རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་གསུངས།
ཉིན་ཞིག་ལ། ང་ཚོས་བྱམས་སྙིང་རྗེ་དང་། ཤེས་རབ། ཉམས་ལེན་འདི་དག་གི་སྐད་ཆ་ཐོས་མི་སྲིད་ལ། ངུར་སྨྲིག་གི་གཟན་ཤམ་བགོས་པའི་གྲྭ་པ་དག་ཀྱང་མཐོང་མི་སྲིད། སྙན་འཇེབས་ཅན་གྱི་ཆོས་སྒྲ་ཡང་གོ་བར་མི་འགྱུར། ཉིན་ཞིག་ལ། ང་ཚོ་དགེ་བའི་བཤེས་གཉེན་དང་བྲལ་ཏེ། ཁོང་ཅག་ང་ཚོ་ཡི་དྲན་པའི་ནང་ལ་གཏན་མེད་དུ་མ་གྱུར་བའི་བར་བརྗེད་འགྲོ། ཉིན་ཞིག་ལ། ང་ཚོས་ནང་ཆོས་ཀྱི་དོན་དུ་རྩོད་པ་གཏོང་མི་སྲིད་ལ། གཞན་གྱི་ཉམས་ལེན་ལ་ཡང་སྨད་པ་གཏོང་མི་སྲིད། རྒྱུ་མཚན། དོན་སྤྱི་འདི་དག་ནི་ང་ཚོའི་བློ་ངོ་ལ་མེད་སོང་བས་རེད། རྒྱུ་མཚན། འདི་འདྲ་བའི་ཉིན་ཞིག་ངེས་པར་དུ་ཡོད་སྲིད་ཨང་། ཐ་ན་ང་ཚོས་འདི་འདྲ་བའི་འཚོ་བ་འདི་དངོས་གནས་མུན་ནག་ཅིག་ཡིན་པ་ཡང་གོ་མི་སྲིད། ཉིན་དེ་ལ་བསམ་དུས། ང་ཡི་སེམས་གློ་བུར་དུ་འཇམ་པོར་གྱུར་སོང་། དེ་ནས་བཟུང་ངས་གཞན་ལ་བཟོད་སྒོམ་བྱེད་ཀྱི་ཡོད་ལ་རང་ཉིད་ལ་ཡང་བཟོད་སྒོམ་བྱེད་ཀྱིན་ཡོད། ད་སྐབས་འདི་ཉིད་ཀྱི་ཡོད་ཚད་མཚོན་ན། ང་རང་བཀའ་དྲིན་དྲན་པའི་བློ་ཡིས་ཁེངས་སོང་།
ཡོང་ཁུངས། ཨ་མའི་སྐེ་གཡུ་འཕྲིན་སྟེགས།
Leave a Reply