༸སྐྱབས་འགྲོའི་བསྐོར།
སྤྱིར་བཏང་གི་སྐྱབས་ཡུལ་ཟེར་བ་དེ། ང་རང་ལས་ཡོན་ ཏན་ཕུན་སུམ་ཚོགས་པ། སྐྱོན་རྩ་ནས་མེད་པ་གཅིག་ཡོད་པ། དེ་ལ་ སྐྱབས་སུ་བྱེད་ཐུབ་ན། དེས་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད། ནུས་པ་ སྐྱེད་ཐུབ། རང་ཉིད་ཀྱི་ཉོན་མོངས་པ་དེ་སྤངས་མ་ཐུབ་པ་ལ་སྐྱབས་ སུ་འགྲོ་བའི་ཕན་ཡོན་དེས་བྱེད་ཐུབ་ཀྱི་ཡོད་མ་རེད། འཇིག་རྟེན་ པའི་ལྷ་འདྲ་ཞིག་ཡིན་ན། རང་ཉིད་ཉོན་མོངས་པ་དུག་གསུམ་ལས་ བྲལ་ཐུབ་མེད་པས། གནས་སྐབས་ལ་ཐུན་མོང་གི་དངོས་གྲུབ་སྩོལ་ བ་ཙམ་མ་གཏོགས། མཆོག་གི་དངོས་གྲུབ་དེ་སྟེར་ཐུབ་ཀྱི་ཡོད་མ་ རེད།
སངས་རྒྱས་བཅོམ་ལྡན་འདས་ནི་ཉོན་མོངས་པ་དུག་གསུམ་ལ་ སོགས་པ་སྐྱོན་ཐམས་ཅད་སྤངས། ཡོན་ཏན་ཐམས་ཅད་དང་ལྡན་པ་ ཡིན་པས། དེ་ལ་སྐྱབས་སུ་སོང་ན། རང་ལ་དེ་ནང་བཞིན་ཞིག་ཡོན་ ཏན་འབྱུང་གི་རེད། སངས་རྒྱས་ཀྱི་ཡོན་ཏན་དེ་ཤིན་ཏུ་རྒྱ་ཆེན་པོ་དང་མང་པོ་བཤད་རྒྱུ་ཡོད་རེད་དེ། ང་ཚོས་བཤད་མཁན་གྱི་བཤད་ ཐུབ་ཀྱི་མ་རེད། ཉན་མཁན་གྱིས་ཀྱང་ཉན་ཐུབ་ཀྱི་མ་རེད། མདོར་ བསྡུས་ཤིག་སངས་རྒྱས་ཀྱི་ཡོན་ཏན་བཤད་པ་ཡིན་ན། སངས་རྒྱས་ ཀྱིས་ཞེ་སྡང་སྤངས་ཚར་རེད། ཞེ་སྡང་སྤོང་བའི་ཚུལ་དེ་གང་འདྲ་རེད་ ཟེར་ན། སངས་རྒྱས་ཀྱིས་དམག་བརྒྱབ་པ་རེད་ཟེར་བ་གོ་རྒྱུ་ཡོད་མ་ རེད། སངས་རྒྱས་ཀྱིས་འཁྲུག་པ་བརྒྱབ་པ་རེད་ཟེར་བ་གོ་རྒྱུ་ཡོད་ མ་རེད། སངས་རྒྱས་ཀྱིས་མི་བསད་རེད་ཟེར་བ་ཡང་གོ་རྒྱུ་མེད།
ཐུགས་བྱམས་པ་ཆེན་པོའ་ི རང་བཞིན་གྱིས་སེམས་ཅན་ཐམས་ཅད་ རྗེས་སུ་བཟུང་ནས་འདུལ་འགྲོ་ཡི་ཡོད་རེད། དེ་སངས་རྒྱས་ཀྱི་ཡོན་ ཏན་གཅིག་རེད། སངས་རྒྱས་ལ་འདོད་ཆགས་ཡོད་མ་རེད། བཙུན་ མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་རྒྱལ་པོ་རྒྱལ་སྲིད་དང་བཅས་པ་ ཚང་མ་སྤངས་ནས་ཞི་བའི་གནས་སུ་ཕེབས། རབ་ཏུ་བྱུང་བའི་མཛད་ པ་བསྟན་པ་དེ་ཉོན་མོངས་པ་འདོད་ཆགས་བྲལ་བའི་རྟགས་ཡིན། སངས་རྒྱས་ཀྱིས་གཏི་མུག་སྤངས་ཚར་རེད། ཆོས་ཀྱི་ཕུང་པོ་བརྒྱད་ ཁྲི་བཞི་སྟོང་ལ་སོགས་པ་ག་ཚོད་རྒྱ་ཆེན་པོ་གཏིང་ཟབ་པོ། གནས་ སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབ་ཐུབ་པའི་ཆོས་ཁྱད་པར་ཅན་གསུངས་ཡོད། དེ་ང་ཚོས་ཧ་གོ་ཡི་མ་རེད། དཔེར་ན་མདོ་སྡེ་ སྐལ་བཟང་ཀློག་གི་ཡོད་ན། དེའི་ནང་དུ་སངས་རྒྱས་སྟོང་རྩ་གཉིས་ རེ་རེ་བཞིན་དུ་ཡབ་ཀྱི་མཚན་དང་ཡུམ་གྱི་མཚན། རིགས་གང་འདྲ་ ཡིན་མིན་འཁོར་གང་འདྲ་ཡོད། འདུས་པ་དང་པོ་གཉིས་པ་གསུམ་པ་ སོགས་འཁོར་ག་ཚོད་ཡོད།
འཁོར་གྱི་གྲངས་ཀ་དང་སངས་རྒྱས་ཀྱི་ སྐུ་ཚེའི་ཚད་ལ་སོགས་པ། སངས་རྒྱས་ཀྱིས་རེ་རེ་བཞིན་གསུངས་ ཡོད། དེ་རྐྱང་པས་ཀྱང་ང་ཚོས་སངས་རྒྱས་ཀྱི་མཁྱེན་པ་ནམ་མཁའ་ ལྟ་བུ་ཡོན་ཏན་ཡོད་པ་རང་བཞིན་གྱིས་རྟོགས་ཐུབ། དེ་འདྲའི་སྒོ་ ནས་བསམ་བློ་བཏང་ནས་སྐྱབས་གནས་མཐར་ཐུག་པ། ཁྱད་པར་ དུ་འཕགས་པ་དེ་སངས་རྒྱས་རེད་འདུག་བསམ་པའི་ཡིད་ཆེས་དང་། དད་པ་ཡང་དག་པ་བྱས། སངས་རྒྱས་ཀྱིས་ཡང་དག་པར་གསུངས་ པའི་ཆོས་དེ་ནོར་བ་མེད་པ། འཁྲུལ་པ་མེད་པ། དེ་ཡང་གཡོ་སྒྱུ་དང་ ཟོལ་ཟོག་གིས་མགོ་སྐོར་བཏང་བ་ལྟ་བུ་མ་ཡིན་པ། རང་གིས་གང་ མཁྱེན་པ་དེ་གཞན་སེམས་ཅན་ལ་ཕན་པའི་ཐབས་ཁོ་ན་བྱས་ནས་ གསུངས་ཡོད། དེས་ན་ཆོས་དེ་ཚད་ལྡན་ཡང་དག་པ་རེད།
འཕགས་ པའི་དགེ་འདུན་ཞེས་པ་དེ། ཡང་དག་པའི་སངས་རྒྱས་དེའི་རྗེས་སུ་ཞུགས་ནས། དེའི་བཀའ་བཞིན་དུ་ཉན་མཁན་ཡིན་པས། དེའི་རྒྱུ་ མཚན་གྱིས་སྐྱབས་གནས་དཀོན་མཆོག་གསུམ་དེ་རྩ་ཆེན་པོ་བྱེད་ དགོས་པའི་རྒྱུ་མཚན་དེ་རེད། དང་པོ་རྩ་བ་སངས་རྒྱས་དེ་ཁྱད་པར་དུ་ འཕགས་པ་ཡིན་དུས། དེ་ནས་གྱེས་སོང་བ་ཡིན་པས་དེ་ཚང་མ་ཡོན་ ཏན་རེད། དཔེར་ན། གསེར་ཡང་དག་པ་ཞིག་ཡོད་ན། དེ་མགོ་དང་། ཨ་མཆོག ལག་པ། རྣ་བ། གང་ལ་བཏགས་ན་ཡང་། དེ་གསེར་ཡང་ དག་པ་རེད། གསེར་དེ་དང་པོ་ནས་ལྷད་ཡོད་ན། དེ་ནས་ཡག་པོ་ཡོང་ ཐུབ་ཀྱི་མ་རེད། རྩ་བ་སངས་རྒྱས་དེ་ཡང་དག་པ་ཡིན་པ་རེད། དེ་ ཡིན་པ་ལ་ཡིན་པ་ཧ་གོ་ནས། ང་ཚོ་སྐྱབས་སུ་འགྲོ་ན་སྐྱབས་གནས་ མཐར་ཐུག་པ། ཡང་དག་པ་ཡོང་གི་ཡོད། སྐྱབས་གནས་མཆོག་ཏུ་ གྱུར་པ་སངས་རྒྱས་ལ་དད་པ་དགོས་པའི་རྒྱུ་མཚན་དེ་ལྟར་རེད།།
སྐྱབས་འགྲོའ་ིཁྱད་པར།
སྐྱབས་འགྲོ་དེ་ཡང་རང་བཞིན་གྱིས་ནད་དང་སྡུག་བསྔལ་ ལ་སོགས་འཇིགས་སྐྲག་གི་སྐྱབས་འགྲོ་ཙམ་མ་ཡིན་པ། ཐར་པ་ དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་ པའི་ཐབས་ཤིག་དགོས། དེ་ལ་ཡང་སོར་ཐར་དང་། བྱང་སེམས། སྐྱབས་འགྲོའ་ིདམིགས་པ་སོ་སོ་ཡོད་རེད། སོར་ཐར་ཡིན་ན་འཁོར་ བ་ལ་ཞེན་པ་དེ་དུས་ནམ་ཡང་མི་འབྱུང་བ།
འཁོར་བ་ལ་ཞེན་ཆགས་ ཐམས་ཅད་དང་བྲལ་བར་ཤོག་བསམ། དེའི་ཕྱིར་འཁོར་བའི་ཞེན་ པ་ལ་འཇིགས་ནས་སྐྱབས་འགྲོ་བྱེད་པ་དེ་སོར་ཐར་གྱི་སྐྱབས་འགྲོ་ ཟེར་ན་ཡང་འགྲིག་གི་རེད། བྱང་ཆུབ་སེམས་དཔའ་ཡིན་ན་རང་དོན་ ཡིད་བྱེད་ཀྱི་བསམ་པ་ལ་འཇིགས་ནས། དེ་ལ་སྐྱབས་འགྲོ་བྱེད་པ་ དེ་བྱང་སེམས་ཀྱི་སྐྱབས་འགྲོ་རེད། གསང་སྔགས་ཡིན་ན། ཐ་མ་ སྣང་ཞེན་གྱི་འཇིགས་པ་ལས་སྐྱབས་སུ་འགྲོ་དགོས། སྐྱབས་སུ་འགྲོ་བ་དེ་སོར་བྱང་སྔགས་གསུམ་གྱི་སྐྱབས་སུ་འགྲོ་དགོས་ཀྱི་ཡོད་ རེད། སྐྱབས་འགྲོ་འདོན་དུས་སོར་ཐར་ཡིན་ན། མང་ཆེ་བས་སངས་ རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་ སྐྱབས་སུ་མཆིའོ། ཞེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ མ་གཏོགས་མེད།
དེ་སོར་ཐར་གྱི་ལུགས་ཟེར་ན་ཡང་འགྲིག བླ་མེད་ ཀྱི་ལུགས་ལ། བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་ མཆིའོ། ཞེས་བླ་མ་དེ་ཡར་ལ་སྦྱར་དགོས་ཀྱི་ཡོད། དེ་གང་ཡིན་ཟེར་ ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ལ་ཡོན་ཏན་ དཔག་ཏུ་མེད་པ་ཡོད་རེད་དེ། ཡིན་ཡང་། རང་ཅག་སོ་སོ་སྐྱེ་བོ་ཐ་ མལ་པའི་མིག་གིས་མཇལ་བ་དང་། གསུང་ཐོས་པའི་སྐལ་བ་མེད། བླ་མ་དེ་ཉིད་སོ་སོ་སྐྱེ་བོའ་ི བློ་དང་འཚམ་པར་སོ་སོ་སྐྱེ་བོའ་ི རྣམ་ པར་ཕེབས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ ཀྱིས་སྤྲུལ་པ་བསྟན་ནས། རང་ཅག་རྣམས་ཀྱིས་སྐུ་མཇལ་བ་དང་། གསུང་ཐོས་པ་ལ་སོགས། ཆོས་དེ་ཡང་དག་པ་ཐོབ་ཡོང་དུས། རང་ ཉིད་ཀྱིས་ལམ་ཡང་དག་པར་བསྒྲུབ་ཐུབ་པའི་ནུས་པ་ཡོན་ཏན་ཕུན་ སུམ་ཚོགས་པ་དེ་བླ་མའི་བཀའ་དྲིན་ལ་བརྟེན་ནས་འབྱུང་བ་ཡིན་པས། དེའི་རྐྱེན་གྱིས་ཡོན་ཏན་སངས་རྒྱས་ཀུན་དང་མཉམ་པ་ཡིན་ ན་ཡང། བཀའ་དྲིན་གྱི་སྒོ་ནས་བླ་མ་དེ་ཁྱད་པར་དུ་འཕགས་པ་ཡིན་ གསུངས། དེས་ན་བླ་མ་དེ་སྔོན་ལ་བཞག་པ་རེད།
དེ་ནས་སངས་ རྒྱས་དང་ཆོས་དགེ་འདུན་རིམ་པ་བཞིན་གོང་དེ་དང་གཅིག་པ་རེད། སྐྱབས་འགྲོ་འདོན་པ་ཡིན་ན། དེ་སྔོན་གསང་སྔགས་ཀྱི་དབང་ཐོབ་མ་ མྱོང་བ་ཡིན་ན། མདུན་གྱི་ནམ་མཁའ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ སོགས་པ་བསྐྱེད། དེའི་སྐུ་རྒྱབ་ལ་སྐྱབས་ཡུལ་དེ་རྣམས་ཀྱི་སྤངས་ རྟོགས་ཡིན་པ་ལ། རྣམ་པ་ཆོས་པོ་ཏི་བྲག་རི་བརྩེགས་པ་ལྟ་བུ་དེ་ ཆོས་དཀོན་མཆོག མཐའ་སྐོར་དུ་བྱང་ཆུབ་སེམས་དཔའ་ཉེ་བའི་ སྲས་ཆེན་བརྒྱད་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱིས་ བསྐོར་བ་དེ་དགེ་འདུན་དཀོན་མཆོག སངས་རྒྱས་ལ་སྐྱབས་སུ་ མཆིའོ་ཞེས་པ་དེ་སངས་རྒྱས་བཅོམ་ལྡན་འདས་ལ་དམིགས། ཆོས་ ལ་སྐྱབས་སུ་མཆིའོ་ཞེས་པ་དེ་ཆོས་དཀོན་མཆོག་ལ་དམིགས། དགེ་ འདུན་ལ་སྐྱབས་སུ་མཆིའོ་ཞེས་པ་དེ་འཁོར་བྱང་ཆུབ་སེམས་དཔའ་ ལ་སོགས་པ་ལ་དམིགས་པ་གཏད། དེ་འདྲའི་སྒོ་ནས་སྐྱབས་སུ་འགྲོ་ ན་འགྲིག །
Leave a Reply