འོ་མའི་གལ་ཆེ་བའི་ཤེས་བྱ་བཅུ།

བསྒྱུར་པ་པོ།  འཇམ་དབྱངས་དཀར་པོ།

སྤྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༤ ཉིན།
འོ་མ་ནི་འཚོ་བཅུད་ཀྱིས་ཕྱུག་ཅིང་ཁྱོད་ཀྱི་ལྤགས་པ་དང་སྐྲ་ལ་བདེ་ཐང་བཟོ། སྤྱོད་སྒོ་ཁ་ཤས་ཀྱི་ལམ་ནས་འོ་མས་ཁྱོད་ཀྱི་སྐྲ་དང་པགས་པ་བདེ་ཐང་དུ་འཇོག
གཤམ་གསལ་ཐབས་ལམ་བཟང་པོ་བཅུ་བཀོལ་བ་ལས་ཁྱོད་ཀྱི་སྐྲ་དང་ལྤགས་པ་བདེ་ཐང་དུ་ཞོག
《ལྤགས་པ།》

༡) ཐོར་བ་དང་འབྲེལ་བའི་བད་ཐོར་གསོ་ཐབས།
འོ་མས་བད་ཐོར་དང་། སྣུམ་ཞག་མེད་པའི་ལྤགས་པ་སླར་གསོ་བྱེད་པ་བརྒྱུད་ནས་འབུར་རྡོག་འཇོམ། རྒྱུ་མཚན་འོ་མ་ལ་འབུར་རྡོག་གི་ཕྲ་སྲིན་འཇོམ་པའི་ནུས་པ་ཡོད།
ཇི་ལྟར་བེད་སྤྱོད་པ།
༡. འབུར་རྡོག་གི་ཐོག་ལ་འོ་མ་བྱུག་པ།
༢. འབུར་རྡོག་ལ་བྱུག་ནས་འཇོག་པ།
༣. འོ་མ་བྱུག་རྗེས་མི་འཁྲུ་བ།

༢) དཀར་མདངས་འདོན་པ།
འོ་མ་སྐྱུར་འབྲས་མཉམ་དུ་བསྲེས་ན་རང་བཞིན་གྱི་དཀར་མདངས་འདོན་ཐུབ། འོ་མ་དང་སྦྲང་རྩི། སོབ་རྟ།(besan) སྐྱུར་འབྲས་བཅས་བསྲེས་ཏེ་པགས་པར་བྱུག མ་འཁྲུ་བར་ཞོག འདིས་ཁྱོད་ཀྱི་གདོང་མདོག་གཙང་མ་དང་དཀར་བཟོ།

༣) གཙང་བཟོ།
འོ་མས་གདོང་པགས་གཙང་བཟོ་བྱེད་དེ། འོ་མས་ཁྱོད་ཀྱི་གདོང་གི་ས་རྡུལ་དང་པ་སྤུའི་བུ་ག་གཙང་བཟོ་བྱེད།
ཇི་ལྟར་བེད་སྤྱོད་པ།
༡. འོ་མ་གྲང་མོའི་ནང་ལ་ཤིང་བལ་རྡོག་རྡོག་ཅིག་སྦང་།
༢. དེས་ཁྱོད་ཀྱི་གདོང་ཧྲིལ་བོར་འོ་མ་ཡམ་ཡམ་དུ་བྱུག
༣. ཅུང་ཙམ་རྗེས་ཆུས་ཁྲུས།

༤) ཕུར་བདར་གཏོང་བ།
འོ་མ་ནི་གཙང་བཟོ་དང་འཇམ་བཟོ་ལ་ཧ་ཅང་བཟང་བས། གྲོ་ཆག་ཁེམ་བུ་ ༣ དང་འོ་མ་ཕོར་བ་གང་བསྲེས་པའི་ལྡེ་གུ་གྲ་སྒྲིག་བྱས་ཏེ་གཟུགས་པོ་དང་གདོང་པགས་བདར་ཆོག
ལྡེ་གུ་དེས་ཁྱོད་ཀྱི་གཟུགས་པོ་དང་གདོང་བདར་ནས་སྐམ་དུ་བཅུག་སྟེ། ཆུ་དྲོད་འཇམ་གྱིས་མ་ཁྲུས་བར་དུ་ཞོག གལ་ཏེ་ཁྱོད་ཀྱིས་བྱེད་ཐབས་འདི་ཉིན་རེ་བཞིན་བཀོལ་ན། དེས་ཁྱོད་ཀྱི་པགས་པ་འཇམ་པོ་དང་སོབ་སོབ་བཟོ་ངེས།

༥) ལྤགས་མཉེན་འདག་ཆུ།
འོ་མ་ཡུན་རིང་གདོང་འདག་ཆུར་བེད་སྤྱོད་བཏང་ན། གདོང་གི་སྣུམ་ཞག་ཇེ་ཉུང་དུ་འགྲོ་བ་དང་། གདོང་ལྤགས་ཀྱི་ཆུ་རྡུལ་དང་ཕྲ་རྡུལ་གཞན་ཇེ་ཉུང་ནས་གཙང་སེལ་བྱེད། འོ་མ་ནི་སྣུམ་ཞག་ཅན་གྱི་པགས་པའི་ཆེད་དུ་ཧ་ཅང་བཟང་།
ཇི་ལྟར་བེད་སྤྱོད་པ།
༡. ཤིང་བལ་འོ་མའི་ནང་ལ་སྦང་།
༢. ཤིང་བལ་དེས་ཁྱོད་ཀྱི་ངོ་བདར།
༣. གདོང་ནས་གང་འཚམ་ཞོག
༤. ཁྲུས།

༦) ཉི་སྲེག་གསོ་ཐབས།
ཉི་སྲེག་ལྤགས་པའི་ཆེད་དུ་སྣུམ་བླངས་མེད་པའི་འོ་མ་བྱུག་ན། རིམ་བཞིན་པགས་པ་འཇམ་པོ་ཆགས།

༧) ལྤགས་པ་འཁུམ་དང་བ་སྤུའི་བུ་ག་འགག་པ།
ཁྱོད་ཀྱིས་བྱུག་རྫས་སྐྱུར་མོ་དང་། ཡང་ན་འོ་མ་སྐྱུར་མོ་གདོང་ལ་བྱུག་ན། དེས་ཁྱོད་ཀྱི་ངོ་ལྤགས་འཁུམ་པ་དང་བ་སྤུའི་བུ་ག་འགག་པ་བསངས་ཐུབ། བ་སྤུའི་བུ་ག་འགག་པ་དེ་ཤ་འཁུམ་གྱི་ཡོད་ལ། ལྤགས་པ་འཁུམ་པ་དང་བ་སྤུའི་བུ་ག་འགག་པ་མང་ཤོས་དེ་པགས་པ་ཧ་ཅང་སྐམ་པོ་ཆགས་པས་བྱེད་ཀྱི་ཡོད།
ཇི་ལྟར་བེད་སྤྱོད་པ།
༡. བྱུག་རྫས་སྐྱུར་མོ་དེ་ཁྱོད་ཀྱི་གདོང་དང་མཇིང་པ་ལ་ཆ་སྙོམས་པོར་བྱུགས།
༢. དེ་སྐར་མ་ ༡༥ ཙམ་བཞག་ནས་སྐམ་དུ་ཆུག
༣. ཆུ་གྲང་མོས་ཁྲུས།

《སྐྲ།》
༨) སྐྲ་སྲུང་རྩི་ལྟ་བུ་ཡིན་པ།
འོ་མ་ནི་སྐྲ་ཡི་ཆེད་དུ་ཆེས་བཟང་པོའི་ཕྱི་དངོས་པོ་ཞིག་ཡིན་པས། འོ་མས་སྐྲ་ཁྲུས་ན་སྐྲ་བཅུད་དང་མགོ་ལྤགས་ཀྱི་བཅུད་གསོ་བ་ཙམ་དུ་མ་ཟད། བུར་ཤུབ་ཀྱང་(ཁ་སྐད། ལྐོག་ཤུ) འདག་པར་བྱེད། འོ་མས་སྐྲ་འཁྲུ་བ་དེ་སྐྲའི་བདེ་ཐང་ལ་ཕན་པར་མ་ཟད་སྐྲ་ལ་ཡིད་དུ་འོང་བའི་འོད་འཕྲོ་བར་བྱེད་དོ།།

༩) སྐྲ་འབག་ལྟ་བུ།
འོ་མས་མགོ་ལྤགས་དང་སྐྲ་ལ་འཚོ་བཅུད་སྟེར་བས། འོ་མ་སྐྲ་འཁྲུ་བར་བཀོལ་སྤྱོད་བྱེད་པ་ནི་གལ་ཆེ་བའི་སྐྲ་སྲུང་འབག་ཞིག་གྱོན་པ་དང་མཚུངས་པ་ཡིན།
ཇི་ལྟར་བེད་སྤྱོད་པ།
༡. འོ་མ་དང་ཤིང་ཏོག་ངང་ལག་རྡོག་པོ་ཁ་ཤས་མཉམ་དུ་སྡེབ།
༢. དེ་ཁྱོད་ཀྱི་མགོ་ལྤགས་ལ་བྱུག
༣. སྐར་མ་ཁ་ཤས་རིང་མ་འཁྲུ་བར་ཞོག
༤. གཙང་མར་ཁྲུས།

༡༠) སྐྲ་སྐམ་པོ་བཅོས་ཐབས།
མགོ་ལྤགས་ལ་འོ་མ་བྱུག སྐར་མ་ཁ་ཤས་རྗེས་གཙང་མར་ཁྲུས། དེས་ཁྱོད་ཀྱི་སྐྲ་སོབ་སོབ་དང་འོད་ཅན་དུ་བྱེད། ངེས་པར་དུ་དྲན་དགོས་པ་ཞིག་ནི་མགོ་ལྤགས་ལ་འོ་མ་བྱུག་སྟེ་ཡུན་རིང་མ་འཇོག འོན་ཀྱང་དེས་ཁྱོད་ཀྱི་སྐྲ་ལ་གནོད་སྐྱོན་ཅི་ཡང་མི་བྱེད་དོ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*