༧ སྐྱབས་མགོན་༧ ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཐེ་ཝན་ལ་ཆིབས་བསྒྱུར་གནང་བར།

 

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༦ ཉིན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་མཁའ་འགྲོ་མ་བདག་མོ་སྐལ་ལྡན་རྣམ་གཉིས་ཨེ་ཤེ་ཡའི་མཚོ་གླིང་ཡུལ་གྲུ་ཐེ་ཝན་དུ་ཞབས་སོར་འཁོད་པ་དང་། གནམ་ཐང་དུ་ཞབས་སོར་འཁོད་སྐབས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དང་། ཆོས་ཚོགས་ཁག་གི་མཁན་བླ་སྤྲུལ་རྣམ་པ། དད་ལྡན་མང་ཚོགས་བཅས་ཀྱིས་ཕེབས་བསུ་རྒྱ་ཆེ་ཞུས་པ་དང་། མཛད་འཆར་ལྟར་ན་ཕྱི་ཟླ་གསུམ་པའི་ཚེས་ ༡ ནས་ ༡༦ བར་བདུན་ཕྲག་གཉིས་ལྷག་ཙམ་རིང་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་བཀའ་དབང་དང་བཀའ་ཆོས་སོགས་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་རྒྱུ་ཡིན་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*