ཁ་སྔོན་ས་པན་གླེང་ཚོམས་ཆེན་མོའི་དྲྭ་ཚིགས་སུ་མཁས་དབང་བརྒྱད་ཙམ་གདན་ཞུ་ལྟར་འཆད་ཁྲིད་གནང་འདུག
ད་རན་རྒྱུན་ལས་ཚོགས་པས་གཏན་འབེབས་བྱས་པའི་གདན་ཞུས་མཁས་དབང་རྣམ་པའི་ངོ་སྤྲོད་དང་བརྗོད་བྱ་ཁག
༡༽ འཆད་ཁྲིད་པ། མཁན་པོ་འཆི་མེད་ཚེ་རིང་།
བརྗོད་བྱ། མངོན་དགའི་བཞི་མཆོད་དང་འབྲེལ་བའི་དུས་ཆེན་ཁག་བརྩི་སྲུང་གི་དགེ་མཚན།
༢༽ འཆད་ཁྲིད་པ། དགེན་བསོད་ནམས་ལྷུན་འགྲུབ།
བརྗོད་བྱ། གདམས་ངག་ཞེན་པ་བཞི་བྲལ།
༣༽ འཆད་ཁྲིད་པ། མཁན་པོ་རབ་བརྟན་དགེ་ལེགས་ཕུན་ཚོགས།
བརྗོད་བྱ། སློབ་དཔོན་བསོད་ནམས་རྩེ་མོའི་འདས་མཆོད་དང་འབྲེལ་ས་སྐྱ་གོང་མ་རྣམ་ལྔའི་མཛད་རྣམ།
༤༽ འཆད་ཁྲིད་པ། དགེན་མཁར་མདོ་ཚེ་དབང་།
བརྗོད་བྱ། འཇམ་མགོན་ས་པཎ་གྱི་རྣམ་ཐར།
༥༽ འཆད་ཁྲིད་པ། མཁན་པོ་ལུང་རྟོགས་ཉི་མ།
བརྗོད་བྱ། འཇམ་མགོན་ས་པཎ་གྱི་བླ་མེད་ཀྱི་ཤེས་རབ།
༦༽ འཆད་ཁྲིད་པ། མཁན་པོ་ཡེ་ཤེས་བློ་གྲོས།
བརྗོད་བྱ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་འདས་མཆོད་དང་འབྲེལ་ས་སྐྱ་གོང་མ་རྣམ་ལྔའི་མཛད་རྣམ།
༧༽ འཆད་ཁྲིད་པ། དགེན་ས་དཀར་རྒྱ་མཚོ།
བརྗོད་བྱ། འཇམ་མགོན་ས་པཎ་གྱི་བླ་མེད་ཀྱི་མཛད་རྗེས།
༨༽ འཆད་ཁྲིད་པ། མཁན་པོ་ཀརྨ་འཕྲིན་ལས།
བརྗོད་བྱ། ས་སྐྱ་པའི་བསྟན་པ་འདིར་ཇི་ལྟར་འགན་བཞེས་དགོས་པའི་བྱེད་སྒོ་ཁག
རྒྱུན་བཞུགས་ཚོགས་མི་ལྔ་བརྒྱ་ཐམ་པས་ཟླ་བ་གཅིག་གི་རིང་ལ་འཇམ་མགོན་བླ་མའི་སྐུ་བསྟོད་ཤེས་བྱ་མ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྙེན་པའམ་ཨ་ར་པ་ཙ་གཉིས་བསགས་སྒྲུབ་ཁས་ལེན་དང་བཅས་པའི་བསྡོམས་གྲངས་སྐོར།
ཤེས་བྱ་མའི་གྲགས་བསྡོམས། ༡༧༨༨༩༣༢ ཨ་ར་པ་ཙའི་གྲགས་བསྡོམས། ༤༢༡༤༣༠༠
༼མཁན་པོ་ལུང་རྟོགས་ཉི་མ་གཙོས་པའི་མཁན་སྤྲུལ་ཁ་ཤས་བརྒྱུད་ནས། སྐྱམས་མགོན ༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང་། ཁྲི་འཛིན་རིན་པོ་ཆེ། ངོར་ཆེན་རྡོ་རྗེ་འཆང་ཀླུ་ལྡིང་མཁན་རྒན་གཞོན་རྣམ་གཉིས་དང་། ཐར་རྩེ་མཁན་རིན་པོ་ཆེ། སྐྱབས་རྗེ་རྫོང་སར་མཁྱེན་བརྩེ། གོང་མ་བདག་ཆེན་རིན་པོ་ཆེའི་བདག་མོ་རིན་པོ་ཆེ་དང་། གདུང་སྲས་རྣམ་པ། དཔལ་ས་སྐྱའི་མཁན་ཆེན་སྐལ་ལྡན་ཚེ་རིང་དང་། ངོར་མཁན་ཆེན་ཐུབ་བསྟན་སྙིང་པོ། དྷཱི་ཕུ་དཔལ་ལྡན་རྒྱ་མཚོ་དང་། གདན་ཞུས་མཁས་དབང་ཡོངས་སུ་རྫོགས་པས་བསགས་སྒྲུབ་དང་ཆོས་འཆད་ཉན་གྱི་དགེ་བ་ཡོངས་སུ་རྫོགས་པ་ཀུན་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་ལ་མཉམ་དུ་བསྔོ་བ་དང་སྨོན་ལམ་མཛད་པ།༽
རྩོམ་སྒྲིག་པས་མཆན། དགེན་ཤ་གསེང་མཆོག་གིས་ས་པཎ་གླེང་ཚོམས་ནང་དུ་འཆད་ཁྲིད་སྒྲ་སྒམ་ཆ་ཚང་ཁོ་བོར་མཁོ་སྤྲོད་གནང་བྱུང་། རེད་དེ་སྒྲ་སྒམ་དྲྭ་ཐོག་ཏུ་སྤེལ་པར་ཅུང་དཀའ་ངལ་འདུག་པས་རྗེས་སོར་དྲྭ་ཐོག་ཏུ་སྤེལ་ཐབས་གང་ཐུབ་བརྩོན་པར་བྱ་རྒྱུ་ཡིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།