ཁབ་དང་ཐང་རྒྱལ་རབས་བར་གྱི་མཛའ་མཐུན་ཆེ་བའི་འབྲེལ་བ་སྔར་ལས་ཆེ་བ་རྡོ་ཐོག་རི་མོ་བྲིས་པ་བཞིན་འགྱུར་རོ།། ནུབ་ངོས་ཀྱི་གཡོན་ཕྱོགས། ༄།། བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱྀ་ལྷ་བཙན་པོ་དང་།། རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏི། དབོན་ཞང་གཉིས།། ཆབ་སྲིད་གཅྀག་དུ་མོལ་ནས།། མཇལ་དུམ་ཆེན་པོ་མཛད་དེ་གཙྀགས་བཅས་པ།། ནམ་ཞར་ཡང་མྱྀ་འགྱུར་པར། ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའྀ་ཕྱིར།། མཇལ་དུམ་གྱི་གཙིགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ། ༄།། འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག ལྡེ་བཙན་གྱྀ་ཞ་སྔ་ནས།། རྒྱ་རྗེ་བཱུན་བཱུ་ཧེའུ་ཏིག་ཧྭང་ཏེ་དང།། དབོན་ཞང་གཉིས།། སྒམ་དཀྱེལ་ཆེན་པོས་ ནི།། འཕྲལ་ཡུན་ཡུལ་གྱྀ་ལེགས་ཉེས་ཅྀ་ཡང་བསྲུང་སྟེ།། ཐུགས་རྗེ་ཆེན་པོས་ནྀ། བཀའ་དྲྀན་གྱིས་དགབ་པ་ལ་ཕྱྀ་ནང་མྱེད་པར།། མང་པོ་ཀུན་བདེ་སྐྱིད་པར་བྱ་བ་ལ་ནྀ་དགོངས་པ་གཅྀག ཡུན་རྀང་པོར་ལེགས་པའྀ་དོན་ཆེན་པོ་ལ་ནི་བཀའ་གྲོས་མཐུན་ཏེ།། གཉེན་རྙིང་པའྀ་སྲི་ཞུ་ལ་ནྀ་དང་སྔའི་ཁྱྀམ་ཚེས་དགྱེས་པའི་ཚུལ་སླར་དུ་བརྩེགས་པར་མོལ་ནས།། མཇལ་དུམ་ཆེན་པོ་ནི་མཛད་དེ།། བོད་རྒྱ་གཉིས།། ད་ལྟར་དུ་མངའ་བའྀ་ཡུལ་དང་མཚམས་སྲུང་ཞིང།། དེའི་ཤར་ཕྱོགས་ཐམས་ཅད་ནྀ་རྒྱ་ཆེན་པོའི་ཡུལ།། ནུབ་ཕྱོགས་ཐམས་ཅད་ནྀ་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ།། དེ་ལས་ཕན་ཚུན་དགྲར་མྱྀ་འཐབ།། དམག་མྱྀ་དྲང། ཡུལ་མྱྀ་མརྣམ།། ཡྀད་མ་ཆེས་པ་ཞྀག་ཡོད་ན།། མྱྀ་བཟུང་ཞིང་གཏམ་དྲྀས་ཏེ།། བརྫངས་ནས་ཕྱྀར་གཏང་ངོ།། ད་ཁྱབ་སྲྀད་གཅིག་ཅྀང།། མཇལ་དུམ་ཆེན་པོ་འདྀ་ལྟར་མཛད་པས།། དབོན་ཞང་དགྱེས་པའི་བཀའ་ཕྲིནད་སྙན་པས་ཀྱང་འདྲུལ་དགོས་ཏེ།། ཕན་ཚུན་གྱྀ་ཕོ་ཉ་འདོང་བ་ཡང།། ལམ་རྙིང་པར་བྱུང་ནས།། སྔ་ལུགས་བཞིན་བོད་རྒྱ་གཉིས་ཀྱྀ་བར།། ཙང་ཀུན་ཡོག་རྟ་བརྗེས་ལ།། སྩེ་གཞུང་ཆེག་དུ་རྒྱ་དང་ཕྲད་པ་མན་ཅད་ནྀ་རྒྱས་ཕུ་དུད་བྱ།། ཙེང་ཤུ་ཧྱྭན་དུ་བོད་དང་ཕྲད་ཡན་ཅད་ནྀ་བོད་ཀྱིས་ཕུ་དུད་བྱ་སྟེ།། དབོན་ཞང་ཉེ་ཞྀང་གཉེན་བའྀ་ཚུལ་བཞིན་དུ།། སྲྀ་ཞུ་དང་བཀུར་སྟྀའི་ལུགས་ཡོད་པར་སྦྱར་ཏེ།། ཡུལ་གཉིས་ཀྱི་བར་ན་དུད་རྡུལ་ནྀ་མྱི་སྣང།། གློ་བུར་དུ་སྡང་བ་དང་དགྲའི་མྱྀང་ནྀ་མྱི་གྲག་སྟེ་ས་མཚམས་སྲུང་བའྀ་མྱི་ཡན་ཅད་ཀྱང་དོགས་ཤིང་འཇིགས་པ་མྱེད་པར་ས་ས་མལ་མལ་ན་བག་བརྐྱང་སྟེ།། བདེ་བར་འཁོད་ཅྀང།། སྐྱིད་པའྀ་བཀའ་དྲྀན་ནི་རབས་ཁྲྀའི་བར་དུ་ཐོབ།། སྙན་པའྀ་སྒྲ་སྐད་ནྀ་གཉི་ཟླས་སླེབས་སོ་ཆོག་ཏུ་ཁྱབ་སྟེ།། བོད་བོད་ཡུལ་ན་སྐྱིད་རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་སྦྱར་ནས་གཙྀགས་བཅས་པ་འདྀ།། ནམ་ཞར་མྱྀ་འགྱུར་བར།། དཀོན་མཆོག་གསུམ་དང་།། འཕགས་པའྀ་རྣམས་དང་གཉྀ་ཟླ་དང་གཟ་སྐར་ལ་ཡང་དཔང་དུ་གསོལ་ཏེ།། ཐ་ཚྀག་གྀ་རྣམས་པས་ཀྱང་བཤད།། སྲོག་ཆགས་བསད་དེ་མནའ་ཡང་བོར་ནས།། གཙིགས་བཅས་སོ།། གཙིགས་འདྀ་བཞིན་དུ་མ་བྱས་སམ།། བཤྀག་ན།། བོད་རྒྱ་གཉིས་གང་གིས་སྔར་ཉེས་པ་ལ་སྡྀག་ཅིང།། ལས་དུ་དཀུ་སྒྱུ་ཅྀ་བྱས་ཀྱང་གཙྀགས་གཤྀག་་པ་ལ་མ་གཏོགས་སོ།། འདྀ་ལྟར་བོད་རྒྱ་གཉྀས་གྱྀ་རྗེ་བློན་གྱིས་ཞལ་གྱྀས་བཤགས་གནའ་བོར་ཏེ།། གཙྀགས་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས།། རྒྱལ་པོ་ཆེན་པོ་གཉྀས་གྱྀ་ནི་ཕྱག་རྒྱས་བཏབ། བློན་པོ་གཙྀགས་འཛིན་པ་ལ་གཏོགས་པ་རྣམས་ཀྱྀ་ནི་ལག་ཡྀག་ཏུ་བྲིས་ཏེ། གཙྀགས་ཀྱི་ཡྀ་གེ་ཡང་སོ་སོའྀ་ཕྲག་སྦལ་དུ་བཞག་གོ ། ནུབ་ངོས་ཀྱི་གཡས་ཕྱོགས་སུ་རྒྱ་ཡིག་ཡིག་ཕྲེང་དྲུག་ཡོད་དོ།། ཤར་ངོས་སུ། ༄། །འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་དང་།། རྒྱ་རྗེ་འུན་བཱུ་ཧེའུ་ཏིག་ཧྲང་ཏེ་གཉྀས།། ཆབ་སྲྀད་གཅྀག་དུ་མོལ་ཏེ་མཇལ་དུམ་མཛད་པའི་དབོན་ཞང་གཉྀས་ཀྱི་ཚུལ་ཅི་འདྲ་བ་དང་། མཇལ་དུམ་མཛད་པའི་གཏན་ཚིགས་རྡོ་རིངས་ལ་བྲིས་པའོ། ། ༄། །འཕྲུལ་གྱྀ་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ།། ཡུལ་བྱུང་ས་དོད་ཚུན་ཆད་འུང་ནས་མྱིའི་རྗེར།། བོད་ཀྱྀ་རྒྱལ་པོ་ཆེན་པོ་མཛད་པ་ཡང་།། གངས་རི་མཐོན་པོའི་ནི་དབུས།། ཆུ་བོ་ཆེན་པོའི་ནི་མགོ། ཡུལ་མཐོ་ས་གཙང་བ་ལ་གནམ་གྱྀ་ལྷ་ལས།། མྱྀའི་རྒྱལ་པོར་གཤེགས་ཏེ།། གཙུག་ལག་ཆེན་པོས་ནྀ་ཡུནད་ཀྱི་སྲིད་བཙུགས།། ཆོས་ཁྲིམས་བཟང་པོས་ནི་ཚུལ་གནང་།། བྱམས་པའྀ་བཀའ་དྲྀན་གྱྀས་ནྀ་ནང་གྀ་ཚེས་སྦྱརད།། དགྲ་ཐབས་མཁས་ནས།། ཕྱྀའི་དགྲ་བཏུལ་ཏེ།། ཆབ་སྲྀད་ནི་ཕྱིར་ཞིང་ཆེ་དབུ་རྨོག་ནྀ་སླར་ཞིང་བརྩན་པ་ ཡང་ནམ་ ནམ་ཞར་ ཞར་མྱི་འགྱུར།། བྱིན་མྱི་ཉམས་པའྀ་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ནྀ་ཆེ།། དེའྀ་ཕྱིར།། ལྷོ་ཕྱོགས་ཀྱྀ་མོན་རྒྱ་གར་དང་། ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་། བྱང་ཕྱོགས་ཀྱྀ་དྲུ་གུ་ནི་སྨེལ་ལ་སྩོགས་པ།། གཡུག་༞རྒྱལ་པོ་སྡོམ་ན་༞༝ར་བྱ་བ་ཀུན་ཀྱི་ ཀྱིས་ཀྱང་ འཕྲུལ་གྱྀ་ལྷ་བཙན་པོའི་དབུ་རྨོག་བརྩན་པོ་དང་ བཀའ་དྲང་ ང་བོར་ནྀ་ཕྱོགས་མྱྀ་གུས་པ་མྱེད་དེ།། ཕན་ཚུན་དགྱེས་ཤིང་བཀའ་སྩལད་དོ་ཆོག ཉན་པ་ཡིན།། ཤར་ཕྱོགས་ནྀ་རྒྱ་འདུག་པ།། མཚོ་ཆེན་པོའི་ ནང་ ཉྀ་མ་ཤར་པ་ལོགས་ཀྱྀ་རྒྱལ་པོ་སྟེ།། ལྷོ་བལ་གཞན་དང་མྱྀ་འདྲ་བར་ ལུགས་ ཆོས་བཟང་།། གཙུག་ལག་ཆེ་བས།། བོད་དང་ཡང་།། འཐབ་ཀྱྀ་ཟླ་ དང་གྲོགས་ ཀྱྀ་དོ་སྟེ།། དང་པོ་རྒྱ་རྗེ་ལྀ་རྒྱལ་སར་ཞུགས་ནས།། དེའི་ཏང་གི་སྲིད་ལོ་ཉི་ཤུ་རྩ་གསུམ་ལོན།། རྒྱལ་རབས་གཅྀག་གི་འོག་ཏུ།། འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་སྲོང་བརྩན་དང་།། རྒྱ་རྗེ་ཐེའེ་ཙོང་བཱུན་བུ་ཞེང་ཧྭང་ཏེ་གཉྀས།། ཆབ་སྲིད་གཅྀག་དུ་མོལ་ནས།། ཅེན་ཀྭན་གྱྀ་ལོ་ལ།། མུན་ཤེང་ཀོང་ཅོ། །བཙན་པོའི་ཁབ་ཏུ་བླངས།། ཕྱིས་འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་ལྡེ་གཙུག་བརྩན་དང་རྒྱ་རྗེ་སམ་ལང་ཁའེ་འགཱན་ཤེང་བཱུན་ཤྀན་བཱུ་ཧྭང་ཏེ་གཉིས།། ཆབ་སྲིད་གཅྀག་དུ་མོལ་ཏེ།། གཉེན་བརྩེགས་ནས།། ཀེང་ལུང་གྀ་ལོ་ལ་ཀྀམ་ཤེང་ཀོང་ཅོ།། བཙན་པོའྀ་ཁབ་ཏུ་བླངས་ནས།། དབོན་ཞང་དུ་འགྱུར་ཏེ་དགྱེས་པ་ལས།། བར་འགའ་ཕན་ཚུན་གྱྀ་སོའི་བློན་པོས་གནོད་པ་དག་རྡུལ་གྱྀས་ཀྱང་།། གཉེན་པའྀ་ཚབ་གང་དུ་བྱ་བ་ཐུགས་བྲེལ་ཆེན་པོའྀ་དག་གྀ་ཚེ།། དམག་སྟོངས་ཀྱྀས་ཕན་ཐོགས་པར་བྱས་པ་དང་།། ཕན་ཚུན་ཐུགས་ནོངས་བྱུང་ངོ་ཆོག་ན།། དགྱེས་སྣང་དག་ཀྱང་མ་ཆད་པར་བསྲིས་ བསྲིང་ ཏེ་འདྀ་ལྟར་ཉེ་ཞྀང་གཉེན་བ་ཡྀན་ན།། དབོན་ཞང་གྀ་ཚུལ་ཁོ་ན་ལྟར།། ཐུགས་ཡྀ་དམ་ཕབས་པ་ལས།། བཙན་པོ་ཡབ་ལྷ་འཕྲུལ་ཁྲྀ་ལྡེ་སྲོང་བརྩན་གྱི་ཞ་སྔ་ནས།། སྒམ་དཀྱེལ་ཆེན་པོས་ཎྀ།། ཆོས་སྲིད་ཅི་ལ་ཡང་མཁས་ཤྀང་གསལ་བྱམས་པའྀ་བཀའ་དྲིན་གྱིས་ནྀ།། མྱི་ནང་མྱེད་པར།། ཕྱོགས་བརྒྱད་དུ་ཁྱབ་སྟེ་མཐ་བཞྀ་རྒྱལ་པོ་ཀུན་དང་ཡང་མཇལད་ཅྀང་འདུམ་བར་མཛད་ན།། རྒྱ་དང་ལྟ་ཞིག །གཉེན་རྩེག་མ།། ཡུལ་ཁྱྀམ་ཚེས་ཡིན་པས།། ལྷག་པར་ཆབ་སྲིད་གཅྀག་དུ་དགྱེས་ཏེ།། ཕན་ཚུན་དབེན་ཞང་དགོངས་པ་མཐུན་ནས།། རྒྱ་རྗེ་ཞེང་ཤྀན་བཱུན་བཱུ་ཧང་ཏེ་དང་།། མཇལ་དུམ་དུ་མོལ་ཏེ།། བཀའ་འཁོན་རྙིང་པ་ནི། སྤྱངས་ཤིང་གསལད། དགྱེས་པ་གསར་ནྀ་བསླས་ཤྀང་བསྟུད་ནས།། དེ་ཚུན་ཆད།། བཙན་པོ་དབོན་ནྀ་སྐུ་ཚེ་གཅྀག། རྒྱ་རྗེ་ཞང་ནྀ་གདུང་རབས་གསུམ་གྱྀ་བར་དུ།། བཀའ་ཁོན་གྱི་གཅུགས་ནྀ་མ་བྱུང་།། དགྱེས་པའྀ་སྲི་ཞུ་ནྀ་ཕར་ཚུན་ཕྱང་དེ།། ཕོ་ཉ་གཅེས་པ་ལས།། བཀའ་ཕྲིན་སྙན་པ་དང་།། དཀོར་ནོར་བཟང་པོ་ནྀ།། རྒྱུན་དུ་འདྲུལ་ན།། མཇལ་དུམ་གྱི་མདོ་ཆེན་པོ་གཙིགས་བཅ་བ་ལྟ་བུ་ཡང་མ་གྲུབ།། དབོན་ཞང་མོལད་པའྀ་རྗེས་ཀྱང་ཚར་མ་ཕྱིན་པར་ཐུགས་ནོངས་ཀྱིས་བརྩལ་ཏེ།། བར་གྱི་གཅུགས་རྙིང་པ་ཕྲན་ཚེགས་ཀྱི་དོགས་ཕྲིག་གྀས།། ལེགས་པ་ཆེན་པོའི་སྐུ་དོན།། ཕྱི་ལྕིགས་ཤེ་དག་དུ་གྱུར་ནས།། དགྲ་ཆོས་ཀྱྀ་ཐབས་དང་། དམག་བཙན་པོ་དག་ཀྱང་མྱྀ་རྡུལ་དུ་མ་རུང་སྟེ།། དགྲ་ཟུན་གྱི་ཚུལ་དུ་གྱུནད་གྱྀས་ཀྱང་།། ཡོང་ཉེ་ཞིང་གཉེན་ལ་འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་གྱི་ཞ་སྔ་ནས།། མཁྱེན་པ་ནི།། འཕྲུལ་གྱི་ཚུལ་ཆགས།། མཛད་པ་ནྀ་ལྷའི་ལུགས་དང་མཐུན་ཏེ།། བཀཱ་དྲིན་ཆེན་པོས།། ཕྱྀ་ནང་གཉིས་སུ་སྙོམས་ཤིང་།། དབུ་རྨོག་བརྩན།། བཀའ་ལུང་གཉན་ཏེ།། རྒྱ་རྗེ་ན་བཱུ་ཧེའུ་ཏིག་ཧང་ཏེ་དང་དབོན་ཞང་གཉིས་འཕྲུལ་གྱི་དགོངས་པ་ནྀ་མཐུན་ཏེ།། བོད་རྒྱའྀ་ཆབ་སྲྀད་ནྀ་གཅྀག་སྟེ།། བོད་རྒྱ་གཉྀས།། རབས་ཁྲྀར་བདེ་སྐྱིད་པའྀ་མཇལ་དུམ་ཆེན་པོ་མཛད་ནས་རྒྱ་ཡུལ་ནྀ།། ཀེང་ཤྀའི་ནུབ་ཕྱོགས་ཤེག་སང་སྀའི་དྲུང་དུ།། བོད་ཆེན་པོའི་ལོའི་མྱིང་ནྀ་སྐྱིད་རྟག་ལོ་བདུན།། རྒྱ་ཆེན་པོའི་ལོ་མྱིང་ནྀ།། ཅང་ཀེང་ལོ་དང་པོ་ལྕགས་མོ་གླང་གྀ་ལོའི་དགུན་སླ་ར་བ་ཚེས་བཅུ་ལ་དཀྱྀལ་འཁོར་ལ་འཛེགས་ནས།། རྒྱ་ཡིས་གཙྀགས་བཟུང་ངོ་།། བོད་ཡུལ་དུ་ནྀ།། ཕོ་བྲང་ལྷ་སའྀ་ཤར་ཕྱོགས་སྦྲ་སྟོད་ཚལ་དུ།། བོད་ཆེན་པོའི་ལོའི་མྱྀང་སྐྱྀད་རྟག་ལོ་བརྒྱད།། རྒྱ་ཆེན་པོའི་ལོའི་མྱིང་ཅང་ཀེང་ལོ་གཉིས།། ཆུ་ཕོ་སྟག་གྀ་ལོའི་དབྱར་སླ་འབྲྀང་པོ་ཚེས་དྲུག་ལ།། དཀྱིལ་འཁོར་ལ་འཛེགས་ཏེ།། བོད་ཀྱྀ་གཙྀགས་བཟུང་ངོ་།། གཙྀགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པ་འདི་ཡང་།། བོད་ཆེན་པོའི་ལོའྀ་མྱིང་སྐྱིད་རྟག་ལོ་དགུ། རྒྱ་ཆེན་པོའི་ལོའྀ་མྱིང་ཅང་ཀེང་ལོ་གསུམ།། ཆུ་མོ་ཡོས་བུ་ལོའི་དཔྱྀད་སླ་འབྲིང་པོ་ཚེས་བཅུ་བཞྀ་ལ།། རྡོ་རིངས་ལ་ཡི་གེ་བྲིས་སོ།། རྡོ་རིངས་འདི་འདྲྀ་བའྀ་སྤྱན་ཡང་།། རྒྱའྀ་ཕོ་ཉ་ཐབས།། འགུ་ཤེའུ་ཞང་ཤིང་ཡོད་པ།། དོ་ཙེའེ་དང་། ཐབས་ཙན་ཤན་དེ་བཱུ་ཡོད་པ། ༞ཀཱུ་ལ་སྩོགས་པས་བྱས་སོ།། གཙིགས་ཀྱི་མདོ་རྡོ་རིངས་ལ་བྲིས་པ་འདི་དང་འདྲ་བ་གཅིག། རྒྱའྀ་ཡུལ་ཀེང་ཤྀར་ཡང་གཙུགས་སོ།། བྱང་ངོས་སུ། ༄། །བོད་ཆེན་པོའྀ་བློན་པོ་ཆེ་ཕྲ་མཇལ་དུམ་གྱྀ་གཙིགས་འཛྀན་པ་ལ་གཏོགས་པའི་ཐབས་དང་མྱྀང་རུས་ལ། ། ༄། །བོད་ཆེན་པོའྀ་ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་བཀའ་ལ་གཏོགས་པའྀ་ཐབས་དང་མྱྀང་རུས། ། ༄། །བཀའ་ཆེན་པོ་ལ་གཏོག་ཏེ་ཕྱྀ་ནང་གཉིས་ལ་དབང་ཞིང་ཆབ་སྲིད་འཛིན་པ་བན་དེ་ཆེན་པོ་དཔལ་ཆེན་པོ་ཡོན་ཏན། ༞༞དམག་གོ་ཆོད་གྀ་བློན་ཞང་ཁྲྀ་སུམ་རྗེ་སྦེག་ལྷ། ། ༄། །༞བློན་ཆེན་པོ་བློན་ལྷོ་༞ ༄། །༞གུང་བློན་ཆེན་པོ་དཔོན་དམག་༞༞༞བཟང་༝ ༄། །ཆབ་སྲྀད་ཀྱི་བློན་པོ་ཆེན་པོ་བློན་རྒྱལ་ཁྲི་མདོ་གཟིགས། ། ༞༞༞༞༞༞༞༝ ༄། །ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་བློན་མཆྀམས་ཞང་རྒྱལ་བཙན་བཞེར། ། ༄། །ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་ཞང་ཁྲྀ་བཙན་ཁོད་ནེ་སྟང་། ། ༄། །ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་ཞང་ཁྲྀ་བཞེར་ལྷ་མཐོང་། ། ༄། །ཆབ་སྲྀད་ཀྱྀ་བློན་པོ་བློན་རྒྱལ་བཟང་འདུས་ཀོང་། ། ༄། །བོད་ཆེན་པོའྀ་བློན་པོ་ཕལ་གྱི་ཐབས་དང་མྱྀང་རུས། ། ༄། །ནང་བློན་མཆྀམས་ཞང་རྒྱལ་བཞེར་ཁོད་ནེ་བརྩན། ། ༄། །ཕྱི་བློན་བཀའ་ལ་གཏོགས་པ་ཅོག་རོ་བློན་བཙན་བཞེར་ལྷོ་གོང་། ། ༄། །སྣམ་ཕྱི་པ་མཆྀམས་ཞང་བརྟན་བཞེར་སྟག་ཙབ། ། ༄། །མངན་པོན་ཁབ་སོ་འོ་ཆོག་གྀ་བླ་འབལ་བློན་ཀླུ་བཟང་མྱེས་རྨ། ། ༄། །བཀའྀ་ཕྱིན་བློན་བྲན་ཀ་བློན་སྟག་བཞེར་ཧབ་ཀེན། ། ༄། །རྩིས་པ་ཆེན་པོ་རྔེགས་བློན་སྟག་ཟྀགས་རྒན་ཁོལ། ། ༄། །ཕྱྀ་བློན་འབྲོ་ཞང་ཀླུ་བཟང་ལྷ་བོ་བརྩན། ༄། །ཞལ་ཅེ་པ་ཆེན་པོ་ཞལ་ཅེ་འོ་ཆོག་གྀ་ བློན ། །མྱང་བློན་རྒྱལ་གེན་ལེགས་ཙན། ། ལྷོ་ངོས་སུ། ༄། །རྒྱ་ཆེན་པོའྀ་བློན་པོ་ཆེ་ཕྲ་མཇལ་དུམ་གྱྀ་གཙིགས་འཛྀན་པ་ལ་གཏོགས་པའི་ཐབས་དང་མྱྀང་རུས་ལ། ། ༄། །རྒྱ་ཆེན་པོའྀ་ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་བཀའ་ལ་གཏོགས་པའི་ཐབས་དང་མྱྀང་རུས། ༄། །ཇེང་འགྀ་དའེ་པུ་ཞྀའུ་མུན་ཧ་ཤི་ལང་གི་ཐབས་ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་༞༞༞ ༄། །༞༝དའེ་པུ་ཞྀའུ་ཅུན་ཤུ་ཞི་ལང་གི་ཐབས་ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་༞༞ ༄། །ཐའེ་ཅཱུང་དའེ་པུ་ཅུང་ཤུ་ཤི་ལང་གྀ་ཐབས་ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་འྭ་ཕ། ། ༄། །ཅཱུང་དའྀ་བཱུ་ཞྀའུ་ཞང་ཤུ་ཧོ་བཱོ་ཞི་ལང་གི་ཐབས་ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་དྭོ་འགྭན་ང་། ། ༄། །ཇེང་འགྀ་དའེ་པུ་པེང་བོ་ཞང་ཤུ་ཐབས་ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་སེའུ་འབཱེན། ། ༄། །རྒྱ་ཆེན་པོའི་བློན་པོ་ཕལ་གྱི་ཐབས་དང་མྱྀང་རུས། ། ༄། །ཀྀམ་ཙཱྀ་ཀྭང་ལོག་དའེ་ཕུ་ཞང་ཤུ་ཛ་བཱོག་ཡ་འི་ཐབས་ཡོད་པ་ཧན་ཀའུ། ། ༄། །ཇེའུ་འགྀ་ལང་འགུ་ཤི་ཅུང་ཤྀང་གི་ཐབས་ཡོད་པ་འགྀའུ་སེང་ཞུ། ། ༄། །ཐའྀ་ཅུང་དའྀ་པུ་ཀཱེམ་ཀེའུ་ཞིང་ཤུ་ཙ་བོག་ཡ་ལི་བོ་ཞང་ཤུ་ཐབས་ཡོད་པ་ལི་ཀྭང་། ། ༄། །འགྀན་ཚེང་ཀྭང་ལོག་དའྀ་ཕཱུ་ཧོ་བོ་ཞང་ཤུ་ཐབས་ཡོད་པ་ཡང་ཨུ་ལིང་། ། ༄། །ཐོང་འགཱྀ་དའེ་པཱུ་ཤཱྀའུ་ལཱེའི་བོ་ཞང་ཤུ་ཐབས་ཡོད་པ་འུའྀ་ཞྀའུ། ། ༄། །འགྀན་ཚེང་ཀྭང་ལོག་དའེ་པུ་ཀེམ་ཀེའུ་ཞང་ཤུ་ཙ་བཱོག་ཡ་ཀྱམ་ཐའི་ཤང་ཀེང་གྀ་ཐབས་ཡོད་པ་ཅའུ་ཙོང་ཞུ། ། ༄། །ཐའི་ཅུན་དའེ་པཱུ་ལེའི་ཞང་ཤུ་ཀྱམ་སྀ་ནོང་ཀེང་གི་ཐབས་ཡོད་པ་བཱེའི་བུ། ། ༄། །ཇེང་འགྀ་དའེ་པཱུ་ཞྀའུ་ཀེང་ཅེའུ་ཡུན་ཀྱམ་འགུ་ཤི་དའེ་པཱུ་ཐབས་ཡོད་པ་ལྀའུ་ཀོང་ཅགྣ ། ༄། །འགིན་ཚེང་ཀྭང་ལོག་དའེ་པཱུ་ཀེམ་ཀེའུ་ཀོང་བོ་ཞང་ཤུ་ཀྱམ་ཙ་ཀྀམ་འགོ་འྀ་དའྀ་ཙང་ཀུན་གྱི་ཐབས་ཡོད་པ་ཀྭག་ཚུང་། ། ཛའུ་ཅིང་དའེ་པུ་ཤཱྀའུ་དའྀ་ལི་ཀེང་ཀྱམ་འགུ་ཤི་དའི་པཱུ་ཐབས་ཡོད་པ་ལིའུ་འགྭན་ཏེང་། ། ༄། །ཇེའུ་འགི་ལང་ཞིའུ་ཞང་ཤུ་ཛ་སཱི་ལང་ཅུང་ཀྱམ་འགུ་ཤི་ཅུང་ཤིང་གི་ཐབས་ཡོད་པ་ལྀའུ་ཤི་ལའུ། ། ༄། །ཅྀང་ཞྀ་དེའེ་ཅུང་ཀེང་ཞང་ཤུ་ཀྭག་ལོང་༞ཞྀ་༞ཅང་༞དེའི་པཱུ་ཐབས་ཡོད་པ་ལི་༞༞༞། ། ༄། །ཇེའུ་སན་ལང་ཀེང་ཅེའུ་༞ཞེང་༞༞༞༞ཀོ་༞ཀྱམ་༞༞། །

ཞར་བྱུང་ Edit

གཙུག་ལག་ཁང་མདུན་གྱི་རྡོ་རིང་ནི་ཐང་ཁྲང་ཡོན་ལོ་དང་པོ་དང་ལོ་གཉིས་པ་སྟེ་བོད་ཆེན་པོའི་སྐྱིད་རྟག་ལོ་བདུན་པ་དང་བརྒྱད་པ་སྤྱི་ལོ་༨༢༡་ནས་༨༢༢ཐང་བོད་བར་ཕོ་ཉ་མངགས་ནས་ཁྲང་ཨན་དང་ལྷ་སར་མཇལ་འདུམ་ཆེན་པོ་བྱས་པའི་རྗེས་དྲན་དུ་བཞེངས་པ་རེད། ལོ་རྒྱུས་སུ་ཁྲང་ཆིན་མནའ་འབྲེལ་དང་དབོན་ཞང་མནའ་འབྲེལ་ཞེས་འབོད། ལོ་གསུམ་པར་ཐང་བོད་ཕྱོགས་གཉིས་ཀྱིས་ཁྲང་ཨན་དང་ལྷ་སར་རྡོ་རིང་དུ་ཡི་གེ་བརྐོས་ནས་ནམ་ཞར་མི་འགྱུར་བར་བྱས། ཡི་གེར་ཐང་བོད་རྒྱལ་བོ་རིམ་བྱོན་རིང་གི་མཛའ་འབྲེལ་ནན་བཤད་དང་ཁྱིམ་མཚེས་མཉམ་མཐུན་དགོས་པའི་ཐུན་མོང་གི་རེ་འདོད་བསྟན་ནས། སླར་ཐང་བོད་ཕྱོགས་གཉིས་སོ་སོར་དབང་བའི་ཡུལ་དང་ས་མཚམས་སྲུང་ཞིང་། དེའི་ཤར་ཕྱོགས་ནི་རྒྱའི་ས་ཆ་དང་ནུབ་ཕྱོགས་ཐམས་ཅད་ནི་བོད་ཆེན་པོའི་ས་ཆ་ཡིན་པ། ཕན་ཚུན་དགྲར་མི་ལངས་པ་དང་། དམག་མི་འདྲེན་པ། ས་ཆ་མི་འཕྲོག་པའི་དམ་བཅོས། མཇུག་ཏུ་ཐང་བོད་ཕྱོགས་གཉིས་ཆབ་སྲིད་གཅིག་ཏུ་མཐུན་ཞིང་། འདུམ་འགྲིག་ཆེན་པོ་འདི་ལྟར་མཛད་པས་དབོན་ཞང་གཉིས་ཕན་ཚུན་དགའ་བའི་འཕྲིན་བཟང་ཡང་ཕར་ཚུར་གཏོང་རེས་བྱེད་དགོས་པའི་རེ་བ་བཏོན། རྡོ་རིང་གི་ཡི་གེ་ནི་བོད་གནའ་བོའི་སྲིད་འཛིན་དང་རིགས་རུས། སྐད་ཆ། ཐང་བོད་བར་གྱི་འབྲེལ་བ་བཅས་ཞིབ་འཇུག་བྱེད་པའི་རྒྱུུ་ཆ་གལ་ཆེན་ཞིག་ཡིན། རྡོ་རིང་དེ་ལྷ་སའི་གཙུག་ལག་ཁང་མདུན་དུ་ཡོད་པ་དང་། རྡོ་རིང་གི་རྩེ་མོ་ཆར་ཁེབས་དང་ཏོག་ཞབས་འོག་ཏུ་རྡོའི་རུས་སྦལ་གྱི་སྟེགས་བཅས་ཡོད། རྡོ་རིང་གི་ཡིག་འབྲུ་རེ་འགའ་སུབ་པ་ལས་བོར་བརླག་ཅི་ཡང་བྱུང་མེད། རྡོ་རིང་གི་ཤར་ངོས་བོད་ཡིག་རྐྱང་བ་དང་། བོད་རྒྱལ་རིམ་བྱོན་གྱི་ཆོས་སྲིད་ཀྱི་མཛད་པ་མདོར་བསྡུས་སུ་བཀོད་ཡོད། ནུབ་ངོས་སུ་འདུམ་འགྲིག་གི་གཞུང་ཡིག་དངོས་རྒྱ་བོད་ཤན་སྦྱར་དུ་བཀོད་ཡོད། ལྷོ་བྱང་གཉིས་སུ་ཆིངས་འགྲིག་ལ་ཞུགས་པའི་རྒྱ་བོད་དཔོན་སྣ་བོད་ཕྱོགས་ཀྱི་བཅུ་བདུན་དང་། ཐང་ཕྱོགས་ཀྱི་བཅོ་བརྒྱད་ཀྱི་རེའུ་མིང་རྒྱ་བོད་ཡིག་གཉིས་ཀྱི་ལམ་ནས་བཀོད་ཡོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*