༧ སྐྱབས་མགོན་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་རྒྱ་གར་བྱང་ཕྱོགས་མངའ་སྡེའི་བློན་ཆེན་རྣམ་གཉིས་མཇལ་འཕྲད་གནང་འདུག

དེ་རིང་སྤྱི་ཟླ་བཞི་པའི་ཚེས་བདུན་རེས་གཟའ་སྤེན་པ་ཉིན་ལ་ལྡེ་རཱ་ལྡུན( Dehradun. Buddhist) ནང་པའི་ཆོས་ཚོགས་ཀྱིས་གདན་ཞུ་ལྟར། ༸ སྐྱབས་མགོན་ ༸ ས་སྐྱ་༸ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་བ་དང་གནད་སྨིན་དོན་འབྲས་སུ་གྱུར་བའི་བཀའ་སློབ་གནང་བ་དང་། དེ་བཞིན་དུ་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུཏ་ཏར་ཁན(Uttarakhand) གྱི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་དང་། སངས་རྒྱས་ཐུགས་རྗེ་ཅན་གྱི་རྗེས་འབྲང་རྒྱ་གར་རྒྱལ་ཁབ་ཆེན་པོའི་རྩ་ཁྲིམས་མཛད་པ་པོ་མཁས་དབང་སྐུ་ཞབས་ཨམ་བེཌ་ཀར་གྱི་དུས་དྲན་སྲུང་བརྩི་ཞུ་གནང་འདུག  དེ་བཞིན་མཛད་སྒོ་ཐོག་མཁའ་འགྲོ་མ་དཔལ་ས་སྐྱའི་བདག་མོ་སྐལ་ལྡན་མཆོག་དང་ས་གནས་འགན་འཛིན་སོགས་གནད་ཡོད་མི་སྣ་མང་པོ་དང་རྒྱ་གར་ཡུལ་མི་བཅས་མཉམ་ཞུགས་གནང་འདུག

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*