འདྲེན་པ་གཙོ་བོའི་ཡབ་ཡུམ་གཉིས་ལ་མ་ནོ།

འཛམ་གླིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་འཁོན་གྱི་གདུང་།།
འདྲེན་མཆོག་སྟོན་པའི་གསེར་གྱི་ཕྲེང་བ་རྒྱལ་ཚབ་ཏུ།།
བསྟན་པ་ཉེ་བར་གཏད་པའི་འཁོན་གདུང་ཞེ་གཅིག་པ།།
ཡབ་ཆེན་ཀུན་མཁྱེན་ཉི་མའི་གཉེན་གྱིས་བདག་སྐྱོངས་ཤིག།
འཁོན་སྟོན་ཉི་མའི་མདུན་དུ་མུན་པ་མི་གནས་ཤིག།
བླ་མེད་ཕན་བདེའི་འཕྲིན་ལས་ཀུན་གྱི་འབྱུང་གནས་གཙོ།།
རྣམ་དག་རྒྱུན་ཆད་མེད་པར་རྟག་ཏུ་གྲོགས་མཛད་པ།།
ཡུམ་ཆེན་འཕགས་མ་འོད་ཟེར་ཅན་ལ་བདག་གིས་གུས།།
འདི་ཕྱིའི་སྐྱབས་གནས་རིགས་པའི་དབང་ཕྱུག་ཡབ་ཡུམ་གྱིས།།
བློ་མིག་དྲི་མ་བཀྲུས་ནས་ཟབ་གནད་བདུད་རྩིའི་ཆར།།
རྒྱུན་ཆད་མེད་པར་གདུལ་བྱ་བདག་འདྲར་ལེགས་སྐྱོངས་ནས།།
མི་འགྱུར་རྡོ་རྗེའི་ཡབ་ཡུམ་སྐུ་ཚེ་བསྐལ་བརྒྱར་བརྟན།།

མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ནས་མོས་གུས་ཆེན་པོས་ཤར་མར་སྦྱར།
༢༠༡༧/༡༢/༡༥

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*