༄༅། །འདི་ཟླ་བའི་སྤྱི་ཚེས ༡༢ ཉིན་ལ་དཔལ་ས་སྐྱའི་༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དང་༧སྐྱབས་མགོན་༧ ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བདག་མོ་སྐུ་ཞབས་མཁའ་འགྲོ་མ་སྐལ་ལྡན་མཆོག་རྣམ་པ་གཉིས་གསེར་ཞལ་ལྷན་འཛོམས་ཐོག་ཞལ་དྲོ་བའི་བཀའ་མོལ་ལྷུག་པོར་གནང་འདུག
ཀློག་གྲངས། 6,391
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
རྗེས་སུ་གསར་འཕྲིན་སྤེལ་སྐབས་པར་གཅིག་པུ་མ་ཡིན་པར་འབྲེལ་བཤད་རྒྱས་བསྡུས་གང་རུང་ཁ་གསལ་འགོད་ན་ཡག་པོ་འདུག དཔེར་ན་འདི་ལྟ་བུར་མཚོན་ན་ས་གནས་གང་དུ་དགོས་པ་ཅི་ཞིག་གིས་ ༸སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་དང་བདག་མོ་སྐལ་ལྡན་རྣམ་གཉིས་མཇལ་འཕྲད་གནང་ཡོད་སོགས་རོབ་ཙམ་ཡོད་ན་དགེ་མཚན་ལྷག་པར་ཆེ་བསམ།
ངེད་དྲྭ་ཚིགས་སུ་དོ་སྣང་དང་ལམ་སྟོན་གནང་བར་བཀའ་དྲིན་ཆེ། གསར་འཕྲིན་ཁག་ལ་དབྱེ་ཞིབ་དང་མཁོ་སྒྲུབ་དུས་ཐོག་ཏུ་མ་རག་པའི་ཅུང་ཙམ་ཁག་པོ་འདུག རེད་དེ་གང་ཐུབ་ཅི་ཐུབ་འཚོལ་སྒྲུབ་བྱེད་བཞིན་ལ། འབྱུང་འགྱུར་ཡང་གང་ཐུབ་བྱེད་འཆར་དང་ཀློག་པ་པོའི་བློ་ཁ་དང་མཐུན་པའི་གསར་འཕྲིན་སོགས་སྤེལ་ཅི་ཐུབ་བྱེད་ཆོག ད་དུང་ཡང་མུས་འབྲེལ་ལམ་སྟོན་གནང་རོགས།