ཨིན་དུ་ནི་ཤ་ཡའི་ཡོད་པའི་གནས་ཆེན་ཁག་ལ་གནས་གཟིགས།

༸སྐྱབས་མཆོག་འཁོན་གདུང་བཛྲ་རིན་པོ་ཆེ་མཆོག་དང་། སྐུའི་གཅུང་པོ་༸སྐྱབས་མཆོག་འཁོན་གདུང་ཨ་བྷཱ་ཡ་བཛྲ་རིན་པོ་ཆེ། སྐུའི་རྨོ་རྨོ་བདག་ཡུམ་ཆེན་མོ་བཅས་ལྷན་དུ་དད་ལྡན་སློབ་འབངས་ཁག་གཅིག་ཨིན་དུ་ནི་ཤ་ཡའི་(Indonesia) རྒྱལ་ཁབ་ཏུ་ཡོད་པའི་གནས་ཆེན་བོ་རོ་བུ་དྷུར་གཙོས་པའི་ནང་པའི་དགོན་རྙིང་ཁག་ལ་གནས་གཟིགས་སུ་ཕེབས་པ།

སྔོན་དུས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གནས་ཆེན་དེར་གསན་པའི་བཀའ་དབང་ཟབ་མོ་ཞིག་ཐེངས་འདིར་༧འཁོན་གདུང་རིན་པོ་ཆེ་མཆོག་ནས་སློབ་འབངས་རྣམས་ལ་བསྒོམ་ཁྲིད་དང་སྦྲེལ་བཀའ་དབང་དེ་བསྩལ་གནང་མཛད་ཅིང་། རིན་པོ་ཆེ་མཆོག་གི་དབུས་དཔལ་གྱི་རྩེ་མོ་ལ་གནས་སྐོར་བ་ཞེས་པ་དད་ལྡན་སློབ་འབངས་ཡོངས་འགྲུལ་བཞུད་ལ་ཞུགས་ནས་གནས་ཀྱི་གཙོ་བོ་གནས་ཆེན་བོ་རོ་བུ་དྷུར་ལ་གནས་མཇལ་དུ་ཕེབས་པ་མ་ཟད་ཡུལ་གྲུ་དེར་ཡོད་པའི་རྗེ་བཙུན་འཇམ་དཔལ་དབྱངས་དང་རྗེ་བཙུན་སྒྲོལ་མ་སོགས་མཆོད་པའི་དགོན་རྙིང་ཡོད་པ་དག་ལ་ཡང་གནས་གཟིགས་སུ་ཕེབས་སོ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*