༸སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དེང་རབས་དང་མཐུན་པའི་དགེ་རྒན་གྱི་ཟབ་སྦྱོང་གནང་བ།
སྤྱི་ལོ་༢༠༡༨ ལོའི་ཟླ་བ་༣ པའི་ཚེས་༢༧ ནས་ཟླ་བ་༤ པའི་ཚེས་༤ བར་འཕགས་ཡུལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ནང་དུ་༧ སྐྱབས་རྗེ་ས་སྐྱའི་འཁོན་གདུང་ཨ་བྷ་ཡ་རིན་པོ་ཆེ་མཆོག་དང་ངོར་ཁང་སར་ཞབས་དྲུང་རིན་པོ་ཆེ་མཆོག དེ་བཞིན་དུ་རྫོང་གསར་བཤད་གྲྭའི་མཁན་ཆེན་རྣམ་པ་གཙོས་པའི་བཤད་གྲྭའི་མཁན་པོ་དང་དགེ་རྒན། སྤྲུལ་སྐུ། སྐྱོར་དཔོན་རྣམས་དང་། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་སྤྲུལ་བཅས་གནད་ཡོད་མི་སྣ་བརྒྱ་ཕྲག་གཅིག་ཙམ་ལྷན་འཛོམས་ཐོག་ཏུ་༧ སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ནུབ་ཕྱོགས་པའི་སྒོ་གསུམ་གྱི་བྱ་སྤྱོད་དང་དེང་རབས་ཅན་གཉིས་གཅིག་ཏུ་འཁྲུལ་བ་ཞེས་པའི་བརྗོད་གཞིའི་ཐོག་ནས་དེང་རབས་པ་ལ་ནང་བསྟན་དར་སྤེལ་ཇི་ལྟར་གཏོང་དགོས་མིན་བསྐོར་ནས་ཟབ་སྦྱོང་གནང་བ་དང་།
དེ་ཡང་ང་ཚོས་མི་མང་པོས་བསམ་བློ་གཏོང་སྟངས་ནི་དེང་རབས་ཅན་ཟེར་བ་དང་ཀླད་པ་གསར་པ་ཟེར་བ་སྟེ་ནུབ་ཕྱོགས་པའི་བྱེད་སྟངས་ཏེ་རེད་བསམ་སྟེ་ནུབ་ཕྱོགས་པའི་བྱེད་སྟངས་དང་ནོར་ནས་ཡེ་ཤིའི་ཆོས་ལུགས་ཀྱི་ལུགས་སྲོལ་ཏེ་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་མི་རྣམས་ལ་ཤུགས་རྐྱེན་ཧ་ཅང་གི་ཆེན་པོ་འགྲོ་དང་འགྲོ་བཞིན་པའི་ཉེས་ཚབས་ཆེ་ཆུང་ཇི་ཡོད་སོགས་ཀྱི་བསྐོར་དང་། ང་ཚོའི་སྟོན་པ་བཅོམ་ལྡན་འདས་ཀྱི་ལོ་གཉིས་སྟོང་ལྷག་གི་སྔོན་ནས་གསུངས་པ་དེ་ཚོ་ད་ལྟའི་ཆར་ཧ་ཅང་གི་རིན་ཐང་ཆེ་པོ་ཡོད་པས་སྟོན་པ་བཅོམ་ལྡན་འདས་ནི་ཨེ་ཤི་ཡའི་གསར་བརྗེ་བ་ཞིག་ཡིན་ཚུལ་སོགས་ཀྱི་བསྐོར་དང་། བླ་སྤྲུལ་མཁན་པོ་གནད་ཡོད་མི་སྣ་རྣམས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ནང་བསྟན་དར་སྤེལ་གཏོང་བ་ལ་ཐུགས་བཞེས་གནང་སར་གནད་དགག་གལ་ཆེ་ཁག་གང་དང་གང་ཡིན་མིན་དང་། སྔར་གྱི་ལམ་དང་ལུགས་སྲོལ་ཁག་ཅིག་ད་ལྟའི་ཆར་བསྒྱུར་བཅོས་བྱེད་དགོས་མིན་འཐད་ལའང་ཐུགས་བཞེས་གནང་དགོས་ལུགས་སོགས་ཀྱི་བསྐོར་ནས་ཧ་ཅང་གི་གནད་ལ་སྨིན་པའི་ཟབ་སྦྱོང་གནང་བར་བཅས་སྙིང་བསྡུས་ཤིག་གི་ཚུལ་དུ་བཀོད།
རྟོག་ཞིབ་པས། ༢༠༡༨།༤།༤ཉིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།