ཡི་གེར་ཕབ་མཁན། ས་དཀར།
ངག་གི་སྒྲོན་མེས་གཞན་དོན་མ་ལུས་ལེགས་པར་བསྐྱངས་།།
དབང་བསྐུར་བྱིན་རླབས་ཟབ་མོས་སྡིག་སྒྲིབ་ཐམས་ཅད་བྱང་།།
ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་སླད་ཐུགས་ཀྱིས་སྨོན།།
མཁན་ཆེན་ངག་དབང་ཤེས་རབ་མཆོག་ལ་དང་བས་འདུད།།
ས་དཀར་བསྟན་པའི་པདྨོ་འཛུམ་པའི་མཛེས་རིས་ཤིག །
ས་གསུམ་མུན་པ་ཁད་ཀྱིས་འབར་བའི་རལ་པ་ཅན།།
ས་འཛིན་དཀར་པོའི་འདབས་ནས་འཁྲུངས་པའི་བླ་ཆེན་ཞིག །
ས་བསྟན་ཡང་དག་སྐྱོང་མཛད་མཁན་ཆེན་གང་ལ་འདུད།།
གཏིང་མཐའ་མི་མངོན་རིག་པའི་གཞུང་ལུགས་རྣམ་དཔྱོད་ཡངས།།
ཐབས་དང་ཟུང་འཇུག་སྒོ་ནས་ནམ་གྱི་མཁའ་མཐའ་ཡས།།
བྱམས་རྩེའི་འོད་ཀྱི་སྤྱན་ཟུང་རིགས་དྲུག་ཀུན་ལ་གཟིགས།།
འགྲོ་བའི་ཉིན་བྱེད་དམར་པོ་སྙིང་གི་རུམ་ནས་འདུད།།
གོ་བོའི་ཚུལ་བཞིན་སྤེལ་མཁས་བཅུ་གཉིས་བདག་པོ་མཆོག །
ཚོགས་གཉིས་དྲི་མེད་ལྷ་དར་དཀར་པོ་དགུང་ལ་འདྲེན།།
ཀུན་རྟོག་ཕྲ་མོའི་ཆོས་ཉིད་འོད་ཀྱི་དཀྱིལ་འཁོར་རྫོགས།།
རབ་དཀར་མུ་ཏིག་མདངས་ལས་གསལ་བར་གུས་པས་འདུད།།
གཤིས་འཇམ་ངང་རྒྱུད་རིང་བའི་འབོད་བརྡ་ཕྲ་མོ་ཞིག།
དུས་ངན་སྙིགས་མའི་ཀློང་ནས་བྲག་ཆ་གང་སར་འཁོར།།
ཡང་སྒོས་རང་ཡུལ་ཕྱོགས་ལ་གསུང་གི་བདུད་རྩི་སྦྱིན།།
དགེ་བའི་ལམ་སྣེ་འདྲེན་པས་མཁན་ཆེན་མཆོག་ལ་འདུད།།
གཏིང་མཐའ་མི་མངོན་རིག་པའི་གཞུང་ལུགས་རྣམ་དཔྱོད་ཡངས།།
ཐབས་དང་ཟུང་འཇུག་སྒོ་ནས་ནམ་གྱི་མཁའ་མཐའ་ཡས།།
བྱམས་རྩེའི་འོད་ཀྱི་སྤྱན་ཟུང་རིགས་དྲུག་ཀུན་ལ་གཟིགས།།
འགྲོ་བའི་ཉིན་བྱེད་དམར་པོ་སྙིང་གི་རུམ་ནས་འདུད།།
རང་ཡུལ་སྡིག་ལས་མུན་པ་ཁྱུར་མིད་གཏོང་ཐེངས་རེར།།
དགེ་ལས་སྣང་གསལ་སྒྲོན་མེས་མ་ཎིའི་དབྱངས་རྟ་གྱེར།།
རིམ་བཞིན་རང་ཡུལ་ཕྱོགས་ལ་བདེ་བའི་འབྲས་བཟང་སྨིན།།
ཕ་ཡུལ་འདྲེན་པའི་དམ་པ་སྙིང་གི་དབུས་ནས་འདུད།།
(དབང་བཤད་ཆང་རག་གི་ཉེས་དམིགས།)
ཆང་རག་ཚོད་མེད་འཐུང་ཡས་འདི། དུས་རྒྱུན་དུ་ནས་ང་རང་ཚོ་ཚང་མས་སྤང་བྱ་གནང་དགོས་ཡས་གཅིག་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཆང་ནི་གཉེས་པ་ཀུན་གྱི་རྩ་བ་ཡིན། རྩ་མཆོག་རྩེ་མོ་ཙམ་ཡང་བཏུང་མི་བྱ་ཞེས་བཀའ་སློབ་འདི་འདྲ་གནང་ཡོད་རེད། འདི་འདྲ་ཡིན་དུས་ཙམ་པས། ང་རང་ཚོ་ཞིང་པ་དང་འབྲོག་པ་ཡིན་ན་མཐའ་མེད་ཉིད་ནས་མ་བྱུང་ན་སོ་སོའི་ནང་དུ་བཙོས་པའི་ཆང་འདི་འཐུང་དགོས་གི་ཡོད་ན་ཁག་མེད་རེད། དེ་ཕར་ཕུད་པའི་སྦི་རག་ཟེར་ཡས་ཨ་རག་ཟེར་ཡས་འདི་འདྲའི་རིགས་ལྷན་རྒྱས་ཚང་མས་གང་ཐུབ་ཅི་ཐུབ་སྤངས་རོགས་གནང་ཞུ་ཡས་ཡིན།
ངེས་མེད་དུས་ངན་རླུང་བུས་རབ་ཏུ་སྒྲིབ་ན་ཡང་།།
ཉིན་བྱེད་དམར་པོའི་འཛུམ་མདངས་མ་ཡལ་ལྷག་པར་གསལ།།
སེམས་ཀྱི་མུན་པར་སྤྲིན་པའི་དར་དཀར་འཁྲིགས་བྱས་ཏེ།།
དཀར་པོའི་ལམ་བཟང་ཡང་དག་སྟོན་པར་དང་བས་འདུད།།
(དབང་བཤད་ཐ་མ་ཁ་དང་སྣ་ཐ་ཁའི་ཉེས་དམིགས།)
ཕྱོགས་གཞན་ཞིག་ནས་ཞུས་ན་དེང་སང་ང་རང་ཚོ་མི་ཚང་མས་ཉུང་དུ་བཏང་གི་ཡོད་རེད། ཡིན་ཡང་ཐ་མག་དང་སྣ་ཐ་ཟེར་ཡས་འདི་དཔེ་མི་སྲིད་པའི་ཉེས་པ་ཆེན་པོ་རེད། གུ་རུ་རིན་པོ་ཆེས། ཐ་མ་ཁ་ཡི་ཉེས་དམིགས་དང་སྣ་ཐ་ཁ་ཡི་ཉེས་དམིགས་ཞུ་བའི་དེ་འདྲའི་དཔེ་ཆའི་ནང་དུ་གུ་རུ་རིན་པོ་ཆེས། མིང་ལ་གང་བཏགས་ཡོད་རེད་ཟེར་ན། རྫས་ངན་ཧ་ལ་ནག་པོ་ཟེར་བཀའ་གནང་ཡོད་རེད། རྫས་ངན་ཧ་ལ་ནག་པོ་ཟེར་བ་དེ་གུ་རུ་རིན་ཆེ་གང་འདྲ་ཟེར་བཀའ་གནང་ཡོད་རེད་ཟེར་ན། དང་པོ་བྱས་ན། སྔོན་མ་སྔོན་མ་བསྐལ་བ་ཐོག་མའི་ཐོག་མ་ལ་འགྲོ་བ་མི་དེ་ཐོག་མར་བྱུང་ཡོང་དུས་འཛམ་བུ་གླིང་འདིར་འདུད་ཀྱི་རིགས་ཀྱི་འདྲེ་མོ་ཞིག་བྱུང་བ་རེད་ཟེར་འདྲེ་མོ་དེས་མོ་རང་གིས་གཟུགས་པོའི་སྟེང་ནས་ཁྲག་གི་ཐིག་པ་བདུན་ས་ལ་བརྒྱབ་པའམ་ཟག་པ་རེད། ཁྲག་གི་ཐིག་པ་བདུན་ས་ལ་བརྒྱབ་ཡོང་དུས་འདྲེ་མོ་དེས་སྨོན་ལམ་ལོག་པ་གཅིག་བརྒྱབ་ནས་ཁྲག་གི་ཐིག་པ་བརྒྱབ་པ་འདི་ལ་ཤིང་གི་སྡོང་པོ་གཅིག་སྐྱེས་པ་ཤོག་ཟེར། ཤིང་གི་སྡོང་པོ་དེ་ལ་ལོ་མ་དམར་པོ་གཅིག་སྐྱེས་པ་ཤོག་ཟེར། ལོ་མ་དམར་པོ་དེ་སྐྱེས་ནས་དེ་ཞིབ་ཞིབ་བཟོས་ནས་ཡར་ཁ་ལ་འཐེན་མཁན་སྣ་ལ་འཐེན་མཁན་ག་ཚོད་ཡོད་ན་དེའི་ཁྱིམ་ཚང་དེ་ཡི་སྟེང་གི་ལྷ་འཁྲུག འོག་གི་ཀླུ་འཁྲུག བར་གྱི་མི་འཁྲུག ཆར་ཆུ་དུས་སུ་མི་འབབ་པ། ལོ་ཕྱུགས་རྟག་ཏུ་མི་ལེགས་བཅས་ཡོང་བ་ཤོག་ཟེར་ཞིང་སྨོན་ལམ་ལོག་པ་གཅིག་བརྒྱབ་ཡོང་དུས་རྫས་ངན་ཧ་ལ་ནག་པོ་ཟེར་རྒྱུ་དེ་འཇིག་རྟེན་ཁམས་ལ་འདི་འདྲ་སེ་དར་བ་རེད་ཟེར་གུ་རུ་རིན་པོ་ཆེས་བཀའ་སློབ་འདི་འདྲ་གསུང་ཡོད་རེད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། གུ་རུ་རིན་པོ་ཆེས། གང་བཀའ་གནང་ཡོད་རེད་ཟེར་ན། རྫས་ངན་ཧ་ལ་ནག་པོ་ཟེར་བ་དེ་འཐེན་ཚར་དུས་མི་ལུས་པོའི་རྩ་དབུ་མ་ཞེས་པའི་རྩ་ཞིག་ཡོད་རེད། རྩ་དབུ་མ་ཞེས་པ་འདི་ང་རང་ཚོ་མི་ཤི་དུས་བླ་མས་འཕོ་བ་བརྒྱབ་ནས་རྣམ་ཤེས་ཡར་སྤར་ཡས་འདི་རྩ་དབུ་མའི་ནང་ནས་རྣམ་ཤེས་འདི་སྤར་གི་ཡོད་རེད།
རྩ་དབུ་མ་ཞེས་པ་འདི་སྦོམ་ཕྲ་འདི་ག་ཚོད་ཙམ་ཡོད་པ་རེད་ཟེར་ན།གྲོའི་སོག་མ་ཙམ་ཞིག་ཡོད་རེད། ཕྱི་དཀར་པོ་བྱས་ནང་དམར་པོ་བྱས་འདི་འདྲའི་རྩ་ཞིག རྩ་འདིའི་ནང་ནས་རྣམ་ཤེས་འདི་བླ་མས་ཡར་སྤར་ནས་བདེ་བ་ཅན་གྱི་ཞིང་ཁམས་ལ་ཁྲིད་དགོས་གི་ཡོད་ས་རེད། ཡིན་ཡང་། དུས་རྒྱུན་དུ་ནས་ཐ་མག་འཐེན་སྣ་ཐ་འཐེན་བྱེད་མཁན་མི་འདི་ཚོའི་རྩ་དབུ་མ་འདི་འགག་ནས་བསྡོད་གི་ཡོད་ས་རེད།
དཔེར་ན། ང་རང་ཚོ་ཁྱིམ་ཚང་གཅིག་ལ་བསམ་བློ་བཏང་ན་ལྕགས་འཐབ་ཉིན་ལྟར་བཏང་ན་ལྕག་འཐབ་འདིའི་དུ་བ་འགྲོ་སའི་དུ་ཁུང་འདི་འགག་ནི་བསྡོད་ཀྱི་ཡོད་པ་རེད།དཔེ་དེ་བཞིན་དུ་ཐ་མག་འཐེན་སྣ་ཐ་འཐེན་བྱེད་མཁན་མི་དེ་ཚོའི་རྩ་དབུ་མ་དེ་འགག་ནས་བསྡོད་གི་ཡོད་ས་རེད། རྩ་དབུ་མ་དེ་འགག་ཚར་དུས་བླ་མས་ཤི་ནས་མི་དེ་རང་ལ་རྣམ་ཤེས་བདེ་བ་ཅན་གྱི་ཞིང་ཁམས་ལ་སྤར་ནས་འཕོ་བ་བརྒྱབ་ཡང་འཕོ་བ་ཐེབ་གི་ཡོད་པ་མ་རེད་ཟེར་གུ་རུ་རིན་པོ་ཆེས་བཀའ་གནང་ཡོད་རེད།
འདི་ཡིན་དུས་ཐ་མག་དང་སྣ་ཐ་ཟེར་མཁན་འདི་ཆོས་ཀྱིས་ཐོག་ནས་བསམ་བློ་བཏང་ན་ཉེས་པ་ཆེན་པོ་རེད། དེ་ནས་འཇིག་རྟེན་གྱི་ཐོག་ནས་བསམ་བློ་བཏང་སོང་ན་ཚན་རིག་པས་བཤད་སོང་པ་ཡིན་ན་ཐ་མག་དང་སྣ་ཐ་ཟེར་མཁན་འདིས་སོ་སོ་ལ་གནོད་སྐྱེལ་གི་ཡོད་རེད།
སོ་སོའི་འགྲམ་གྱི་མི་དང་ནང་མི་ཚང་མར་གནོད་སྐྱེལ་གི་ཡོད་རེད།
འདི་འདྲ་ཟེར་ཡིན་དུས་ལྷན་རྒྱས་ཚང་མས་བཀའ་དབང་གཅིག་ཞུ་ལ་ཡོང་དུས་ཐ་མག་དང་སྣ་ཐ་དེ་ཚོ་གང་ཐུབ་ཅི་ཐུབ་ཀྱི་སྤངས་རོགས་གནང་ཟེར་ཞུ་ཡས་ཡིན། དེ་ནས་ང་རང་ཚོ་ཚང་མ་དགོན་པ་གཅིག་ལ་བཀའ་དབང་གཅིག་ཡོད་རེད་ཟེར་ན་འ་འུར་བྱས་ཚང་མ་འདི་འདྲ་ཟེར་ཕེབས་ཡོང་པ་རེད་པ། འདི་ཡིན་དུས་ལྷན་རྒྱས་ཚང་མར་དོན་རྡོག་རྡོག་དགོས་ཡས་འདི་དགོན་པ་འདི་ལ་བཀའ་དབང་གཅིག་གནང་སོང་ཟེར། བླ་མ་གཅིག་ཕེབས་སོང་ཟེར། འོ་བླ་མ་དེས་ཐ་མག་མ་འཐེན་ཟེར་གི་སྣ་ཐ་མ་འཐེན་ཟེར་གིས།ཐ་མག་འཐེན་ན་གཉེས་པ་འདི་འདྲ་ཡོད་རེད་ཟེར་གིས།སྣ་ཐ་འཐེན་ན་ཉེས་པ་འདི་འདྲ་ཡོད་རེད་ཟེར་གིས། འདི་འདྲ་སེ་སོ་སོའི་རྣ་བས་ཉན་ཐུབ་པ། མི་གཞན་ལ་བཤད་ཐུབ་པ། སོ་སོ་རང་ཉིད་ཀྱི་ལག་ལྟར་བྱེད་ཐུབ་པ་འདི་འདྲ་ཞིག་བྱུང་ན་བླ་མ་མཇལ་བའི་གོ་ཆོད་པ་རེད། འདི་ཡིན་དུས་སོ་སོས་བླ་མའི་མདུན་དུ་ཁས་ལེན་ནམ་དམ་བཅའ་བཞག་པ་ཡིན་ན། དེ་ལ་སྡིག་སྤང་གི་ཁས་ལེན་ཟེར
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།