གསུངས་པ་པོ། དྷཱི་ཕུ་མཁན་ཆེན་དཔལ་ལྡན་རྒྱལ།
དང་བོ་སྦྱོར་བ། ནང་དགོངས་སོགས་སུ་སྟན་བདེ་བར་བསྡད་དེ་ཅུང་ཟད་ངལ་གསོ། དེ་ནས། སངས་རྒྱས་ཆོས་སོགས་སྐྱབས་སེམས་
ལན་གསུམ་བྱ།
གཉིས་པ་དངོས་གཞི།
༡ ༽ ཐལ་མོ་སྦྱར་ཏེ། ༧ བླ་མ་དཀོན་མཆོག་གསུམ་མཁྱེན། འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ་བདག་
གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས།
༢ ༽བདག་དང་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་བར་མྱུར་དུ་ཐར་བར་ཤོག
ཅེས་ངེས་འབྱུང་ལན་གསུམ་བསྒོམ།
༣༽ སེམས་ཅན་ཐམས་ཅད་བདེ་བ་བླ་ན་མེད་པ་དང་ལྡན་པར་ཤོག་ཅེས། བྱམས་པ་ལན་གསུམ་བསྒོམ།
༤༽ སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་དང་བྲལ་བར་ཤོག ཅེས་སྙིང་རྗེ་ལན་གསུམ་བསྒོམ།
༥ ༽ སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་དང་བྲལ་ནས་བདེ་བ་བླ་ན་མེད་པ་ལ་བདག་གིས་འགོད་པར་བྱ། ཞེས་ལྷག་བསམ་ལན་གསུམ་བསྒོམ།
༦༽ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་གོ་འཕང་འཐོབ་པར་བྱ།
ཞེས་སྨོན་པ་སེམས་བསྐྱེད་ལན་གསུམ་བསྒོམ།
༧༽ རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཞིག་བྱའོ། །
ཞེས་འཇུག་པ་སེམས་བསྐྱེད་ལན་གསུམ་བསྒོམ།
༨༽ སྣང་གྲགས་རིག་ཀྱི་ཆོས་ཐམས་ཅད་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པར་རྨི་ལམ་དང་སྒྱུ་མ་ལྟ་བུའོ།།
ཞེས་ལན་གསུམ་བསམ་མོ།།
གསུམ་པ་མཇུག འདི་དང་དུས་གསུམ་འབྲེལ་བ་སོགས་བསྔོ་བ་དང་སྨོན་བྱ།
འདི་ཤར་བསྒོམ་ཞིག་བྱེད་པ་ལ་སྐར་མ་ཁ་ཤས་ལས་མི་དགོས་ལ། འདི་ལ་མི་ཤེས་རྒྱུ་དང་མི་ནུས་རྒྱུ་ཡང་མེད།
དོན་ཆེན་པོ་ཞིག་ཡིན་པ་དང་། ཕན་ཡོན་ཡང་ཆེན་པོ་ཡོད་པས་ཁྱེད་རྣམ་པས་ཉིན་རེ་བསྒོམ་རྒྱུ་མ་བརྗེད་བཀའ་དྲིན་ཆེ།
མིག་ཚ་ཡང་ཁྱེད་རྣམས་ལ་ཅུང་ཟད་ཕན་དུ་རེ་ནས་བྲིས་པ་ཡིན།
ཞེས་པའང་དྷཱི་ཕུ་དཔལ་ལྡན་གྱིས་དམ་ཆོས་གླིང་གི་དོན་དུ། མེ་བྱ་ལོའི་ཟླ་༡༢བའི་ཚེས་༨ཉིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།