སྤྱི་ལོ ༢༠༡༨ ཟླ་བ་ ༥ པའི་ཚེས ༤-༥ ཉིན་གཉིས་ཀྱི་རིང་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ ༸ སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་དབང་ཕྱུག་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཧྲིལ་པོ་བཅུ་འཁོར་བའི་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་ཤིག་གནང་རྒྱུ་དང་། དེ་ཡང་བསྟུན་ནས་སྤྱིས་ཚེས ༥ ཉིན་ལ་བདེ་བར་གཤེགས་པ་མཁན་ཆེན་མཆོག་གི་ཚེམས་དང་ཚེམས་ལས་འཁྲུངས་པའི་རིང་བསྲེལ་མཇལ་ཁ་གནང་རྒྱུ་དང་། དེ་ཡང་ཚེམས་དང་རིང་བསྲེལ་དུས་རྒྱུན་དུ་ཐེ་ཝན་ཆོས་ཀྱི་འབྱུང་གནས་ཆོས་ཚོགས་སུ་དོ་དམ་དང་ཉར་ཚགས་ཀྱིས་གཅེས་སྲུང་གནང་མུས་དང་དེ་གར་བཞུགས་སུ་གསོལ་བ་དང་། མཁན་ཆེན་གང་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཧྲིལ་པོ་བཅུ་འཁོར་བའི་དགོངས་རྫོགས་མཆོད་འབུལ་གྱི་སྐབས་སུ་ཆེད་མངགས་ཐེ་ཝན་ནས་གདན་དྲངས་གནང་སྟེ་གང་གི་སློབ་འབངས་ཡོངས་དང་མི་མང་ལ་མཇལ་ཁ་བསྩལ་གནང་རྒྱུ་དང་། དགོངས་རྫོགས་མཆོད་འབུལ་གྲུབ་མཚམས་སུ་སླར་ཡང་ཚེམས་དང་རིང་བསྲེལ་ཐེ་ཝན་ཆོས་ཚོགས་སུ་གདན་དྲངས་ཞུས་རྒྱུ་ལགས་ན། དམ་པ་གང་གི་སློབ་འབངས་སུ་གཏོགས་པ་རྣམས་དང་དད་ལྡན་མི་མང་ཚང་མས་དེ་ལུགས་སུ་དུས་ཐོག་ཏུ་ངེས་ཕེབས་སུ་ཡོང་བའི་དྲན་བསྐུལ་གསོལ་འདེབས་སུ། དེ་བཞིན་དུ་རྒྱལ་ཕྱི་ནང་ཀུན་ཏུ་བཞུགས་པའི་དམ་པ་གང་གི་སློབ་འབངས་སུ་གཏོགས་པ་སུ་ཞིག་ཕེབས་འཆར་དུས་གཏན་ཁེལ་ཚེ་༢༠༡༨/༤/༢༠ ནང་ཁུལ་དུ་ངེས་པར་དུ་འདི་གར་འབྲེལ་མཐུད་མཚམས་སྦྱོར་གནང་རོགས།
དགོངས་རྫོགས་མཆོད་འབུལ་གོ་སྒྲིག་ཚོགས་ཆུང་ནས།
འབྲེལ་གཏུག་བྱ་ཡུལ། ༧༠༡༨༠༩༥༨༢༧. 7018095827
༩༨༥༧༥༥༣༡༢. 9857553182
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།