ནང་པ་དང་ཚན་རིག་བར་གྱི་རྡུལ་ཕྲན་གྱི་གཏམ། མུ་འགོད། ༡

རྩོམ་པ་པོ།  ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།

ནང་པ་དང་ཚན་རིག་པས་རྡུལ་ཕྲན་བཤད་དགོས་པའི་རྒྱུ་མཚན།

སྤྱིར་ནང་པ་སངས་རྒྱས་པའི་གཞུང་དང་ཚན་རིག་པ་གཉིས་ཀས་རྡུལ་ཕྲན་གྱི་རྣམ་གཞག་རྒྱས་ཤིང་རྒྱས་པར་བཤད་ཅིང༌། རྡུལ་ཕྲན་བརྗོད་བྱར་བྱས་པའི་རྩོམ་གཞུང་ཡང་མང་པོ་ཡོད། རྡུལ་ཕྲན་གྱི་རྣམ་གཞག་ཕྱོགས་གཉིས་ཀས་སྨྲ་དགོས་པའི་རྒྱུ་མཚན་ནི། ང་ཚོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་འགྲོ་བ་མི་དང་དུད་འགྲོ་ཀུན་གྱི་འཚོ་བའི་གནས་འཛམ་གླིང་འདི་དང༌། དེ་ལ་དབང་བའི་ཉི་ཟླ་སྐར་གསུམ། དེ་ལས་གཞན་པའི་རྒྱུ་སྐར་ཆེན་པོ་ལྷག་པ། པ་སངས། མིག་དམར། ཕུར་བུ་ལ་སོགས་དང༌། སའི་གོ་ལའི་སྟེང་གི་ཆེས་བརྗིད་ཉམས་ཆེ་བའི་རི་བོ་ཧི་མ་ལ་ཡ་དང༌། གཏིང་དཔག་དཀའ་བའི་ཞི་བདེའི་རྒྱ་མཚོ་སོགས་ནི་ཐོག་མ་ཉིད་ནས་ད་ཡོད་ཀྱི་འཛམ་གླིང་དང༌། ཉི་ཟླ་སྐར་གསུམ། དེ་བཞིན་ཞི་བདེའི་རྒྱ་མཚོ་སོགས་ཀྱི་ངོ་བོར་གྲུབ་ཡོད་དམ་ཞེ་ན། དེ་ལ་ནང་པ་སངས་རྒྱས་པ་དང་ཚན་རིག་པ་གཉིས་ཀས་མ་བགྲོས་གཅིག་མཐུན་གྱི་སྒོ་ནས་ཆེས་ཐོག་མ་ཉིད་ནས་དེ་དང་དེའི་ངོ་བོར་གྲུབ་མེད་ཅེས་ལན་འདེབས་ལ། འོ་ན་དེ་རྣམས་ཇི་ལྟར་བྱས་ནས་གྲུབ་པ་ཡིན་ནམ་ཞེས་པའི་དྲི་བ་དེ་ནང་པ་སངས་རྒྱས་པ་དང་ཚན་རིག་པ་གཉིས་ཀར་བཀོད་ན། དེ་གཉིས་ཀས་འདི་ལྟར་སྨྲ་བར་སེམས་ཏེ། དེ་དག་ནི་གློ་བུར་དུ་དེ་དང་དེའི་ངོར་གྲུབ་པ་མ་ཡིན་ལ། རྒྱུ་མེད་དང་རྐྱེན་མེད་ལས་ཀྱང་གྲུབ་པ་ག་ལ་ཡིན་ཞེས་དང༌། དེ་ཡང་ལོ་ངོ་ས་ཡ་དང་དུང་ཕྱུར་མང་པོའི་བརྒྱུད་རིམ་ནང་མཐུན་པའི་རྒྱུ་རྐྱེན་གྱི་རིམ་པ་སྣ་ཚོགས་བརྒྱུད་ནས་ད་ཡོད་ཀྱི་འཛམ་གླིང་ཆེན་པོ་འདི་སོགས་ཀྱི་ངོ་བོར་གྲུབ་པ་ཡིན་ཞེས་སྨྲ་ལ། དཔེར་ན། ད་ལྟ་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་ཆེས་ཐོག་མ་ནས་ད་ལྟའི་གནས་སྟངས་བཞིན་གྲུབ་མེད་ལ། དེ་ཡང་དེའི་སྔ་རོལ་ཏུ་རྒྱུ་རྐྱེན་སྣ་ཚོགས་འདུས་པའི་རྟེན་འབྲེལ་ལས་བྱུང་བ་དང༌། ད་ལྟའི་ལོ་ངོ་སུམ་ཅུའི་གནས་སྐབས་ཀྱི་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་ སྔར་གྱི་ལོ་ཉི་ཤུ་དང་ལོ་ངོ་བཅུ་གྲངས་སྐབས་ཀྱི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་དེ་ཉིད་ལས་བྱུང་བ་དང༌། དེ་ཡང་དེའི་སྔ་རོལ་གྱི་མའི་མངལ་ནས་སྐྱེས་མ་ཐག་པའི་བྱིས་པའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ལས་བྱུང་བ་དང༌། དེ་ཡང་དེའི་སྔ་རོལ་གྱི་མའི་མངལ་ནང་གི་ཟླ་བ་དགུ་པ་དང༌། བརྒྱད་པ། བདུན་པའི་གནས་སྐབས་ཀྱི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ལས་བྱུང་བ་དང༌། དེ་ཡང་དེའི་སྔ་རོལ་གྱི་མའི་མངལ་ནང་གི་ཟླ་བ་དང་པོ་དང༌། གཉིས་པ་ལ་སོགས་པའི་གནས་སྐབས་ཀྱི་ལྟར་ལྟར་པོ་སོགས་ཀྱི་ཕུང་པོ་ལས་བྱུང་ལ། དེ་ཡང་དེའི་སྔ་རོལ་གྱི་ཕ་མ་གཉིས་ཀྱི་ཁུ་ཁྲག་འདུས་པ་ལས་བྱུང་བ་དང༌། དེ་ཡང་དེའི་སྔ་རོལ་གྱི་ཕའི་ཁུ་བ་ཐིགས་པ་གཅིག་དང་མའི་མངལ་གྱི་ཁྲག་ཐིགས་གཅིག་ལས་བྱུང་བ་ལྟར་ཡིན་པའི་ཕྱིར།

མདོར་ན། ད་ལྟའི་གནས་སྐབས་ཀྱི་ལྗིད་ཚད་དང་ཆེ་ཆུང་སོགས་ཚད་ངེས་ཅན་དུ་འཚར་ལོངས་བྱུང་བའི་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་རང་ཉིད་ལ་ལྟོས་ནས་ལྗིད་ཚད་དང་དབྱིབས་སོགས་ཆེས་ཤིན་ཏུ་ཆུང་བའི་ཕ་མའི་ཁུ་ཁྲག་གི་ཐིགས་པ་ལས་བྱུང་བ་བཞིན། འཛམ་གླིང་འདིའི་ཐོག་གི་ཆེས་བརྗིད་ཉམས་ལྡན་པའི་རི་བོ་ཧི་མ་ལ་ཡ་ཡང་རང་ཉིད་ཀྱི་རྒྱུར་གྱུར་པའི་ལོ་ངོ་སྟོང་ཕྲག་དང་ཁྲི་ཕྲག་གི་སྔ་རོལ་ཏུ་བྱུང་བའི་རི་བོ་ཆུང་ཆུང་རྣམས་ཀྱིས་ཉེར་ལེན་དང་རྩོམ་གཞི་བྱས་པ་ལ་བརྟེན་ནས་གྲུབ་པ་དང༌། དེའི་རྩོམ་གཞིར་གྱུར་པའི་རི་བོ་ཆུང་ཆུང་རྣམས་ཀྱང་གློ་བུར་དུ་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན་པར་རང་ཉིད་ཀྱི་རྒྱུར་གྱུར་པའི་ས་དང་རྡོ་སོགས་འདུས་པའི་ཉེར་ལེན་ལས་གྲུབ་པ་ཡིན། ས་རྡོ་ཡང་རང་ཉིད་ཀྱི་ཉེར་ལེན་གྱི་རྒྱུར་གྱུར་པའི་སའི་རྡུལ་ཕྲན་དང་རྡོའི་རྡུལ་ཕྲན་ལས་བྱུང་བ་དང༌། སའི་རྡུལ་ཕྲན་དང་རྡོའི་རྡུལ་ཕྲན་ཡང་རང་ཉིད་ཀྱི་ཉེར་ལེན་གྱི་རྒྱུར་གྱུར་པའི་ས་རྡུལ་ཕྲ་རབ་དང༌། དེ་བཞིན་དུ་ང་ཚོ་འགྲོ་བ་མི་གཙོ་བོར་གྱུར་པའི་སྐྱེ་འགྲོ་ཀུན་འཚོ་བའི་གནས་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཡང་ཐོག་མ་ནས་སའི་གོ་ལའི་ཟླུམ་གཟུགས་ཀྱི་ངོ་བོར་གྲུབ་མེད་པ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་དང་ཚན་རིག་པ་གཉིས་ཀས་ཐག་བཅད་ནས་གཅིག་མཚུངས་སུ་སྨྲ་བཞིན་ཡོད། དེ་ནི་གོང་དུ་ཤ་རུས་གདོས་བཅས་ཀྱི་ཕུང་པོ་སོགས་ལ་ཇི་ལྟར་འགྲེལ་བརྗོད་བྱས་པ་བཞིན། ཟླུམ་གཟུགས་ཅན་གྱི་སའི་གོ་ལ་འདི་གྲུབ་པ་ཡང་མི་ལོ་དུང་ཕྱུར་མང་པོའི་དུས་ཡུན་བརྒྱུད་པ་ལ་བརྟེན་ནས་ས་ཆུ་མེ་རླུང་གི་འབྱུང་བ་བཞི་གཙོ་བོའི་རྒྱུར་བྱས་ནས་རིམ་བཞིན་དུ་ཆུང་ནས་འབྲིང་དང༌། འབྲིང་ནས་ཆེན་པོའི་ངོ་བོར་གྱུར་པ་ནི་སྔར་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོར་བཤད་པའི་འགྱུར་འགྲོས་ཀྱི་རིམ་པ་དང་མཚུངས་པ་ནི་སྤྱིར་བེམ་གཟུགས་ཀྱི་ཆོས་ཐམས་ཅད་ཆུང་བ་རྡུལ་ཕྲ་རབ་ནས་ཆེ་བ་རང་དང་རང་གི་ངོ་བོར་རིམ་གྱིས་འགྲུབ་པ་དང༌། མཐར་རང་རང་གི་ངོ་བོ་བརླགས་ནས་ཆུང་བ་རྡུལ་ཕྲ་རབ་ཀྱི་ངོ་བོར་འགྱུར་བའི་སྐྱེ་གནས་འཇིག་གསུམ་གྱི་འགྱུར་འགྲོས་ཀྱི་རིམ་པ་ལས་འདར་མེད་པ་ནི་བེམ་གཟུགས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནོ། །

དེ་མཚུངས་ཉི་མའི་ཁྱིམ་རྒྱུད་དུ་གནས་པའི་གཟའ་སྐར་གཞན་རྣམས་ཀྱང་ཐོག་མ་ནས་ད་ལྟ་མཐོང་བཞིན་པའི་གཟའ་སྐར་སོ་སོའི་ངོ་བོར་གྲུབ་མེད་པར་ཆེས་ཕྲ་བའི་རྡུལ་ཕྲ་རབ་ཀྱིས་རྩོམ་གཞི་བྱས་ནས་ད་གཟོད་དེ་ལྟ་བུའི་ངོ་བོར་གྲུབ་པ་ནི་སྔར་བཤད་པའི་རིགས་པ་རྣམས་ཀྱིས་ཤེས་ནུས་ལ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་དང༌། སའི་གོ་ལའི་སྟེང་གི་རི་ར་བ་ཁང་ཁྱིམ། རྩི་ཤིང་ནགས་ཚལ། ཆུ་ཕྲན་དང་རྒྱ་མཚོ། འགྲོ་བ་མི་གཙོ་བོར་གྱུར་པའི་སྲོག་ཆགས་ཀུན་གྱི་ལུས་ཕུང་ཡང་རྡུལ་ཕྲན་རྩོམ་གཞིར་བྱས་ནས་གྲུབ་པ་ནི་རྡུལ་ཕྲན་འདུས་པའི་དངོས་པོ་ཐམས་ཅད་ལ་མཚུངས་པ་ནང་པ་སངས་རྒྱས་པའི་གཞུང་དང་ཚན་རིག་པ་གཉིས་ཀས་འདོད་པ་དང་རྒྱུ་མཚན་གྱི་ལམ་ནས་འགྲེལ་བརྗོད་ཀྱང་བྱེད་བཞིན་ཡོད། སའི་གོ་ལ་ལ་སོགས་པའི་དངོས་པོའི་ཆོས་དེ་དག་གི་རང་བཞིན་དང༌། རྒྱུ་རྐྱེན་མཐར་ཐུག་གང་ཞིག་ལས་གྲུབ་ཚུལ་སོགས་ཕྲ་ཞིང་ཕྲ་བ་དང་གསལ་ཞིང་གསལ་བ་ཤེས་པར་རྡུལ་ཕྲན་གྱི་རྣམ་གཞག་གལ་ཆེ་བར་བརྟེན་ནང་པ་སངས་རྒྱས་པ་དང་ཚན་རིག་པ་གཉིས་ཀས་རྡུལ་ཕྲན་གྱི་རྣམ་གཞག་གི་ལྟ་གྲུབ་སྨྲ་དགོས་བྱུང་བ་རེད་སྙམ།

འོན་ཀྱང་ལྟ་ཚུལ་དེ་གཉིས་ལ་ཁྱད་པར་མེད་པའང་མ་ཡིན་ཏེ། དེ་དག་གི་རྩ་བའི་རྩོམ་གཞིར་གྱུར་པའི་རྡུལ་ཕྲ་རབ་ཀྱི་རྣམ་གཞག་འཆད་སྐབས་ཕྱོགས་ཁ་ཤས་ནས་མཐུན་པ་དང་ཕྱོགས་ཁ་ཤས་ནས་མི་མཐུན་པ་ཡོད་པ་དེ་དག་གི་སྐོར་མདོ་ཙམ་འདིར་འགོད་ན།

སྤྱིར་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་གས་རྡུལ་ཕྲན་གྱི་རྣམ་གཞག་བཤད་དགོས་པའི་རྒྱུ་མཚན་སོགས་ནི་ཕལ་ཆེར་མཐུན་ཡང་རྡུལ་ཕྲ་རབ་ཀྱི་རྣམ་གཞག་འདོད་ཚུལ་ལ་ནང་ཕན་ཚུན་མི་མཐུན་པའང་ཡོད་པས། འདིར་ཐོག་མར་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་ལྟ་བའི་ཆ་ནས་དམའ་ཤོས་གྲས་བྱེ་མདོ་གཉིས་ཀྱི་འདོད་ཚུལ་མདོ་ཙམ་བརྗོད་ན།

སྤྱིར་བྱེ་མདོ་གཉིས་ཀྱིས་རྡུལ་ཕྲ་རབ་ཀྱི་རྣམ་གཞག་བཤད་དགོས་པའི་རྒྱུ་མཚན་ནི། བྱེ་མདོ་གཉིས་ཀྱིས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པར་འདོད་ཅིང༌། གཞི་ལྔ་ནི། གཟུགས་དང༌། སེམས་དང༌། སེམས་བྱུང་དང༌། མི་ལྡན་པའི་འདུ་བྱེད་དང༌། འདུས་མ་བྱས་ཏེ་ལྔ་ལས་གཟུགས་ཀྱི་ཆོས་རྣམས་སྐྱེ་ཚུལ་དང་གྲུབ་ཚུལ་བཤད་སྐབས་ཕྱི་རོལ་གྱི་གཟུགས་ཅན་གྱི་དངོས་པོ་ཐམས་ཅད་མཐར་གཏུགས་ན་རྡུལ་ཕྲ་རབ་ཀྱིས་རྩོམ་གཞི་བྱས་ནས་གྲུབ་པར་འདོད་པའི་རྒྱུ་མཚན་གྱིས་རྡུལ་ཕྲན་གྱི་རྣམ་གཞག་བཤད་པ་ཡིན།

རྡུལ་ཕྲ་རབ་རྩོམ་གཞིར་བྱས་ནས་བེམ་གཟུགས་ཀྱི་དངོས་པོ་རྣམས་གྲུབ་ཚུལ།

བྱེ་བྲག་སྨྲ་བས་ནི་འཇིག་རྟེན་གྱི་ཁམས་ན་ལུས་ཀྱི་དབང་པོའི་རྡུལ་དང་སྒྲའི་རྡུལ་མེད་པའི་རྡུལ་ཕྲན་བསགས་པ་ལས་གྲུབ་པའི་དངོས་པོ་ཡིན་ན། ངེས་པར་དུ་རང་ཉིད་ཀྱི་ཚོགས་པའི་ནང་ན་དབང་པོའི་རྡུལ་དང་སྒྲའི་རྡུལ་མ་ཡིན་པའི་འབྱུང་བ་བཞིའི་རྡུལ་ཕྲ་རབ་དང་གཟུགས་དྲི་རོ་རེག་བྱའི་རྡུལ་ཕྲ་རབ་སྟེ་རྡུལ་ཕྲ་རབ་བརྒྱད་ངེས་པར་ལྷན་ཅིག་ཏུ་འཚོགས་ནས་གྲུབ་པར་འདོད་ཅིང༌། དཔེར་ན། ཆུ་ལྟ་བུར་མཚོན་ན། ཤིང་ལ་སོགས་པ་ཆུའི་ཁར་ཡར་འདེགས་པ་དང༌། རྩི་ཤིང་སོགས་རྒྱས་པ། ཆུ་གཡོ་བར་བྱེད་པས་སའི་རྡུལ་དང༌། མེའི་རྡུལ། རླུང་གི་རྡུལ་དང༌། རང་ཉིད་ཆུ་ཡིན་པའི་ཆ་ནས་ཆུའི་རྡུལ་ཕྲ་རབ་རྣམས་ཆུའི་ཁམས་དང་ལྷན་ཅིག་ཏུ་འབྲལ་མེད་ཀྱི་ཚུལ་དུ་ངེས་པར་སྐྱེ་བ་དང༌། མ་ཟད་ང་ཚོའི་མིག་ཤེས་ཀྱིས་ཆུའི་མདོག་དང༌། སྣ་ཤེས་ཀྱིས་ཆུའི་དྲི་དང༌། ལྕེ་ཤེས་ཀྱིས་ཆུའི་རོ་དང༌། ལུས་ཤེས་ཀྱིས་ཆུའི་རེག་བྱ་མྱོང་བ་ཡོད་པས་གཟུགས་ཀྱི་རྡུལ་ཕྲ་རབ་དང༌། དྲི་དང༌། རོ་དང༌། རེག་བྱའི་རྡུལ་ཕྲ་རབ་རྣམས་ངེས་པར་ཆུའི་ཁམས་དང་ལྷན་ཅིག་ཏུ་སྐྱེ། དེ་བཞིན་དུ་མེ་ལའང་མེ་ལྕེ་འདེགས་པ་དང༌། མེ་ལྕེ་འདུས་པ། མེ་ལྕེ་གཡོ་བ་རྣམས་ཡོད་པས་སའི་རྡུལ་དང༌། ཆུའི་རྡུལ་དང༌། རླུང་གི་རྡུལ་དང༌། རང་ཉིད་མེ་ཡིན་པའི་ཆ་ནས་མེའི་རྡུལ་ཕྲ་རབ་རྣམས་མེ་དང་ལྷན་ཅིག་ཏུ་སྐྱེ། མ་ཟད་གཟུགས་ཀྱི་སྐྱེ་མཆེད། དྲི་དང༌། རོ་དང༌། རེག་བྱའི་རྡུལ་ཡང་མེ་དང་ལྷན་ཅིག་ཏུ་སྐྱེ་བ་ནི་གོང་དུ་བཤད་པ་བཞིན་བེམ་གཟུགས་ཀྱི་ཆོས་རྣམས་རྡུལ་ཕྲ་རབ་བརྒྱད་དང་འབྲལ་མི་རུང་བ་ཡིན་ནོ། །

དེ་བཞིན་དུ་དབང་པོ་ལྟ་བུ་ནི་སྔར་གྱི་རྡུལ་ཕྲ་རབ་བརྒྱད་དང་དེའི་སྟེང་དུ་རང་ཉིད་དབང་པོ་ཡིན་པའི་ཆ་ནས་དབང་པོའི་རྡུལ་ཕྲ་རབ་གཅིག་བསྣན་པས་ལྷན་ཅིག་ཏུ་རྡུལ་ཕྲ་རབ་དགུ་བྱུང་བ་དང༌། སྒྲ་ལྟ་བུ་ཡང་སྔར་གྱི་རྡུལ་ཕྲ་རབ་བརྒྱད་དང་དེའི་སྟེང་དུ་རང་ཉིད་སྒྲའི་རྡུལ་ཕྲ་རབ་གཅིག་བསྣན་པས་ངེས་པར་དུ་རྡུལ་ཕྲ་རབ་དགུ་དང་ལྷན་ཅིག་ཏུ་ངེས་པར་བྱུང་བར་འདོད། དེ་དག་ནི་ཆུ་སོགས་ཀྱི་ངོ་བོར་གྲུབ་པའི་འདུས་བྱས་ལ་མ་མཐའ་ཡང་རྡུལ་ཕྲ་རབ་དེ་དག་དང་ལྷན་ཅིག་ཏུ་སྐྱེ་དགོས་པར་བཤད་པ་ཡིན་ནོ། །

འོ་ན། ཆུའི་རྡུལ་ཕྲ་རབ་གཅིག་གྲུབ་པ་ལ་དེ་དང་ལྷན་ཅིག་ཏུ་རྡུལ་ཕྲ་རབ་གཞན་རྣམས་ངེས་པར་ཚོགས་དགོས་སམ། ཡང་ན། ཆུའི་རྡུལ་ཕྲ་རབ་ཡན་གར་བ་གཅིག་པུར་གནས་པ་ཡོད་དམ་ཞེ་ན། དེ་ལ་བྱེ་སྨྲའི་ལུགས་ལ་འདོད་ཚུལ་མི་འདྲ་བ་གཉིས་ཙམ་སྟེ། འདོད་ཚུལ་དང་པོ་ནི། མཁས་པ་འགས་འདོད་པའི་ཁམས་ན་སྒྲའི་རྡུལ་དང༌། དབང་པོའི་རྡུལ་མ་ཚོགས་པའི་རྡུལ་ཕྲ་རབ་གཅིག་སྐྱེ་བ་ནའང་ངེས་པར་དུ་དེ་དང་ལྷན་ཅིག་ཏུ་རྡུལ་རྫས་བརྒྱད་སྐྱེས་པས་ཁྱབ་པར་འདོད་དེ། དེ་ཡང་དུས་རབས་བཞི་པའི་ནང་བྱོན་པའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལས། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་གསུངས་པའི་དགོངས་པ་འགྲེལ་ཚུལ་མི་འདྲ་བའི་གནད་ཀྱིས་ཡིན། དཔེར་ན། ཆུའི་རྡུལ་ཕྲ་རབ་གཅིག་གྲུབ་པ་ན། དེ་དང་ལྷན་ཅིག་ཏུ་མེའི་རྡུལ་ཕྲ་རབ་གཅིག སའི་རྡུལ་ཕྲ་རབ་གཅིག རླུང་གི་རྡུལ་ཕྲ་རབ་གཅིག གཟུགས་ཀྱི་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་གཅིག དྲིའི་རྡུལ་ཕྲ་རབ་གཅིག རོའི་རྡུལ་ཕྲ་རབ་གཅིག རེག་བྱའི་རྡུལ་ཕྲ་རབ་གཅིག་སྟེ་བརྒྱད་བྱུང་བ་དང༌། དེ་བཞིན་དུ་ཆུའི་རྡུལ་ཕྲ་རབ་གཉིས་གྲུབ་པ་ལ་རྡུལ་ཕྲ་རབ་བརྒྱད་གཉིས་བཅུ་དྲུག་དང་ལྷན་ཅིག་ཏུ་གྲུབ་པས་ཁྱབ་པ་དང༌། མེའི་རྡུལ་ཕྲ་རབ་སོགས་ཀྱང་གཉིས་གཉིས་ལྷན་ཅིག་ཏུ་འབྱུང་ངོ༌། ཞེས་རྡུལ་ཕྲ་རབ་ཡན་གར་བ་དང་རྡུལ་ཕྲ་རབ་ཆ་མེད་པ་གཅིག་པུར་གནས་པ་ནི་མི་འདོད་དེ། དཔེར་ན། རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་( 1617-1682) མཛད་པའི་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ལས། འདོད་པར་དབང་པོས་ཟིན་པ་མེད་པའི་རྡུལ་ཕྲ་རབ་གཅིག་སྐྱེ་བའི་ཚེ་རྡུལ་རྫས་བརྒྱད་ཅིག་ཅར་དུ་སྐྱེ་སྟེ། དེ་སྐྱེ་བའི་ཚེ་འབྱུང་བཞིའི་རྡུལ་དང་སྒྲ་མེད་དེ་སྒྲ་མ་གཏོགས་པའི་ཕྱི་དོན་བཞི་སྟེ་བརྒྱད་ཅིག་ཅར་དུ་སྐྱེ་བའི་ཕྱིར། ཞེས་བྱུང་ངོ་། །

འདོད་ཚུལ་གཉིས་པ་ནི། འདོད་པའི་ཁམས་ན་སྒྲའི་རྡུལ་དང་དབང་པོའི་རྡུལ་མེད་པའི་བསགས་རྡུལ་གཅིག་གྲུབ་པ་ལ་དེ་དང་ལྷན་ཅིག་ཏུ་འབྱུང་བ་བཞིའི་རྡུལ་ཕྲ་རབ་ཆ་མེད་དང་གཟུགས་དྲི་རོ་རེག་བྱའི་རྡུལ་ཕྲ་རབ་ཆ་མེད་རྣམས་ངེས་པར་ལྷན་ཅིག་ཏུ་སྐྱེ་དགོས་ཞེས་པའི་དོན་དུ་འགྲེལ་བརྗོད་བྱེད་པ་ལས། རྫས་རྡུལ་ལམ་རྡུལ་ཕྲ་རབ་གཅིག་གྲུབ་པ་ལ་རང་ཉིད་དང་ལྷན་ཅིག་ཏུ་རྡུལ་རྫས་བརྒྱད་ཚོགས་པའམ་སྐྱེ་བའི་དོན་དུ་མི་འདོད་པར་རྡུལ་ཕྲ་རབ་ཆ་མེད་ཡན་གར་བའམ་གཅིག་པུར་གནས་པ་འདོད་དེ། དཔེར་ན།མཆིམས་ནམ་མཁའ་གྲགས་པའམ་མཆིམས་འཇམ་པའི་དབྱངས་ཀྱིས་( 1210-1285) མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ལས། བསགས་པའི་རྡུལ་སྨོས་པ་ནི་རྡུལ་ཕྲ་རབ་ཆ་མེད་པ་ནི་གཅིག་པུར་གནས་པའི་ཕྱིར་རྫས་གཞན་འདུས་པ་མེད་དོ་སྙམ་དུ་བསམ་པའོ། །ཞེས་དང༌། པཎ་ཆེན་བསོན་ནམས་གྲགས་པའི་( 1478-1554)མཛོད་ཤེས་བྱ་རབ་གསལ་ལས། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། སྔ་མ་རྫས་རྡུལརྡུལ་གང་དང་ཡང་ལྷན་ཅིག་མ་བྱུང་བར་དང་པོར་སྐྱེས་པའི་རྡུལ་ཕྲ་རབ་ཅིག་ལ་འཇོག ཅེས། འདོད་ཚུལ་མི་འདྲ་བ་གཉིས་བྱུང་བ་ཡིན་ནོ། །

དེས་ན་བྱེ་བྲག་སྨྲ་བའི་ལུགས་ལ། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་པའི་སྒྲའི་རྡུལ་དང༌། དབང་པོའི་རྡུལ་ཕྲ་རབ་དང་མ་ཚོགས་པའི་རྡུལ་ལ་རྡུལ་རྫས་བརྒྱད་ཚོགས་དགོས་ཞེས་པའི་རྡུལ་དེ་བསགས་རྡུལ་དུ་འདོད་པ་ལྟར་ན། བསགས་རྡུལ་གཅིག་འགྲུབ་པ་ལ། རང་ཉིད་དང་ལྷན་ཅིག་ཏུ་རྫས་རྡུལ་བརྒྱད་སྐྱེས་པས་ཁྱབ་ཅེས་སྨྲ་བ་དང༌། སྒྲའི་རྡུལ་དང་དབང་པོའི་རྡུལ་ཕྲ་རབ་མ་ཚོགས་པའི་རྡུལ་ལ་རྡུལ་རྫས་བརྒྱད་ཚོགས་དགོས་ཞེས་པའི་རྡུལ་དེ་རྫས་རྡུལ་དུ་འདོད་ན། རྫས་རྡུལ་ཕྲ་རབ་གཅིག་འགྲུབ་པ་ལ་རང་ཉིད་དང་ལྷན་ཅིག་ཏུ་རྫས་རྡུལ་བརྒྱད་ཚོགས་དགོས་ཞེས་པའི་དོན་དུ་འགྱུར་བས། དེ་གཉིས་ལས་གང་ཟབ་དང་གང་ཕྲ་དཔྱད་པར་བྱའོ། །

འོན་ཀྱང་སྔ་མ་ལྟར་བྱས་ན་ཅུང་ལེགས་སྙམ་སྟེ། བྱེ་བྲག་སྨྲ་བའི་གཞུང་ལས། རྫས་རྡུལ་རྣམས་ནི་ཆ་ཤས་མེད་པའི་ཕྱིར། ཕན་ཚུན་རེག་པ་ནི་མེད་ཀྱི་གཅིག་ལ་དུ་མས་བསྐོར་བར་འདོད་པ་གསུངས་པས་རྡུལ་ཕྲ་རབ་ཆ་མེད་གཅིག་ལ་རྡུལ་ཕྲ་རབ་དུ་མས་བསྐོར་བར་འདོད་པ་ལྟར་ན་རྫས་རྡུལ་ཁེར་རྐྱང་དང་ཆ་མེད་ཡན་གར་བ་མི་སྲིད་པ་དང༌། རྫས་རྡུལ་གཅིག་འགྲུབ་པ་ལ་རྫས་རྡུལ་བརྒྱད་འདུ་དགོས་སམ་སྙམ།

གལ་ཏེ་བྱེ་བྲག་སྨྲ་བའི་ལུགས་ལ། དཔེར་ན། མེའི་རྫས་རྡུལ་གཅིག་གམ་བསགས་རྡུལ་གཅིག་འགྲུབ་པ་ལ་འབྱུང་བ་བཞིའི་རྡུལ་དང༌། གཟུགས་སོགས་ཀྱི་རྡུལ་ཕྲ་རབ་ངེས་པར་ཚོགས་དགོས་ན། འོ་ན། དངོས་པོ་འགའ་སའི་ངོ་བོར་གྲུབ་པ་དང༌། དངོས་པོ་འགའ་གཤེར་བའི་ངོ་བོར་གྲུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྡུལ་ཕྲ་རབ་དེ་དག་དམིགས་ཀྱང་ཤས་ཆེ་ཆུང་ཡོད་པའི་རྒྱུ་མཚན་དང༌། རྡུལ་ཕྲ་རབ་དེ་དག་གི་བྱེད་ལས་རེས་འགའ་མངོན་དུ་འགྱུར་མི་འགྱུར་གྱི་དབང་གིས་དངོས་པོ་འགའ་སའི་ངོ་བོར་གྲུབ་པ་དང༌། དངོས་པོ་འགའ་གཤེར་བའི་ངོ་བོར་གྲུབ་པ་ཡིན་ཞེས་བྱེ་བྲག་སྨྲ་བས་སྨྲ།

ཡང་དེ་ལ་མཁས་པ་འགས། གལ་ཏེ་མེ་ལྟ་བུའི་ཚོགས་པའི་ནང་ན་ཡོད་པའི་བསགས་རྡུལ་ཕྲ་རབ་གཅིག་ཉིད་ཀྱང་རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་ངེས་པར་ཚོགས་དགོས་ན། དེ་འདྲ་བའི་བསགས་རྡུལ་ཅི་ཙམ་བསགས་པའི་ཕུང་པོ་དེ་ལ་འབྱུང་བ་བཞི་གའི་རྡུལ་རྫས་གྲངས་ཆ་མཉམ་དུ་འབྱུང་བ་ལས་མང་ཉུང་འབྱུང་མི་ཤེས་ན་ཤས་ཆེ་ཆུང་ཡང་ཇི་ལྟར་འབྱུང༌། དེས་ན་མེའི་རྡུལ་རྫས་ཀྱི་ཕུང་པོ་ཅི་ཙམ་ཡོད་པ་དེ་ཙམ་དུ། ས་རྡུལ་དང་ཆུ་རྡུལ་གྱི་ཕུང་པོ་ཡང་ཡོད་པར་འདོད་དགོས་ལ། དེ་ལྟར་ན། མེའི་ཕུང་པོ་དེ་ལ་དེ་དང་མཉམ་པའི་སའི་ཕུང་པོ་དང་ཆུའི་ཕུང་པོ་སོགས་ཀྱང་ཡོད་པར་འདོད་དགོས་ན། དེ་ལྟར་མེད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཅི་སྟེ་དེའི་ཚོགས་པ་ན་འབྱུང་བཞིའི་རྡུལ་རྫས་གྲངས་མཉམ་པར་ཡོད་ནའང༌། དེ་དག་ཀྱང་མེའི་རང་བཞིན་དུ་སོང་བ་ཡིན་ནོ་ཞེ་ན། དེ་བས་ཀྱང་མི་རིགས་ཏེ་ཆུ་རྡུལ་བསགས་པ་མེའི་རང་བཞིན་དུ་སོང་བ་ཡོད་ན། མེ་ཆུར་སོང་བ་དང༌། ཆུ་མེར་སོང་བ་ཡང་ཡོད་པར་འགྱུར་རོ་ཞེས། བྱེ་བྲག་སྨྲ་བས་བསགས་རྡུལ་གཅིག་འགྲུབ་པ་ལ་རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་ངེས་པར་ཚོགས་དགོས་ཞེས་པའི་འདོད་ཚུལ་ལ་གྲུབ་མཐའ་གོང་མའི་འདོད་པ་ལྟར་གྱིས་དགག་པ་བྱས་པ་ཡང་ཡོད་དོ། །

མུ་འགོད།

སྤྱིར་ནང་པ་སངས་རྒྱས་པའི་གཞུང་དང་ཚན་རིག་པ་གཉིས་ཀས་རྡུལ་ཕྲན་གྱི་རྣམ་གཞག་རྒྱས་ཤིང་རྒྱས་པར་བཤད་ཅིང༌། རྡུལ་ཕྲན་བརྗོད་བྱར་བྱས་པའི་རྩོམ་གཞུང་ཡང་མང་པོ་ཡོད། རྡུལ་ཕྲན་གྱི་རྣམ་གཞག་ཕྱོགས་གཉིས་ཀས་སྨྲ་དགོས་པའི་རྒྱུ་མཚན་ནི། ང་ཚོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་འགྲོ་བ་མི་དང་དུད་,འགྲོ་ཀུན་གྱི་འཚོ་བའི་གནས་འཛམ་གླིང་འདི་དང༌། དེ་ལ་དབང་བའི་ཉི་ཟླ་སྐར་གསུམ། དེ་ལས་གཞན་པའི་རྒྱུ་སྐར་ཆེན་པོ་ལྷག་པ། པ་སངས། མིག་དམར། ཕུར་བུ་ལ་སོགས་དང༌། སའི་གོ་ལའི་སྟེང་གི་ཆེས་བརྗིད་ཉམས་ཆེ་བའི་རི་བོ་ཧི་མ་ལ་ཡ་དང༌། གཏིང་དཔག་དཀའ་བའི་ཞི་བདེའི་རྒྱ་མཚོ་སོགས་ནི་ཐོག་མ་ཉིད་ནས་ད་ཡོད་ཀྱི་འཛམ་གླིང་དང༌། ཉི་ཟླ་སྐར་གསུམ། དེ་བཞིན་ཞི་བདེའི་རྒྱ་མཚོ་སོགས་ཀྱི་ངོ་བོར་གྲུབ་ཡོད་དམ་ཞེ་ན། དེ་ལ་ནང་པ་སངས་རྒྱས་པ་དང་ཚན་རིག་པ་གཉིས་ཀས་མ་བགྲོས་གཅིག་མཐུན་གྱི་སྒོ་ནས་ཆེས་ཐོག་མ་ཉིད་ནས་དེ་དང་དེའི་ངོ་བོར་གྲུབ་མེད་ཅེས་ལན་འདེབས་ལ། འོ་ན་དེ་རྣམས་ཇི་ལྟར་བྱས་ནས་གྲུབ་པ་ཡིན་ནམ་ཞེས་པའི་དྲི་བ་དེ་ནང་པ་སངས་རྒྱས་པ་དང་ཚན་རིག་པ་གཉིས་ཀར་བཀོད་ན། དེ་གཉིས་ཀས་འདི་ལྟར་སྨྲ་བར་སེམས་ཏེ། དེ་དག་ནི་གློ་བུར་དུ་དེ་དང་དེའི་ངོར་གྲུབ་པ་མ་ཡིན་ལ། རྒྱུ་མེད་དང་རྐྱེན་མེད་ལས་ཀྱང་གྲུབ་པ་ག་ལ་ཡིན་ཞེས་དང༌། དེ་ཡང་ལོ་ངོ་ས་ཡ་དང་དུང་ཕྱུར་མང་པོའི་བརྒྱུད་རིམ་ནང་མཐུན་པའི་རྒྱུ་རྐྱེན་གྱི་རིམ་པ་སྣ་ཚོགས་བརྒྱུད་ནས་ད་ཡོད་ཀྱི་འཛམ་གླིང་ཆེན་པོ་འདི་སོགས་ཀྱི་ངོ་བོར་གྲུབ་པ་ཡིན་ཞེས་སྨྲ་ལ། དཔེར་ན། ད་ལྟ་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་ཆེས་ཐོག་མ་ནས་ད་ལྟའི་གནས་སྟངས་བཞིན་གྲུབ་མེད་ལ། དེ་ཡང་དེའི་སྔ་རོལ་ཏུ་རྒྱུ་རྐྱེན་སྣ་ཚོགས་འདུས་པའི་རྟེན་འབྲེལ་ལས་བྱུང་བ་དང༌། ད་ལྟའི་ལོ་ངོ་སུམ་ཅུའི་གནས་སྐབས་ཀྱི་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་ སྔར་གྱི་ལོ་ཉི་ཤུ་དང་ལོ་ངོ་བཅུ་གྲངས་སྐབས་ཀྱི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་དེ་ཉིད་ལས་བྱུང་བ་དང༌། དེ་ཡང་དེའི་སྔ་རོལ་གྱི་མའི་མངལ་ནས་སྐྱེས་མ་ཐག་པའི་བྱིས་པའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ལས་བྱུང་བ་དང༌། དེ་ཡང་དེའི་སྔ་རོལ་གྱི་མའི་མངལ་ནང་གི་ཟླ་བ་དགུ་པ་དང༌། བརྒྱད་པ། བདུན་པའི་གནས་སྐབས་ཀྱི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ལས་བྱུང་བ་དང༌། དེ་ཡང་དེའི་སྔ་རོལ་གྱི་མའི་མངལ་ནང་གི་ཟླ་བ་དང་པོ་དང༌། གཉིས་པ་ལ་སོགས་པའི་གནས་སྐབས་ཀྱི་ལྟར་ལྟར་པོ་སོགས་ཀྱི་ཕུང་པོ་ལས་བྱུང་ལ། དེ་ཡང་དེའི་སྔ་རོལ་གྱི་ཕ་མ་གཉིས་ཀྱི་ཁུ་ཁྲག་འདུས་པ་ལས་བྱུང་བ་དང༌། དེ་ཡང་དེའི་སྔ་རོལ་གྱི་ཕའི་ཁུ་བ་ཐིགས་པ་གཅིག་དང་མའི་མངལ་གྱི་ཁྲག་ཐིགས་གཅིག་ལས་བྱུང་བ་ལྟར་ཡིན་པའི་ཕྱིར།

མདོར་ན། ད་ལྟའི་གནས་སྐབས་ཀྱི་ལྗིད་ཚད་དང་ཆེ་ཆུང་སོགས་ཚད་ངེས་ཅན་དུ་འཚར་ལོངས་བྱུང་བའི་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་རང་ཉིད་ལ་ལྟོས་ནས་ལྗིད་ཚད་དང་དབྱིབས་སོགས་ཆེས་ཤིན་ཏུ་ཆུང་བའི་ཕ་མའི་ཁུ་ཁྲག་གི་ཐིགས་པ་ལས་བྱུང་བ་བཞིན། འཛམ་གླིང་འདིའི་ཐོག་གི་ཆེས་བརྗིད་ཉམས་ལྡན་པའི་རི་བོ་ཧི་མ་ལ་ཡ་ཡང་རང་ཉིད་ཀྱི་རྒྱུར་གྱུར་པའི་ལོ་ངོ་སྟོང་ཕྲག་དང་ཁྲི་ཕྲག་གི་སྔ་རོལ་ཏུ་བྱུང་བའི་རི་བོ་ཆུང་ཆུང་རྣམས་ཀྱིས་ཉེར་ལེན་དང་རྩོམ་གཞི་བྱས་པ་ལ་བརྟེན་ནས་གྲུབ་པ་དང༌། དེའི་རྩོམ་གཞིར་གྱུར་པའི་རི་བོ་ཆུང་ཆུང་རྣམས་ཀྱང་གློ་བུར་དུ་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན་པར་རང་ཉིད་ཀྱི་རྒྱུར་གྱུར་པའི་ས་དང་རྡོ་སོགས་འདུས་པའི་ཉེར་ལེན་ལས་གྲུབ་པ་ཡིན། ས་རྡོ་ཡང་རང་ཉིད་ཀྱི་ཉེར་ལེན་གྱི་རྒྱུར་གྱུར་པའི་སའི་རྡུལ་ཕྲན་དང་རྡོའི་རྡུལ་ཕྲན་ལས་བྱུང་བ་དང༌། སའི་རྡུལ་ཕྲན་དང་རྡོའི་རྡུལ་ཕྲན་ཡང་རང་ཉིད་ཀྱི་ཉེར་ལེན་གྱི་རྒྱུར་གྱུར་པའི་ས་རྡུལ་ཕྲ་རབ་དང༌། དེ་བཞིན་དུ་ང་ཚོ་འགྲོ་བ་མི་གཙོ་བོར་གྱུར་པའི་སྐྱེ་འགྲོ་ཀུན་འཚོ་བའི་གནས་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཡང་ཐོག་མ་ནས་སའི་གོ་ལའི་ཟླུམ་གཟུགས་ཀྱི་ངོ་བོར་གྲུབ་མེད་པ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་དང་ཚན་རིག་པ་གཉིས་ཀས་ཐག་བཅད་ནས་གཅིག་མཚུངས་སུ་སྨྲ་བཞིན་ཡོད། དེ་ནི་གོང་དུ་ཤ་རུས་གདོས་བཅས་ཀྱི་ཕུང་པོ་སོགས་ལ་ཇི་ལྟར་འགྲེལ་བརྗོད་བྱས་པ་བཞིན། ཟླུམ་གཟུགས་ཅན་གྱི་སའི་གོ་ལ་འདི་གྲུབ་པ་ཡང་མི་ལོ་དུང་ཕྱུར་མང་པོའི་དུས་ཡུན་བརྒྱུད་པ་ལ་བརྟེན་ནས་ས་ཆུ་མེ་རླུང་གི་འབྱུང་བ་བཞི་གཙོ་བོའི་རྒྱུར་བྱས་ནས་རིམ་བཞིན་དུ་ཆུང་ནས་འབྲིང་དང༌། འབྲིང་ནས་ཆེན་པོའི་ངོ་བོར་གྱུར་པ་ནི་སྔར་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོར་བཤད་པའི་འགྱུར་འགྲོས་ཀྱི་རིམ་པ་དང་མཚུངས་པ་ནི་སྤྱིར་བེམ་གཟུགས་ཀྱི་ཆོས་ཐམས་ཅད་ཆུང་བ་རྡུལ་ཕྲ་རབ་ནས་ཆེ་བ་རང་དང་རང་གི་ངོ་བོར་རིམ་གྱིས་འགྲུབ་པ་དང༌། མཐར་རང་རང་གི་ངོ་བོ་བརླགས་ནས་ཆུང་བ་རྡུལ་ཕྲ་རབ་ཀྱི་ངོ་བོར་འགྱུར་བའི་སྐྱེ་གནས་འཇིག་གསུམ་གྱི་འགྱུར་འགྲོས་ཀྱི་རིམ་པ་ལས་འདར་མེད་པ་ནི་བེམ་གཟུགས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནོ། །

དེ་མཚུངས་ཉི་མའི་ཁྱིམ་རྒྱུད་དུ་གནས་པའི་གཟའ་སྐར་གཞན་རྣམས་ཀྱང་ཐོག་མ་ནས་ད་ལྟ་མཐོང་བཞིན་པའི་གཟའ་སྐར་སོ་སོའི་ངོ་བོར་གྲུབ་མེད་པར་ཆེས་ཕྲ་བའི་རྡུལ་ཕྲ་རབ་ཀྱིས་རྩོམ་གཞི་བྱས་ནས་ད་གཟོད་དེ་ལྟ་བུའི་ངོ་བོར་གྲུབ་པ་ནི་སྔར་བཤད་པའི་རིགས་པ་རྣམས་ཀྱིས་ཤེས་ནུས་ལ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་དང༌། སའི་གོ་ལའི་སྟེང་གི་རི་ར་བ་ཁང་ཁྱིམ། རྩི་ཤིང་ནགས་ཚལ། ཆུ་ཕྲན་དང་རྒྱ་མཚོ། འགྲོ་བ་མི་གཙོ་བོར་གྱུར་པའི་སྲོག་ཆགས་ཀུན་གྱི་ལུས་ཕུང་ཡང་རྡུལ་ཕྲན་རྩོམ་གཞིར་བྱས་ནས་གྲུབ་པ་ནི་རྡུལ་ཕྲན་འདུས་པའི་དངོས་པོ་ཐམས་ཅད་ལ་མཚུངས་པ་ནང་པ་སངས་རྒྱས་པའི་གཞུང་དང་ཚན་རིག་པ་གཉིས་ཀས་འདོད་པ་དང་རྒྱུ་མཚན་གྱི་ལམ་ནས་འགྲེལ་བརྗོད་ཀྱང་བྱེད་བཞིན་ཡོད། སའི་གོ་ལ་ལ་སོགས་པའི་དངོས་པོའི་ཆོས་དེ་དག་གི་རང་བཞིན་དང༌། རྒྱུ་རྐྱེན་མཐར་ཐུག་གང་ཞིག་ལས་གྲུབ་ཚུལ་སོགས་ཕྲ་ཞིང་ཕྲ་བ་དང་གསལ་ཞིང་གསལ་བ་ཤེས་པར་རྡུལ་ཕྲན་གྱི་རྣམ་གཞག་གལ་ཆེ་བར་བརྟེན་ནང་པ་སངས་རྒྱས་པ་དང་ཚན་རིག་པ་གཉིས་ཀས་རྡུལ་ཕྲན་གྱི་རྣམ་གཞག་གི་ལྟ་གྲུབ་སྨྲ་དགོས་བྱུང་བ་རེད་སྙམ།

འོན་ཀྱང་ལྟ་ཚུལ་དེ་གཉིས་ལ་ཁྱད་པར་མེད་པའང་མ་ཡིན་ཏེ། དེ་དག་གི་རྩ་བའི་རྩོམ་གཞིར་གྱུར་པའི་རྡུལ་ཕྲ་རབ་ཀྱི་རྣམ་གཞག་འཆད་སྐབས་ཕྱོགས་ཁ་ཤས་ནས་མཐུན་པ་དང་ཕྱོགས་ཁ་ཤས་ནས་མི་མཐུན་པ་ཡོད་པ་དེ་དག་གི་སྐོར་མདོ་ཙམ་འདིར་འགོད་ན།

སྤྱིར་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་གས་རྡུལ་ཕྲན་གྱི་རྣམ་གཞག་བཤད་དགོས་པའི་རྒྱུ་མཚན་སོགས་ནི་ཕལ་ཆེར་མཐུན་ཡང་རྡུལ་ཕྲ་རབ་ཀྱི་རྣམ་གཞག་འདོད་ཚུལ་ལ་ནང་ཕན་ཚུན་མི་མཐུན་པའང་ཡོད་པས། འདིར་ཐོག་མར་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་ལྟ་བའི་ཆ་ནས་དམའ་ཤོས་གྲས་བྱེ་མདོ་གཉིས་ཀྱི་འདོད་ཚུལ་མདོ་ཙམ་བརྗོད་ན།

སྤྱིར་བྱེ་མདོ་གཉིས་ཀྱིས་རྡུལ་ཕྲ་རབ་ཀྱི་རྣམ་གཞག་བཤད་དགོས་པའི་རྒྱུ་མཚན་ནི། བྱེ་མདོ་གཉིས་ཀྱིས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པར་འདོད་ཅིང༌། གཞི་ལྔ་ནི། གཟུགས་དང༌། སེམས་དང༌། སེམས་བྱུང་དང༌། མི་ལྡན་པའི་འདུ་བྱེད་དང༌། འདུས་མ་བྱས་ཏེ་ལྔ་ལས་གཟུགས་ཀྱི་ཆོས་རྣམས་སྐྱེ་ཚུལ་དང་གྲུབ་ཚུལ་བཤད་སྐབས་ཕྱི་རོལ་གྱི་གཟུགས་ཅན་གྱི་དངོས་པོ་ཐམས་ཅད་མཐར་གཏུགས་ན་རྡུལ་ཕྲ་རབ་ཀྱིས་རྩོམ་གཞི་བྱས་ནས་གྲུབ་པར་འདོད་པའི་རྒྱུ་མཚན་གྱིས་རྡུལ་ཕྲན་གྱི་རྣམ་གཞག་བཤད་པ་ཡིན།

རྡུལ་ཕྲ་རབ་རྩོམ་གཞིར་བྱས་ནས་བེམ་གཟུགས་ཀྱི་དངོས་པོ་རྣམས་གྲུབ་ཚུལ།

བྱེ་བྲག་སྨྲ་བས་ནི་འཇིག་རྟེན་གྱི་ཁམས་ན་ལུས་ཀྱི་དབང་པོའི་རྡུལ་དང་སྒྲའི་རྡུལ་མེད་པའི་རྡུལ་ཕྲན་བསགས་པ་ལས་གྲུབ་པའི་དངོས་པོ་ཡིན་ན། ངེས་པར་དུ་རང་ཉིད་ཀྱི་ཚོགས་པའི་ནང་ན་དབང་པོའི་རྡུལ་དང་སྒྲའི་རྡུལ་མ་ཡིན་པའི་འབྱུང་བ་བཞིའི་རྡུལ་ཕྲ་རབ་དང་གཟུགས་དྲི་རོ་རེག་བྱའི་རྡུལ་ཕྲ་རབ་སྟེ་རྡུལ་ཕྲ་རབ་བརྒྱད་ངེས་པར་ལྷན་ཅིག་ཏུ་འཚོགས་ནས་གྲུབ་པར་འདོད་ཅིང༌། དཔེར་ན། ཆུ་ལྟ་བུར་མཚོན་ན། ཤིང་ལ་སོགས་པ་ཆུའི་ཁར་ཡར་འདེགས་པ་དང༌། རྩི་ཤིང་སོགས་རྒྱས་པ། ཆུ་གཡོ་བར་བྱེད་པས་སའི་རྡུལ་དང༌། མེའི་རྡུལ། རླུང་གི་རྡུལ་དང༌། རང་ཉིད་ཆུ་ཡིན་པའི་ཆ་ནས་ཆུའི་རྡུལ་ཕྲ་རབ་རྣམས་ཆུའི་ཁམས་དང་ལྷན་ཅིག་ཏུ་འབྲལ་མེད་ཀྱི་ཚུལ་དུ་ངེས་པར་སྐྱེ་བ་དང༌། མ་ཟད་ང་ཚོའི་མིག་ཤེས་ཀྱིས་ཆུའི་མདོག་དང༌། སྣ་ཤེས་ཀྱིས་ཆུའི་དྲི་དང༌། ལྕེ་ཤེས་ཀྱིས་ཆུའི་རོ་དང༌། ལུས་ཤེས་ཀྱིས་ཆུའི་རེག་བྱ་མྱོང་བ་ཡོད་པས་གཟུགས་ཀྱི་རྡུལ་ཕྲ་རབ་དང༌། དྲི་དང༌། རོ་དང༌། རེག་བྱའི་རྡུལ་ཕྲ་རབ་རྣམས་ངེས་པར་ཆུའི་ཁམས་དང་ལྷན་ཅིག་ཏུ་སྐྱེ། དེ་བཞིན་དུ་མེ་ལའང་མེ་ལྕེ་འདེགས་པ་དང༌། མེ་ལྕེ་འདུས་པ། མེ་ལྕེ་གཡོ་བ་རྣམས་ཡོད་པས་སའི་རྡུལ་དང༌། ཆུའི་རྡུལ་དང༌། རླུང་གི་རྡུལ་དང༌། རང་ཉིད་མེ་ཡིན་པའི་ཆ་ནས་མེའི་རྡུལ་ཕྲ་རབ་རྣམས་མེ་དང་ལྷན་ཅིག་ཏུ་སྐྱེ། མ་ཟད་གཟུགས་ཀྱི་སྐྱེ་མཆེད། དྲི་དང༌། རོ་དང༌། རེག་བྱའི་རྡུལ་ཡང་མེ་དང་ལྷན་ཅིག་ཏུ་སྐྱེ་བ་ནི་གོང་དུ་བཤད་པ་བཞིན་བེམ་གཟུགས་ཀྱི་ཆོས་རྣམས་རྡུལ་ཕྲ་རབ་བརྒྱད་དང་འབྲལ་མི་རུང་བ་ཡིན་ནོ། །

དེ་བཞིན་དུ་དབང་པོ་ལྟ་བུ་ནི་སྔར་གྱི་རྡུལ་ཕྲ་རབ་བརྒྱད་དང་དེའི་སྟེང་དུ་རང་ཉིད་དབང་པོ་ཡིན་པའི་ཆ་ནས་དབང་པོའི་རྡུལ་ཕྲ་རབ་གཅིག་བསྣན་པས་ལྷན་ཅིག་ཏུ་རྡུལ་ཕྲ་རབ་དགུ་བྱུང་བ་དང༌། སྒྲ་ལྟ་བུ་ཡང་སྔར་གྱི་རྡུལ་ཕྲ་རབ་བརྒྱད་དང་དེའི་སྟེང་དུ་རང་ཉིད་སྒྲའི་རྡུལ་ཕྲ་རབ་གཅིག་བསྣན་པས་ངེས་པར་དུ་རྡུལ་ཕྲ་རབ་དགུ་དང་ལྷན་ཅིག་ཏུ་ངེས་པར་བྱུང་བར་འདོད། དེ་དག་ནི་ཆུ་སོགས་ཀྱི་ངོ་བོར་གྲུབ་པའི་འདུས་བྱས་ལ་མ་མཐའ་ཡང་རྡུལ་ཕྲ་རབ་དེ་དག་དང་ལྷན་ཅིག་ཏུ་སྐྱེ་དགོས་པར་བཤད་པ་ཡིན་ནོ། །

འོ་ན། ཆུའི་རྡུལ་ཕྲ་རབ་གཅིག་གྲུབ་པ་ལ་དེ་དང་ལྷན་ཅིག་ཏུ་རྡུལ་ཕྲ་རབ་གཞན་རྣམས་ངེས་པར་ཚོགས་དགོས་སམ། ཡང་ན། ཆུའི་རྡུལ་ཕྲ་རབ་ཡན་གར་བ་གཅིག་པུར་གནས་པ་ཡོད་དམ་ཞེ་ན། དེ་ལ་བྱེ་སྨྲའི་ལུགས་ལ་འདོད་ཚུལ་མི་འདྲ་བ་གཉིས་ཙམ་སྟེ། འདོད་ཚུལ་དང་པོ་ནི། མཁས་པ་འགས་འདོད་པའི་ཁམས་ན་སྒྲའི་རྡུལ་དང༌། དབང་པོའི་རྡུལ་མ་ཚོགས་པའི་རྡུལ་ཕྲ་རབ་གཅིག་སྐྱེ་བ་ནའང་ངེས་པར་དུ་དེ་དང་ལྷན་ཅིག་ཏུ་རྡུལ་རྫས་བརྒྱད་སྐྱེས་པས་ཁྱབ་པར་འདོད་དེ། དེ་ཡང་དུས་རབས་བཞི་པའི་ནང་བྱོན་པའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལས། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་གསུངས་པའི་དགོངས་པ་འགྲེལ་ཚུལ་མི་འདྲ་བའི་གནད་ཀྱིས་ཡིན། དཔེར་ན། ཆུའི་རྡུལ་ཕྲ་རབ་གཅིག་གྲུབ་པ་ན། དེ་དང་ལྷན་ཅིག་ཏུ་མེའི་རྡུལ་ཕྲ་རབ་གཅིག སའི་རྡུལ་ཕྲ་རབ་གཅིག རླུང་གི་རྡུལ་ཕྲ་རབ་གཅིག གཟུགས་ཀྱི་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་གཅིག དྲིའི་རྡུལ་ཕྲ་རབ་གཅིག རོའི་རྡུལ་ཕྲ་རབ་གཅིག རེག་བྱའི་རྡུལ་ཕྲ་རབ་གཅིག་སྟེ་བརྒྱད་བྱུང་བ་དང༌། དེ་བཞིན་དུ་ཆུའི་རྡུལ་ཕྲ་རབ་གཉིས་གྲུབ་པ་ལ་རྡུལ་ཕྲ་རབ་བརྒྱད་གཉིས་བཅུ་དྲུག་དང་ལྷན་ཅིག་ཏུ་གྲུབ་པས་ཁྱབ་པ་དང༌། མེའི་རྡུལ་ཕྲ་རབ་སོགས་ཀྱང་གཉིས་གཉིས་ལྷན་ཅིག་ཏུ་འབྱུང་ངོ༌། ཞེས་རྡུལ་ཕྲ་རབ་ཡན་གར་བ་དང་རྡུལ་ཕྲ་རབ་ཆ་མེད་པ་གཅིག་པུར་གནས་པ་ནི་མི་འདོད་དེ། དཔེར་ན། རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་( 1617-1682) མཛད་པའི་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ལས། འདོད་པར་དབང་པོས་ཟིན་པ་མེད་པའི་རྡུལ་ཕྲ་རབ་གཅིག་སྐྱེ་བའི་ཚེ་རྡུལ་རྫས་བརྒྱད་ཅིག་ཅར་དུ་སྐྱེ་སྟེ། དེ་སྐྱེ་བའི་ཚེ་འབྱུང་བཞིའི་རྡུལ་དང་སྒྲ་མེད་དེ་སྒྲ་མ་གཏོགས་པའི་ཕྱི་དོན་བཞི་སྟེ་བརྒྱད་ཅིག་ཅར་དུ་སྐྱེ་བའི་ཕྱིར། ཞེས་བྱུང་ངོ་། །

འདོད་ཚུལ་གཉིས་པ་ནི། འདོད་པའི་ཁམས་ན་སྒྲའི་རྡུལ་དང་དབང་པོའི་རྡུལ་མེད་པའི་བསགས་རྡུལ་གཅིག་གྲུབ་པ་ལ་དེ་དང་ལྷན་ཅིག་ཏུ་འབྱུང་བ་བཞིའི་རྡུལ་ཕྲ་རབ་ཆ་མེད་དང་གཟུགས་དྲི་རོ་རེག་བྱའི་རྡུལ་ཕྲ་རབ་ཆ་མེད་རྣམས་ངེས་པར་ལྷན་ཅིག་ཏུ་སྐྱེ་དགོས་ཞེས་པའི་དོན་དུ་འགྲེལ་བརྗོད་བྱེད་པ་ལས། རྫས་རྡུལ་ལམ་རྡུལ་ཕྲ་རབ་གཅིག་གྲུབ་པ་ལ་རང་ཉིད་དང་ལྷན་ཅིག་ཏུ་རྡུལ་རྫས་བརྒྱད་ཚོགས་པའམ་སྐྱེ་བའི་དོན་དུ་མི་འདོད་པར་རྡུལ་ཕྲ་རབ་ཆ་མེད་ཡན་གར་བའམ་གཅིག་པུར་གནས་པ་འདོད་དེ། དཔེར་ན།མཆིམས་ནམ་མཁའ་གྲགས་པའམ་མཆིམས་འཇམ་པའི་དབྱངས་ཀྱིས་( 1210-1285) མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ལས། བསགས་པའི་རྡུལ་སྨོས་པ་ནི་རྡུལ་ཕྲ་རབ་ཆ་མེད་པ་ནི་གཅིག་པུར་གནས་པའི་ཕྱིར་རྫས་གཞན་འདུས་པ་མེད་དོ་སྙམ་དུ་བསམ་པའོ། །ཞེས་དང༌། པཎ་ཆེན་བསོན་ནམས་གྲགས་པའི་( 1478-1554)མཛོད་ཤེས་བྱ་རབ་གསལ་ལས། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། སྔ་མ་རྫས་རྡུལརྡུལ་གང་དང་ཡང་ལྷན་ཅིག་མ་བྱུང་བར་དང་པོར་སྐྱེས་པའི་རྡུལ་ཕྲ་རབ་ཅིག་ལ་འཇོག ཅེས། འདོད་ཚུལ་མི་འདྲ་བ་གཉིས་བྱུང་བ་ཡིན་ནོ། །

དེས་ན་བྱེ་བྲག་སྨྲ་བའི་ལུགས་ལ། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་པའི་སྒྲའི་རྡུལ་དང༌། དབང་པོའི་རྡུལ་ཕྲ་རབ་དང་མ་ཚོགས་པའི་རྡུལ་ལ་རྡུལ་རྫས་བརྒྱད་ཚོགས་དགོས་ཞེས་པའི་རྡུལ་དེ་བསགས་རྡུལ་དུ་འདོད་པ་ལྟར་ན། བསགས་རྡུལ་གཅིག་འགྲུབ་པ་ལ། རང་ཉིད་དང་ལྷན་ཅིག་ཏུ་རྫས་རྡུལ་བརྒྱད་སྐྱེས་པས་ཁྱབ་ཅེས་སྨྲ་བ་དང༌། སྒྲའི་རྡུལ་དང་དབང་པོའི་རྡུལ་ཕྲ་རབ་མ་ཚོགས་པའི་རྡུལ་ལ་རྡུལ་རྫས་བརྒྱད་ཚོགས་དགོས་ཞེས་པའི་རྡུལ་དེ་རྫས་རྡུལ་དུ་འདོད་ན། རྫས་རྡུལ་ཕྲ་རབ་གཅིག་འགྲུབ་པ་ལ་རང་ཉིད་དང་ལྷན་ཅིག་ཏུ་རྫས་རྡུལ་བརྒྱད་ཚོགས་དགོས་ཞེས་པའི་དོན་དུ་འགྱུར་བས། དེ་གཉིས་ལས་གང་ཟབ་དང་གང་ཕྲ་དཔྱད་པར་བྱའོ། །

འོན་ཀྱང་སྔ་མ་ལྟར་བྱས་ན་ཅུང་ལེགས་སྙམ་སྟེ། བྱེ་བྲག་སྨྲ་བའི་གཞུང་ལས། རྫས་རྡུལ་རྣམས་ནི་ཆ་ཤས་མེད་པའི་ཕྱིར། ཕན་ཚུན་རེག་པ་ནི་མེད་ཀྱི་གཅིག་ལ་དུ་མས་བསྐོར་བར་འདོད་པ་གསུངས་པས་རྡུལ་ཕྲ་རབ་ཆ་མེད་གཅིག་ལ་རྡུལ་ཕྲ་རབ་དུ་མས་བསྐོར་བར་འདོད་པ་ལྟར་ན་རྫས་རྡུལ་ཁེར་རྐྱང་དང་ཆ་མེད་ཡན་གར་བ་མི་སྲིད་པ་དང༌། རྫས་རྡུལ་གཅིག་འགྲུབ་པ་ལ་རྫས་རྡུལ་བརྒྱད་འདུ་དགོས་སམ་སྙམ།

གལ་ཏེ་བྱེ་བྲག་སྨྲ་བའི་ལུགས་ལ། དཔེར་ན། མེའི་རྫས་རྡུལ་གཅིག་གམ་བསགས་རྡུལ་གཅིག་འགྲུབ་པ་ལ་འབྱུང་བ་བཞིའི་རྡུལ་དང༌། གཟུགས་སོགས་ཀྱི་རྡུལ་ཕྲ་རབ་ངེས་པར་ཚོགས་དགོས་ན། འོ་ན། དངོས་པོ་འགའ་སའི་ངོ་བོར་གྲུབ་པ་དང༌། དངོས་པོ་འགའ་གཤེར་བའི་ངོ་བོར་གྲུབ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྡུལ་ཕྲ་རབ་དེ་དག་དམིགས་ཀྱང་ཤས་ཆེ་ཆུང་ཡོད་པའི་རྒྱུ་མཚན་དང༌། རྡུལ་ཕྲ་རབ་དེ་དག་གི་བྱེད་ལས་རེས་འགའ་མངོན་དུ་འགྱུར་མི་འགྱུར་གྱི་དབང་གིས་དངོས་པོ་འགའ་སའི་ངོ་བོར་གྲུབ་པ་དང༌། དངོས་པོ་འགའ་གཤེར་བའི་ངོ་བོར་གྲུབ་པ་ཡིན་ཞེས་བྱེ་བྲག་སྨྲ་བས་སྨྲ།

ཡང་དེ་ལ་མཁས་པ་འགས། གལ་ཏེ་མེ་ལྟ་བུའི་ཚོགས་པའི་ནང་ན་ཡོད་པའི་བསགས་རྡུལ་ཕྲ་རབ་གཅིག་ཉིད་ཀྱང་རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་ངེས་པར་ཚོགས་དགོས་ན། དེ་འདྲ་བའི་བསགས་རྡུལ་ཅི་ཙམ་བསགས་པའི་ཕུང་པོ་དེ་ལ་འབྱུང་བ་བཞི་གའི་རྡུལ་རྫས་གྲངས་ཆ་མཉམ་དུ་འབྱུང་བ་ལས་མང་ཉུང་འབྱུང་མི་ཤེས་ན་ཤས་ཆེ་ཆུང་ཡང་ཇི་ལྟར་འབྱུང༌། དེས་ན་མེའི་རྡུལ་རྫས་ཀྱི་ཕུང་པོ་ཅི་ཙམ་ཡོད་པ་དེ་ཙམ་དུ། ས་རྡུལ་དང་ཆུ་རྡུལ་གྱི་ཕུང་པོ་ཡང་ཡོད་པར་འདོད་དགོས་ལ། དེ་ལྟར་ན། མེའི་ཕུང་པོ་དེ་ལ་དེ་དང་མཉམ་པའི་སའི་ཕུང་པོ་དང་ཆུའི་ཕུང་པོ་སོགས་ཀྱང་ཡོད་པར་འདོད་དགོས་ན། དེ་ལྟར་མེད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཅི་སྟེ་དེའི་ཚོགས་པ་ན་འབྱུང་བཞིའི་རྡུལ་རྫས་གྲངས་མཉམ་པར་ཡོད་ནའང༌། དེ་དག་ཀྱང་མེའི་རང་བཞིན་དུ་སོང་བ་ཡིན་ནོ་ཞེ་ན། དེ་བས་ཀྱང་མི་རིགས་ཏེ་ཆུ་རྡུལ་བསགས་པ་མེའི་རང་བཞིན་དུ་སོང་བ་ཡོད་ན། མེ་ཆུར་སོང་བ་དང༌། ཆུ་མེར་སོང་བ་ཡང་ཡོད་པར་འགྱུར་རོ་ཞེས། བྱེ་བྲག་སྨྲ་བས་བསགས་རྡུལ་གཅིག་འགྲུབ་པ་ལ་རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་ངེས་པར་ཚོགས་དགོས་ཞེས་པའི་འདོད་ཚུལ་ལ་གྲུབ་མཐའ་གོང་མའི་འདོད་པ་ལྟར་གྱིས་དགག་པ་བྱས་པ་ཡང་ཡོད་དོ། །                                   རྗེས་མ། >>>

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*