བསྟོད་གླུ་དད་པའི་མེ་ཏོག

རྩོམ་པ་པོ།  དིང་རི་བ་ཀུན་ཤེས།

མདོ་སྔགས་བསྟན་པའི་བདག་པོ།།
འདུལ་འཛིན་ཀུན་གྱི་གཙུག་རྒྱན།།
ཆོས་རྗེ་མཐུ་སྟོབས་སེང་གེ།།
སྐུ་ཚེ་བརྟན་པའོ་སྨོན་ལམ།།

ལུང་རྟོགས་བསྟན་པའི་རྒྱལ་མཚན།།
ཞི་བདེའི་དེད་དཔོན་ཆེན་མོ།།
རྗེ་བཙུན་ཀུན་བཟང་རྒྱལ་མཚན།།
སྐུ་ཚེ་བརྟན་པའི་སྨོན་ལམ།།

བཅུ་ཕྲག་རིགས་པའི་བང་འཛོད།།
འགྲོ་བ་འདྲེན་པའི་དེད་དཔོན།།
སྐྱབས་རྗེ་བསྟན་པ་དར་རྒྱས།།
སྐུ་ཚེ་བརྟན་པའི་སྨོན་ལམ།།

གནས་མཆོག་དཔལྡན་ས་སྐྱའི།།
ཆོས་རྗེ་ཉི་ཟླ་སྐར་གསུམ།།
མཛད་འཕྲིན་དུང་ཟླ་དཀར་བོ།།
ཕྱོགས་མཐར་རྒྱས་པའི་སྨོན་ལམ།།

བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ།།
གངས་ལྗོངས་རྡོ་རྗེ་གདན་ས།།
གནས་ཆེན་དཔལྡན་ས་སྐྱའི།།
བསྟན་པ་དར་བའི་སྨོན་ལམ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*