༄༅། །མཚན་བརྗོད་པ་དཀའ་ཞིང་དོན་གྱི་སླད་དུ་མཚན་ཅུང་ཙམ་སྨྲོས་ན་རྫོང་གསར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་གི་མཁན་ཆེན་པདྨ་དམ་ཆོས་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་འཁོར་གཉིས་ལོན་པའི་དུས་ཁྱད་པ་ཅན་འདི་དང་བསྟུན་ནས་དུས་འཁོར་རྩ་རྒྱུད་ལས། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་བར་བསགས་པའི་སྡིག་ཆེན་རབ་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར།། ཞེས་གསུང་པ་ནང་བཞིན་རྫོང་གསར་དགོན་གྱི་དབྱར་གནས་མཁན་པོ་མཆོག་དང་རྡོ་རྗེ་སློབ་དཔོན་དང་སྒྲུབ་བླ་བཅུ་ལྷག་ཙམ་གྱིས་རྗེ་ཉིད་ཀྱི་གཟིམ་ཤག་ཏུ་ཉིན་གསུམ་ལ་རྡོ་རྗེ་སེམས་དཔའི་སྒྲུབ་མཆོད་དང་གཞན་ཡང་རྫོང་གསར་དགོན་གཞུང་གི་བླ་གྲྭ་ཡོངས་ནས་རྣམ་རྒྱལ་སྟོང་མཆོད་ཀྱི་སྒྲུབ་པ་དང་རྫོང་གསར་བཤད་གྲྭའི་མཁན་སློབ་ཡོངས་ནས་རིགས་གསུམ་སྒྲུབ་ཆེན་ཉིན་གསུམ་དང་རྫོང་གསར་གྭ་གུ་སྒོམ་གྲྭ་བླ་སློབས་ཡོངས་ནས་མཁའ་སྤྱོད་ཀྱི་སྒྲུབ་པ་དང་རྫོང་གསར་སྐར་མོ་སྟག་ཚང་སྒྲུབ་སྡེ་ནས་རྣམ་རྒྱལ་སྟོང་མཆོད་བཅས་ཀྱི་སྒྲུབ་པ་འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བས་རང་གཞན་སེམས་ཅན་ཐམས་ཅད་ལ་དམ་པ་ཁོང་གི་བྱིན་རླབས་དང་དགོངས་བརྒྱུད་ཀྱི་རྟོགས་པ་ཅུང་ཙམ་རེ་རྒྱུད་ལ་སྐྱེ་ཐུབ་པའི་རྒྱུ་གྱུར་ཅིག།
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply