ལྷ་ས་ནས་ལྷ་ས་དྲན་པ།

རྩོམ་པ་པོ།  ས་སྐྱ་འབྱམས་པ་སེངྒེ་རྒྱ་སྨུག།

 

ལྷ་ས།
ང་རང་ཆུང་དུས་ནས།
འགྲོ་འདོད་པའི་ཕུགས་འདུན་གྱི་ཡུལ་གྲུ།
མ་ཎི་འདོན་འདོན་བྱེད་མྱོང་བའི་གཏན་ཚིགས་བཅོས་མ་ཞིག
ཁ་ཉིན་ཞིག་ལ།
ལས་སྨོན་གྱི་དམ་ཚིག་འོག་ཕུགས་འདུན་གྱི་ཡུལ་གྲུར།
ངའི་རྐང་རྗེས་ཕྲ་མོ་ཞིག་འཇོག་བསྐལ་ཐོབ།

འོན་ཏེ། དེང་གི་ལྷ་ས།
སེམས་ངོས་ཀྱི་ལྷ་ས་དེ་མིན་ལ།
དཔེ་དེབ་ནང་འཁོད་པའི་ལྷ་ས་དེ་བས་མིན།
སྲང་ལམ་དག་ན་སྐད་ཡིག་ར་མ་ལུག
ཆ་ལུགས་ཡ་མ་གཟུགས།
སྤྱོད་དང་སྤྱོད་ཀྱིན་པའི་བོད་པའི་ན་ཟླ་ཚོ་མཐོང་བ་དང་།
དཔེ་དེབ་ནང་གསལ་ཡོད་པའི་ལྷ་ས་དེ་དྲན་ལ།
སེམས་ཁོང་གི་ལྷ་ས་དེ་བས་དྲན།

ཕོ་བྲང་དམར་པོ།
དད་པའི་བ་སྤུ་གཡོ་བ་ཞིག་འདུག་སྟེ།
མནོ་བསམ་ཞིབ་མོ་ཞིག་བཏང་དུས།
ང་ཡང་ཕོ་བྲང་དམར་པོ་དང་ཧ་ཅང་རྒྱང་ཐག་ཞིག
ཁྲོམ་གཟིགས་ཁང་གི་མདུན་ངོས་ནས།
རྐུན་པོ་ཞིག་མཐོང་བ་དང་ངས་ཕར་ཕར་གཡོལ་བའི།
རྒྱ་ལམ་གྱི་གཡས་ཟུར་ཞིག་ན།
གཅན་གཟན་གྱི་ལྤགས་པ་གྱོན་པའི་ལྷ་སའི་བུ་མོ་ཞིག་ཐུག
དེ་བས་རང་སེམས་ལ་ན་ཟུག་གི་མེ་ལྕེ་འབར་འབར་བ་དང་།
བྱམས་སེམས་ལྡན་པའི་ལྷ་སའི་མེས་པོ་དེ་དྲན་འོང་།

ལྷ་ས།
ངའི་ཕུགས་འདུན་གྱི་ལྷ་ས།
དྲན་པའི་ཀློང་གི་ལྷ་ས།
དཔེ་དེབ་ནང་འཁོད་པའི་ལྷ་ས།
ཁྱེད་ནམ་ཡང་རིག་རྒྱུ་མེད་པ་ཞིག་ཡིན།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*