ཞི་བདེའི་བསྟོད་གླུ།

ཚིག་རྩོམ་པ་པོ།  ཆོས་བཟང་།

དབྱངས།   དམངས་ཁྲོད།

གཞས་མ།   བདེ་སྐྱིད་དབྱངས་འཛོམས།

གནམ་ལོ་གསར་ཚེས་ཀྱི་དུས་བཟང་འདི་ལ།།
དཔལ་ལྡན་ས་སྐྱ་པའི་ཁྲི་ཆེན་དམ་པ།།
བདག་སོགས་འགྲོ་བ་ཡི་བསོད་ནམས་ཞིང་ལ།།
སྐུ་ཚེ་ཡུན་རིང་དུ་བརྟན་པའི་སྨོན་འདུན།།

གནམ་ལོ་གསར་ཚེས་ཀྱི་དུས་བཟང་འདི་ལ།།
བཀའ་དྲིན་ཟླ་མེད་ཀྱི་ཕ་མ་རྣམ་གཉིས།།
ལུས་ལ་ནད་མེད་ཅིང་བྱ་བ་ལམ་འགྲོ།།
མི་ཚེ་དམ་ཆོས་ལ་སྤྱོད་པའི་སྨོན་འདུན།།

གནམ་ལོ་གསར་ཚེས་ཀྱི་དུས་བཟང་འདི་ལ།།
མཚོ་བཞི་གླིང་ལྔ་ཡི་རྒྱལ་ཁམས་ཡོངས་ལ།།
འཐབ་རྩོད་མུ་གེ་དང་ནད་ཡམས་ཞི་ནས།།
བདེ་སྐྱིད་རྫོགས་ལྡན་ལ་སྤྱོད་པའི་སྨོན་འདུན།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*