༧ དཔལ་ས་སྐྱ་པའི་གདུང་རབས་རིམ་བྱོན་བརྩི་ཚུལ།

རྩོམ་པ་པོ།  ཁྲི་ཚོ་བ་ཕུན་རྒྱལ།  

ཐོག་མར་འོད་གསལ་ལྷ་ཡི་གདུང་ནི། ༡༽གཡུ་རིང་། ༢༽མ་སངས་སྤྱི་རྗེ། ༣༽ཐོག་ཚ་དཔའ་པོ། ༤༽ཀླུ་ཚ་སྟག་པོ་འོད་ཅན། ༥༽གཡའ་སྤང་སྐྱེས།

དྲི་མེད་མཁོན་གྱི་གདུང་ནི། ༦༽འཁོན་བར་སྐྱེས། ༧༽འཁོན་དཔལ་པོ་ཆེ། ༨༽རྡོ་རྗེ་རིན་ཆེན། ༩༽ཤེས་རབ་ཡོན་ཏན། ༡༠༽ཡོན་ཏན་འབྱུང་གནས། ༡༡༽ཚུལ་ཁྲིམས་རྒྱལ་པོ། ༡༢༽གཙུག་ཏོར་ཤེས་རབ། ༡༣༽དགེ་སྐྱབས། ༡༤༽དགེ་མཐོང་། ༡༥༽འཁོན་སྟོན་བལ་པོ། ༡༦༽ཤཱཀྱ་བློ་གྲོས། ༡༧༽འཁོན་དཀོན་མཆོག་རྒྱལ་པོ།

དེ་ནས་དཔལ་ས་སྐྱའི་གདུང་ནི། ༡༨༽བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། ༡༩༽དཔལ་ཆེན་འོད་པོ། ༢༠༽ཟངས་ཚ་བསོད་ནམས་རྒྱལ་མཚན། ༢༡༽སློབ་དཔོན་ཡེ་ཤེས་འབྱུང་གནས། ༢༢༽བདག་ཆེན་བཟང་པོ་དཔལ། འདི་ནས་བླ་བྲང་བཞི་ཡི་གདུང་རྒྱུད་སོ་སོར་བྱོན་པ་ལས།

དང་པོ་གཞི་ཐོག་བླ་བྲང་པའི་གདུང་རབས་ནི། ༡དབང་བསོད་ནམས་བཟང་པོ། ༢མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པའི་རྒྱལ་མཚན། ༣ཏ་དབེན་ཀུན་དགའ་རིན་ཆེན། ༤གྲགས་པ་བློ་གྲོས། ༥བློ་གྲོས་དབང་ཕྱུག

གཉིས་པ་རིན་ཆེན་སྒང་བླ་བྲང་པའི་གདུང་རབས་ནི། ༡འཇམ་དབྱངས་དོན་ཡོད། ༢བླ་ཆེན་ཀུན་དགའ་རྒྱལ་མཚན། ༣འཇམ་དབྱངས་ཆེན་པོ་ནམ་མཁའ་རྒྱལ་མཚན།

གསུམ་པ་ལྷ་ཁང་བླ་བྲང་པའི་གདུང་རབས་ནི། ༡ཏི་ཤྲཱི་ཀུན་དགའ་རྒྱལ་མཚན། ༢ཏ་དབེན་ཆོས་ཀྱི་རྒྱལ་མཚན། ༣སློབ་དཔོན་ཆེན་པོ་བསོད་ནམས་རྒྱལ་བཀྲ་ཤིས། ༤བདེ་ལེགས་བཀྲ་ཤིས། ༥ཤཱཀྱ་སེངྒེ། ༦རིན་ཆེན་རྒྱལ་མཚན།

བཞི་པ་ད་ལྟ་ཆད་མེད་བཞུགས་པའི་དུས་མཆོད་བླ་བྲང་པའི་གདུང་རབས་ནི། ༢༣༽ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ༢༤༽སའི་དབང་གྲགས་པ་རྒྱལ་མཚན། ༢༥༽དབང་རྣམ་སྲས་རྒྱལ་མཚན། ༢༦༽དབང་ནམ་མཁའ་ལེགས་པ་རྒྱལ་མཚན། ༢༧༽དབང་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། ༢༨༽ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ། ༢༩༽འཇམ་དབྱངས་ཚེ་བརྟན་བཀྲ་ཤིས། ༣༠༽ངག་དབང་ཀུན་དགའ་རིན་ཆེན། ༣༡༽གྲགས་པ་བློ་གྲོས་རྒྱལ་དཔལ་བཟང་པོ། ༣༢༽ངག་དབང་ཀུན་དགའ་བསོད་ནམས། ༣༣༽འཇམ་དབྱངས་བསོད་ནམས་དབང་ཕྱུག ༣༤༽སྔགས་འཆང་ཀུན་དགའ་བཀྲ་ཤིས། ༣༥༽འཇམ་དབྱངས་བསོད་ནམས་རིན་ཆེན། ༣༦༽ས་ཆེན་ཀུན་དགའ་བློ་གྲོས། ༣༧༽མཐུ་ཆེན་དབང་སྡུད་སྙིང་པོ།

འདི་ནས་ཕོ་བྲང་ཁག་གཉིས་བྱོན་པ་ལས། ཕུན་ཚོགས་ཕོ་བྲང་གི་གདུང་རབས་ནི། ༡སྔགས་འཆང་ཀུན་དགའ་རིན་ཆེན། ༢འཇམ་དཔལ་རྡོ་རྗེ་རིན་ཆེན། ༣བདག་ཆེན་ཀུན་དགའ་བསོད་ནམས། ༤འཛམ་གླིང་ཆེ་དགུ་དབང་སྡུད། ༥བདག་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག ༦འཇིགས་བྲལ་ངག་དབང་ཀུན་དགའ་བསོད་ནམས་མཆོག་གི་རིགས་སྲས་མཉྫུ་བཛྲ་རིན་པོ་ཆེ་དང་། ཨ་ནན་རིན་པོ་ཆེ། མ་ཏི་རིན་པོ་ཆེ། ཛ་ཡ་བཛྲ་རིན་པོ་ཆེ། ས་དྷུ་བཛྲ་རིན་པོ་ཆེ་བཅས་ལྔ་ཡོད་པ་ལས། གཉིས་པ་ལ་སྲས་ཨ་སངྒ་རིན་པོ་ཆེ། རྫེ་བཙུན་ཨ་ལོ་ཀེ རྗེ་བཙུན་མ་མ་ཀེ གསུམ་པ་ལ་སྲས་ཨ་ན་ཌ། ཉི་མ་ལགས། ཟླ་བ་ལགས། རྗེ་བཙུན་མ་ཌི། བཞི་པ་ལ་སྲས་ཨ་བྷེ་ཀྲི་ཏ་རིན་པོ་ཆེ། ཨ་བྷ་ཡ་རིན་པོ་ཆེ། ལྔ་པ་ལ་རྗེ་བཙུན་བསོད་དབྱངས། རྫེ་བཙུན་བདེ་ཆེན། རྗེ་བཙུན་ཆོས་སྒྲོན་གསུམ་བཅས་ད་ལྟ་བསྟན་འགྲོའི་དོན་དུ་སྐུ་འཚོ་བཞིན་བཞུགས་པ་འདི་དག་ལགས།

སྒྲོལ་མ་ཕོ་བྲང་གི་གདུང་རབས་བྱོན་ཚུལ་ནི། ༣༨༽པདྨ་བདུད་འདུལ་དབང་ཕྱུག ༣༩༽ བཀྲ་ཤིས་རིན་ཆེན། ༤༠༽ཀུན་དགའ་སྙིང་པོ། ༤༡༽དྲག་ཤུལ་ཕྲིན་ལས་རིན་ཆེན། ༤༢༽ངག་དབང་ཀུན་དགའ་རིན་ཆེན། ༤༣༽ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ།

མགོན་པོ་གང་གི་རིགས་མྱུག་སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ་དང་། ཛྙན་བཛྲ་རིན་པོ་ཆེ་རྣམ་པ་གཉིས། ༤༤༽སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ་མཆོག་ལ་རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་སྟེར། འཁོན་གདུང་ཨཱཀཱཤབཛྲ་རིན་པོ་ཆེ། རྗེ་བཙུན་མ་ཀུན་དགའ་འཆི་མེད་དབང་མོ། འཁོན་རིགས་ཛྙན་བཛྲ་རིན་པོ་ཆེ་ལ་རྗེ་བཙུན་མ་ཚེ་སྦྱིན་ལྷ་མོ། འཁོན་གདུང་སིདྡྷརྠ་བཛྲ་རིན་པོ་ཆེ་བཅས་བསྟན་དང་འགྲོ་བའི་དོན་དུ་སྐུ་འཚོ་བཞིན་བཞུགས་པར་ལགས་སོ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*