སྤྱི་ལོ་༢༠༡༨ ཟླ་བ་༤ པའི་ཚེས་༢༠ རེས་གཟའ་པ་སངས་ཉིན་ལ་རྒྱལ་བསྟན་ཡོངས་རྫོགས་ཀྱི་བསྟན་པའི་མངའ་བདག་ཉིད་ཆེན་པོ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་དཔལ་བཟང་པོ་མཆོག་དང་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་རི་ཆ་ཌི་གྷེར་(Richard Gere) རྣམ་གཉིས་ཀྱིས་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་ས་གནས་ནིའུ་ཡོག་གྲོང་ཁྱེར་ནང་དུ་བོད་ཀྱི་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་བརྗོད་གཞི་ཤེས་རབ་དང་སྙིང་རྗེ་ཞེས་པའི་བསྐོར་བགྲོ་གླེང་ཚོགས་གནང་བ་དང་དད་གཉེར་ཅན་མགོ་སེར་མི་རིགས་དང་བོད་མི་སོགས་ཧ་ཅང་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་མ་ཟད་ནང་བསྟན་ཆོས་ལུགས་ཀྱི་བསམ་བྱུང་གི་ངེས་པ་རྙེད་པའི་དམ་དོན་ལ་དཔྱད་འཇོག་ཞིབ་དཔྱོད་ཅི་རིགས་ཀྱི་སྒོ་ནས་ཡང་ཡང་འདྲིས་པར་བྱེད་པའི་ཤེས་རབ་དང་། སེམས་པ་དང་ཤེས་རབ་ལ་བརྟེན་ནས་དོན་དམ་དེའི་ཁྱད་པར་སོ་སོར་གཞིགས་ནས་འཛིན་པ་རེ་རེར་ཞིབ་པའི་རྣམ་པ་ཅན་གྱི་ཤེས་པའི་བཤད་ཚུལ་གལ་ཆེ་ཞིང་དོན་ཟབ་པའི་བཀའ་སློབ་གནང་བ་དང་། ཀུན་ལ་ཁྱབ་པའི་བརྩེ་སེམས་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་འབྲལ་བར་བྱེད་འདོད་ཀྱི་བློས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ཐབས་ཇི་ལྟར་དགོས་མེད་སོགས་ཀྱི་དོགས་འདྲིའི་གསུངས་ལན་དང་བགྲོ་གླེང་གནང་འདུག ༢༠༡༨/༤/༢༡
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply