༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་བཀའ་སློབ།

 <<གྲུབ་མཐའ་རིས་མེད་བསྐོར།  >>

དེ་དང་ཕྱོགས་མཚུངས་སུ་བོད་གངས་ཅན་ལྗོངས་ལ་དར་བའི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་མི་འདྲ་བ་ཡོད་པ་དེ་ཚོ་རྩ་བའི་ཆ་ནས་སྟོན་པ་ཐུགས་རྗེ་ཅན་གཅིག་གི་བདག་རྐྱེན་འཕྲིན་ལས་ལས་འབྱུང་བ་ཤ་སྟག་རེད། མ་ཟད་ཚང་མར་མགོ་སེམས་སྐྱེད་ནས་མདོ་སྔགས་ཟུང་འབྲེལ་ལམ་ཉམས་སུ་ལེན་ཚུལ་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་འབྲས་བུ་ཐོབ་ཚུལ་གྱི་བར་ཁྱད་པར་རྩ་བ་ནས་ཡོད་མ་རེད། རྒྱུད་པའི་རིམ་པ་ཐོག་མ་ཆོས་མགོ་གང་ལ་ཐུག་སའི་རྒྱ་གར་འཕགས་པའི་ཡུལ་གྱི་པཎ་གྲུབ་ཚོ་ནས་བར་དུ་ལོ་ཙཱ་བ་སོགས་རྒྱུད་པའི་རིམ་པ་ཅུང་ཙམ་མ་འདྲ་བ་ཡིན་པ་རེད། དེ་འདྲའི་རྒྱུ་མཚན་ལ་རྟེན་ནས་གདུལ་བྱ་སོ་སོའི་ངོ་ལ་ལྷ་འགའ་རེ་ཞི་བ། ལྷ་འགའ་ཤས་དྲག་པོ། ལྷ་འགའ་ཤས་ཞལ་ཕྱག་མང་པོ། ལྷ་འགའ་ཤས་ཞལ་གཅིག་ཕྱག་གཉིས་སོགས་འདྲ་མི་འདྲ་མང་པོའི་ཚུལ་བསྟན་གྱི་ཡོད་རེད། ཡིན་ནའང་དོན་ལ་ལྷ་དེ་རྣམས་མཁྱེན་བརྩེ་ནུས་གསུམ་གྱི་ཡིན་ཏན་ལ་ཁྱད་པར་གང་ཡོད་མ་རེད། དེ་བཞིན་དུ་གདུལ་བྱའི་ངོར་རྩལ་དུ་བཏོན་ཕྱོགས་ཅུང་ཙམ་མ་འདྲ་བ། དཔེར་ན་འགའ་ཤས་ཀྱིས་བཤད་པ་རྩལ་དུ་བཏོན་རྒྱུ་དང་། འགའ་ཤས་ཀྱིས་སྒྲུབ་པ་རྩལ་དུ་འདོན་རྒྱུ་དེ་འདྲ་རེད་མ་གཏོགས་རྩ་བའི་ཆ་ནས་སངས་རྒྱས་ཤཱ་ཀྱ་ཐུབ་པའི་བསྟན་པ་ཤ་སྟག་རེད། དེས་ན་ཆོས་རྒྱུད་ཚང་མ་ལ་དད་པ་དང་། དག་སྣང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*