མོན་གྷོ་ས་སྐྱ་དགོན་ནས་ཉིན་ལྔའི་ཆོས་སྐྱོང་བསྐང་འཕྲིན་སྒྲུབ་མཆོད།

མོན་གྷོ་དཔལ་ལྡན་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོ་མཁན་སློབ་འདུས་མང་ཡོངས་ཀྱི་དད་གུས་སྤྲོ་གསུམ་གྱི་ངང་ནས་ཕྱི་ལོ་༢༠༡༨ ཕྱི་ཟླ་ ༢ ཚེས་ ༧ ནས་ ༡༡ བར་ཉིན་ལྔའི་རིང་ཡི་དམ་ཆོས་སྐྱོང་རྣམས་ལ་ཐུགས་མཉེས་པར་བྱེད་པའི་ལོ་གཏོར་ཆེན་མོ་སྲུང་མའི་བསྐང་འཕྲིན་རྒྱས་པ་དང་། ཐུགས་གསོའི་ཆོ་ག་སོགས་མཆོད་དབྱངས་སྙན་པོ་འདོན་པའི་སྒོ་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་སྔར་བཅོལ་གྱི་ལས་སངས་རྒྱས་བསྟན་པ་ལེགས་པར་བསྐྱངས་པ་ལ་བཀྲ་དྲིན་རྗེས་དྲན་ཞུས་སྟེ་ད་བཅོལ་ལས་ནི། འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག་ནས་བསྟན་པ་རྒྱས་པའི་འཕྲིན་ལས་བཅོལ་བཞིན་པའི་སྐབས་ཀྱི་བརྙན་པར་རོ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*