༧ གོང་མ་ཁྲི་ཆེན་མཆོག་གིས་ལྗགས་བརྩམས་གནང་བའི་སེམས་དང་སྙིང་གི་བཅིང་བཀྲོལ་ཞེས་པའི་ཕྱག་དཔེ་གསར་འཐོན།

སྤྱི་ལོ ༢༠༡༨ སྤྱི་ཟླ་༤ཚེས་༢༣ རེས་གཟའ་ཟླ་བའི་དགོངས་དྲོའི་ཕྱག་ཚོད་ ༧ པ་ནས་ ༨ དང་ཕྱེད་ལ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་གིས་ལྗགས་བརྩམས་གནང་བའི་༼སེམས་དང་སྙིང་གི་བཅིང་བཀྲོལ།༽ཡང་ན་༼སེམས་དང་སྙིང་གི་རང་དབང་།༽ ཡང་ན་༼སེམས་ཚོར་དང་སྙིང་ཁམས་ཀྱི་འགོག་མེད། ༽ ཡང་ན་༼ སེམས་དང་སྙིང་ལ་རང་དབང་སྤྲོད་ཚུལ།༽ མཁན་པོ་ཆོས་དབྱིངས་རྡོ་རྗེ་མཆོག་གིས་༼ཡིད་སེམས་ཐར་བ་གཏོང་བ་ཞེས་བསྒྱུར་གནང་འདུག༽ཞེས་པའི་དབྱིན་གྱི་ཕྱག་དཔེ་དེབ་ཕྲེང་གཉིས་པ་ཞིག་༼Freeing the heart and mind: Part Two ) ༽ འདི་ཟླ་བ ༤ པའི་སྤྱི་ཚེས ༢༣ ལ་དབུ་འབྱེད་མཛད་སྒོ་ཞིག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་འགྲེམས་སྟོན་ཁང་༼The Rubin Museum༽གི་ནང་དུ་འཚོགས་འཆར་དང་མཛད་སྒོ་ཐོག་ཕེབས་པའི་སྐྱ་སེར་ཡོངས་ལ་༸གོང་མ་ཁྲི་ཆེན་མཆོག་གིས་དུས་རབས་བརྒྱད་ནང་དུ་བྱོན་པའི་ནང་བསྟན་ཆོས་ལུགས་ཀྱི་སློབ་དཔོན་རིན་པོ་ཆེ་པདྨ་སམ་བྷ་བ་མཆོག་གི་ལོ་རྒྱུས་དང་དུས་རབས་བཅུ་གསུམ་ནང་དུ་བྱོན་པའི་ཀུན་མཁྱེན་འགྲོ་བའི་མགོན་པོ་དཔལ་ས་སྐྱ་༸གོང་མ་རྣམ་ལྔའི་ཡ་གྱལ་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ལོ་རྒྱུས་གསུང་བཤད་གནང་རྒྱུ་དང་། སྐུ་མགྲོན་ཁ་ཅིག་ལ་ཕྱག་དཔེ་སེམས་དང་སྙིང་གི་བཅིང་བཀྲོལ་ཞེས་པའི་ལྗགས་བརྩམས་ཕྱག་དཔེ་གསོལ་རས་བསྩལ་གནང་རྒྱུ་དང་། ཕྱི་དྲོའི་ཕྱག་ཚོད ༦:༡༥ ཐོག་ཏུ་མི་མང་རྣམས་ལ་༸གོང་མ་ཁྲི་ཆེན་མཆོག་གི་གཟིམ་ཆུང་ནང་དུ་དམིགས་གསལ་མཇལ་ཁ་གཏོང་གནང་རྒྱུ་རེད་འདུག

( གསལ་བསྒྲགས་འདི་དབྱིན་ཇི་ཐོག་ནས་རེད་འདུག་པས་ཁོ་བོ་གདོང་མཁན་པས་བསྒྱུར་ཁུལ་ཡིན་ལགས། གལ་སྲིད་ནོར་འཁྲུལ་བྱུང་ཡོད་ན་ཡོ་བསྲང་གནང་བའི་རེ་བསྐུལ་ཞུས། )

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*