དེ་རིང་སྤྱི་༢༠༡༨ ཟླ་བ་༤ པའི་ཚེས༨ རེས་གཟའ་ཉི་མར་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་མེན་ཌྲི་ཝ་ལ་ངོར་ཨེ་ཝཾ་ཆོས་སྡེ་ཆེན་མོར་ཆིབས་བསྒྱུར་གནང་ནས་རང་ཅག་རྣམས་ཀྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཀླུ་སྡིངས་(ལྡིང) མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་ཆེད་དུ་མཇལ་བཅར་གནང་མ་ཟད་ཐུགས་མཐུན་ཞལ་འཆམ་སྒོ་ནས་ཐུགས་མཉེས་ཆེན་མོས་ཕན་ཚུན་བཀའ་མོལ་གནང་བར་བཅས་ཀྱི་ཞལ་འཛོམས་གནང་འདུག ༢༠༡༨/༤/༨
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།