ཚིག ཆོས་བཟང་།
ལེན་མཁན། བདེ་སྐྱིད་དབྱངས་འཛོམས།
དབྱངས། དམངས་ཁྲོད།
རྒྱལ་བསྟན་སྲོག་གི་ཀ་བ།།
གངས་ལྗོངས་བསྟན་པའི་སྒྲོན་མེ།།
འཛམ་གླིང་ཡོངས་ཀྱི་གཙུག་རྒྱན།།
དཔལ་ལྡན་ས་སྐྱ་གོང་མ།།
ཁྱེད་ཉིད་འགྲོ་བའི་མགོན་དུ།།
སྐུ་ཚེ་ཁྲི་ལོར་བརྟན་ཤོག།
མཁྱེན་རབ་འཇམ་དཔལ་གཞོན་ནུ།།
བྱམས་བརྩེ་མིག་མི་འཛུམ་པ།།
ནུས་མཐུ་གསང་བའི་བདག་པོ།།
དཔལ་ལྡན་ས་སྐྱ་གོང་མ།།
ཁྱེད་ཉིད་འགྲོ་བའི་མགོན་དུ།།
སྐུ་ཚེ་ཁྲི་ལོར་བརྟན་ཤོག།
མཛད་འཕྲིན་རྟ་བདུན་འོད་ཀྱིས།།
ཤར་ནུབ་རྒྱལ་ཁབ་དག་ལ།།
ཞི་བདེའི་ལམ་སྟོན་མཛད་མཁས།།
དཔལ་ལྡན་ས་སྐྱ་གོང་མ།།
ཁྱེད་ཉིད་འགྲོ་བའི་མགོན་དུ།།
སྐུ་ཚེ་ཁྲི་ལོར་བརྟན་ཤོག།
རིགས་གསུམ་སྤྲུལ་པའི་ཟློས་གར།།
རྒྱལ་སྲས་སེམས་དཔའ་ཆེན་པོ།།
གཞི་བྱེས་སྙིང་གི་ནོར་བུ།།
དཔལ་ལྡན་ས་སྐྱ་གོང་མ།།
ཁྱེད་ཉིད་འགྲོ་བའི་མགོན་དུ།།
སྐུ་ཚེ་ཁྲི་ལོར་བརྟན་ཤོག།
ས་ཡ་དྲུག་གི་སྐྱབས་མགོན།།
ས་དཀར་བསྟན་པའི་བདག་པོ།།
ས་གསུམ་འགྲོ་བའི་བླ་མ།།
དཔལ་ལྡན་ས་སྐྱ་གོང་མ།།
ཁྱེད་ཉིད་འགྲོ་བའི་མགོན་དུ།།
སྐུ་ཚེ་ཁྲི་ལོར་བརྟན་ཤོག།
རིག་གསར་རླུང་འཚུབ་དྲག་པོས།།
རྒྱལ་བསྟན་ནུབ་ལ་ཉེ་དུས།།
ཐབས་མཁས་ཐུགས་རྗེས་གསོ་མཁན།།
དཔལ་ལྡན་ས་སྐྱ་གོང་མ།།
ཁྱེད་ཉིད་འགྲོ་བའི་མགོན་དུ།།
སྐུ་ཚེ་ཁྲི་ལོར་བརྟན་ཤོག །
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།