༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་གིས་སློབ་མ་རྣམས་ལ་གཟེངས་བསྟོད་བསྩལ་གནང་བ།

དེ་རིང་སྤྱི་ལོ་༢༠༡༨ ཟླ་བ ༤ ཚེས་ ༩ རེས་གཟའ་ཟླ་བའི་ཉིན་ཅོན་ཏ་ར་འཕགས་ཡུལ་རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དང་། བཤད་གྲྭའི་མཁན་ཟུར་དང་ལས་ཐོག་མཁན་པོ་གཙོས་བཤད་གྲྭའི་དཔེ་ཁྲིད་མཁན་པོ་རྣམ་པ་དབུ་བཞུགས་ཐོག བཤད་གྲྭའི་གཉུག་མ་གནས་པའི་དགེ་སློབ་ཚང་མ་ལྷན་འཛོམས་གནང་སྟེ་སྔ་ལོ་ ༢༠༡༧ ལོར་གཞུང་ཆེན་ཁག་གི་རྩ་བ་བློ་འཛིན་དང་། འཛིན་གྲྭ་ཁག་གི་རྟགས་གསལ་རྩེ་ཕུད། ཁང་ཚན་ཁོར་ཡུག་གཙང་སྦྲ་རྩེ་ཕུད། དེ་བཞིན་བཤད་གྲྭར་སྲི་ཞུའི་ཞབས་ཏོག་ཞུ་མཁན་ལས་བྱེད་བཅས་ལ་༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་གིས་གཟེངས་བསྟོད་ཐོབ་མཁན་སློབ་མ་རྣམས་ལ་མཇལ་དར་དང་ཤོག་དངུལ་གསོལ་རས་བསྩལ་གནང་འདུག ༢༠༡༨/༤/༩

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*