དགོངས་རྫོགས་དུས་མཆོད་བསུ།

  དེ་རིང་ནི༌སྤྱི༌ལོ༌༢༠༡༨/༣/༧ ཆོ་འཕྲུལ་ཟླ་བའམ་བོད་ཟླ་དང་པོའི་ཚེས་ཉེར་གཅིག་ཡིན། ཉིན་འདི་ནི་ས་དཀར་རྗེས་པ་རྣམས་ཀྱིས་འཛམ་གླིང་ཡུལ་གྲུ་ཁྱོན་ནས་དུས་མཆོད་སྔོན་བསུ་དང་མཆོད་བསྟོད་གསོལ་འདེབས།  དགེ་སྒྲུབ་དཀར་ཟས་སོགས་ལ་འབོད་འབུངས་གནང་བཞིན་ཡོད།   དེ་ཡང་བོད་བརྒྱུད་ནང་བསྟན་པའི་རྗེས་འཇུག་ཚོའི་ངོས་ནས་བཤད་ན་ཧ་ཅང་གལ་ཆེན་གྱི་ཉིན་མོ་ཞིག་སྟེ། གངས་ལྗོངས་མཛེས་པར་བྱེད་པའི་རྒྱན་དགུ་ལས་མདོ་སྔགས་གཉིས་ཀ་ལ་མཁས་པའི་མཚན་དུ་གྲགས་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་བོ་རབས་འབྱམས་པ་བསོད་ནམས་སེངྒེ་མཆོག་དང་རིས་མེད་རྒྱལ་བསྟན་པའི་རགྱལ་མཚན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བང་མཛོད། རྒྱ་བོད་མཁས་གྲུབས་ཀུན་གྱི་བླ་མ། རྒྱལ་བསྟན་སྲོག་ལཏར་གཅེས་པའི་དཀའ་དྲིན་ཅན། ཐུབ་དབང་གཉིས་པ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་གཉིས་ཀྱི་འདས་མཆོད་ཡིན་པས་ཀུན་གྱིས་དཀར་ཟས་ལ་རོལ་བ་མཚོན་པའི་དགེ་ལས་ལ་འཇུག་པའི་གོ་སྐབས་འདི་ལོ་གཅིག་དུས་གཅིག་ཡིན་པས་རང་ནུས་དང་མཐུན་པའི་སྒོ་ནས་དགེ་སྒྲུབས་སྡིགས་སྤངས་ལ་བརྩོན་པར་གནང་རོགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*