རིགས་གཏེར་དཔྱིད་ཆོས་ཆེན་མོ།

༄༅། །དེ་རིང་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ་དེ་ཡང་ཀུན་མཁྱེན་ཆེན་པོ་གོ་བོ་རབས་འབྱམས་པ་བསོད་ནམས་སེང་དགེ་མཆོག་གི་་འདས་མཆོད་དངབསྟུན་ནས་དཔལ་ས་སྐྱ་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོར་སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༣ ཚེས ༧ ནས་༢༡ བར་དུ་འཚོགས་འཆར་མཆིས།

དེ་ཡང་དཔལ་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ། དཔལ་ས་སྐྱ་མཐོ་སློབ་ཏུ་དབུས་དཔལ་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་ཞུས་པའི་རིགས་གཏེར་དཔྱིད་ཆོས་ཆེན་མོའི་ཚོགས་མགོན་དུ་ ༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་ཆིབས་བསྒྱུར་བསྐྱངས་གནང་བར་དང་། དེ་ཡང་རིགས་གཏེར་དཔྱིད་ཆོས་ཆེན་མོར་ཚོགས་བཅར་བ་བཤད་གྲྭ་ཁག་བརྒྱད་ཙམ་ནས་མཁན་པོ་དང་དགེ་རྒན་དགེ་འདུན་བཅས་ཕེབས་འདུག གོང་དཀར་ཆོས་སྡེའི་བཤད་གྲྭ་ནས་སྐྱོར་དཔོན་གཅིག་དང་དགེ་འདུན་དགུ་ཕེབས་པ་དང་། གསང་ཆེན་རྒྱུད་གྲྭ་ནས་མཁན་པོ་གཅིག་དང་དགེ་འདུན་སུམ་ཅུ་བཅས་ཕེབས་པ་དང་། མ་དགོན་བཤད་གྲྭ་ནས་མཁན་པོ་གཅིག་དང་སྤྲུལ་སྐུ་ལྔ། དགེ་འདུན་སུམ་ཅུ་བཅས་ཕེབས་པ་དང་། རྫོང་གསར་བཤད་གྲྭ་ནས་མཁན་པོ་གཅིག་དང་སྤྲུལ་སྐུ་གཉིས། དགེ་འདུན་དྲུག་ཅུ་རེ་བདུན་ཕེབས་པ་དང་། མོན་གྷོ་བཤད་གྲྭ་ནས་དགེ་རྒན་གཉིས་དང་དགེ་འདུན་ཉེར་གསུམ་ཕེབས་པ་དང་། ཨེ་ཝཾ་བཤད་སྒྲུབ་ཆོས་འཁོར་གླིང་ནས་དགེ་འདུན་བཅུ་ཕེབས་པ་དང་། རིམ་འབིགས་བཤད་གྲྭ་ནས་དགེ་འདུན་བཅུ་གསུམ་ཕེབས་པ་དང་ཕྱོགས་མཐའ་ཁག་གི་བཤད་གྲྭ་ནས་ཕེབས་དགེ་འདུན་པའི་གྲངས་༢༡༡ དང་ས་སྐྱ་མཐོ་སློབ་ནས་མཁན་སློབ་ཆ་ཚང་མཉམ་ཞུགས་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*